༄༅། །རྒྱ་བོད་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་བཞུགས་སོ།།

༄༅། །རྒྱ་བོད་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་བཞུགས་སོ།།
༄༅། །རྒྱ་བོད་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་བཞུགས་སོ།།
ཐུབ་དབང་བསྟན་པའི་རྒྱན་གྱུར་ཤིང་རྟ་ཆེ། །ཉི་ཟླ་ཟུང་གཅིག་རྒྱ་བོད་མཁས་པའི་ཚོགས། །རྒྱུ་སྐར་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཞིན། །བདག་བློ་དད་པའི་ཆུ་མཚོར་འདི་ལྟར་གསལ། །སངས་རྒྱས་ཐམས་ཅད་མཁྱེན་བརྩེ་ནུས་མཐུ་དང༌། །འཕྲིན་ལས་ཐམས་ཅད་མཉམ་པ་ཉིད་ཡིན་པས། །གང་ལ་གང་འདུལ་ཚད་བཟུང་མི་ནུས་ཀྱང༌། །རང་གི་བློ་ཡིས་ལྕོགས་ན་འདི་ལྟར་ཡིན། །

སངས་རྒྱས་ཐམས་ཅད་རྒྱལ་བ་རིགས་ལྔར་འདུས། །རྒྱུད་སྡེ་ཐམས་ཅད་རིགས་གསུམ་མགོན་པོར་འདུས། །བྱང་སེམས་ཐམས་ཅད་ཉེ་བའི་སྲས་བརྒྱད་དང༌། །གཤེགས་མ་ལྔ་ཡི་ནང་དུ་འདུས་པ་ཡིན། །ཉན་རང་ལྟ་བུའི་འགྲོ་བའི་དོན་མཛད་པ། །གནས་བརྟན་བཅུ་དྲུག་འཁོར་ཚོགས་དགྲ་བཅོམ་དང༌། །འཇིག་རྟེན་སྐྱོང་བ་ཐམས་ཅད་རྒྱལ་ཆེན་བཞིར། །གཙོ་འཁོར་ཅི་རིགས་ཚུལ་གྱིས་འདུས་པ་འོ། །རྒྱ་གར་པཎ་ཆེན་གྲུབ་ཐོབ་མཐའ་ཡས་ཀྱང༌། །གཙོ་བོ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང༌། །བླ་མ་རྡོ་རྗེ་གདན་པའི་ཚོགས་འཁོར་ལ། །དངོས་སུ་བྱོན་པའི་གྲུབ་ཆེན་བརྒྱད་ཅུ་འོ། །དཀོན་མཆོག་གསུམ་ལ་མ་འདུས་སྐྱབས་གནས་མེད། །སྐྱབས་སུ་འགྲོ་བར་མ་འདུས་དམ་ཆོས་མེད། །མཁའ་འགྲོ་སྡེ་ལྔར་མ་འདུས་མཁའ་འགྲོ་མེད། །གཙང་རིས་མགོན་པོར་མ་འདུས་སྲུང་མ་མེད། །ཅེས་གསུངས་སོ།།
རྗེ་བཀའ་གདམས་པ་རྣམས་ཀྱི་མཚན་ཐོ་རགས་རིམ་ནི། ཇོ་བོ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ན་དགུང་ལོ་ལྔ་བཅུ་ང་དགུ་དང༌། བོད་དུ་ལོ་བཅུ་བདུན་བཞུགས། བསྡོམས་པས་དོན་དྲུག་གོ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སྐྱིད་ཤོད་སྟོད་ལུང་ཕུ་རྩྭ་སྒྱེ་མོ་ན། ཡབ་གཞེར་སྐུ་གཤེན། ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཅུ་རེ་བཞི་བཞུགས། ཡར་འབྲོག་དུ་འཁྲུངས་པ་རྔོག་སྟོན་ལེགས་པའི་ཤེས་རབ། ཐང་པོ་ཆེ་ཡི་ཉེ་འདབས་སུ་འཁྲུངས་པ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། འདི་གསུམ་བོད་ཀྱི་སྟོན་པ་གསུམ་ཟེར། བོད་ཆོས་རྒྱལ་རྒྱུད་པ་ལྷ་བླ་མ་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་གོ་བདུན་བཞུགས། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ །ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། གཙང་ནས་འགར་དགེ་བ། འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་དགེ་བ་སྐྱོངས། རྗེ་མི་ལའི་སྐུ་གོང་མར་གྱུར་པ་ཕྱག་ཁྲི་མཆོག་ཁམས་འདན་མར་འཁྲུངས་པ་དགོན་པ་བ་དབང་ཕྱུག་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། ཨ་མེས་བྱང་ཆུབ་རིན་ཆེན་སྟེ་ཁམས་པ་བཞི། ཡེར་པ་ལྷ་རིའི་རྒྱབ་འཕན་ཡུལ་ལེན་པ་སྤྱིར་བུ་ཡོན་བདག་ཀ་བ་ཤཱཀྱ་དབང་ཕྱུག་ཡོལ་ཆོས་དབང་སྐུ་མཆེད་གསུམ། ཞང་སྣ་ནམ་པ་བྱམས་པའི་སྤྲུལ་པར་གྲགས་པ་ཡེར་པའི་ཞང་བཙུན་ཏེ། ཉི་ཤུ་པོ་འདི་རྣམས་ཇོ་བོའི་དངོས་སློབ་ཡིན། དགོན་པ་བའི་སློབ་མ་བཞི་ནི། འཕན་ཡུལ་ལེན་པ་མདར་སྐུ་འཁྲུངས་པ་ཞང་སྣེའུ་ཟུར་པ་ཡེ་ཤེས་འབར། དགེ་བཤེས་ཀ་མ་པ་ཤེས་རབ་འོད། གཉན་སྣ་མོ་བ། འབྲེ་དེ་གོ་ལུང་ཕ་འབན་གུང་རྒྱལ་དང་བཞི་ལ་དགོན་གྱི་བུ་བཞི་ཟེར་རོ། །
འབྲོམ་གྱི་དངོས་སློབ་པོ་ཏོ་བ་རིན་ཆེན་གསལ་ནི། འཕན་ཡུལ་སྤྲས་ཀྱི་པྲའོ་ཐང་དུ་མེ་མོ་ཡོས་ལ་སྐུ་འཁྲུངས། དགུང་ལོ་བདུན་ཅུ་དོན་ལྔ་བཞུགས། སྤྱན་སྔ་ཚུལ་ཁྲིམས་འབར་ནི་སྟོད་ལུང་ཉན་གྱི་སྣང་ར་སྒོང་དུ་ཡབ་ཤེས་རབ་རྡོ་རྗེ། ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་ཆུ་མོ་བྱ་ལ་འཁྲུངས། དགུང་ལོ་དྲུག་ཅུ་རེ་དྲུག་བཞུགས། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ནི། འཕན་ཡུལ་རྒྱལ་གྱི་སྒྱེད་ར་རྫིང་ཁར། ལྕགས་མོ་ལུག་ལ་འཁྲུངས། དགུང་ལོ་དོན་བརྒྱད་བཞུགས། འདི་གསུམ་ལ་འབྲོམ་གྱི་སློབ་མ་སྐུ་མཆེད་གསུམ་ཟེར། དེ་ལྟར་བརྗོད་པ་ནི་རྒྱལ་པོ་དད་པ་བརྟན་པོའི་སྲས་སུ་འཁྲུངས་པའི་ཚེ་སྐུ་མཆེད་དང༌། ད་ལྟ་འབྲོམ་གྱི་སློབ་མ་ཡིན་པས་ཆོས་ཀྱི་སྐུ་མཆེད་ལ་དགོངས་པ་ཡིན་ཟེར། པོ་ཏོ་བའི་སློབ་མ་ནི། འོད་དཔག་མེད་ཀྱི་སྤྲུལ་པ་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེང་གེ །དགུང་ལོ་བདུན་ཅུ་བཞུགས། ཤ་ར་བ་ཡོན་ཏན་གྲགས་དགུང་ལོ་བདུན་ཅུ་དོན་གཉིས་བཞུགས། དགེ་བའི་བཤེས་གཉེན་དོལ་བ་རིན་པོ་ཆེའམ། དོལ་བ་མར་ཞུར་ཡང་ཟེར། འདི་བེའུ་བུམ་སྔོན་པོའི་རྩ་བ་སྒྲིག་མཁན་དེ་ཡིན། ཁ་རག་སྒོམ་ཆུང་དབང་ཕྱུག་བློ་གྲོས། ཟངས་ཆེན་དར་མ་འོད་ཟེར་བསོད་ནམས། མཚོ་སྣ་ཤེས་རབ་བཟང་པོ། མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས། དགེ་བཤེས་སྙུག་རུམ་པ་བརྩོན་འགྲུས་འབར་འདི་མང་ར་སྒོམ་ཆེན་ཡང་ཟེར། དགེ་བཤེས་ཝ་བྲག་དཀར་བ། འདི་རྣམས་འགའ་ཞིག་པོ་ཏོ་བའི་ཆོས་བརྒྱུད་འཛིན་པ་དང་ཕལ་ཆེར་ནི། པོ་ཏོ་བའི་དངོས་སློབ་རྣམས་སོ། །སྤྱན་སྔ་བའི་སློབ་མ་ནི། བྱ་ཡུལ་བ་གཞོན་ནུ་འོད་ནི་སྟོད་ལུང་གོ་གུ་ལུང་དུ་འཁྲུངས། དབུས་སྟོད་ཀྱི་བྱ་ཡུལ་མང་ར་དགོན་ཕྱག་བཏང༌། ཁམ་ལུང་པ་ཤཱཀྱ་ཡོན་ཏན་འཕན་ཡུལ་ཡུངས་པའི་ཕུ་ན་བཞུགས། རྟེན་དགེ་བསྙེན་ཡིན། ཤྭ་བོ་སྒང་པ་པདྨ་བྱང་ཆུབ་ནི་འཕན་ཡུལ་སྟོད་དུ་འཁྲུངས་དགུང་ལོ་རེ་ལྔ་བཞུགས། སྟོད་ལུང་པ་རིན་ཆེན་སྙིང་པོ་སྟོད་ལུང་ལྕང་མ་བྲག་ཏུ་སྐུ་འཁྲུངས། དེ་ཡི་སློབ་མ་ཟར་པ་ཕག་སྒོམ་རྣམས་སོ། །ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱི་སློབ་མ་མ་སྐྱོངས་འཕན་ཡུལ་ཡུང་བའི་ཕུ་ཆུང་ཟེར་བ་སྒོམ་གཅིག་པུར་འཕང་པ་ཡིན་ཟེར། ཤ་ར་བའི་སློབ་མ་བཀའ་བབས་བཞི་ནི། བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་ཀ་བ་ཡེ་ཤེས་རྡོ་རྗེ། རྣམ་ཐར་བཀའ་བབས་གཙང་སྣར་ཐང་འདེབས་པ་པོ་གཏུམ་སྟོན་བློ་གྲོས་གྲགས། ལོངས་སྤྱོད་བཀའ་བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། འཕྲིན་ལས་བཀའ་བབས་སྟབ་ཁ་བ་དར་མ་གྲགས་དང་བཞི་ཡིན་ཟེར་རོ། །ཇོ་བོའི་སློབ་མ་དགེ་བའི་བཤེས་གཉེན་གསང་ཕུ་བ་ལེགས་པའི་ཤེས་རབ་ཀྱི་སྤུན་ཆོས་སྐྱབས་ཀྱི་སྲས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ས་མོ་ཕག་ལ་འཁྲུངས། དགུང་ལོ་ལྔ་བཅུ་ང་གཅིག་བཞུགས། དེ་ཡི་སློབ་མ་གཞུང་བཤད་མཁན་པོ་འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཤེའུ་སྒང་པ་བློ་གྲོས་བྱང་ཆུབ། ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཁྱུང་རིན་ཆེན་གྲགས། ཤེའུ་སྒང་པའི་སློབ་མར་ཡང་གྱུར་པ་ཕྱྭ་པ་ཆོས་ཀྱི་སེང་གེ་རྣམས་ལོ་ཙཱ་བའི་སློབ་མའོ།།
ཕྱྭ་པ་ཆོས་སེང་གེ་སློབ་མ་བརྒྱད་ནི། གཙང་ནག་བརྩོན་འགྲུས་སེང་གེ་དང་གཅིག །དན་བག་སྨྲ་བའི་སེང་གེ་དང་གཉིས། མྱང་བྲན་ཆོས་ཀྱི་སེང་གེ་དང་གསུམ། གྲུ་ཤ་བསོད་ནམས་སེང་གེ་དང་བཞི། རྨ་བྱ་རྩོད་པའི་སེང་གེ་དང་ལྔ། རྩེག་དབང་ཕྱུག་སེང་གེ་དང་དྲུག་འདན་མ་དཀོན་མཆོག སེང་གེ་དང་བདུན། གཉལ་པ་ཡོན་ཏན་སེང་གེ་དང་བརྒྱད་དོ། །དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་སོགས་ལ། ཕྱྭ་པ་དང་རྩེག་དབང་ཕྱུག་སེང་གེས་དགག་པ་མཛད་ཀྱང༌། གཙང་ནག་པས་ནི་དེ་སློབ་དཔོན་གྱིས་མ་རྟོགས་པ་ཡིན། དེ་ལས་མཆོག་ཏུ་གྱུར་པའི་མདོ་ཕྱོགས་མེད་ཟེར། རྔོག་ལོ་ཙཱ་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཞང་ཡེ་བ། དེ་ཡི་སློབ་མ་གཉལ་ཞིག་པ། དེ་ཡི་སློབ་མ་གསང་ཕུ་གླིང་སྟོད་ཞབས་དྲུང་རྒྱ་མཆིང་རུ་བས་སྙེ་ཐང་བདེ་བ་ཅན་གྱི་དགོན་པ་ཕྱག་བཏབ། ཆོས་ཀྱི་དོན་གྲུབ་རིན་ཆེན་ཟེར་བ་རྗེ་བཙུན་ཙོང་ཁ་པ་ཆུང་ངུའི་དུས་སུ་སྐྱོང་བར་མཛད་པ་པོ་དེ་སྙེ་ཐང་བདེ་བ་ཅན་དུ་ཐུགས་གཉེར་མཛད་པ་ཡིན། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡང་ཆོས་གྲྭར་བཞུགས་པའི་ཐོག་མ་བདེ་བ་ཅན་འདིར་ཕར་ཕྱིན་གྱི་སློབ་གཉེར་མཛད་ནས་ལོ་གསུམ། ཕྱིས་སུ་གྲྭ་ཚང་འཆད་ཉན་མཛད་ནས་ལོ་གསུམ་སྟེ་ལོ་དྲུག་བཞུགས། ཕྱིས་སུ་བདེ་བ་ཅན་གྱི་དགེ་འདུན་སྡེ་མེད་ཀྱང་སྨར་ཁམས་གྲགས་བཟང་དང་གྲྭ་ཆུང་བ་སོགས་ཀྱིས་སྟག་ཚང་ར་བ་སྟོད་པའི་དགེ་འདུན་གྱི་སྡེ་ཚུགས་སོ། །ཤ་ར་བ་ཡོན་ཏན་གྲགས་དང་དུས་མཉམ་དུ་བྱོན་པའི་འཕན་ཡུལ་རྒྱལ་ལྷ་ཁང་པ་ཞང་པ་ཚབ་ཉི་མ་གྲགས་ཞེས་པ་རྒྱ་གར་ན་ལོ་ཉེར་ལྔ། ཁ་ཆེ་བལ་ཡུལ་སོགས་ཀུན་ཏུ་བྱོན་པ་དེས། དབུ་མ་རིགས་ཚོགས་དྲུག གསང་འདུས་འགྲེལ་པ་སྒྲོན་གསལ་སོགས་ཀླུ་སྒྲུབ་ལུགས་ཀྱི་བསྟན་ཆོས་ཕལ་ཆེ་བ་བོད་དུ་བསྒྱུར།
དེ་ཡི་སློབ་མ་དཀའ་བབས་བཞི་ནི། ཚིག་ལ་མཁས་པ་ཤེའུ་གངས་པ། དོན་ལ་མཁས་པ་གཙང་པ་འགྲེ་སྒུར། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། ཞང་ཐང་སག་པ་དང་བཞིའོ། །བཀའ་གདམས་པ་རྣམས་ཀྱི་ཆོས་གྲྭ་ཆེན་པོ་ནི་དབུས་ཕྱོགས་སུ། དགའ་སྐྱོ་ཟུར་གསུམ། བདེ་གསང་གུང་གསུམ་དུ་གྲགས་ཀྱང༌། དགའ་བ་གདོང་དང་གསང་ཕུ་དབྱར་ཆོས་སྐབས་མ་གཏོགས་དགེ་འདུན་གྱི་སྡེ་མི་འདུག་གོ །དབྱར་ཆོས་ཚེ་རྔོག་སྟོན་ལེགས་པའི་ཤེས་རབ་ཀྱི་གདན་ས་གསང་ཕུ་གླིང་སྟོད། གླིང་སྨད་གཉིས། གླིང་སྟོད་ལ་གྲྭ་ཚང་ཉི་མ་ཐང་པ། སྤེ་སེར་བ། རྣམ་རབ་དྭགས་པོ། རྣམ་རྒྱལ་སེར་ཁང༌། ཁུ་བེ་བ་ལྔ། གླིང་སྨད་ལ་གྲྭ་ཚང་ར་བ་སྟོད་པ། ཉག་རོང་བ། ར་བ་སྨད་པ། ཕྲང་ཁ་ཞི་བ། འཕན་ཡུལ་གླང་ཐང་གནས་སྒོ་བ་དང་ལྔའོ། །བླ་མ་ཞབས་དྲུང་གཉིས། དྲུང་ཆེན་བཞི། གྲྭ་ཚང་བཅུའི་བླ་མ་བཅུ་དང༌། ཉག་རོང༌། ར་སྟོད། ཉི་ཐང༌། སྤེ་སེར་བཞི་དགེ་ལུགས་པ། ལྷག་མ་དྲུག་ས་སྐྱ་པ་སྟེ་དགེ་འདུན་གྱི་སྡེ་རྣམས་ཚོགས་པའོ། །
བུ་སྟོན་རིན་པོ་ཆེའི་སྐུ་ཕྲེང་ནི། རྒྱལ་བ་མཐའ་ཡས་འོད་ལྔའི་སྤྱན་སྔ་རུ། །དེད་དཔོན་མཁས་པར་གྱུར་པ་དང་པོ་ཡིན། །རྒྱལ་པོ་བསོད་ནམས་མེ་ཏོག་སྲས་སུ་འཁྲུངས། །བརྩོན་འགྲུས་མཐའ་ཡས་གྱུར་པ་གཉིས་པ་ཡིན། །བསྐལ་བཟང་སངས་རྒྱས་བདུན་པ་རབ་གསལ་དུ། །མཁའ་འགྲོས་ལུང་བསྟན་བརྙེས་པ་གསུམ་པ་ཡིན། །ཤེར་ཕྱིན་བསྟན་པའི་ཉི་མ་འོད་པོ་ཆེ། །གསལ་བྱེད་སློབ་དཔོན་སེང་བཟང་བཞི་པ་ཡིན། །རྡོར་གདན་བྱང་ཆུབ་ཆེན་པོར་ཤིང་ལོ་ཕུལ། །བྲམ་ཟེའི་ཁྱེའུར་འཁྲུངས་པ་ལྔ་པ་ཡིན། །ཁྲོ་གཉེར་ཅན་གྱིས་ངག་གི་མཆོག་སྩོལ་ཞིང༌། །སྨྲ་བའི་ཉི་མར་མཚན་གསོལ་དྲུག་པ་ཡིན། །ཆོས་མངོན་མཛོད་ཀྱི་སྲོལ་ཕྱེ་རྣམ་རྒྱལ་གྲུབ། །མཁས་མཆོག་དབྱིག་གཉེན་གྱུར་པ་བདུན་པ་ཡིན། །ལྷ་ཡི་བསོད་ནམས་སློབ་མ་བརྒྱད་པ་ཡིན། །རི་མོའི་ལྷ་མོས་བསྙེན་བཀུར་དགུ་པ་ཡིན། །ཀླུ་དབང་བསོད་སྙོམས་ཕུལ་བ་བཅུ་པ་ཡིན། །མར་མེ་མཛད་དཔལ་གྱུར་པ་བཅུ་གཅིག་པ། །བུ་སྟོན་ཁ་ཆེར་གྱུར་པ་བཅུ་གཉིས་པའོ། །བྱང་ཆུབ་སེམས་ཀྱི་ཀུ་མུད་ཁ་ཕྱེ་བའི། །བཀའ་གདམས་རྙིང་མ་དུས་ཀྱི་ནུབ་རིས་བསྒྲིབས། །ཐུན་མཚམས་སྨག་གིས་གངས་ཅན་ཡུལ་གྲུའི་ཕྱོགས། །ཅུང་ཟད་ནག་ཚེ་སྐྱེ་དགུའི་བསོད་ནམས་ཀྱིས། །བཀའ་གདམས་གསར་མའི་ཉི་མ་འོད་པོ་ཆེ། །བློ་བཟང་རྒྱལ་བའི་ཤིང་རྟས་ཉེར་དྲངས་ནས། །སྐལ་དམན་འབྱུང་པོའི་བྱ་རྣམས་སྐྱེངས་བྱེད་ཅིང༌། །སྐལ་ལྡན་ཡིད་ཀྱི་ཤར་རིའི་རྩེ་ལ་འཕགས།།
རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་འཕྲེང་རིམ་པར་བརྒྱུད་པ་ནི། བདེ་སྟོང་རྣམ་རོལ་བློ་མཆོག་ཤར་རིའི་རྩེར། །འཕྲིན་ལས་བཟང་པོའི་འོད་སྟོང་རབ་རྒྱས་པ། །རབ་གྲགས་གདུལ་བྱའི་པད་ཚལ་རྒྱས་མཛད་པ། །ཉིན་བྱེད་དབང་པོ་ཙོང་ཁ་པ་ལ་འདུད། །རྡོ་རྗེ་འཆང་གི་སྤྱན་སྔར་འཇམ་དཔལ་དབྱངས། །རྒྱལ་བ་དབང་པོའི་སྤྱན་སྔར་སྙིང་སྟོབས་ཅན། །རྨད་བྱུང་ཞིང་དུ་སེང་གེའི་ང་རོ་སྟེ། །ཐུབ་པའི་སྤྱན་སྔར་མོས་པའི་བློ་གྲོས་མཚན། །འདུལ་བ་འཛིན་པ་དགྲ་བཅོམ་ཉེ་བར་འཁོར། །གཏད་རབས་བཞི་པ་ཉེར་སྦས་ཨུ་གུབྷ། །བྱམས་པའི་སྤྱན་སྔར་གཞོན་ནུ་ནོར་བཟང་གྲགས། །དུས་ཀྱི་འཁོར་ལོའི་སྤྱན་སྔར་ཟླ་བ་བཟང༌། །ས་ར་ག་བའི་སྤྱན་སྔར་ཀླུ་སྒྲུབ་ཞབས། །ཁ་ཆེ་ཁྲིར་བསྟན་མ་ཏི་བྷ་དྲར་གྲགས། །ཤར་ཕྱོགས་རི་ཙཱ་མཁས་པ་ཛྙ་ནའི་མཚན། །དྲི་མེད་བླ་མས་ལུང་བསྟན་ཨ་ཏི་ཤ། །པདྨ་ཀ་རས་ང་དང་རྒྱུད་གཅིག་གསུངས། །སློབ་དཔོན་སྤྱན་སྔར་ལོ་ཆེན་བཻ་རོ་ཙཱ། །ཀུ་ཀུ་རི་པའི་སྤྱན་སྔར་སེམས་པའི་ཚུལ། །རྔོག་ལོའི་སྤྱན་སྔར་བློ་ལྡན་ཤེས་རབ་རྗེ། །ནཱ་རོའི་སྤྱན་སྔར་གྲུབ་དབང་མར་པའི་མཚན། །ཟངས་ཆེན་དར་མའི་སྤྱན་སྔར་མཚོ་སྣ་བ། །ཡབ་ཀྱིས་ལུང་བསྟན་གསང་བའི་བདག་པོར་གྲགས། །ཡུམ་གྱིས་ལུང་བསྟན་མགོན་པོ་སྤྱན་རས་གཟིགས། །མཁན་པོས་ལུང་བསྟན་རྡོ་རྗེ་འཇིགས་བྱེད་དངོས། །རྒྱལ་བས་ལུང་བསྟན་འཇམ་དཔལ་བྱིས་པའི་གཟུགས། །བྱམས་པས་ལུང་བསྟན་ཐུབ་དབང་གཉིས་པར་གྲགས། །ཕྱག་རྡོར་ལུང་བསྟན་གངས་ཅན་འགྲན་ཟླར་བྲལ། །སྲོང་བཙན་ལུང་བསྟན་ཤར་ཕྱོགས་སྐུ་འཁྲུངས་པ། །མ་གཅིག་ལུང་བསྟན་སངས་རྒྱས་བདུན་པར་གྲགས། །པད་འབྱུང་ལུང་བསྟན་ལས་རབ་བདེ་བ་སྩལ། །ལབ་ཀྱི་སྒྲོན་མས་ལུང་བསྟན་མངོན་ཤེས་ཅན། །ཧེ་རུ་ཀ་ཡིས་ང་དང་དབྱེར་མེད་གསུངས། །མི་ཕམ་འདུན་སར་འཇམ་དཔལ་སྙིང་པོར་གྲགས། །མ་འོངས་རྒྱལ་བ་སེང་གེའི་ང་རོ་ཞེས། །ད་ལྟ་འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། །འཕྲུལ་གྱི་བཀོད་པ་སྟོན་ལ་གསོལ་བ་འདེབས། །དེ་ལྟར་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་སེལ་བྱེད་ཅིང༌། །སྐྱེ་དང་སྐྱེ་བར་རྗེ་བཙུན་བླ་མ་ཡིས། །རྗེས་བཟུང་དམ་ཆོས་འཛིན་པར་བྱིན་གྱིས་རློབས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་འཆར་བར་མཛོད། །དངོས་འཛིན་འཁྲུལ་པའི་དྲི་མ་བསལ་དུ་གསོལ། །སོམ་ཉི་ཐེ་ཚོམ་དྲ་བ་བཅད་དུ་གསོལ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་དུ་གསོལ། །འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པར་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །རྒྱལ་སྲས་ཀུན་གྱི་དགེ་ལ་ཡི་རང་ཞིང༌། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །འདི་ལྟར་བགྱིས་པའི་བསོད་ནམས་རྒྱ་མཚོ་དེས། །འགྲོ་ཀུན་ཏིང་འཛིན་དཔལ་ལ་རྣམ་རོལ་ཞིང༌། །ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བ་དང༌། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པར་ཤོག།
རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཡོངས་འཛིན་བླ་མ་ནི་ཇི་ཙམ་ཞིག་ཡོད་ཅེ་ན། རྗེ་བཙུན་འཇམ་དཔལ་དབྱངས་འགྲན་ཟླ་མེད་པའི་བླ་མ་གཅིག་པུ་ཡིན། ཀརྨ་པ་རོལ་པའི་རྡོ་རྗེ་ལ་གཙུག་ཕུད་བཞེས། ཤར་ཕྱོགས་པ་རིགས་པའི་དཔའ་བོའམ་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་རབ་བྱུང་བཞེས། རྩེ་ཚོགས་པའམ་ཇོ་གདན་མཁན་པོ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འབྲི་གུང་སྤྱན་སྔ་ཆོས་ཀྱི་གྲགས་པ་ལ་སེམས་བསྐྱེད་སོགས་ཞུས། སྙེ་ཐང་བདེ་བ་ཅན་པ་བླ་མ་བཀྲ་ཤིས་སེང་གེ །ཨོ་རྒྱན་པ་འཇམ་རིན་པ་སོགས་ལ་ཕར་ཕྱིན་ཞུས། ཉ་དབོན་ཀུན་དགའ་དཔལ་བ་ལ་ཚད་མ་སོགས་ཞུས། རེད་མདའ་བ་གཞོན་ནུ་བློ་གྲོས་ལ་ཆོས་མངོན་པ་མཛོད་སོགས་ཞུས། བུ་སྟོན་སློབ་མ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལ་སྔགས་ཀྱི་སྐོར་ཕལ་ཆེར་ཞུས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལ་དུས་འཁོར་དྲི་མེད་འོད་སོགས་ཞུས། ཡོ་ག་བ་མགོན་བཟང་ལ་གར་ཐིག་དབྱངས་སོགས་ཞུས། ཐུགས་སྲས་རིན་ཆེན་རྣམ་རྒྱལ་ལ་བདེ་མཆོག་མི་ཏྲ་བརྒྱ་རྩ་ཞུས། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལ་ཇོ་ནང་ལུགས་ཀྱི་དུས་འཁོར་སོགས་ཞུས། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་ཞུས། འབྲི་གུང་གདན་ས་མཐིལ་པ་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་ནཱ་རོ་ཆོས་དྲུག་ཞུས། ལོ་ཆེན་བྱང་ཆུབ་རྩེ་མོ་ལ་ཁྲིད་ཞུས། ལོ་ཆེན་ནམ་མཁའ་དཔལ་བཟང་ལས་སྒྲ་བསླབས། ས་བཟང་མ་ཏི་པཎ་ཆེན་ལས་སྙན་ངག་བསླབས། མཚལ་གུང་ཐང་པ་ལྷ་རྗེ་དཀོན་མཆོག སྐྱབས་ལས་གསོ་བ་རིག་པ་སོགས་བསླབས། དབུ་མ་པ་དཔའ་བོ་རྡོ་རྗེ་ལ་འཇམ་དབྱངས་ཆོས་སྐོར་སོགས་ཞུས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་བཀའ་གདམས་ལམ་རིམ་ཞུས་སོ། །ཀུན་མཁྱེན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་དེ་ནི་དབུས་ཀྱི་རི་རྒྱལ་ལྷུན་པོ་ལྟ་བུའི་གམ་ན། གསེར་རི་ལྟ་བུའི་འགྲན་ཟླས་དབེན་པའི་ཐུགས་སྲས་བདུན་བྱུང་ཞེས་པ་གང་ཞེ་ན། སྲས་ཀྱི་ཐུ་བོ་གཉིས། ནང་ཐུགས་ཀྱི་སྲས་གཅིག་གདན་ས་ཆེན་པོ་བཞི་ཆགས་འདེབས་པ་པོ་རྣམས་ཡིན་ཞེས་འགའ་ཞིག་གིས་གསུངས་པས་དེ་ལྟ་ན། འདུལ་འཛིན་པ་གྲགས་པ་རྒྱལ་མཚན་དང་གཅིག །རྒྱལ་ཚབ་དར་མ་རིན་ཆེན་དང་གཉིས།  མཁས་གྲུབ་དགེ་ལེགས་དཔལ་བཟང་དང་གསུམ། རྗེ་ཤེས་རབ་སེང་གེ་དང་བཞི། རྒྱལ་བ་དགེ་འདུན་གྲུབ་པ་དང་ལྔ། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་དང་དྲུག །བྱམས་ཆེན་ཆོས་རྗེ་དང་བདུན་ནོ། །ཡང་ཁ་ཅིག གཙང་པ་བདུན་བརྒྱུད་ལ་འདོད། རྒྱལ་བ་ཙོང་ཁ་པའི་དངོས་སློབ་ཇི་ཙམ་ཡོད་ཅེ་ན་བརྒྱ་དང་བཞི་བཅུ་ཞེ་བདུན་ཡོད་དེ། བླ་མ་དབུ་མ་བ་གཅིག །མཁན་ཆེན་ཕྱག་རྡོར་པ་གཉིས། རེད་མདའ་པ་གསུམ་ནི། བླ་མ་ཆོས་འབྲེལ་ཐོབ་པ་གསུམ། རྒྱལ་མོ་རོང་ཚ་ཁོ་ངག་དབང་གྲགས་པ། མདོ་སྟོད་གྲགས་པ་བློ་གྲོས། ལྡོང་སྟོན་ཛྙ་ན་ཤྲཱི། དགེ་བཤེས་ཤ་སྟོན་བཞི་བྱ་བྲལ་ཐེག་གོང་གི་སྔ་ཚར་བཞི་དང་བདུན། འཇམ་དཀར་བ། བཟང་སྐྱོང་བ། གནས་བརྟན་རིན་ཆེན་རྒྱལ། བྱང་སེང་བ་སྟེ་དབུས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཤེས་རབ་གྲགས་པ། འཇམ་དབྱངས་བཀྲ་ཤིས། དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་སྟེ་འཁོར་དག་པ་རྣམ་བརྒྱད་དང་བཅོ་ལྔ། རྒྱལ་ཚབ་འདུལ་འཛིན་གཉིས་སྲས་ཀྱི་ཐུ་བོ་གཉིས། དེ་སྟེང་འཇམ་དཀར་བ་དང་གསུམ་གསང་བདག་གིས་ལུང་བསྟན་པ་གསུམ་གྱི་དང་པོ་གཉིས་དང་བཅོ་བརྒྱད། མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་ནང་ཐུགས་ཀྱི་སྲས་གཅིག་པུ་དང་བཅུ་དགུ། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། གུང་རུ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སེང་གེ །རྒྱལ་བ་དགེ་འདུན་གྲུབ་པ་བཞི་ནི། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི་དང་ཉེར་གསུམ། ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁས་པ་རྒྱལ་དབང་ཁ་ཆེ། གཉལ་རྒོད་རིན་བསམ། མཁྱེན་རབ་གྲགས་པ་བཟང་པོ། གཉལ་ཆེན་ཤེས་རབ་རྒྱལ་མཚན། ཧོར་སྟོན་ནམ་མཁའ་དཔལ་བ། ཆོས་རྗེ་བློ་གྲོས་ཆོས་སྐྱོང་པ། ཆོས་རྗེ་ཆོས་རྒྱལ་བ། ཆོས་རྗེ་དཔལ་སེང་བ། སྣར་ཐང་རབ་མཆོག་དང་བཅུ་ནི། གཙང་དབུས་བསྟན་པའི་སྒྲོན་མེ་བཅུ་དང་སུམ་ཅུ་སོ་གསུམ། བྱང་སེམས་རྭ་སྒྲེང་བ་ཤཱཀྱ་བསོད་ནམས། བྱང་སེམས་ཀུན་དགའ་བཟང་པོ། བྱང་སེམས་བློ་གྲོས་རྒྱལ་མཚན། བྱང་སེམས་ཚུལ་ཁྲིམས་དཔལ་བཟང༌། བྱང་སེམས་གཞོན་ནུ་རྒྱལ་མཆོག་བྱང་སེམས་རྒྱལ་མཚན་གྲགས་བཟང་དྲུག་ནི། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་ཆེན་པོ་དྲུག་དང་སོ་དགུ། བྱམས་ཆེན་ཤཱཀྱ་ཡེ་ཤེས། བྱང་དར་མ་བསོད་ནམས་གཉིས། ཤར་ཕྱོགས་རྒྱ་ནག་མི་དབང་གི་ཏི་ཤྲཱི་གཉིས་དང་ཞེ་གཅིག། མ་གཅིག་དབོན་པོ་ནམ་མཁའ་དཔལ་དང༌། གོང་དཀར་ཡར་རྒྱབ་དཔོན་པོ་བསོད་ནམས་རྣམ་རྒྱལ་པཎ་ཆེན་བྱམས་པ་གླིང་པའང་ཟེར་གཉིས་ནི། རྒྱ་ཆེན་མང་དུ་ཐོས་པའི་ལྷ་བཙུན་གཉིས་དང་ཞེ་གསུམ། ཞ་ལུ་པ་བཀྲ་ཤིས་རྒྱ་མཚོ་དང༌། ཞ་ལུ་པ་ལེགས་པ་རྒྱ་མཚོ་གཉིས་ནི། སྦྱངས་པའི་ཡོན་ཏན་འཛིན་པ་ཅོག་ཆེན་ཅོག་ཆུང་གཉིས་དང་ཞེ་ལྔ། མུས་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ །ཞང་ཞུང་བ་ཆོས་དབང་གྲགས་པ་གཉིས་ནི་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་དང་ཞེ་བདུན། སྟོད་མངའ་རིས་ཁྲི་ས་ཤེར་བཟང༌། སྨད་ཆབ་མདོ་བྱམས་གླིང་གེང་ཤེར་བཟང༌། གུ་གེ་ངག་དབང་གྲགས་པ། ལྷོ་པ་གནས་ཐང་བླ་མ་རྒྱལ་མཚན་སེང་གེ །བླ་མ་དཔལ་ལྡན་ཤེས་རབ། འདན་མ་ཟས་དཀར་བླ་མ་ཡོན་ཏན་དཔལ་བ་དྲུག་ནི། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་དང་ལྔ་བཅུ་ང་གསུམ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ། སྟག་ལུང་ལོ་ཙཱ་བ་གཉིས་ནི་སྐད་གཉིས་སྨྲ་བ་གཉིས་དང་ང་ལྔ། རིན་པོ་ཆེ་དཔལ་ལྡན་བཟང་པོ། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་བྱང་ཆུབ་རྡོ་རྗེ། རིན་པོ་ཆེ་བསོད་ནམས་རྒྱལ་མཚན། འབྲི་གུང་རིན་པོ་ཆེ་དོན་གྲུབ་རྒྱལ་པོ། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་འོད་དྲུག་ནི་ས་སྐྱོང་མི་ཡི་ཆོས་རྗེ་དྲུག་དང་རེ་གཅིག །ཆོས་རྗེ་ཆོས་བཟང་ཤེར་འབྱུང་བ། རྒྱལ་བ་རིན་བསམ་པ། ཞ་ལུ་བྱང་གླིང་གྲགས་རིན་པ། མངའ་རིས་བསོད་རིན་པ། འཇམ་དབྱངས་རིན་རྒྱལ་བ། གུ་གེ་སངས་རྒྱས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་གྲགས་པ། རྒྱལ་སྲས་བདེ་འབྱུང་བ་དང་བརྒྱད་ནི། གསུང་རབ་མང་དུ་ཐོས་པའི་སྟན་གཅིག་པ་བརྒྱད་དང་རེ་དགུ། མདོ་སྨད་པ་འོད་ཟེར། མདོ་སྨད་པ་ལེགས་བཟང༌། མདོ་སྨད་པ་བསོད་ནམས་ཤེས་རབ། རོང་པོ་ལྕགས་ནག་དང་བཞི་ནི་མདོ་རོང་གི་མཁས་པ་བཞི་དང་དོན་གསུམ། སྒྲེ་ཞིང་རིན་པོ་ཆེ་བྱང་དཔལ་བ། རིན་ཆེན་དཔལ་གཉིས་ནི་མཁའ་སྤྱོད་གྲུབ་པའི་གདུང་རྒྱུད་གཉིས་དང་དོན་ལྔ། སྐྱེས་མཆོག་སྨོན་ལམ་དཔལ་བ། རི་ནས་མི་འབབ་པ་བསོད་ནམས་རིན་ཆེན་གཉིས་ནི་ཡ་མཚན་ཅན་གྱི་སྐྱེས་བུ་གཉིས་དང་དོན་བདུན། སྤྱན་སྔ་ཀུན་བློ་བ། སྤྱན་སྔ་གཞོན་འོད་པ། སྤྱན་སྔ་བློ་གྲོས་རྒྱལ་མཚན། སྤྱན་སྔ་དཔལ་བཟང་བ། སྤྱན་སྔ་ནམ་རྒྱལ་བ། སྤྱན་སྔ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་རྒྱལ་བ། སྤྱན་སྔ་རིན་འཕེལ་བ་བརྒྱད་ནི། སྐྱེ་དགུའི་གཙུག་རྒྱན་སྤྱན་སྔ་བརྒྱད་དང་བརྒྱད་ཅུ་གྱ་ལྔ། གུང་ཐང་ཆོས་རྗེ་མཛེས་པ་དཔལ། བླ་ཆེན་ཉན་ཤག་པ། སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་གྲུབ། ཨེ་ཏིའུ་ར་པ་ཆོས་རྗེ་ཡེ་ཤེས་དཔལ་བཞི་ནི་ཁྲི་ཆེན་གནོན་པའི་བླ་ཆེན་བཞི་དང་གྱ་དགུ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། མཁན་ཆེན་ཆོས་བཟང་བ། མཁན་ཆེན་ཀུན་རྡོར་བ། མཁན་ཆེན་བྱང་དཔལ་བ་བཞི་ནི། ཚོགས་པ་སྐྱོང་བའི་མཁན་པོ་བཞི་དང་དགུ་བཅུ་གོ་གསུམ། ཆེན་པོ་གྲགས་བཟང༌། ཆེན་པོ་དྭགས་པོ། ཆེན་པོ་བློ་འཕེལ། ཆེན་པོ་ཀུན་རྒྱལ། ཆེན་པོ་བཀྲ་ཤིས་རྒྱལ་མཚན་ལྔ་ནི་སྡེ་དགོན་ཕྲ་མོའི་ཆེན་པོ་ལྔ་དང་གོ་བརྒྱད། འབྲི་གུང་གདན་ས་མཐིལ་གྱི་ཆོས་སྒོ་བ་བུ་འབོར་འཇམ་དབྱངས་ཁ་ཆེ། འབྲི་གུང་ཆོས་སྒོ་བ་རིན་ཆེན་གཉིས་ནི་དབང་བཞི་བསྐུར་བའི་ཆོས་སྒོ་བ་གཉིས་དང་བརྒྱ་ཐམ་པའོ། །དཀའ་བཅུ་དར་བཟང༌། འབའ་སེར་དཀའ་བཅུ། གཅོ་རྩ་དཀའ་བཅུ་ཡོན་ཏན་རྒྱལ་མཚན། ལྷུ་ལ་དཀའ་བཅུ་པ་བཞི་ནི། ལུང་རིགས་སྨྲ་བའི་དཀའ་བཅུ་པ་བཞི་དང་བརྒྱ་དང་བཞི། ཐིལ་ཆུང་དཀའ་བཞི་དོན་ཡོད། བྲག་དགོན་དཀའ་བཞི་རིན་ཆེན་དཔལ། རྒྱལ་བ་དཀའ་བཞི་རིན་ཆེན་ཆོས་རྒྱལ། གྱེ་རེ་དཀའ་བཞི་སངས་རྒྱས་དབང་ཕྱུག་སྟག་ཕུ་དཀའ་བཞི་སངས་རྒྱས་བཟང་པོ། གཡག་སྡེ་དཀའ་བཞི་བསོད་ནམས་བཟང་པོ། འཕན་ཡུལ་གྲོས་དཀའ་བཞི་པ། མཚུར་ཕུ་དཀའ་བཞི། དཀའ་བཞི་པ་ཆོས་སེང༌། དཀའ་བཞི་པ་གྲགས་པ་རྒྱལ་མཚན་བཅུ་ནི་ཚིག་དོན་འཛིན་པའི་དཀའ་བཞི་པ་བཅུ་ཕྱི་མ་འདི་འདུལ་འཛིན་པ་ཡིན་པས་དང་པོ་དགུ་དང་བརྒྱ་དང་བཅུ་གསུམ། ཇོ་གདན་ཟླ་བ་བློ་གྲོས། ཇོ་གདན་བསོད་ནམས་ལྷུན་གྲུབ། ཇོ་གདན་ལེགས་རིན་པ། ཀོང་པོ་ཆབ་ནག་ཇོ་གདན་བཞི་ནི། བརྟུལ་ཞུགས་འཛིན་པའི་ཇོ་གདན་པ་བཞི་དང་བརྒྱ་དང་བཅུ་བདུན། གནས་བརྟན་ཆོས་བཟང་བ། གནས་བརྟན་རྒྱལ་སྟེང་དོན་འགྲུབ་པ། གནས་བརྟན་རྒྱ་མ་དགེ་འདུན་རྒྱལ་པོ། གནས་བརྟན་འོད་ཟེར་བཀྲ་ཤིས། གནས་བརྟན་གཞོན་ནུ་སངས་རྒྱས། གནས་བརྟན་ཀུན་དགའ་འབུམ་དང་དྲུག་ནི། ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག་དང་བརྒྱ་དང་ཉེར་གསུམ། ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བ། རྟོགས་ལྡན་ནམ་མཁའ་ཤྭ་རེ། རྟོགས་ལྡན་རལ་ཞིག་པ། རྟོགས་ལྡན་ཁུ་ལེ་རྣམ་རྒྱལ། མདུང་རྩེ་རྟོགས་ལྡན་བུམ་པ་ཅན། རྒོད་ཕྲུག་གྲགས་པ་འབྱུང་གནས་དང་དྲུག་ནི། ཚེ་འདི་བློས་བཏང་གི་རྟོགས་ལྡན་ཆེན་པོ་དྲུག་དང་བརྒྱ་ཉེར་དགུ། གཞན་ཡང་ལྷ་གཟིགས་གྲགས་པ་རྒྱལ་མཚན། རྒྱ་སྟོན་བློ་བཟང་གྲགས་པ། དྲུང་གཞོན་དཔལ་བ། མཁན་པོ་བསོད་ནམས་རྒྱལ་མཚན། བླ་མ་སེར་ཐུབ་པ། ཡང་སྟེང་རིན་པོ་ཆེ། ཞི་བློ་དཔོན་པོ། དྲུང་ནམ་མཁའ་བ། བླ་མ་དགོན་པོ་བྱང་ཆུབ། བླ་མ་བསོད་ནམས་རིན་ཆེན། དྲུང་ཆོས་འཕགས་པ། བླ་མ་ཤཀ་རིན་པ། ཆོས་འཁོར་སྒང་པ་ཤཱཀྱ་བཤེས་གཉེན། ཀིརྟི་སྒང་པ་སངས་རྒྱས་དཔལ་བཟང༌། འགྲུལ་སྒང་པ་ཟླ་བ་བཟང་པོ། བླ་མ་ཆོས་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་དང་བརྒྱ་དང་ཞེ་བདུན་ནོ། །རྒྱལ་ཚབ་དར་མ་རིན་ཆེན་གྱི་དངོས་སློབ་ནི། མཁས་པ་བློ་གྲོས་མགོན་པོ་དང་པོ། གླིང་སྟོད་དཔལ་སེང་གཉིས་པ། གླིང་སྨད་ཡོན་ཏན་རྒྱ་མཚོ་གསུམ་པ། མཁས་པ་རཏྣ་ཤྲཱི་བཞི་པ། མཁས་པ་བློ་གྲོས་བརྟན་པ་ལྔ་པ། ཆེན་པོ་རིན་ཆེན་བྱང་ཆུབ་དྲུག་པ། ཆེན་པོ་སངས་རྒྱས་བཟང་པོ་བདུན་པ། འདུལ་འཛིན་གྲགས་པ་དཔལ་ལྡན་བརྒྱད་པ། འདུལ་འཛིན་བསམ་འཕེལ་བ་དགུ་པ། ཆོས་རྗེ་བྱམས་པ་གླིང་པ་བཅུ་པ།  གནས་ཕུ་དཀའ་བཅུ་པ་བཅུ་གཅིག་པ། དཀའ་བཅུ་པ་དཔལ་ལྡན་བཟང་པོ་བཅུ་གཉིས་པ། དཀའ་བཅུ་པ་དོན་གྲུབ་བཀྲ་ཤིས་བཅུ་གསུམ་པ། དཀའ་བཞི་པ་ཀུན་དགའ་དཔལ་བཅུ་བཞི་པ། བླ་མ་གྲགས་པ་བཀྲ་ཤིས་དང་བཅོ་ལྔའོ།།
མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དངོས་སློབ་ནི། མཁན་ཆེན་བསོད་ནམས་མཆོག་གྲུབ་དང་པོ། འཕགས་འོད་ཡོན་ཏན་རྒྱ་མཚོ་གཉིས་པ། གསང་མདའ་བ་ཆོས་ལྡན་རབ་འབྱོར་གསུམ་པ། འབྲོང་རྩེ་ལྷ་བཙུན་བཞི་པ། སྤྱན་སྔ་བློ་གྲོས་རྒྱལ་མཚན་ལྔ་པ། ཤར་ཁ་དཔོན་པོ་དྲུག་པ། གྲུབ་ཆེན་ཐར་པའི་རྒྱལ་མཚན་བདུན་པ། ཚ་ཁོ་ཆོས་ཀྱི་གྲགས་པ་བརྒྱད་པ། པཎ་ཆེན་ཤཱཀྱ་ནི་དགུ་པ། ལོ་ཆུང་དཀའ་བཞི་པ་བཅུ་པ། དྭགས་པོ་ཀུན་དགའ་བཀྲ་ཤིས་བཅུ་གཅིག་པ། ཤར་པ་ཟླ་གྲགས་ཉི་གྲགས་བཅུ་གཉིས་པ། སློབ་དཔོན་སངས་རྒྱས་རྒྱལ་མཚན་བཅུ་གསུམ་པ། གཙང་ཆེན་སངས་རྒྱས་དཔལ་བ་བཅུ་བཞི་པ། བླ་མ་ཞི་རྒྱས་བཅོ་ལྔ་པ། ངར་ཐུབ་དཔལ་ལྡན་བཟང་པོ་བཅུ་དྲུག་པ། སྣྲོན་པ་དཔལ་སེང་བཅུ་བདུན་པ། ཆོས་རྗེ་དོན་གྲུབ་པ་བཅོ་བརྒྱད་པ། བླ་མ་ཡར་འབྲོག་པ་བཅུ་དགུ་པ། བླ་མ་ཆོས་གྲགས་པ་ཉི་ཤུ་པ། སྒྲ་པ་ཆོས་རྒྱལ་བ་ཉེར་གཅིག་པ། ཆོས་རྗེ་ཀུན་དགའ་ལེགས་པ་ཉེར་གཉིས་པ། གནས་བརྟན་ཆོས་སྐྱོང་བ་ཉེར་གསུམ་པ། ཞང་ཞུང་པ་ཆོས་དབང་གྲགས་པ་ཉེར་བཞི་པ། བ་སོ་ཆོས་ཀྱི་རྒྱལ་མཚན་ཉེར་ལྔ་པ། གཙང་ཆེན་པའི་ཚ་བོ་གཙང་པ་ཀུན་དགའ་རྒྱལ་མཚན་ཉེར་དྲུག་པའོ།།
ཉང་སྟོད་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་པ་པོ་པཎ་ཆེན་དགེ་འདུན་གྲུབ་ཀྱི་དངོས་སློབ་ནི། རྗེ་སྨོན་ལམ་དཔལ་བ་དང་པོ། འདུལ་དཀར་བློ་གྲོས་སྦས་པ་གཉིས་པ། འདུལ་ནག་པ་དཔལ་ལྡན་བཟང་པོ་གསུམ་པ། རྒྱུད་ཆེན་སྦྱིན་པ་དཔལ་བ་བཞི་པ། རྒྱུད་ཆེན་གྲགས་པ་བཟང་པོ་ལྔ་པ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་དྲུག་པ། པཎ་ཆེན་བཟང་པོ་བཀྲ་ཤིས་བདུན་པ། འཕགས་པ་ཆར་ཁ་བརྒྱད་པ། དྲུང་དཔལ་ཚུལ་བ་དགུ་པ། མདར་སྟོན་བྱང་ཆུབ་དཔལ་བཅུ་པ། མཁས་པ་སྟོབས་ལྡན་འོད་ཟེར་བཅུ་གཅིག་པ། གནས་རྙིང་ཀུན་དགའ་བདེ་ལེགས་བཅུ་གསུམ་པ། པཎ་ཆེན་ཡེ་ཤེས་རྩེ་མོ་བཅུ་བཞི་པ་སྟེ་སློབ་མའི་གཙོ་བོ་དང༌། ཞིབ་ཏུ་བྱས་ན་སྔ་ཚར་ཉེར་གཅིག་བར་ཚར་བཅོ་བརྒྱད། ཕྱི་ཚར་ཉེར་གཉིས་དང་བསྡོམས་ན་དྲུག་ཅུ་རེ་གཅིག་བྱོན་ནོ།།
དཔལ་ལྡན་རྒྱུད་སྨད་ཆགས་འདེབས་པ་པོ་རྗེ་ཤེས་རབ་སེང་གེའི་དངོས་སློབ་ནི། རྗེ་དགེ་འདུན་གྲུབ་དང་པོ། འཕགས་འོད་ཡོན་ཏན་རྒྱ་མཚོ་གཉིས་པ། སྦྱིན་པ་དཔལ་བ་གསུམ་པ། འདུལ་དཀར་ནག་གཉིས་དང་ལྔ་པ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་དྲུག་པ། རྒྱུད་པ་གྲགས་བཟང་བདུན་པ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་བརྒྱད་པ། ཆོས་རྗེ་གྲགས་བསམ་པ་དགུ་པ། ཆོས་རྗེ་བླ་རྒྱལ་པ་བཅུ་པ། མཁས་པ་རིན་ཤཀ་པ་བཅུ་གཅིག་པ། དྲུང་སངས་རྒྱས་བསམ་གྲུབ་དང་བཅུ་གཉིས་སོ།།
རྒྱུད་སྟོད་ཀུན་དགའ་དོན་གྲུབ་ཀྱི་དངོས་སློབ་ནི། རྒྱ་མ་ལྷ་དབང་རིན་ཆེན། ཆོས་རྗེ་ཡེ་བཟང་རྩེ་པ། བླ་མ་ཕྱག་དྲུག་བླ་མ་དཔལ་ལྡན་འོད་ཟེར། བཤེས་གཉེན་ངག་དབང་མཆོག་གྲུབ། དཀའ་བཅུ་ཆོས་རྒྱལ་མཚན། ལྷོ་པ་དཀའ་བཅུ་ཧྲལ་མོ། དྲུང་གཟིམས་ཆུང་བ། དཀའ་བཅུ་ཀུན་བཟང་པ། དཀའ་བཅུ་སྤུ་རབ་པ་སོགས་བཅུ་བྱོན། དཔལ་ལྡན་འབྲས་སྤུངས་ཆགས་འདེབས་པ་པོ་འཇམ་དབྱངས་ཆོས་རྗེའི་དངོས་སློབ་ནི། སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ །འཕན་ཡུལ་རིན་ཆེན་བྲག་པ་ཉན་པོ་ཤཱཀྱ་རྒྱལ་མཚན། མཁན་ཆེན་དཔལ་བློ་བ། སྒོ་མང་བླ་མ་སྒ་ལེབ། སྟག་ལེབ། སྣར་ཐང་པ་རབ་མཆོག་གྲྭ་ཆུང་བ་ཡོན་ཏན་རྒྱལ་མཚན། ཉག་རེ་རྡོར་རྒྱལ། ལྕོག་པ་བྱང་དཔལ། བང་རིམ་ཆོས་མཛད། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་ནམ་མཁའ་བློ་གྲོས། གཙང་པ་ཀུན་དགའ་རྒྱལ་མཚན། བླ་མ་བརྩོན་འགྲུས་གྲགས་པ་དང་བཅུ་བཞིའོ།།
སེ་ར་ཐེག་ཆེན་གླིང་ཆགས་འདེབས་པ་པོ་བྱམས་ཆེན་ཆོས་རྗེའི་དངོས་སློབ་ནི། གུང་རུ་རྒྱལ་མཚན་བཟང་པོ། མཁས་པ་དར་བཟང་བ། སྙེ་ཐང་བ་ཆོས་རྗེ་ཨ་མོ་གྷ་པ། ཆོས་རྗེ་བསོད་ནམས་ཤེས་རབ། ཆོས་རྗེ་གཞོན་ནུ་དཔལ་ལྡན། རྒྱ་ནག་ཏ་མིང་རྒྱལ་པོ་ཁང་ཉེར། དེ་ཡི་སྲས་རྒྱ་ནག་པོ་ཡུང་ལོ་དང་ཟོན་ལྡེ་ཏི་ཤྲཱི་དང་བདུན་ནོ། །དེ་ལྟར་སྙིགས་མ་ལྔ་བདོའི་སྐབས་སུ་ཡང༌། བསྟན་འཛིན་གྱི་སྐྱེས་བུ་བྱང་ཆུབ་སེམས་དཔས། བོད་ཡུལ་གྱི་ས་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པའི་ནང་ནས་བཤད་སྒྲུབ་གཉིས་ཀས་བསྟན་པ་རིན་པོ་ཆེའི་བརྒྱུད་འཛིན་ནི་དབེན་ས་བཀའ་བརྒྱུད་དང་སྲད་རྒྱུད་གཉིས་དམ་པ་བར་མ་ཆད་དུ་བྱོན་པར་གྲགས་ཤིང་མངོན་སུམ་གྱིས་གྲུབ་པས། དང་པོ་དབེན་ས་བཀའ་བརྒྱུད་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བཙུན་འཇམ་དཔལ་དབྱངས། དབུ་མ་པ་དཔའ་བོ་རྡོ་རྗེ། རྒྱལ་བ་བློ་བཟང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། རྗེ་བཙུན་སྐྱབས་མཆོག་དཔལ་བཟང༌། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། སྔགས་ཆེན་བློ་བཟང་བཟོད་པ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་རྣམས་སོ།།
པཎ་ཆེན་སྐུ་ཕྲེང་རིམ་པ་ལྟར་བྱོན་པ་ནི། དང་པོ་གནས་བརྟན་རབ་འབྱོར། བྱང་ཤམ་བྷ་ལའི་རིགས་ལྡན་ཐོག་མ་ཆོས་རྒྱལ་འཇམ་དབྱངས་གྲགས་པ། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་འཇིགས་མེད་འབྱུང་གནས་སམ་ཨབྷྱ་ཀ་ར། རྟ་ནག་འགོས་ལོ་ཙཱ་བ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། གཡུང་སྟོན་རྡོ་རྗེ་དཔལ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ། བསོད་ནམས་ཕྱོགས་ཀྱི་གླང་པོ། དབེན་ས་པ་བློ་བཟང་དོན་གྲུབ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་རྣམས་སོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སློབ་དཔོན་པདྨ་སཾ་བྷ་ཝ། ཇོ་བོ་དཔལ་ལྡན་ཨ་ཏི་ཤ། མཉམ་མེད་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་ཡང་ཡིན་པ་དྲན་གསུངས་པས་སྐུ་འཕྲེང་དུ་བགྲང་པར་བྱའོ། །པཎ་ཆེན་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་པ་ཐོག  མར་འདེབས་པར་མཛད་དུས་གཙུག་ལག་ཁང་གི་སྟེང་ན་གསེར་གྱི་རྒྱལ་མཚན་བཅུ་གསུམ་འཛུགས་པར་རྨི་ལམ་བྱུང་བས་གདན་རབས་བཅུ་གསུམ་བར་དུ་ལེགས་པོ་འོང་འདྲ་གསུངས་པས། གདན་རབས་བརྒྱད་པ་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་འགྲོ་བའི་མགོན་པོ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཡིན་ཞེས་དམ་པ་དུ་མའི་གསུང་ལས་ཐོས་པས། ད་དུང་ཡང་སྐུ་ཕྲེང་ལྔ་ཡི་བར་དུ་རྒྱལ་བ་འཇམ་དཔལ་སྙིང་པོའི་བསྟན་པ་རིན་པོ་ཆེ་གསལ་བྱེད་དུ་ཕེབས་སོ་ཞེས་བདག་གི་བླ་མ་ཞང་ཞུང་གྲུབ་དབང་ཡེ་ཤེས་མཐའ་ཡས་ཀྱིས་བཞེད་དོ།།
གཉིས་པ་དཔལ་ལྡན་སྲད་རྒྱུད་པའི་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། ཤར་ཙོང་ཁ་པ་བློ་བཟང་གྲགས་པ། རྗེ་ཤེས་རབ་སེང་གེ །འདུལ་ནག་པ་དཔལ་ལྡན་བཟང་པོ། དེ་དབོན་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་གྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། འདི་རྣམས་སྲད་རྒྱུད་པའི་གྲྭ་ཚང་གི་བླ་མ་བརྒྱུད་པ་རིམ་བྱོན་ཡིན། སྲད་རྒྱུད་པའི་ཆོས་བརྒྱུད་འཛིན་པ་ནི། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱི་སློབ་མ་རྗེ་ཐང་སག་པ་དངོས་གྲུབ་རྒྱ་མཚོ། དེ་ཡི་སློབ་མ་རྗེ་དོན་ཡོད་མཁས་གྲུབ། དེ་ཡི་སློབ་མ་རྗེ་བྱམས་པའི་མཚན་ཅན་རྣམས་སོ། །དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་གསེར་ཁྲིར། ཁྲི་ཐོག་དང་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ། ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང༌། ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན། ཁྲི་ཐོག་ལྔ་པ་གཡག་སྡེ་བ་བློ་གྲོས་ཆོས་སྐྱོང༌། ཁྲི་ཐོག་དྲུག་པ་མཁས་གྲུབ་རྗེའི་སྐུ་མཆེད་བ་སོ་ཆོས་ཀྱི་རྒྱལ་མཚན། ཁྲི་ཐོག་བདུན་པ་དྭགས་པོ་གྲྭ་ཚང་ཕྱག་འདེབས་པ་པོ་མཁས་མཆོག་བློ་གྲོས་བརྟན་པ། ཁྲི་ཐོག་བརྒྱད་པ་རྣམ་འགྲེལ་སྨོན་ཊིཀ་མཛད་པ་པོ་རྗེ་སྨོན་ལམ་དཔལ་བ། འདི་ཡན་གྱི་གདུང་གཙང་པ་གདུང་བདུན་དུ་གྲགས། ཁྲི་ཐོག་དགུ་པ་རྗེ་བཙུན་ཙོང་ཁ་པའི་སྐུ་ཚ་བློ་བཟང་ཉི་མ། དེས་གསང་ཕུ་གླིང་སྨད་ཆོས་རྗེ་ཡང་མཛད། ཁྲི་ཐོག་བཅུ་པ་འདན་མ་བློ་གསལ་གླིང་པ་ཤར་རྩེ་ཡེ་ཤེས་བཟང་པོ། ཁྲི་ཐོག་བཅུ་གཅིག་པ་གཙང་འདར་སྟོན་ཤར་རྩེ་བློ་བཟང་གྲགས་པ། ཁྲི་ཐོག་བཅུ་གཉིས་པ་ཨེ་པ་བྱང་རྩེ་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས། ཁྲི་ཐོག་བཅུ་གསུམ་པ་སྟོད་ལུང་པ་ཤར་རྩེ་ཆོས་ཀྱི་བཤེས་གཉེན། ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་མདར་ས་བྱང་རྩེ་རིན་ཆེན་འོད་ཟེར། ཁྲི་ཐོག་བཅོ་ལྔ་པ་རྩེད་ཐང་བ་ཤར་རྩེ་པཎ་ཆེན་བསོད་ནམས་གྲགས་པ། ཁྲི་ཐོག་བཅུ་དྲུག་པ་དབུས་སྟོད་རྒྱ་ར་གུར་པ་བྱང་རྩེ་ཆོས་སྐྱོང་རྒྱ་མཚོ། འདི་ཡིས་རྒྱུད་སྨད་ཁྲི་ཆེན་བརྒྱད་པ་མཛད། ཁྲི་ཐོག་བཅུ་བདུན་པ་མི་ཉག་སེར་སྨད་པ་ཤར་པ་རྡོ་རྗེ་བཟང་པོ། ཁྲི་ཐོག་བཅོ་བརྒྱད་པ་སྟག རྩེ་བ་བྱང་རྩེ་རྒྱལ་མཚན་བཟང་པོ། ཁྲི་ཐོག་བཅུ་དགུ་པ་སྟོད་ལུང་མདའ་པ་ཤར་རྩེ་ངག་དབང་ཆོས་གྲགས། ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བྱང་རྩེ་ཆོས་གྲགས་བཟང་པོ། ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་ཤར་རྩེ་དགེ་ལེགས་དཔལ་བཟང༌། འདི་ལ་ཁྲི་ཆེན་བདེ་བ་ཅན་པ་ཡང་ཟེར། ཁྲི་ཐོག་ཉེར་གཉིས་པ་ཀླུང་ཤོད་བྱང་རྩེ་དགེ་འདུན་བསྟན་པ་དར་རྒྱས། ཁྲི་ཐོག་ཉེར་གསུམ་པ་རྩེད་ཐང་ཤར་རྩེ་ཚེ་བརྟན་རྒྱ་མཚོ། ཁྲི་ཐོག་ཉེར་བཞི་པ་དབུས་སྟོད་ཞོགས་པ་བྱང་རྩེ་བྱམས་པ་རྒྱ་མཚོ། འདི་མངོན་དགར་ཟུར་བཞུགས་མཛད་པ་ཁྲི་ཆེན་མངོན་དགའ་བ་ཡང་ཟེར། ཁྲི་ཐོག་ཉེར་ལྔ་པ་སྟོད་ལུང་པ་ར་བ་སྟོད་པ་ཁྲི་ཆེན་ཤར་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། འདི་ཁུ་སྟོན་གྱི་སྐྱེ་བ་ཡིན་པར་གྲགས། ཁྲི་ཐོག་ཉེར་དྲུག་པ་གཙང་པ་བྱང་རྩེ་དམ་ཆོས་དཔལ་འབར། ཁྲི་ཐོག་ཉེར་བདུན་པ་མལ་གྲོ་བ་དགའ་ལྡན་ཉག་རོང་ཤར་རྩེ་སངས་རྒྱས་རིན་ཆེན། ཁྲི་ཐོག་ཉེར་བརྒྱད་པ་ལྷ་ས་བ་སེ་ར་བྱེས་བྱང་རྩེ་དགེ་འདུན་རྒྱལ་མཚན། ཁྲི་ཐོག་ཉེར་དགུ་པ་མདོ་སྨད་ཅོ་ནེ་ཤར་པ་བཤེས་གཉེན་གྲགས་པ། ཁྲི་ཐོག་སུམ་ཅུ་པ་སྟོད་ལུང་བ་ར་བ་སྟོད་པ་ཤར་རྩེ་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། ཁྲི་ཐོག་སོ་གཅིག་པ་ཁམས་འཇང་ཞབས་པ་བློ་གསལ་གླིང་པ་ཤར་རྩེ་ཆོས་རྗེ་དམ་ཆོས་དཔལ་བ། ཁྲི་ཐོག་སོ་གཉིས་པ་གཙང་འབྲོང་རྩེ་པ་སེ་ར་བྱེས་བྱང་རྩེ་ཚུལ་ཁྲིམས་ཆོས་འཕེལ། ཁྲི་ཐོག་སོ་གསུམ་པ་དབུས་སྟོད་གེར་ཤར་པ་གྲགས་པ་རྒྱ་མཚོ། ཁྲི་ཐོག་སོ་བཞི་པ་འཕན་ཡུལ་བ་སེར་ཁང་སྐུ་སྐྱེ་བྱང་རྩེ་ངག་དབང་ཆོས་ཀྱི་རྒྱལ་མཚན། འདི་ཡིས་རེ་ཞིག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བྱང་རྩེ་ཕུལ། པཎ་ཆེན་གྱིས་ཡངས་པ་ཅན་གྱི་གསེར་ཐོག་ཕུབ་པར་མཛད། ཁྲི་ཆེན་སུམ་ཅུ་རྩ་ལྔ་པ་གྲ་ནང་པ་དྭགས་པོ་དང་ར་བ་སྟོད་པ་ཤར་རྩེ་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། འདི་ཡིས་རྒྱལ་བ་ལྔ་པའི་ཡོངས་འཛིན་ཡང་མཛད། ཁྲི་ཐོག་སོ་དྲུག་པ་གོང་པོ་དྭགས་པོ་གྲྭ་ཚང་བྱང་རྩེ་བསྟན་འཛིན་ལེགས་བཤད། འདི་སྐབས་སུ་བྱང་རྩེ་ཤར་རྩེ་གླེང་གཞི་བྱུང་བར་བརྟེན་སྡེ་པ་གཙང་པས་ལོ་བདུན་རེ་རེས་མོས་དགོས་པར་མཛད། ཁྲི་ཐོག་སོ་བདུན་པ་འཇང་ཐང་པ་སེར་སྨད་ཤར་རྩེ་དགེ་འདུན་རིན་ཆེན། ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་གྲྭ་ཚང་རྒྱུད་སྨད་བྱང་རྩེ་བསྟན་པ་རྒྱལ་མཚན། ཁྲི་ཐོག་སོ་དགུ་པ་སྟོད་ལུང་ཆོས་བཟང་པ་འབྲས་སྤུངས་སྒོ་མང་རྒྱུད་སྟོད་ཤར་རྩེ་དཀོན་མཆོག་ཆོས་བཟང༌། ཁྲི་ཐོག་བཞི་བཅུ་པ་མངའ་རིས་སྦ་ཏི་མངའ་རིས་གྲྭ་ཚང་བ་བྱང་རྩེ་དཔལ་ལྡན་བསྟན་པ་རྒྱལ་མཚན། ཁྲི་ཐོག་ཞེ་གཅིག་པ་རྩེད་ཐང་བ་ར་བ་བ་སྟོད་པ་རྒྱུད་སྟོད་ཤར་རྩེ་བློ་བཟང་རྒྱལ་མཚན། ཁྲི་ཐོག་ཞེ་གཉིས་པ་འཕན་ཡུལ་ཞོགས་པ་སེར་བྱེད་རྒྱུད་སྨད་བྱང་རྩེ་བློ་བཟང་དོན་ཡོད། འདི་ལ་འགའ་ཞིག་གིས་ཁྲི་རྣམ་དག་རྡོ་རྗེ་ཡང་ཟེར། ཁྲི་ཐོག་ཞེ་གསུམ་པ་རྒྱལ་བ་དྭགས་པོ་གྲྭ་ཚང་བ་ཤར་རྩེ་བྱམས་པ་བཀྲ་ཤིས། འདི་ལ་ཁྲི་ཆེན་གླིང་ཡག་པ་ཡང་ཟེར། ཁྲི་ཐོག་ཞེ་བཞི་པ་ཨ་མདོ་སྐུ་འབུམ་འབྲས་སྒོ་མང་པ་བྱང་རྩེ་ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། འདི་དུས་ཕྱིས་སུ་དགེ་ལུགས་པའི་བླ་ཆེན་ཤར་ཕྱོགས་རྒྱ་ནག་ཏུ་ཕེབས་དགོས་པའི་ཐོག་མ་ཡིན། ཁྲི་ཐོག་ཞེ་ལྔ་པ་ཨ་མདོ་ཅོ་ནེ་སེར་སྨད་རྒྱུད་སྟོད་ཤར་རྩེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། འདི་ཁྲི་རྒྱ་ནག་པའི་གོང་འོག་གཉིས་ལ་ཐེངས་གཉིས་སོང༌། ཁྲི་ཐོག་ཞེ་དྲུག་པ་མདོ་སྨད་པ་འབྲས་སྤུངས་སྒོ་མང་བསམ་ལྷོ་སྦྱིན་པ་རྒྱ་མཚོ། འདི་ལ་ངག་དབང་དཔལ་བཟང་ཡང་ཟེར། བཤེས་གཉེན་བྱམས་པ་ཆོས་ལྡན་གྱི་རྩ་བའི་བླ་མ་དེ་ཡིན། ཁྲི་ཐོག་ཞེ་བདུན་པ་སྤོ་འབོར་ཡང་སྟེང་བ་སེར་སྨད་རྒྱུད་སྟོད་ཤར་རྩེ་ཁྲི་ཆེན་བློ་བཟང་ཆོས་འཕེལ། འདི་ལ་ཁྲི་ཡང་སྟེང་བ་ཡང་ཟེར། ཁྲི་ཐོག་ཞེ་བརྒྱད་པ་འབྲས་སྤུངས་སྒོ་མང་ཀྲེ་ནག་ཚང་བ་བྱང་རྩེ་དོན་གྲུབ་རྒྱ་མཚོ། ཁྲི་ཐོག་ཞེ་དགུ་པ་སེར་སྨད་ཅོ་ནེ་ཤར་རྩེ་བློ་བཟང་དར་རྒྱས། ཁྲི་ཐོག་ལྔ་བཅུ་པ་འབྲས་སྤུངས་སྒོ་མང་པ་བྱང་རྩེ་དགེ་འདུན་ཕུན་ཚོགས་སམ་བྱ་བྲལ་ཕུན་ཚོགས། ཁྲི་ཐོག་ང་གཅིག་པ་སྒོ་མང་རྟ་འོན་པ་ཤར་རྩེ་དཔལ་ལྡན་གྲགས་པ། ཁྲི་ཐོག་ང་གཉིས་པ་དྭགས་པོ་གྲྭ་ཚང་པ་བྱང་རྩེ་ཚེ་འཕེལ། ཁྲི་ཐོག་ང་གསུམ་པ་སྒོ་མང་རྟ་འོན་པ་ཤར་རྩེ་རྒྱལ་མཚན་སེང་གེ །ཁྲི་ཐོག་ང་བཞི་པ་སེ་ར་བྱེས་བྱ་ཁྱུང་པ་བྱང་རྩེ་ངག་དབང་མཆོག་ལྡན། འདིས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཡང་མཛད། ཁྲི་ཐོག་ང་ལྔ་པ་སྒོ་མང་གཞུང་པ་ཤར་རྩེ་ནམ་མཁའ་བཟང་པོ། ཁྲི་ཐོག་ང་དྲུག་པ་འབྲས་སྤུངས་བློ་གླིང་སྤོ་འབོར་བ་བྱང་རྩེ་བློ་བཟང་དྲི་མེད། ཁྲི་ཐོག་ང་བདུན་པ་འབྲས་སྤུངས་བློ་གླིང་དབུས་སྟོད་ཕག་མོ་བ་ཤར་རྩེ་བསམ་གཏན་ཕུན་ཚོགས། ཁྲི་ཐོག་ང་བརྒྱད་པ་སེ་ར་བྱེས་ཨ་མདོ་བྱ་ཁྱུང་བ་བྱང་རྩེ་ངག་དབང་ཆོས་གྲགས། ཁྲི་ཐོག་ང་དགུ་པ་སེར་སྨད་ཤར་རྩེ་ངག་དབང་ཆོས་གྲགས། ཁྲི་ཐོག་དྲུག ཅུ་པ་བྱང་རྩེ་ཚ་བ་བློ་བཟང་བསྟན་པ། ཁྲི་ཐོག་རེ་གཅིག་པ་རྒྱ་ནག་ནས་བསྐོས་པ་སེར་སྨད་ཚ་རྡོར་ཤར་རྩེ་ངག་དབང་ཚུལ་ཁྲིམས། ཁྲི་ཐོག་རེ་གཉིས་པ་འབྲས་བློ་གླིང་དར་རྩེ་མདོ་པ་བློ་བཟང་སྨོན་ལམ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་རྣམས་ཀྱི་གཙོ་བོ་ནི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ། སེ་འབྲས་དགེ་གསུམ། ཆོས་གྲྭ་ཆེན་པོ་ར་དྭགས་མངའ་གསུམ། གསང་སྔགས་རིག་པ་འཛིན་པའི་འདུས་སྡེ་རྒྱུད་པ་སྟོད་སྨད་སྲད་རྒྱུད་པ་དང་བཅས་པའོ། །དེ་རྣམས་ཀྱི་དགེ་འདུན་སྟོད་མངའ་རིས། བར་དབུས་གཙང༌། སྨད་མདོ་ཁམས། མདོ་སྟོད། མདོ་སྨད། རྒྱ་ཧོར་སོགས་ཀྱི་དགེ་འདུན་འདུས་པ་སུ་ཡིན་ཤེས་པའི་ཆེད་དུ་ཁམས་ཚན་དང༌། བསྟན་པའི་དཔལ་དུ་སྐྱེས་བུ་དམ་པ་མཁས་གྲུབ་ཇི་ལྟར་ཕེབས་པ་སོགས་ཀྱི་མིང་གི་གྲངས་ནི། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གྲྭ་ཚང་གོང་བྱང་རྩེ་ན་ཁམས་ཚན། ཧར་གདོང༌། བསམ་ལྷོ། ཏྲེ་ཧོར། ཚ་བ། གསེར་ཁང༌། རྡོ་ར། ཀླུ་འབུམ། བྲ་ཉེ། བྲ་ཏི། རྒྱལ་རོང༌། གོ་བོ། ཀོང་པོ། མངའ་རིས་བཅས་བཅུ་གསུམ་འདུས་པའི་དགེ་འདུན་ལས་མལ་གྲོར་འཁྲུངས་པ་ཧོར་སྟོན་ནམ་མཁའ་དཔལ་བཟང༌། འདི་ཡིས་བློ་སྦྱོང་ཉི་མའི་འོད་ཟེར་མཛད། རྗེ་དོན་ཡོད་དཔལ་ལྡན། འདི་སེ་རར་ཕེབས། རྗེ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། འདི་སེ་རར་ཕེབས། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། རྒྱལ་རོང་རབ་འབྱམས་པ་བསྟན་པ་དར་རྒྱས། འདུལ་འཛིན་པའི་སྐུ་སྐྱེར་ལུང་བསྟན་པ་དེས་བྱང་རྩེར་ལོ་བཞི་བཅུ་ཞེ་ལྔ་འཆད་ཉན་མཛད། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་ཀླུ་འབུམ་རོང་པོ་སྐལ་ལྡན་རྒྱ་མཚོ། འདི་ལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཟེར། རྗེ་དོན་ཡོད་མཁས་གྲུབ། འདི་དཔལ་འདུས་པའི་རྫོགས་རིམ་ཐོབ་ཅེས་གྲགས། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གྲྭ་ཚང་འོག་ཉག རོང་ཤར་རྩེ་ན་ཁམས་ཚན། རྡོ་ཁང༌། ཕོ་ཁང༌། ལྷོ་པ། ཉག་རེ། ཅོ་ནེ། ཐེ་བོ། ཟུང་ཆུ། སོག་པ། རྟ་འོན། མངའ་རིས། ཆོས་པ། ཉང་པོ། གུང་རུ་བཅས་བཅུ་གསུམ་གྱི་དགེ་འདུན་འདུས་པ་ལས། དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ཁྲི་པ་མཛད། བྱང་སེམས་གནས་བརྟན་རིན་ཆེན་རྒྱལ་མཚན། ཚེ་མ་དབང་རྒྱལ། ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཆེན། རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས། ཉག་རོང་བླ་མ་བློ་བཟང་སྐལ་ལྡན། འདི་རྗེ་བློ་གྲོས་ཆོས་སྐྱོང་གི་སྐུ་སྐྱེ་ཡིན་ཟེར་ཞིང་ཕྱི་མར་བལ་པོའི་རྒྱལ་པོ་ཞིག་ཏུ་འཁྲུངས་ནས་ད་ལྟ་མུ་ལི་སྤྲུལ་སྐུ་རིམ་བྱོན་ཡིན་ལ་དེ་ཡི་ཕྱི་མར་དགའ་ལྡན་དུ་བྱམས་མ་མཇལ་བར་རྗེ་རང་ཉིད་གསུངས། ཕོ་ཁང་པ་རྗེ་གྲུབ་པའི་དབང་ཕྱུག་བློ་བཟང་ཆོས་འཛིན། འདི་ཞི་ལྷག་གི་ཏིང་ངེ་འཛིན་ཐོབ་པར་གྲགས། མཁས་གྲུབ་དགེ་ལེགས་དཔལ་བཟང་ཞལ་གཟིགས་ཀྱང་ཟེར།
ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གདན་རབས་ནི། རྒྱལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་པོ། པཎ་ཆེན་བཟང་པོ་བཀྲ་ཤིས་གཉིས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ་གསུམ་པ། པཎ་ཆེན་ཡེ་ཤེས་རྩེ་མོ་བཞི་པ། རྒྱལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལྔ་པ། མངའ་རིས་ལྷ་བཙུན་བློ་བཟང་བསྟན་པའི་ཉི་མ་དྲུག་པ། པཎ་ཆེན་ཤན་ཏི་པ་བློ་གྲོས་རྒྱལ་མཚན་བདུན་པ། པཎ་ཆེན་དོན་ཡོད་རྒྱ་མཚོ་བརྒྱད་པ། ཤངས་སྟོན་བློ་གྲོས་ལེགས་བཟང་དགུ་པ། གནས་རྙིང་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན་བཅུ་པ། ཤངས་སྟོན་ཆོས་དཔལ་རྒྱ་མཚོ་བཅུ་གཅིག་པ། གཞུ་པ་བསོད་ནམས་རྒྱལ་མཚན་བཅུ་གཉིས་པ། ཤངས་སྟོན་བསམ་གྲུབ་དཔལ་བཅུ་གསུམ་པ། ཉང་སྟོན་དམ་ཆོས་ཡར་འཕེལ་བཅུ་བཞི་པ། ཉང་སྟོན་ལྷ་དབང་བློ་གྲོས་བཅོ་ལྔ་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཅུ་དྲུག་པ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་བཅུ་བདུན་པ། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་བཅོ་བརྒྱད་པ། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་བཅུ་དགུའོ། །མཁན་རབས་པཎ་ཆེན་དཔལ་ལྡན་ཡེ་ཤེས་བར་དུ་བརྒྱད་བགྲངས་བ་ཡིན་ཏེ་འདི་ཡི་དང་པོ་བཞི། ཤནྟི་བ་དང་ལྔ། པཎ་ཆེན་སྐུ་འཕྲེང་གསུམ་སྟེ་བརྒྱད་དོ། །བཀྲ་ཤིས་ལྷུན་པོ་ནས་སྐྱེས་བུ་དམ་པ་གྲགས་ཆེ་བ་བ་སོ་ཆོས་ཀྱི་རྒྱལ་མཚན། འདུལ་འཛིན་བློ་གྲོས་སྦས་པ། བླ་མ་འདི་གཉིས་ཀྱང་ཆོས་གྲྭ་དེར་གཏོགས་ཙམ་ཡིན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། གྲུབ་ཆེན་ཤངས་པ་སྐྱབས་མཆོག་དཔལ་བཟང༌། བསོད་ནམས་ཕྱོགས་ཀྱི་གླང་པོ། རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་སྔགས་ཆེན་དཀོན་མཆོག་རྒྱལ་མཚན། མངའ་རིས་པ་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ། ལྷ་ས་སྐུ་སྐྱེ་བློ་བཟང་བསྟན་པ་དར་རྒྱས། སྐྱིད་ཤོད་སྟག་རྩེ་ཞབས་དྲུང་བློ་བཟང་བསྟན་འཛིན་རྒྱ་མཚོ། དེ་ཡི་སྐུ་སྐྱེ་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས། རྗེ་བློ་བཟང་མགོན་པོ། དཀའ་ཆེན་བསོད་ནམས་གྲགས་པ། སྔགས་ཆེན་དགེ་འདུན་དོན་གྲུབ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ། རྗེ་དགེ་ལེགས་རབ་རྒྱས། རྗེ་དམ་ཆོས་དཔལ་འབྱོར། སྔགས་ཆེན་བློ་བཟང་རིག་གྲོལ། སྔགས་ཆེན་བློ་བཟང་བཟོད་པ། ཧོར་དཀའ་ཆེན་བློ་བཟང་དོན་གྲུབ། དཀའ་ཆེན་བློ་བཟང་རྣམ་རྒྱལ། དེ་ཡི་དངོས་སློབ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན།
བཀྲ་ཤིས་ལྷུན་པོའི་གྲྭ་ཚང་སོ་སོར་བྱོན་པ་ནི། ཐོས་བསམ་གླིང་པ་པཎ་ཆེན་བསོད་ནམས་རྒྱལ་མཚན། ཐོས་གླིང་དྲི་མེད་བཤེས་གཉེན། ཐོས་གླིང་རྟ་ནག་པ་དགེ་འདུན་བློ་བཟང༌། ཐོས་གླིང་དཀའ་ཆེན་ནམ་མཁའ་རྡོ་རྗེ། ཐོས་གླིང་འཇམ་དབྱངས་བློ་བཟང་བཤེས་གཉེན། ཐོས་གླིང་སངས་རྒྱས་དཔལ་རིན། ཐོས་གླིང་དྲི་མེད་བཤེས་གཉེན། ཐོས་གླིང་དགེ་འདུན་བསམ་གྲུབ། ཐོས་གླིང་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌། དཀྱིལ་ཁང་ཤནྟི་པ་བློ་གྲོས་རྒྱལ་མཚན། དཀྱིལ་ཁང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བདེ་ལེགས་ཉི་མ། ཚར་ཆེན་ཆོས་རྗེ། ཡང་ཡིན་པར་གྲགས། དཀྱིལ་ཁང་ཀུན་མཁྱེན་ལེགས་པ་དོན་གྲུབ། འདི་བྲམ་ཟེ་སྐྱེ་བ་བདུན་པའི་རིགས་ཡིན་པར་གྲགས། དཀྱིལ་ཁང་པ་སྨོན་ལམ་དཔལ་བ། དཀྱིལ་ཁང་པ་ལེགས་པ་ཆོས་འབྱོར། དཀྱིལ་ཁང་པ་སངས་རྒྱས་རྒྱ་མཚོ། ཤར་རྩེ་མངའ་རིས་ལེགས་པ་དོན་གྲུབ། ཤར་རྩེ་པཎ་ཆེན་ན་བཟའ་བ། འདི་གངས་ཅན་གྱི་བླ་མ་བེའུ་བུམ་སྒྲིག་པ་པོ། ཤར་རྩེ་ཀུན་མཁྱེན་སྟོབས་འབར་འོད་ཟེར། ཤར་རྩེ་བྱང་སྟོན་བློ་གྲོས་རྒྱ་མཚོ། རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན་པ་ས་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པའི་དབུས་སུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་དཔལ་ལྡན་འབྲས་སྤུངས་སྒོ་མང་བའི་ཁམས་ཚན། ཧར་གདོང༌། བསམ་ལྷོ། ཀླུ་འབུམ། བྱ་བྲལ། བྲ་ཉེ། གཞུང་པ། ཟུང་ཆུ། ཐེ་བོ། ཆལ་པ། རྟ་འོན། མངའ་རིས་སྟག་མོ། རི་རྩ། ཆུ་བཟང༌། གུང་རུ། པྲ་ཏི། འགའ་ཤིང་བཅས་བཅུ་དྲུག་གི་དགེ་འདུན་འདུས་པའི་ནང་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། གུང་རུ་ཚུལ་བཟང༌། གུང་རུ་ཆོས་འབྱུང༌། ཆེན་པོ་དཔལ་བཤེས་པ། སློབ་དཔོན་གཞུ་བསོད། གཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ། སློབ་དཔོན་སྒ་ལེབ། སྟག་ལེབ། ཁྲི་ཆེན་སྟོད་ལུང་པ། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། མཁས་པའི་དབང་པོ་ཐོར་རྒོད་ཤེས་རབ་སྦྱིན་པ། ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། ཁྲི་སྦྱིན་པ་རྒྱ་མཚོ། འདི་ལ་མིང་གཞན་ངག་དབང་དཔལ་བཟང་ཡང་ཟེར། ཁྲི་ཆེན་དོན་གྲུབ་རྒྱ་མཚོ། ཁྲི་ཆེན་བྱ་བྲལ་དགེ་འདུན་ཕུན་ཚོགས། འདི་ལ་ཁྲི་གུང་ཐང་པ་ཡང་ཟེར། ཁྲི་ཆེན་ནམ་མཁའ་བཟང་པོ། བཙན་པོ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། གྲུབ་ཆེན་བཻ་རེ་མེརྒན་ངག་དབང་བློ་གྲོས། གྲུབ་པའི་དབང་ཕྱུག་བློ་བཟང་ཤེས་རབ། ཨ་མདོ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། མཁས་པ་ཆེན་པོ་བྱ་བྲལ་བློ་བཟང་རིན་ཆེན། བཀའ་འགྱུར་ཏཱ་བླ་མ་བློ་བཟང་ཚུལ་ཁྲིམས། རྗེ་བློ་བཟང་དམ་ཆོས། གནས་ལྔ་མཁྱེན་པའི་པཎྜི་ཏ་རྒྱལ་སྲས་རིན་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོ། ཤར་ཕྱོགས་རྒྱ་ནག་གཙུག་གི་རྒྱན་གྱུར་ལྕང་སྐྱ་རོལ་པའི་རྡོ་རྗེ་འམ་མིང་གཞན་ཡེ་ཤེས་བསྟན་པའི་སྒྲོན་མེ། གཞོན་ནུ་དཔའ་ཤོད་བ་སོ་རྗེ་དྲུང་རིན་པོ་ཆེ་སྐུ་ཕྲེང་རིམ་པར་བྱོན་པ་དང༌། འཇམ་དབྱངས་བཞད་པའི་སྤྲུལ་སྐུ་མདོ་སྔགས་སྨྲ་བའི་དབང་ཕྱུག་སྙན་ངག་མཁན་དཀོན་མཆོག་འཇིགས་མེད་དབང་པོ་རྣམས་སོ། །དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཁམས་ཚན། ཀོང་པོ། ཕོ་ཁང༌། ཚ་བ། ཏྲེ་ཧོར། སྤོ་འབོར། མི་ཉག་འདན་མ། གླིང་པ། གཙང་པ། དབུས་སྟོད། རོང་པོ་ཤར། རོང་པོ་ནུབ། གོ་བོ། ཉག་རེ། ལྷོ་པ། མངའ་རིས་དཔེ་ཐུབ། རྒྱལ་བ། ཉང་པོ། འཕའ་ར། སྡིངས་ཁ། ཚུལ་ཁང༌། རྩེད་ཐང༌། མངའ་རིས། གུ་གེ །རྒྱ། གྲགས་པ་བཅས་ཉེར་དྲུག་གི་དགེ་འདུན་འདུས་པའི་ནང་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། འཇམ་དབྱངས་ལེགས་པ་ཆོས་འབྱོར། བློ་གསལ་གླིང་གི་འཆད་ཉན་ལོ་ཉི་ཤུ་མཛད། འདི་ལ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱང་ཟེར། མཁན་ཐོག་ལྔ་པ་རོང་སྟོན་བློ་བཟང་གྲགས་པ། མཁན་ཐོག་དགུ་པ་ཐོན་ཡོན་ཏན་རྒྱ་མཚོ། ཉན་པོ་ཤཱཀྱ་རྒྱལ་མཚན། ཤག་སྐོར་བླ་མ་སྣར་ཐང་རབ་མཆོག་པ། མཁན་ཆེན་དཔལ་བློ་བ། ཤག་སྐོར་བླ་མ་ཉག་རེ་རྡོ་རྗེ་རྒྱལ་མཚན། འདི་ཡིས་ལྡན་ཆོས་འཁོར་ཕྱག་བཏབ། རྗེ་ཙོང་པ་ཆོས་གྲགས་འོད་ཟེར། ཚ་བ་དགེ་བའི་བཤེས་གཉེན་ཆེན་མོ་མ། འབུ་སྟག་ངག་དབང་དཔལ་བཟང༌། ཕོ་ཁང་དོམ་བསྙགས་པ་མཁས་མཆོག་རྡོ་རྗེ། ཚུལ་ཁང་པ་ལེགས་པ་དོན་གྲུབ། རྗེ་པཎ་ཆེན་དམ་ཆོས་ཡར་འཕེལ། ཤར་པ་ཉག་རེ་དགེ་འདུན་གྲགས་པ། མངའ་རིས་ཞབས་དྲུང་བློ་བཟང༌། མངའ་རིས་པ་སྔགས་ཆེན་བློ་བཟང་ཆོས་འཕེལ། མཁས་གྲུབ་ཕོ་ཁང་པ་བློ་བཟང་དར་རྒྱས། བྱ་བཏང་སྒོམ་ཆེན་རིན་ཆེན་ཕུན་ཚོགས། གྲུབ་པའི་དབང་ཕྱུག་རྗེ་འཇམ་དཔལ་རྒྱ་མཚོ། དེ་ཡི་སློབ་མ་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། བློ་གསལ་གླིང་ནས་ཁྲི་འདན་མ་ཡེ་ཤེས་བཟང་པོ། ཁྲི་འཇང་ཞབས་པ་དམ་ཆོས་ཡར་འཕེལ། ཁྲི་སྤོ་འབོར་བ་བློ་བཟང་དྲི་མེད། ཁྲི་དབུས་སྟོད་ཕག་མོ་བསམ་གཏན་ཕུན་ཚོགས། ཁྲི་ཤར་རྒྱལ་མོ་རོང་པ་བློ་བཟང་སྨོན་ལམ། ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་བྱེས་མཁས་མང་གྲྭ་ཚང་གི་ཁམས་ཚན། ཧར་གདོང༌། བསམ་ལྷོ། བྱ་བྲལ། ཏྲེ་ཧོར། པྲ་ཏི། ཚ་བ། ལྷོ་པ། སྒོམ་བདེ། ལ་ཝ། འདན་མ། མངའ་རིས་གུ་གེ །མངའ་རིས་དཔེ་ཐུབ། མངའ་རིས་ཟངས་དཀར། མངའ་རིས་སྟག་མོ། པྲ་ཏིའི་མི་ཚན་གཙང་པ། རྒྱལ་བྱེད། ཨེ་པ། གཉལ་པ། དྭགས་པོ།  རྩེད་ཐང་དང༌། སྤོ་འབོར། གུང་རུ་དང་ཉེར་གཉིས་ཀྱི་དགེ་འདུན་འདུས་པ་ལས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། གཙང་པ་སེ་ར་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ །འདི་བྱེས་གྲྭ་ཚང་ཕྱག་འདེབས་པ་པོའོ། །གཙང་པ་པཎ་ཆེན་བདེ་ལེགས་ཉི་མ། གཙང་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། འདིས་དབུ་ཕར་འདུལ་བའི་ཡིག་ཆ་བརྩམས། འདན་མ་བླ་མ་ངག་དབང་གྲགས་པ། འདིས་ཀུན་མཁྱེན་པའི་བསྟོད་པ་དགེ་ལེགས་དཔལ་འབར་མཛད། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། འདི་ཡིས་ས་སྐྱ་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྩོད་པས་ཐལ་འགྱུར་གྱིས་བཅོམ་པར་གྲགས། རྩེད་ཐང་པ་པཎ་ཆེན་བསོད་ནམས་གྲགས་པ། འདིས་འབྲས་སྤུངས་བློ་གླིང༌། ཉག་རོང་གི་ཡིག་ཆ་མཛད། དྭགས་པོ་མདའ་མི་ནམ་མཁའ་གྲགས། འདིས་རྒྱུད་སྨད་གསང་འདུས་བསྐྱེད་རྫོགས་ཊི་ཀ་མཛད། ཨེ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། འདིས་རྒྱལ་བ་ལྔ་པ་ཆེན་པོའི་ཡོངས་འཛིན་མཛད། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ། ཁྲི་ཆེན་ལྷ་ས་བ་དགེ་འདུན་རྒྱལ་མཚན། ཁྲི་ཆེན་གཙང་པ་ཚུལ་ཁྲིམས་ཆོས་འཕེལ། ཁྲི་ཆེན་ཚ་བ་ཞོགས་པ་བློ་བཟང་དོན་ཡོད། འདི་ལ་རྣམ་དག་རྡོ་རྗེ་ཡང་ཟེར། ཁྲི་ཆེན་བསམ་བློ་ངག་དབང་མཆོག་ལྡན། འདི་ཡིས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བླ་མ་མཛད། སྐུ་སྔ་ཕྱི་རིམ་བྱོན། ཁྲི་ཆེན་བསམ་ལྷོ་ངག་དབང་ཆོས་གྲགས། འདི་ཡིས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་གཞོན་ནུའི་དུས་སུ་ཡོངས་འཛིན་མཛད། ཁྲི་ཆེན་ཚ་བ་བློ་བཟང་བསྟན་པ། བྱང་རྩེ་ཏྲེ་ཧོར་བཀྲ་ཤིས་རྒྱ་མཚོ། ཤར་ཆེན་ཏྲེ་ཉག་བློ་བཟང་བསྟན་འཕེལ། བསམ་ལྷོ་མཁས་པ་ཆེན་པོ་ངག་དབང་བརྩོན་འགྲུས། བསམ་ལྷོ་མཚུངས་མེད་བཟོད་པ་བཟང་པོ། བསམ་ལྷོ་ཨ་ཀ་བསོད་ནམས་བཟང་པོ། བསམ་ལྷོ་གྲུབ་དབང་དཔལ་འབྱོར་གྲགས་པ། བསམ་ལྷོ་རྒྱུད་པ་མཁན་པོ། བྱ་བྲལ་རྗེ་ངག་དབང་དོན་གྲུབ། བྱ་བྲལ་རྗེ་ཐབས་མཁས་རྒྱ་མཚོ། ཆབ་མདོ་བྱམས་པ་གླིང་ཕྱག་འདེབས་པ་པོ་བྱང་སེམས་ཤེས་རབ་བཟང་པོ་སྒོམ་བདེ་ཡིན་ལ་འདིར་ཡང་ཐོག་གཅིག་བཞུགས། ལྷོ་གླིང་སྟོད་པ་འཇམ་དབྱངས་གྲགས་པ། ལྷོ་གླིང་སྨད་པ་ཆོས་འབྱོར་བཟང་པོ། འདི་གཉིས་ཀུན་མཁྱེན་པའི་སློབ་མ་ཡིན། ལྷོ་མཁས་གྲུབ་ཤེས་རབ་དབང་པོ། ལྷོ་སྒོམ་བདེ་ནམ་མཁའ་རྒྱལ་མཚན། འདི་གཉིས་སེ་ར་རྗེ་བཙུན་པའི་སློབ་མ། སྒོམ་བདེ་རིན་ཆེན་འོད་ཟེར། སྒོམ་བདེ་བྱང་ཆུབ་འོད་ཟེར། འདི་གཉིས་ཡོན་ཏན་རྒྱ་མཚོའི་ཞབས་ལ་ཐུག་མཁར་རྡོ་བཟོད་པ་རྒྱ་མཚོ་སྐུ་ཕྲེང་ཐམས་ཅད། རྗེ་ཕུར་བུ་ལྕོགས་པ་ངག་དབང་བྱམས་པ་སྐུ་སྔ་ཕྱི་གཉིས། མཁས་གྲུབ་རྗེ་དབོན་དཀོན་མཆོག་རྡོ་རྗེ་སྐུ་སྔ་ཕྱི་གཉིས། འདི་གསུམ་རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་སློབ་མ། འཕགས་པ་ལྷ་ཡེ་ཤེས་བསྟན་པའི་མགོན་པོ་སྐུ་སྔ་ཕྱི་གཉིས། ཞི་བ་བཟང་པོ་འཕགས་པ་དགེ་ལེགས་རྒྱལ་མཚན། ལྷོ་པ་མང་ཐོས་ངག་གི་དབང་པོ། འདི་གསུམ་བྱམས་པའི་སློབ་མ་ཡིན། སེ་ར་སྨད་ཐོས་བསམ་ནོར་བུའི་གླིང་གི་ཁམས་ཚན། ཨ་མདོ་གཞུང་པ། སྤོ་འབོར། ཡེར་པ། རོང་པོ། ཚ་རྡོར། ཚ་བ། ཀོང་པོ། རྨར་མྱུང༌། ཨ་མདོ་ཨ་ར། ཐེ་བོ། རྒྱལ་རོང༌། རྟ་འོན། མི་ཉག་སྤོ་གུང་གཉིས་བཅས་ཁམས་ཚན་བཅོ་ལྔ་དགེ་འདུན་འདུས་པ་ལས་སྐྱེས་བུ་དམ་པ་རིམ་བཞིན་ཕེབས་པ་ནི། མདོ་ཁམས་སྨར་ཁམས་སྒང་འབུམ་རྣམ་སྣང་བ། ཚ་བ་ཀུན་མཁྱེན་བྱང་ཆུབ་འབུམ་པ། དབུས་སྟོད་པ་བྱང་ཆུབ་འོད་ཟེར། མཁས་གྲུབ་དར་བཟང་པ། དྲུང་རིན་ཆེན་རྒྱལ་མཚན། རྗེ་ཆོས་གྲགས་འོད་ཟེར། འདི་ཕྱིས་སུ་འབྲས་སྤུངས་བློ་གླིང་ཟུར་ཆོས་པ་མཛད། དབུས་སྟོད་མཁས་གྲུབ་བསྟན་པ་དར་རྒྱས། འདི་པོ་ཏོ་བའི་སྐུ་སྐྱེ་ཡིན་པར་གྲགས། རྗེ་འཇམ་དཔལ་བཤེས་གཉེན། འདི་མཁས་གྲུབ་བསྟན་དར་བའི་དངོས་སློབ་ཡིན་ཅིང་དབུས་སྟོད་སྦ་བ་གྲྭ་ཚང་གི་བླ་མ་མཛད་ནས་གཅོད་ཁྲིད་སྐལ་ལྡན་འཇུག་ངོགས་ཆེ་ཆུང་གཉིས་མཛད། དགའ་ལྡན་ཁྲི་ཆེན་མི་ཉག་རྡོ་རྗེ་བཟང་པོ། ཁྲི་ཆེན་ཀོང་པོ་བཀྲ་ཤིས་རབ་བརྟན་པ་བསྟན་འཛིན་ལེགས་བཤད། ཁྲི་ཆེན་མདོ་སྨད་པ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། ཁྲི་ཆེན་སྤོ་འབོར་ཡང་སྟེང་པ་བློ་བཟང་ཆོས་འཕེལ། ཁྲི་ཆེན་ཅོ་ནེ་གཞུང་པ་བློ་བཟང་དར་རྒྱས། མིང་གཞན་ཁྲི་ཆེན་བློ་བཟང་འཇམ་དཔལ་ཡང་ཟེར། ཁྲི་ཆེན་སྟོད་ལུང་ཆོས་བཟང་པ་ཆོས་གྲགས་རྒྱ་མཚོ། ཚ་རྡོར་བ་ཤར་པ་སྔ་མ་བློ་བཟང་དཔལ་འབར། ཚ་རྡོར་ཕྱི་མ་ཤར་པ་ངག་དབང་ཚུལ་ཁྲིམས་རྣམས་སོ། །མཁས་པའི་དབང་ཕྱུག་རྒྱལ་རོང་ནམ་མཁའ་ལྷུན་གྲུབ། དེ་ཡི་དངོས་སློབ་རྒྱལ་རོང་དཔོན་ཆུང་བློ་བཟང་ལེགས་གྲུབ། རྒྱལ་རོང་ཚ་ཁོ་བ་སྔགས་རམས་པ་ནག་པོ་ཆེན་པོ། དེ་དག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྗེ་བཙུན་ཙོང་ཁ་པའི་ཨ་མ་ཤིང་བཟའ་ཨ་ཆོས་ཀྱི་སྐུའི་སྐྱེ་བར་གྲགས་པ་ཨ་ར་སྤྱི་ཁང་དུ་བཞུགས་པ་ཉང་བྲན་ནཱ་ཁ་པ་གྲུབ་ཆེན་ཐར་པའི་རྒྱལ་མཚན། རྒྱལ་མེ་ཏོག་ཐང་གི་ལྷ་ཐོག་རེ་ཁྲོད་ན་བཞུགས་ཤིང༌། རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བ་ལ་ཉིན་གཅིག་གིས་རྒྱ་ནག་ནས་འཁོར་བའི་རྫུ་འཕྲུལ་ཐོབ་པ་མཁའ་སྤྱོད་གྲུབ་པའི་རྣལ་འབྱོར་པ་ཆེན་པོ་དེ་རྣམས་བྱོན། ད་ལྟ་ཨ་རིག་གི་དགེ་བཤེས་ཆེན་པོ་ཤིང་བཟའི་སྐུའི་སྐྱེ་བར་གྲགས་པ་ཡང་བཞུགས། སྟག་ཚང་ར་བ་སྟོད་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། སྨར་ཁམས་གྲགས་པ་བཟང་པོ། གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ། གཙང་ཤངས་པ་འཇམ་དབྱངས་མཆོག་ལྷ་འོད་ཟེར། འཕྱོངས་རྒྱས་པ་དྲུང་ཆེན་ལེགས་པ་བཟང་པོ། བླ་མ་བཅུ་བཞི་བ་སྲས་ཁང་དམ་ཆོས་རྣམ་རྒྱལ། ཞབས་དྲུང་དཀོན་མཆོག་ཆོས་འཕེལ། ཁྲི་ཆེན་སྟག་ལུང་བྲག་པ། གེ་རེ་ལྷ་བཙུན་ཞབས་དྲུང་ལྷ་དབང་དཔལ་འབྱོར་དང༌། ཕྱིས་སུ་ཡང་གེ་རེ་ལྷ་བཙུན། ཞབས་དྲུང་དཔོན་སློབ་སྐལ་བཟང་ཚོགས་གཉིས། མཁས་པའི་དབང་ཕྱུག་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ། ཉི་ཐང་མཁན་པོ་ཆོས་གྲགས། དྲུང་ཆེན་བྱམས་པ། དྲུང་ཆེན་ངག་དབང་དར་རྒྱས། བྲག་ཡག་སྤྲུལ་སྐུ་ཆེ་ཆུང་སྐུ་ཕྲེང་རིམ་པར་བྱོན་པ་ཐམས་ཅད་དོ།།
ལྷོ་རྒྱུད་དྭགས་པོ་གྲྭ་ཚང་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། འཇམ་དབྱངས་གཙང་པ་གདུང་བདུན་གྱི་ནང་ཚན་རྗེ་བློ་གྲོས་བརྟན་པ། རྗེ་མཁན་ཆེན་ངག་དབང་གྲགས་པ། དྭགས་ཉག་བློ་གྲོས་ལེགས་འཕེལ་ལམ་རིག་པའི་རལ་གྲི། དབོན་པོ་བློ་གསལ་བཤེས་གཉེན། དྭགས་པོ་སྐལ་བཟང་རྒྱ་མཚོ། རྗེ་བྱམས་པ་བརྟན་པ། བྱམས་པ་ཆོས་མཆོག་མདའ་མི་ནམ་མཁའ་གྲགས། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། དགའ་ལྡན་ཁྲི་ལ་བཅུ་གསུམ་ལ་ཕེབས་པར་གྲགས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ལྷ་རྒྱ་རི་བའི་གཟིམས་ཤག་མཁན་པོ་བློ་བཟང་མཁས་བཙུན། སེ་ར་རྩེ་སྒྲུབ་ཁང་དཔོན་སློབ་དགེ་ལེགས་རྒྱ་མཚོ། ཡེར་པ་དཔོན་སློབ་ཕུན་ཚོགས་རྒྱ་མཚོ། ལོ་དགོན་པ་ན་བཞུགས་པ་བྱམས་པ་ཆོས་ལྡན། དུས་འཁོར་དཔོན་སློབ་ཡོན་ཏན་དར་རྒྱས། ཁྲི་ཆེན་དྭགས་པོ་ཚེ་འཕེལ། དྭགས་པོ་དགེ་བཤེས་བློ་བཟང་སྦྱིན་པ། དྭགས་པོ་དོན་གྲུབ་དབང་རྒྱལ། དགེ་འདུན་འཇམ་དབྱངས་བློ་བཟང་མཐུ་སྟོབས། ངག་དབང་བསྟན་པ་དར་རྒྱས། ནམ་མཁའ་དབང་པོ། དགེ་འདུན་ངག་དབང༌། བླ་མ་དམ་ཆོས་སོགས་སོ།།
ལྷོ་རྒྱུད་མངའ་རིས་གྲྭ་ཚང་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དགུང་ལོ་རེ་དྲུག་བཞེས་སྐབས་སུ་བཙུགས་པ། བཀྲ་ཤིས་ལྷུན་པོ་རྗེ་བསྟན་པ་དར་བཟང༌། འདི་དགེ་འདུན་རྒྱ་མཚོའི་སློབ་མ་ཡིན། མངའ་རིས་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན། འོལ་ཁ་རྗེ་དྲུང་བློ་བཟང་འཕྲིན་ལས། དཔལ་ལྡན་སྨད་རྒྱུད་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། དང་པོ་རྗེ་བཙུན་ཤེས་རབ་སེང་གེས་བཙུགས། རྡོ་རྗེ་འཛིན་པ་ཤེས་རབ་བཟང་པོ། རྡོར་འཛིན་ཨེ་པ་ཤེས་རབ་རྒྱལ་པོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྒྱ་ར་ཆོས་སྐྱོང་རྒྱ་མཚོ། མདོ་སྨད་ཡེར་ཤོད་དཔོན་སློབ་ཤ་སྦྲང་སྔགས་འཆང་འཇམ་དབྱངས་བློ་གྲོས། མདོ་སྨད་བྲག་དཀར་སྔགས་རམས་པ། བློ་བཟང་བསྟན་པ་དར་རྒྱས། སྔགས་འཆང་རྟ་མགྲིན་ཕུན་ཚོགས། རྭ་སྒྲེང་སྔགས་རམས་པ་བློ་བཟང་དོན་གྲུབ། ཁྲི་ཆེན་སྦྱིན་པ་རྒྱ་མཚོ། ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། ཁྲི་ཆེན་བྱ་བྲལ་ཕུན་ཚོགས། ཁྲི་ཆེན་ངག་དབང་མཆོག་ལྡན་ནོ།།
དཔལ་ལྡན་སྟོད་རྒྱུད་ནས་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནི། རྗེ་བཙུན་ཤེས་རབ་སེང་གེའི་སློབ་མ་རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྒྱལ་ལྷ་ཁང་པ་བློ་གྲོས་སེང་གེ །རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། ཚ་རྡོར་བློ་བཟང་དཔལ་འབར། འདིས་གསང་འདུས་མདུན་བསྐྱེད་ཊི་ཀ་མཛད། སྔགས་རམས་པ་རྗེ་དྲུང་དགེ་འདུན་བཀྲ་ཤིས། འདི་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་བླ་མ་དེ་ཡིན། པཎ་ཆེན་བསོད་གྲགས། སྒོམ་བདེ་ནམ་མཁའ་རྒྱལ་མཚན། ཁྲི་དཀོན་མཆོག་ཆོས་འཕེལ། ཡར་ལུང་དར་རྒྱས་དགོན་པ་བ་ལྷོ་པ་རྗེ་ཐང་སག་པ་དངོས་གྲུབ་རྒྱ་མཚོ། འདི་ཡིས་འཕན་ཡུལ་ཐང་སག་དགའ་ལྡན་ཆོས་འཁོར་གྱི་བླ་མ་མཛད། ཁྲི་ཆེན་བློ་བཟང་དར་རྒྱས། མདོ་པ་སྔགས་རམས་པ་ཡེ་ཤེས་སྐལ་ལྡན། འདི་མངའ་རིས་མེ་ཏོག་མདངས་ཅན་ན་བཞུགས། དྲུང་པ་རྒྱལ་ཚབ་པ་རྗེ་དགེ་ལེགས་རྒྱ་མཚོའི་བླ་མ། ཡོངས་འཛིན་པ་མངའ་རིས་བློ་བཟང་བཟོད་པ། འདི་ཡིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡོངས་འཛིན་མཛད། གངས་ཅན་ལྷ་གཅིག་འབྲོམ་སྟོན་རྒྱལ་བའི་འབྱུང༌། །སྐལ་ལྡན་ཕོ་མོ་གཙང་མའི་ཞིང་ས་རུ། །སྤྲུལ་པའི་སྐུ་མཆོག་པད་དཀར་ཕྲེང་བ་འཁྲུངས། །ཡ་མཚན་རྣ་བའི་དགའ་སྟོན་འདི་ཡང་གསོན།།
བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དབུས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བརྒྱུད་མར་འབྱུང་བ་ལུང་བསྟན་པ་ལྟར། རྒྱལ་བ་རིན་པོ་ཆེ་སྐྱེས་རབས་ཀྱི་འཕྲེང་བ་རིམ་པར་བརྒྱུད་པ་ནི། འཕགས་མཆོག་སྤྱན་རས་གཟིགས་དང་པོ། རྒྱལ་པོ་འཇིག་རྟེན་དབང་གཉིས་པ། སྟོན་པའི་སྤྱན་སྔར་བྲམ་ཟེའི་ཁྱིའུ་སྣང་བ་གསུམ་པ། བྲམ་ཟེའི་ཁྱིའུ་གསལ་བ་བཞི་པ། རྒྱལ་བུ་ཆགས་པ་མེད་པ་ལྔ་པ། རྒྱལ་བུ་ཀུན་ཏུ་དགའ་དྲུག་པ། རྒྱལ་བུ་ལྷ་སྐྱེས་བདུན་པ། རྒྱལ་པོ་དཀོན་མཆོག་འབངས་བརྒྱད་པ། རྒྱལ་པོ་དད་པ་བརྟན་པ་དགུ་པ། རྒྱལ་པོ་དཔལ་བཟང་བཅུ་པ། རྒྱལ་པོ་དད་པ་རབ་ཏུ་བརྟན་པ་བཅུ་གཅིག་པ། རྒྱལ་པོ་བློ་གྲོས་བཅུ་གཉིས་པ།  དད་ལྡན་ཁྱིའུ་དགའ་འཛིན་བཅུ་གསུམ་པ། དགེ་བསྙེན་བཙུན་པ་བཅུ་བཞི་པ། ཁྱིའུ་ནོར་བཟང་བཅོ་ལྔ་པ། ཁྱིའུ་ཟླ་བ་བཅུ་དྲུག་པ། ཁྱིའུ་རིན་ཆེན་སྙིང་པོ་བཅུ་བདུན་པ། ཁྱིའུ་པདྨ་བཅོ་བརྒྱད་པ། ཁྱིའུ་འོད་ཟེར་བཅུ་དགུ་པ། ཁྱིའུ་བྱམས་པ་ཉི་ཤུ་པ། རྒྱལ་པོ་སེང་གེའི་སྒྲ་ཉེར་གཅིག་པ། རྒྱལ་པོ་བདེ་མཆོག་ཉེར་གཉིས་པ། སྒྱུ་མ་སྤྲུལ་པ་ཤེས་པ་ལྷ་ཡི་རྒྱལ་པོ་ཉེར་གསུམ་པ། ཁྱིའུ་དགེ་འདུན་འཕེལ་ཉེར་བཞི་པ། ཕོ་རིང་རཱ་ཛ་ཉེར་ལྔ་པ། རྒྱལ་པོ་གེ་སར་ཉེར་དྲུག་པ། སྤྲུལ་པའི་རི་བོང་ཉེར་བདུན་པ། ལོ་བརྒྱད་བྱིས་པ་ཉེར་བརྒྱད་པ། རྫི་བོའི་རྣམ་པར་བསྟན་པ་ཉེར་དགུ་པ། བྲམ་ཟེ་རིན་ཆེན་མཆོག་སུམ་ཅུ་པ། དགེ་སློང་བསམ་གཏན་བཟང་པོ་སོ་གཅིག་པ། དུར་ཁྲོད་རྣལ་འབྱོར་པ་སོ་གཉིས་པ། གླིང་ཕྲན་རྒྱལ་པོ་སོ་གསུམ་པ། བྱ་ཡིད་བརྟན་གྲོ་ལོད་ཀུན་ཏུ་རྒྱུ་སོ་བཞི་པ། རྒྱལ་པོ་སྐྱབས་སྦྱིན་སོ་ལྔ་པ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་སོ་དྲུག་པ། ཆོས་རྒྱལ་དགེ་བ་དཔལ་སོ་བདུན་པ། བོད་ཡུལ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་སོ་བརྒྱད་པ། བོད་ཡུལ་བསྟན་པའི་དབུ་བརྙེས་ཐོ་རི་སྙན་ཤལ་སོ་དགུ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞི་བཅུ་པ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བཞི་བཅུ་ཞེ་གཅིག་པ། མངའ་བདག་ཁྲི་རལ་པ་ཞེ་གཉིས་པ། ཆོས་རྒྱལ་དགེ་བ་དཔལ་ཞེ་གསུམ་པ། ཛ་ཡ་ཨ་ནན་ཏ་ཁ་ཆེ་དགོན་པ་ཞེ་བཞི་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཞེ་ལྔ་པ། ས་ཆེན་ཀུན་དགའ་སྙིང་པོ་ཞེ་དྲུག་པ། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ཞེ་བདུན་པ། མངའ་བདག་ཉང་རལ་ཞེ་བརྒྱད་པ། ལྷ་རྗེ་དགེ་བ་འབུམ་ཞེ་དགུ་པ།  གནས་ལྔ་མཁྱེན་པ་པདྨ་ལྔ་བཅུ་པའོ། །ལྔ་བཅུ་ང་གཅིག་པ་རྒྱལ་བ་དགེ་འདུན་གྲུབ་ནི། འཁྲུངས་ཡུལ་གཙང་ས་སྐྱའི་ཉེ་འདབས་ན། ཡབ་མགོན་པོ་རྡོ་རྗེ། ཡུམ་ཇོ་མོ་ནམ་སྐྱིད་ཀྱི་སྲས་སུ་ལྕགས་མོ་ལུག་གི་ལོ་ལ་སྐུ་བལྟམས། དགུང་ལོ་གྱ་ལྔ་པ་ཤིང་རྟ་རྒྱལ་ཟླ་བའི་ཚེས་བརྒྱད་ལ་སྐུ་གཤེགས་སོ། །ང་གཉིས་པ་རྒྱལ་བ་དགེ་འདུན་རྒྱ་མཚོ་ནི། འཁྲུངས་ཡུལ་གཙང་རྟ་ནག་རྡོ་རྗེ་གདན་གྱི་ཉེ་འདབས། ཡབ་སྔགས་འཆང་ཀུན་དགའ་རྒྱལ་མཚན། ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་སྐུའི་སྐྱེ་བ་ཀུན་དགའ་དཔལ་མོའི་སྲས་སུ་ཤིང་ལུག་ལོ་རྒྱལ་ཟླའི་ཚེས་གསུམ་ལ་སྐུ་བལྟམས། དགུང་ལོ་རེ་བརྒྱད་པ། ཆུ་སྟག་ནག་པ་ཟླ་བའི་ཚེས་བརྒྱད་ལ་སྐུ་གཤེགས། ང་གསུམ་པ་རྒྱལ་བ་བསོད་ནམས་རྒྱ་མཚོ་ནི། འཁྲུངས་ཡུལ་སྐྱིད་ཤོད་སྟོད་ལུང་མདའ་རྩེ་དགའ་ཁང་གསར་སྒང་དུ། ཡབ་རྒྱ་ཆེན་རྩེའི་རྫོང་དཔོན་སྡེ་པ་རྣམ་རྒྱལ་གྲགས་པ། ཡུམ་ཀུན་བཟང་རྩེ་གནས་ཀྱི་སྲས་མོ་དཔལ་འཛོམས་བུ་ཁྲིད་ཀྱི་སྲས་སུ་རྒྱལ་བ་དགེ་འདུན་རྒྱ་མཚོ་འདས་པའི་ལོ་དེ་ཁའི་ཕྱི་དེ་ལོ་ནག་པ་ཟླ་བའི་ཚེས་བཅུ་གཅིག་ལ་འཁྲུངས། དགུང་ལོ་ཞེ་དྲུག་པ་ས་བྱི་ནག་ཟླའི་ཚེས་དྲུག་གི་ཐོ་རངས་སོག་ཡུལ་དུ་སྐུ་གཤེགས། ང་བཞི་པ་རྒྱལ་བ་ཡོན་ཏན་རྒྱ་མཚོ་ནི། འཁྲུངས་ཡུལ་མཁར་སྔོན་པོའི་ཉེ་འདབས་ན། ཡབ་འཇིང་གིར་རྒྱལ་པོ་སེ་ཆེན་ཆོས་ཁུར། ཡུམ་བཙུན་མོ་ཆུང་བ་བཱ་ཁན་ནུ་ལའི་སྲས་སུ་ས་མོ་གླང་གི་ལོ་ཧོར་ཟླ་བདུན་པའི་ཚེས་བདུན་ལ་སྐུ་བལྟམས། དགུང་ལོ་ཉེར་བརྒྱད་པ་མེ་འབྲུག་རྒྱལ་ཟླའི་ཚེས་ལྔ་ལ་སྐུ་གཤེགས། ང་ལྔ་པ་རྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ནི། འཁྲུངས་ཡུལ་ཡར་ལུང་འཕྱོངས་རྒྱས། ཡབ་འཕྱོངས་རྒྱས་སྡེ་པ་བདུད་འདུལ་རབ་བརྟན། ཡུམ་ཁྲི་ཅ་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ། མེ་སྦྲུལ་དབྱུག་པ་ཟླ་བའམ་ཐ་སྐར་ཟླ་བའི་ཉེར་གསུམ་ལ་སྐུ་བལྟམས། དགུང་ལོ་རེ་དྲུག་པ་ཆུ་ཁྱི་ལོ་ཧོར་ཟླ་གཉིས་པའི་ཉེར་ལྔ་ལ་སྐུ་གཤེགས། ང་དྲུག་པ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི། འཁྲུངས་ཡུལ་ལ་འོག་ཡུལ་གསུམ་མམ། མཚོ་གསུམ་དུ་གྲགས་པའི་མཚོ་སྣ། ཡབ་བཀྲ་ཤིས་རབ་བརྟན། ཡུམ་ཚེ་དབང་ལྷ་མོའི་སྲས་སུ་ཆུ་ཕག་གི་ལོ་ནག་པ་ཟླ་བའི་ཚེས་གཅིག་ལ་སྐུ་བལྟམས། དགུང་ལོ་ཉེར་ལྔ་པ། ཧོར་ཟླ་བཅུ་པའི་ཚེས་བཅུར་སོག་ཡུལ་ཀུན་དགའ་ནོར་དུ་གཤེགས། ང་བདུན་པ་རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོ་ནི། འཁྲུངས་ཡུལ་ཁམས་ལི་ཐང་ཆོས་སྡེ་ཆེན་པོའི་ཞོལ། ཡབ་འཕྱོངས་རྒྱས་པ་བསོད་ནམས་དར་རྒྱས། ཡུམ་བློ་བཟང་ཆོས་མཚོའི་སྲས་སུ་ས་ཕོ་བྱི་བའི་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་དགུ་དབྱར་རྩི་ཐོག་རྒྱས་པའི་སྐབས་སུ་སྐུ་བལྟམས། དགུང་ལོ་ལྔ་བཅུ་པ་མེ་གླང་ལོ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་སྐུ་གཤེགས། ང་བརྒྱད་པ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ནི། འཁྲུངས་ཡུལ་གཙང་སྟོད་ཐོབ་རྒྱལ། ཡབ་བསོད་ནམས་དར་རྒྱས། ཡུམ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ལྕམ་སྲིང་ཕུན་ཚོགས་དབང་མོའི་སྲས་སུ་ས་སྟག་ལོ་ཧོར་ཟླ་བདུན་པ་ལ་སྐུ་བལྟམས་པ། དེ་ད་ལྟ་བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དཔལ་དུ་བཞུགས་པའོ།།
རྗེ་རྒྱལ་བ་གཉིས་པའི་བསྟན་པ་དར་སྐབས་སུ་བོད་ན་སྤྲུལ་སྐུ་རྣམ་གསུམ་ཟེར་བ་བྱོན་ཅིང༌། དེ་ནི། རྒྱལ་སྲས། འོལ་ཁ་རྗེ་དྲུང༌།  སེམས་དཔའ་རིན་པོ་ཆེ་གསུམ་དུ་གྲགས་པ། རྒྱལ་སྲས་རིན་པོ་ཆེའི་སྐུ་ཕྲེང་ནི་རྒྱལ་སྲས་ཞི་བ་ལྷ་དང་པོ། གྲུབ་ཆེན་མི་ཏྲ་ཛོ་ཀི་རིགས་པའི་ཁུ་བྱུག་གཉིས་པ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གསུམ་པ། མི་གཡོ་བའི་སྤྲུལ་པ་སྣེའུ་ཟུར་པ་བཞི་པ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བ་ལྔ་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དྲུག་པ། རྗེ་ཤེས་རབ་སེང་གེ་བདུན་པ། མཁས་གྲུབ་ནོར་བཟང་རྒྱ་མཚོ་བརྒྱད་པ། རྗེ་ཤེས་རབ་ཡེ་ཤེས་མགོན་པོ་དགུ་པ། གྲུབ་མཆོག་ཆོས་འཕེལ་རྒྱ་མཚོ་བཅུ་པ། རྒྱལ་སྲས་མཐུ་སྟོབས་རྒྱ་མཚོ་བཅུ་གཅིག་པ། རྒྱལ་སྲས་དངོས་གྲུབ་རྒྱ་མཚོ་བཅུ་གཉིས་པ། འདི་ལ་དོན་ཡོད་རྒྱ་མཚོ་ཡང་ཟེར། རྒྱལ་སྲས་བློ་བཟང་བསྟན་འཛིན་རྒྱ་མཚོ་བཅུ་གསུམ་པ། རྒྱལ་སྲས་ངག་དབང་འཇིགས་མེད་ཡེ་ཤེས་གྲགས་པ་བཅུ་བཞི་པ། རྒྱལ་སྲས་བློ་བཟང་ངག་དབང་འཇིགས་མེད་བཅོ་ལྔ་པའོ། །སྟག་ཕུ་སྤྲུལ་པའི་སྐུའི་སྐྱེས་རབས་ཕྲེང་བ་ནི། སྟོན་པའི་སྤྱན་སྔར་བྱང་སེམས་ཆོས་ཀྱི་བློ་གྲོས། བལ་ཡུལ་པཎྜི་ཏ་ནགས་ཀྱི་རིན་ཆེན། བཀའ་གདམས་པ་ཤེས་རབ་རྡོ་རྗེ། གྲུབ་ཐོབ་སེ་ཝན་རས་པ། རྭ་ལོ་ཙཱ་བའི་དངོས་སློབ་ཏྲེ་ཧོར་བློ་བཟང༌། ཆག་ཆོས་རྗེ་དཔལ། ཁྲོ་ཕུ་བ་བསོད་ནམས་སེང་གེ །གཏེར་སྟོན་བཟང་པོ་གྲགས་པ། སྤྱན་སྔ་གྲགས་པ་བྱང་ཆུབ། སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་གྲུབ། རྗེ་བློ་གྲོས་བསྟན་པ། ཤཱཀྱ་མཆོག་ལྡན། སྟག་ཕུ་གུ་ཤྲཱི་ཆོས་རྒྱལ་བསྟན་འཛིན། སྟག་ཕུ་རྗེ་ངག་དབང་ཆོས་གྲགས་བཟང་པོ། སྟག་ཕུ་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན། དེ་ཡི་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་དཔལ་འབྱོར་དང་བཅུ་གསུམ་རྣམས་སོ།།
ཀོང་པོ་དེ་མོ་སྤྲུལ་སྐུ་རིན་པོ་ཆེའི་སྐྱེས་རབས་འཕྲེང་བ་ནི། སློབ་དཔོན་ཤན་ཏི་པའི་སློབ་མ་གྲུབ་ཆེན་ཏོག་ཙེ་བ། བློན་པོ་མགར་མི། འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་དགེ་སློང་འཇམ་དཀར་བ། ཞ་ལུ་བ་ལེགས་པ་རྒྱལ་མཚན། འཕགས་པ་ལྷ་ཡི་རྒྱལ་ཚབ་པ་དཀོན་མཆོག་འབྱུང་གནས། སྤྲུལ་སྐུ་དཔལ་འབྱོར་བཀྲ་ཤིས། ལྷ་དབང་ཕྱོགས་ལས་རྣམ་རྒྱལ། ལྷ་དབང་བསྟན་པའི་རྒྱལ་མཚན། ངག་དབང་དགེ་ལེགས་རྒྱལ་མཚན། འདི་ལ་དེ་མོ་དབང་སྨྱོན་ཡང་ཟེར། དཀོན་མཆོག་འབྱུང་གནས། འདི་ལ་ངག་དབང་ནམ་མཁའ་འཇམ་དབྱངས་ཀྱང་ཟེར། དེ་མོ་རྒྱལ་བ་རིན་པོ་ཆེའི་རྒྱལ་ཚབ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སོགས་སོ།།
གུང་རུ་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་སྐུ་ཕྲེང་ནི། རྗེ་ཙོང་ཁ་པའི་སྙན་བརྒྱུད་གདམས་པའི་བཀའ་བབས་བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་ལྷ་སྐྱབས་ལི་ཡུལ་ཆོས་ཀྱི་རྒྱལ་པོ། མཁས་བཙུན་ཡོན་ཏན་རྒྱལ་པོ། མཁས་གྲུབ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ། རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན། རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོ་རྣམས་སོ།།
ལོ་སེམས་པའི་སྐུ་ཕྲེང་ནི། གནས་བརྟན་ཡན་ལག་འབྱུང༌། ཁ་རག་སྒོམ་ཆུང༌། རྗེ་ཡི་དངོས་སློབ་བྱང་སེམས་བདེ་མོ་ཐང་པ་བློ་གྲོས་རྒྱལ་མཚན། སྤྲུལ་སྐུ་སྨོན་ལམ་བློ་གྲོས། སྤྲུལ་སྐུ་གྲགས་པ་རྒྱལ་མཚན།  ངག་དབང་ཆོས་ཀྱི་རྒྱ་མཚོ། ངག་གི་དབང་ཕྱུག་ངག་དབང་ཕུན་ཚོགས། བློ་བཟང་སྙན་གྲགས། རྗེ་དྲུང་གསང་བདག་སྤྲུལ་སྐུའི་སྐུ་འཕྲེང་ནི། གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང་པོ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་གཉིས་པ། རྗེ་དྲུང་བདེ་འབྱུང་མགོན་པོ་གསུམ་པ། རྗེ་དྲུང་དགེ་འདུན་ཆོས་རྒྱལ་དབང་ཕྱུག་བཞི་པ། རྗེ་དྲུང་བློ་བཟང་འཕྲིན་ལས་ལྔ་པ། རྗེ་དྲུང་འཕྲིན་ལས་ལྷུན་གྲུབ་རྒྱལ་མཚན་དྲུག་པའོ།།
ཁལ་ཁ་རྗེ་བཙུན་དམ་པའི་སྐུ་འཕྲེང་རིམ་པར་བརྒྱུད་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔར་གྱད་སྟོབས་ཆེན་དུ་འཁྲུངས་པ་དང་པོ། ཡང་ཐུབ་པའི་སྤྱན་སྔར་ལྷ་ཡི་རྔ་བོ་ཆེ་ཡི་མདོ་གསུང་ཚེ་བྱང་སེམས་བློ་གྲོས་ཤིན་ཏུ་རྣམ་དག་ཏུ་འཁྲུངས་པ་གཉིས་པ། ཀླུ་སྒྲུབ་སྤྱན་སྔར་འབར་བའི་གཙོ་བོ་སྨྲ་བའི་མཆོག་གསུམ་པ། བརྟུལ་ཞུགས་སྤྱོད་པའི་དབང་པོ་མི་བསྐྱོད་རྡོ་རྗེ་བཞི་པ། དགེ་བ་དཔལ་གྱི་རིགས་སུ་འཁྲུངས་པ་ར་ཏན་ཆེན་པོ་ལྔ་པ། ཇོ་བོ་ཨ་ཏི་ཤས་ནག་པོ་སྤྱོད་པར་ལུང་བསྟན་པ་རོང་ཟམ་ཆོས་བཟང་དྲུག་པ། མཉམ་མེད་དྭགས་པོའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ་དར་མ་དབང་ཕྱུག་སངས་རྒྱས་རས་ཆེན་ཡང་ཟེར། བདུན་པ། དབུ་མ་པ་འོད་ཟེར་དཔལ་བརྒྱད་པ། དྲག་སྔགས་གྲུབ་པ་འབྲུག་སྒྲ་རྒྱན་དགུ་པ། སངས་རྒྱས་རས་ཆེན་བཅུ་པ། སངྒ་བྷ་དྲ་བཅུ་གཅིག་པ། དཔལ་ལྡན་འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་བཅུ་གཉིས་པ། བློན་པོ་ཉིན་བྱེད་བཟང་པོ་བཅུ་གསུམ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་བཅུ་བཞི་པ། རྒྱ་གར་བ་རྒྱལ་བུ་དགའ་བྱེད་ས་སྐྱོང་བཅོ་ལྔ་པ། ཇོ་ནང་ཏ་ར་ནཱ་ཐ་འམ་ཀུན་དགའ་སྙིང་པོ་བཅུ་དྲུག་པ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་བཅུ་བདུན་པ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་སྒྲོན་མེ་བཅོ་བརྒྱད་པ། ཁལ་ཁ་རྗེ་བཙུན་དམ་པ་ལི་ཐང་དུ་འཁྲུངས་པ་བློ་བཟང་བསྟན་པའི་ཉི་མ་བཅུ་དགུ་པའོ། །
གཞན་ཡང་སྤྲུལ་པའི་སྐུ་ཡི་བཀོད་པ་རགས་རིམ་ཞིག་ནི། ཀློང་ཆེན་ཞབས་དང་དྭགས་པོ་བཀྲ་ཤིས་རྣམས། །སྤོ་བ་དར་རྗེ་བྲག་དཀར་སེམས་དཔའ་ཆེ། །འཕགས་ཡུལ་བྲམ་ཟེ་བདེ་བྱེད་བདག་པོ་སོགས། །སྤྲུལ་པས་ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །སློབ་དཔོན་ཆེན་པོ་དཀོན་མཆོག་གསུམ་གྱི་འབངས། །འདི་ཡི་ཡུལ་གྱི་རྒྱལ་པོ་ཨ་བནྟི། །ནག་མོ་སྤྱོད་ཆུང་ཡོངས་རྫོགས་རྣལ་འབྱོར་པ། །ལ་སོགས་དུ་མར་བསྟན་ལ་གསོལ་བ་འདེབས། །ཟ་ནམ་ཟིན་ལྡེ་དབས་ཞེས་མཉྫུ་ཤྲཱི། །ལོ་ཙཱ་སྤོང་ཞོ་གསལ་གྲགས་གསང་སྔགས་འཆང༌། །གོ་རུམ་བློ་ལྡན་ཞང་ཚལ་བརྩོན་གྲགས་སོགས། །བཀོད་པས་འགྲོ་ཕན་མཛད་ལ་གསོལ་བ་འདེབས། །གྲུབ་ཐོབ་ཨོ་གན་གར་སྒོམ་པུ་ཏེའི་ཞབས། །མཁན་པོ་བཟོད་པ་དཔལ་གྲུབ་བོ་དོང་རས། །ཧོར་དཀའ་བཞི་དང་ཁྱད་པར་ཀརྨ་རྗེ། །རྣམས་དང་དབྱིངས་སུ་གཅིག་ལ་གསོལ་བ་འདེབས། །འཕགས་ཡུལ་དབང་སྒྱུར་རྒྱལ་པོ་པ་ལི་བ། །དབུས་གཙང་མི་ཆེན་ཚུལ་བརྩོན་ནག་ཤོད་དུ། །མི་ཕལ་རྣམ་པ་མདོ་ཁམས་བླ་ཚུལ་ཅན། །སྣ་ཚོགས་རོལ་བར་བསྟན་ལ་གསོལ་བ་འདེབས། །སངས་རྒྱས་གཞན་གྱི་ཞིང་དང་འཇིག་རྟེན་ཁམས། །གཞན་དུ་སྤྲུལ་པའི་རོལ་པ་བྱུང་བ་དང༌། །འབྱུང་འགྱུར་དུ་མ་མངོན་སུམ་གཟིགས་པ་ན། །ད་ལྟའང་ཤར་ཕྱོགས་མྱ་ངན་མེད་ཞིང་ན། །དེ་བཞིན་གཤེགས་པ་ཙམ་བྷ་ཀ་ཡི་དྲུང༌། །འཁོར་ལོས་སྒྱུར་རྒྱལ་རི་བོའི་རྩེ་མོ་སོགས། །བཀོད་པ་བརྒྱད་དུ་བསྟན་ལ་གསོལ་བ་འདེབས། །གང་སྐུ་འདི་ཡི་སྤྲུལ་པའི་གཞི་དངོས་ནི། །ནུབ་ཕྱོགས་ཨུ་རྒྱན་ཞིང་ན་དཔའ་བོ་ཆེ། །བིཥྞུ་ར་རཱ་ཛ་ཞེས་བྱ་ལྷ་ལུས་ཅན། །དཔའ་བོ་མཁའ་འགྲོས་བསྐོར་ལ་གསོལ་བ་འདེབས། །སྐུ་འདིས་རྒྱུན་གྱི་སྐྱེ་བ་བོད་ཡུལ་དུ། །སྡེ་དཔོན་སྟོབས་ལྡན་དགེ་བཤེས་འཕྲིན་ལས་ཅན། །གཉིས་དང་མཐའ་འཁོབ་དོན་དུ་བྱིན་རླབས་པའི། །རྣམ་སྤྲུལ་གསུམ་དུ་བསྟན་ལ་གསོལ་བ་འདེབས། །འདི་ཡི་སྡེ་སོགས་སངས་རྒྱས་རྒྱ་མཚོ། དགེ་བཤེས་གདོང་གོང་ཕུན་ཚོགས། མཐའ་འཁོབ་དོན་རྗེ་བཙུན་དམ་པ་གསུམ་ཡིན་ཞེས། ཁ་ཅིག་ཟེར། དེ་འོག་རྒྱ་གར་རྒྱལ་པོ་ཆེན་པོར་འགྱུར། །དམ་ཆོས་དར་བྱེད་དག་པ་སྐུ་གཉིས་ཀྱིས། །བདེ་བ་ཅན་དང་སྨན་བླའི་ཞིང་གཤེགས་ཏེ། །ཚོགས་ཆེན་བསྐྲུན་པར་མཛད་ལ་གསོལ་བ་འདེབས། །དེ་ནས་སྣ་ཚོགས་ཞིང་དུ་སྐྱེ་བ་ཡིས། །དགའ་ཡི་ས་ལམ་མཐའ་དག་ལེགས་བགྲོད་ནས། །འཇིག་རྟེན་ཞིང་ཁམས་ཉི་ཟླ་སྐར་མའི་འོད། །འབུམ་གྱིས་བསྐོར་བ་གཤེགས་པར་གྱུར་ནས་ནི། །དེར་ནི་ནམ་མཁའི་ཐིག་ལེ་ཞེས་བྱ་བར། །མངོན་པར་འཚང་རྒྱའི་ཚུལ་སྟོན་འབྲེལ་ཅན་ཀུན། །དངོས་སུ་ཐར་པར་འགོད་པ་ལུང་བསྟན་བརྙེས། །ཞེས་གསུངས་སོ། །འཇམ་དབྱངས་བཞད་པའི་རྡོ་རྗེའི་སྐུ་འཕྲེང་རིམ་པར་བརྒྱུད་པ་ནི། ཤཱཀྱ་ཐུབ་པའི་སྤྱན་སྔར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་པོ། མཁས་མཆོག་སངས་རྒྱས་བསྐྱངས་གཉིས་པ། དཔལ་ལྡན་ཟླ་བ་གྲགས་པ་གསུམ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོ་བཞི་པ། གྲུབ་ཆེན་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་ལྔ་པ། པོ་ཏོ་བ་རིན་ཆེན་གསལ་དྲུག་པ། དབུ་མ་པ་དཔའ་བོ་རྡོ་རྗེ་བདུན་པ། རྗེ་ལེགས་པ་རྒྱལ་མཚན་བརྒྱད་པ། རྒྱུད་ཆེན་བརྩོན་འགྲུས་འཕགས་དགུ་པ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ་བཅུ་པ། འཇམ་དབྱངས་བཞད་པའི་རྡོ་རྗེའམ་ངག་དབང་བརྩོན་འགྲུས་བཅུ་གཅིག་པ། དཀོན་མཆོག་འཇིགས་མེད་དབང་པོ་བཅུ་གཉིས་པའོ། །
ལྕང་སྐྱ་རོལ་པའི་རྡོ་རྗེའི་སྐུ་འཕྲེང་རིམ་པར་བརྒྱུད་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་དང་པོ། ཤཱཀྱ་ཐུབ་པའི་སྤྱན་སྔར་དགྲ་བཅོམ་པ་ཙུནྡ་གཉིས་པ། ཀླུ་སྒྲུབ་སྤྱན་སྔར་ཤཱཀྱ་བཤེས་གཉེན་གསུམ་པ། གཤིན་རྗེ་གཤེད་གྲུབ་པ་དརྦན་ཨ་བཞི་པ། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ལྔ་པ། གསང་སྔགས་རྙིང་མའི་གྲུབ་ཆེན་སྒྲོ་ཕུག་པ་དྲུག་པ། སྤྱན་རས་གཟིགས་དབང་སི་སི་རི་པ་བདུན་པ། བཀའ་གདམས་པ་གླ་རི་ཐང་པ་རྡོ་རྗེ་སེང་གེ་བརྒྱད་པ། ས་སྐྱ་པ་བློ་གྲོས་རྒྱལ་མཚན་དགུ་པ། ས་སྐྱ་བ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བཅུ་པ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་བཅུ་གཅིག་པ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་བཅུ་གཉིས་པ། འཁོན་སྟོན་དཔལ་འབྱོར་བཅུ་གསུམ་པ། མཁས་གྲུབ་གྲགས་པ་འོད་ཟེར་བཅུ་བཞི་པ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོ་བཅོ་ལྔ་པ། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེའམ་མཚན་གཞན་ལྕང་སྐྱ་རོལ་པའི་རྡོ་རྗེ་བཅུ་དྲུག་པའོ། །
ཟི་ལིང་སྟོང་འཁོར་སྤྲུལ་སྐུ་ནི། སངས་རྒྱས་སྤྱན་སྔར་ཉན་ཐོས་འདུལ་བའི་ཏོག་དགའ་ལྡན་དུ་ལྷ་ཡི་བུ་ཞི་བའི་ཏོག་རྗེ་ཙོང་ཁ་པའི་དངོས་སློབ་འདུལ་འཛིན་པ། མཐའ་འཁོབ་འདུལ་བ་རྒྱལ་མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། སྟོང་འཁོར་འཇམ་དབྱངས་རྒྱ་མཚོ། སྟོང་འཁོར་འཇམ་དབྱངས་ལྷུན་གྲུབ། སྟོང་འཁོར་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན། སྟོང་འཁོར་ངག་དབང་བསོད་ནམས་རྒྱ་མཚོ། ཡང་དེ་ཡི་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། མདོ་སྟོད་མདོ་ཁམས་སྒང་གི་དབུས་དག་ཏུ། །འཇམ་དཔལ་སྙིང་པོའི་བསྟན་པའི་ས་ཆེན་པོ། །འདེགས་འདོད་ལྷག་བསམ་མི་དམན་ཁུར་དུ་བཞེས། །སྤྲུལ་སྐུ་ཆེ་ཆུང་སྐུ་འཕྲེང་འདི་ན་སྤེལ། །མདོ་ཁམས་སྒང་དྲུག་གི་བཞི་པ་སྨར་ཁམས་སྒང་ཉག་རེར་བྱོན་པ་དཀའ་བཅུ་གྲགས་པ་རྒྱ་མཚོའི་སྐུ་འཕྲེང་ནི། སྟོན་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དགེ་སློང་འཆར་ཀ། ཀླུ་སྒྲུབ་སྤྱན་སྔར་སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་ཆེན་ཏཻ་ལོ་པ། ཐོན་མི་སམ་བྷོ་ཊ། གྲུབ་ཆེན་འོ་བྲན་དབང་ཕྱུག་གྲུབ་ཆེན་མི་ཏྲ་ཛོ་ཀི། གྲུབ་ཆེན་ཤྲཱི་པུ་ཏྲ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ལྕེ་སྒོམ་པ་ཤེས་རབ་རྡོ་རྗེ། ཕྱྭ་པ་ཆོས་ཀྱི་སེང་གེ །ངོམ་པ་བྱ་བྲལ། དྲུང་ཤིང་སྒོ་བ། ལམ་འབྲས་པ་དཔལ་ལྡན་ཚུལ་ཁྲིམས། ཆབ་མདོའི་བྱང་སེམས་ཤེས་རབ་བཟང་པོ། སྨར་ཁམས་གྲགས་པ་བཟང་པོ། རྫི་ཏི་བློ་གྲོས་འོད་ཟེར། ཆ་དཀར་ཆོས་རྗེ་རྒྱལ་སྲས་ཤེས་རབ་འཕེལ། རྗེ་མི་གཡོ་སྙིང་པོ། །གདན་རབས་ནི། དེ་ནས་བྲག་ཡབ་གྲགས་པ་རྒྱ་མཚོ། ཆུ་སྤྲེལ་ནས་ས་སྟག་བར་རེ་བདུན་བཞུགས། དེ་ནས་སྤྲུལ་སྐུ་ཆུང་ངུ་ཞིག་ལོ་གསུམ་ལས་མ་བཞུགས། དེ་ནས་ངག་དབང་བསོད་ནམས་ལྷུན་གྲུབ་མེ་ཕག་ནས་ཆུ་ཁྱི་བར་སོ་དྲུག་བཞུགས། དེ་ནས་ངག་དབང་ཚུལ་ཁྲིམས་ལྷུབ་གྲུབ་ཆུ་ཕག་ནས་ཆུ་སྤྲེལ་བར་ལོ་བཅུ་བཞུགས། དེ་ནས་རྗེ་བློ་བཟང་རྣམ་རྒྱལ་ཆུ་བྱ་ནས་ལྕགས་རྟ་བར་ང་བརྒྱད་བཞུགས། མེ་བྱི་ལ་སྤྲུལ་སྐུ་དཔལ་ལྡན་བསྟན་པ་རྒྱལ་མཚན་འཁྲུངས། སྤྲུལ་སྐུ་ཆུང་ཚང་དུ་གྲགས་པའི་སྐྱེས་རབས་རྣམ་ཐར་ནི། རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། ཇོ་བོ་ཨ་ཏི་ཤ་ཡི་སྤྱན་སྔར་ལེགས་པའི་ཤེས་རབ། རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ་འཇམ་དབྱངས་མཆོག་ལ་འོད་ཟེར། དཀའ་བཅུ་གྲགས་པ་རྒྱ་མཚོའི་སྤྱན་སྔར་བླ་མ་སངས་རྒྱས་བཀྲ་ཤིས། དེ་ས་ཁྱི་ནས་ལྕགས་ཡོས་བར་རེ་བཞི་བཞུགས། དེ་ནས་གྲགས་པ་ཆོས་འཛིན་མེ་བྱ་ནས་ཆུ་ཁྱི་བར་ཉེར་དྲུག་བཞུགས། ཆུ་ཁྱི་འདི་རྒྱལ་བ་ལྔ་པ་ཞིང་ལ་ཕེབས་པ་དང༌། རྗེ་བྱམས་པའི་མཚན་ཅན་འཁྲུངས་པའི་ལོ་དེ་ཡིན། དེ་ནས་རྗེ་བློ་བཟང་བསྟན་པ་ཆུ་ཕག་ནས་ས་ལུག་གི་བར་ང་བདུན་བཞུགས། རྗེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ལྕགས་བྱ་ལ་འཁྲུངས་དགུང་ལོ་སོ་བཞི་བཞུགས། དེའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ། མདོ་ཁམས་དཔལ་མོ་བ་ཡི་ཐིག་ལེ་མཆོག །ཆུ་གཉིས་དཔལ་འབབ་དབུས་སུ་བརྗིད་ཅིང་མཛེས། །གདན་རབས་རིམ་བྱོན་རྒྱལ་བ་འཕགས་པའི་སྐུ། །མུ་ཏིག་དར་ལ་བརྒྱུས་འདྲ་འདི་ན་སྤེལ། །
མདོ་ཁམས་ཆབ་མདོ་འཕགས་པ་ལྷའི་སྐུ་འཕྲེང་ནི། འཕགས་པ་སྤྱན་རས་གཟིགས། སྲས་སྒྲ་གཅན་འཛིན། རྒྱལ་བ་བྱམས་པའི་སྤྱན་སྔར་སེམས་དཔའ་བཟང་སྐྱོང་བ། སློབ་དཔོན་ཨརྱ་དེ་བ། རྒྱལ་པོ་ཨིན་དྲ་བོ་དྷི། རྒྱལ་པོ་སྲོང་བཙན་སྒམ་པོ། ལོ་ཙཱ་བ་ཀ་བ་དཔལ་བརྩེགས། ཁ་ཆེ་པཎ་ཆེན། ཕག་གྲུ་རྡོ་རྗེ་རྒྱལ་པོ།  གྲུབ་ཆེན་མི་ཏྲ་ཛོ་ཀི། ལྷ་ཡི་བུ་རབ་སྣང་རྒྱལ་པོ། སྤྲེའུ་བྱང་ཆུབ་སེམས་དཔའ། ཀུ་ཅོར་རྟོགས་ལྡན་གྱི་སྲས་འཕགས་པ་ལྷ། འཕགས་པ་སངས་རྒྱས། ཞལ་སྔ་མཐོང་བ་དོན་ལྡན། འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོ། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། འཕགས་པ་ལྷ་འཇིགས་མེད་བསྟན་པའི་མགོན་པོ། འཕགས་པ་ལྷ་འཇིགས་མེད་ཡེ་ཤེས་དཔལ་ལྡན་བསྟན་པའི་མགོན་པོའོ།།
འཕགས་པ་ལྷའི་སློབ་མ་ཞི་བ་བཟང་པོའི་སྐུ་འཕྲེང་ནི། སློབ་དཔོན་ཤཱན་དེ་བ་དང་པོ། རྗེ་བཙུན་དཔལ་ལྡན་མཆོག་གྲུབ་གཉིས་པ། དབོན་དྲུང་སངས་རྒྱས་འབྱུང་གནས་གསུམ་པ། སློབ་དཔོན་ཞི་བ་བཟང་པོ་བཞི་པ། འཕགས་པ་དགེ་ལེགས་རྒྱལ་མཚན་ལྔ་པའོ། །འདི་ཆབ་མདོའི་གདན་རབས་ཉེར་གཉིས་པའོ། །འཕགས་པ་ལྷའི་སློབ་མ་ལྕགས་ར་སྤྲུལ་པའི་སྐུའི་སྐྱེས་རབས་ནི། དང་པོ་གྲུབ་ཐོབ་ངག་དབང་དཔལ་མཆོག །གཉིས་པ་འཕགས་པ་ལྷ་ཡི་དུས་ན་སངས་རྒྱས་དཔལ་འབྱོར། གསུམ་པ་འཕགས་པ་སངས་རྒྱས་དུས་ན་ངག་དབང་རྡོ་རྗེ་འཛིན་པ། བཞི་པ་འཕགས་པ་ལྷ་མཐོང་བ་དོན་ལྡན་དུས་ན་ངག་དབང་དཔལ་འབྱོར་བཟང་པོ། ལྔ་པ་འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོའི་དུས་ན་ངག་དབང་འཕྲིན་ལས་བཟང་པོ། དྲུག་པ་འཕགས་ལྷ་རྒྱལ་བ་རྒྱ་མཚོའི་དུས་ན་ངག་དབང་བསྟན་འཛིན་ལྷུན་གྲུབ། བདུན་པ་འཕགས་པ་ལྷ་འཇིགས་མེད་ཡེ་ཤེས་བསྟན་པའི་མགོན་པོའི་དུས་ན། ངག་དབང་འཕྲིན་ལས་དཔལ་བཟང་པོའོ། །
ཆབ་མདོ་འཕགས་པ་ལྷ་ཡི་དངོས་སློབ་རྒྱ་ར་བའི་སྐུ་འཕྲེང་ནི། ཁྱུང་པོ་ལྷ་ཤོད་དུ་འཁྲུངས་པ་གྲུབ་ཐོབ་ཤེས་རབ་ཕུན་ཚོགས། འདི་ཡིས་དགུང་ལོ་ང་བདུན་ལ་གྲུ་གུ་ཐང་གི་དགོན་པ་ཕྱག་བཏབ། གཉིས་པ་ཀོང་ཡུལ་དུ་འཁྲུངས་པ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་སམ་རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱང་ཟེར། གསུམ་པ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་སྐུ་མཆེད་དུ་འཁྲུངས་པ་བློ་བཟང་ཕུན་ཚོགས་རྣམ་རྒྱལ། བཞི་པ་བྲག་ཡབ་གླང་ལུང་གནས་ཁྲ་མོར་འཁྲུངས་པ་དཔལ་ལྡན་བསྟན་པ། ལྔ་པ་གནས་ཏ་ལའི་ཉེ་སྐོར་དུ་འཁྲུངས་པ་དགེ་ལེགས་བསྟན་པའི་རྒྱལ་མཚན་ནོ། །
དཔལ་ལྡན་ཆབ་མདོའི་གདན་རབས་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དངོས་སློབ་བྱང་སེམས་ཤེས་རབ་བཟང་པོ་ནི། ཁམས་ནང་ཆེན་སྤོར་གཤིག་ལ། ཡབ་དཔེ་དགེ་སྟོང་དཔོན་རི་ལུ་དང༌། ཡུམ་ཨ་སྐྱིད་མ་གཉིས་ཀྱི་སྲས་སུ་ཤིང་མོ་ཕག་ལ་འཁྲུངས། དགུང་ལོ་དྲུག་ཅུ་རྩ་གསུམ་བཞུགས། གྲུབ་ཆེན་ཏཻ་ལོ་པའི་སྐྱེ་བར་གྲགས། མ་འོངས་པར་བདེ་གཤེགས་གླང་པོའི་བརྩོན་འགྲུས་སུ་འཚང་རྒྱ་བ་ཡིན་ཟེར། གདན་རབས་གཉིས་པ་ཞང་ཞུང་ཆོས་དབང་གྲགས་པ་ནི། མངའ་རིས་སུ་འཁྲུངས། དགུང་ལོ་རེ་དྲུག་བཞུགས། གདན་རབས་གསུམ་པ་མཚུར་སྟོན་ནམ་མཁའ་དཔལ་ནི་ལྷ་ས་ཕྱོགས་དབུས་སྟོད་ལ་འཁྲུངས། གདན་རབས་བཞི་པ་རྗེ་དྲུང་ཤེས་རབ་དཔལ་བརྩེགས་ནི། བྱང་སེམས་ཤེས་རབ་བཟང་པོའི་སྲིང་མོའི་བུར་འཁྲུངས། དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞུགས། གདན་རབས་ལྔ་པ་རྗེ་དྲུང་ཀུན་དགའ་དཔལ་ནི་དཔའ་ཤོད་དུ་འཁྲུངས། དགུང་ལོ་རེ་བཞི་བཞུགས། གདན་རབས་དྲུག་པ་རྗེ་དྲུང་ཀུན་དགའ་དཔལ་ནི། གཙང་ཉང་སྟོད་དུ་འཁྲུངས། དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞུགས། གདན་རབས་བདུན་པ་རྗེ་དྲུང་ཀུན་དགའ་བློ་གྲོས་ནི། ཚ་བའི་ཡུལ་དུ་བོན་རྒྱུད་ཞིག་ལ་འཁྲུངས། དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞུགས། འཇམ་དབྱངས་ཞལ་གཟིགས་པ་ཡིན་ཟེར། གདན་རབས་བརྒྱད་པ་རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ནི། གཙང་ཉང་སྟོད་འབྲོང་རྩེར་སྐུ་འཁྲུངས། དགུང་ལོ་བདུན་ཅུ་དོན་གཉིས་བཞུགས། ཕག་སྡེ་ལོ་ཙཱ་བའི་སྐྱེ་བ་ཡིན་ཟེར། རྗེས་གནང་བྱིན་རླབས་རྣམ་གྲངས་སུམ་བརྒྱ་ཙམ་གྱི་ལུང་མན་ངག དང༌། མི་ཏྲ་བརྒྱ་རྩའི་དབང་ཆོག་སོགས་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོར་ཡང་བཀའ་ཆོས་འགའ་རེ་ཕུལ། གདན་རབས་དགུ་པ་རྗེ་དྲུང་མི་གཡོ་བ་ནི། མེ་མོ་སྦྲུལ་ལ་ཚ་བ་ལྷ་ལྡེམ་གོ་ཤི་འ་འུ་དགོན་དུ་འཁྲུངས། དགུང་ལོ་རེ་བརྒྱད་བཞུགས། དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་དངོས་སློབ་དང༌། སྒོམ་བདེ་ནམ་མཁའ་རྒྱལ་མཚན་ཆུང་ངུའི་དུས་ཀྱི་བླ་མ་མཛད་མཁན་དེའོ། །གདན་རབས་བཅུ་པ་རྗེ་དྲུང་ཤེས་རབ་དབང་པོ་ནི། ཁྱུང་པོ་དེ་ལ་མགོ་དགོན་གྱི་ཉེ་སྐོར་ཞིག་ལ། ལྷ་བཟོ་ཨ་འགུར་གྱི་སྲས་སུ་ལྕགས་སྤྲེལ་ལ་འཁྲུངས། དགུང་ལོ་བརྒྱད་ཅུ་གྱ་བདུན་བཞུགས། གདན་རབས་བཅུ་གཅིག་པ་རྗེ་དྲུང་འཇམ་དབྱངས་བཤེས་གཉེན་ནི། རྫ་སྟོད་སྤྱི་འདུ་གྲོང་མོ་ཆེར་འཁྲུངས། དགུང་ལོ་རེ་བརྒྱད་བཞུགས། གདན་རབས་བཅུ་གཉིས་པ་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ནི་གུང་རུ་དམག་སྒར་བ་སྡེ་པ་འབྲིང་ཚང་གི་སྲས་སུ་མེ་བྱ་ལ་འཁྲུངས། དགུང་ལོ་དྲུག་ཅུ་རེ་བདུན་བཞུགས། འདི་གཞོན་ནུ་དཔའ་ཤོད་ཀྱི་རྗེ་དྲུང་སྐུ་འཕྲེང་དང་གཅིག་ཡིན། གདན་རབས་བཅུ་གསུམ་པ་ལ་རྒྱལ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་བགྲང་བའི་སྲོལ་འདུག་དེ་ནི་དགུང་ལོ་ཞེ་དྲུག་བཞུགས།  རྒྱལ་བ་འཕགས་པ་ལྷ། འཕགས་པ་སངས་རྒྱས་གཉིས་གྱིས་གདན་ས་མ་མཛད་པས་གདན་རབས་ལ་བགྲང་སྲོལ་མེད་ཀྱང་སྐྱེ་བ་རིམ་བརྒྱུད་ཀྱི་དབང་དུ་བྱས་ན་འཕགས་པ་ལྷ་ནི། ཀོང་པོར་རྒྱལ་བ་ཙོང་ཁ་པའི་དངོས་སློབ་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་དང༌། ཡུམ་སངས་རྒྱས་མཚོ་མོ་གཉིས་ཀྱི་སྲས་སུ་ས་ལུག་ལ་འཁྲུངས། དགུང་ལོ་ཞེ་དགུ་བཞུགས། འཕགས་པ་སངས་རྒྱས་ནི། ཀོང་པོར་ཡབ་སངས་རྒྱས་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཅུ་རེ་དགུ་བཞུགས། གདན་རབས་བཅུ་བཞི་པ་འཕགས་པ་ལྷ་གསུམ་པ་མཐོང་བ་དོན་ལྡན་ནི། ཀོང་པོ་ལོང་པོ་སྟོད་དུ་ཡབ་ཨོ་རྒྱན་དང༌། ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སུམ་ཅུ་སོ་བརྒྱད་བཞུགས། གདན་རབས་བཅོ་ལྔ་པ་དབོན་དྲུང་སངས་རྒྱས་འབྱུང་གནས་ནི། ཀོང་པོར་བླ་མ་སྔགས་འཆང་སངས་རྒྱས་དོན་གྲུབ་ཀྱི་སྲས་སུ་འཁྲུངས། དགུང་ལོ་དོན་བརྒྱད་བཞུགས། གདན་རབས་བཅུ་དྲུག་པ་འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོ་ནི། ཀོང་པོ་ལོང་པོ་སྟོད་ལ་ཡབ་ཚེ་ཐར་དོན་གྲུབ། ཡུམ་རྒྱལ་མོ་ཞེས་བྱ་བའི་སྲས་སུ་འཁྲུངས། དགུང་ལོ་སུམ་ཅུ་སོ་དགུ་བཞུགས། གདན་རབས་བཅུ་བདུན་པ་ངག་དབང་འཕྲིན་ལས་བཟང་པོ་ནི། འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོའི་སྐུ་མཆེད་འབྲིང་པོ་ཡིན། དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། སྐུ་མཆེད་ཆུང་བ་དཔལ་འབར་སྤྲུལ་སྐུ་ཡིན། གདན་རབས་བཅོ་བརྒྱད་པ་དཔོན་སློབ་འཕགས་པ་ཆོས་ཀྱི་རྒྱལ་མཚན་ནམ། མཚན་གཞན་དབོན་ཞི་བ་བཟང་པོ་ནི། ཀོང་པོ་དགོན་ཕུགས་སུ་ཡབ་ནམ་མཁའ་བཀྲ་ཤིས། ཡུམ་མ་གཅིག་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། གདན་རབས་བཅུ་དགུ་པ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་ནི། རྫ་རྒྱུད་སྡུ་ཞེས་པར། ཡབ་རག་ཤི་སྒོམ་པ་གཅོད་ཆུང་དང༌། ཡུམ་གུ་རུ་མཚོ་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེལ་ལ་འཁྲུངས། གྲུ་རྒྱ་ར་སྤྲུལ་སྐུ་དེ་ཡི་སྐུ་མཆེད་ཡིན། གདན་རབས་ཉི་ཤུ་པ་ངག་དབང་བསྟན་འཛིན་ལྷུན་གྲུབ་ནི། ཀོང་པོ་ཉང་པོ་ལ་ཡབ་འཕགས་པ་ལྷ་མཐོང་བ་དོན་ལྡན་གྱི་སྐུ་རུས་བསམ་གྲུབ་དང༌། ཡུམ་འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོའི་སྐུ་ཆེ་མ་བཀྲ་ཤིས་བུ་ཁྲིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་བཅུ་ང་བདུན་བཞུགས། གདན་རབས་ཉེར་གཅིག་པ་འཕགས་པ་ལྷ་བསྟན་པའི་མགོན་པོ་ནི། པདྨའི་སྒྲུབ་གནས་གོ་བོ་ཁྱུང་ཕུག་གི་ཉེ་འདབས་སྤུ་ཐོག་ཏུ། ཡབ་རྡོ་རྗེ་ཚེ་དབང་ནོར་བུ་དང༌། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་ཤིང་ལུག་རྒྱལ་ཟླ་བའི་ཉེར་བདུན་ལ་འཁྲུངས། དགུང་ལོ་བཞི་བཅུ་བཞུགས། གདན་རབས་ཉེར་གཉིས་པ་དཔོན་སློབ་ཞི་བ་བཟང་པོ་སྐུ་འཕྲེང་ལྔ་པ་འཕགས་པ་དགེ་ལེགས་རྒྱལ་མཚན་ནི། བྲག་ཡབ་གའུ་ཤོད་མདོ་ཞེས་པར་ཡབ་རང་བཞིན་གྱིས་དྲང་ཞིང་དགེ་ཕྱོགས་ལ་བརྩོན་པ་ཨོ་རྒྱན་བཀྲ་ཤིས་དང༌། ཡུམ་འཇིག་རྟེན་ཀུན་ལ་མཁས་པ་ཤུག་ཐང་དཔོན་མོ་གཉིས་ཀྱི་སྲས་སུ་ལྕགས་བྱི་ལོར་འཁྲུངས། གདན་རབས་ཉེར་གསུམ་པ་འཕགས་པ་ལྷ་ཡེ་ཤེས་འཇིགས་མེད་དཔལ་ལྡན་བསྟན་པའི་མགོན་པོ་ནི། མདོ་ཁམས་སྨད་ཀྱི་སྤོང་བུར་སྒང་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཞོལ། ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོ་འཁྲུངས་པའི་གཟིམས་ཁང་དེར། ཡབ་བོད་མིའུ་གདུང་དྲུག་གི་ནང་ཚན། ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་རིགས་དཔའ་ཤུལ་མི་དཔོན་རྒྱུན་མ་ཆད་པ་ལ་ཨ་བསྟན་མགོན་པོ་དང༌། ཡུམ་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་མ་ཡི་སྤུན་གྱི་བུ་སྡེ་པ་ཨ་འབུམ་གྱི་སྲས་མོ་སྒྲོལ་མ་འཕེལ་གཉིས་ཀྱི་སྲས་སུ་ཤིང་ཕག་ལ་འཁྲུངས། གྲུབ་དབང་མར་པ་མི་ལ་བཞད་རྡོར་གྱི། །སྒྲུབ་བརྒྱུད་བསྟན་འཛིན་བཀའ་རྒྱུད་ཡ་བཞི་ཡི། །གྲགས་ཤིང་གྲུབ་པའི་གྲུབ་ཐོབ་རིམ་བྱོན་ལ། །དད་གུས་བྱ་ཕྱིར་མཚན་ཙམ་འདི་ན་སྤེལ། །འབྲི་གུང་འབྲུག་པ་མཚུར་ཕུ་སྟག་ལུང་བཞི། བཀའ་བརྒྱུད་ཡ་བཞི་ཟེར་ཞིང་དེ་ཇི་ལྟར་བྱུང་ཚུལ་ནི། འབྲི་གུང་པ་ནི་རྡོ་རྗེ་འཆང༌། དེ་ཡི་སློབ་མ་ཏཻ་ལོ་པ། དེ་ཡི་སློབ་མ་ནཱ་རོ་པ། དེ་ཡི་སློབ་མ་ལྷོ་བྲག་མར་པ། དེ་ཡི་སློབ་མ་མི་ལ་བཞད་པའི་རྡོ་རྗེ། དེ་ཡི་སློབ་མ་དྭགས་པོ་ཟླ་འོད་གཞོན་ནུ། དེ་ཡི་སློབ་མ་ཕག་མོ་གྲུ་པ། དེ་ཡི་སློབ་མ་འབྲི་གུང་འཇིག་རྟེན་གསུམ་མགོན་སྐྱུ་ར་རིན་པོ་ཆེ། དེ་ཡི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ། འགར་དམ་པ། དཔལ་ཆེན་ཆོས་ཡེ་སྟེ། གཉོས་འགར་ཆོས་གསུམ་དུ་གྲགས་པ་འབྱུང༌། འབྲུག་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། དེ་ཡི་སློབ་མ་གླིང་རས་པ། པདྨ་རྡོ་རྗེ་འདི་གསང་ཕུའི་རྒྱབ་ཀྱི་ཕྱོགས་ལ་སྣང་ཕུ་ཞེས་པ་དེར་བཞུགས་པས་བཞུགས་གནས་ཀྱི་མིང་གིས་རྗེ་སྣང་ཕུ་བ་ཡང་ཟེར། དེ་ཡི་སློབ་མ་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་འདིས་འབྲུག་དང་ར་ལུང་གཉིས་བཏབ། དེ་ཡི་སློབ་མ་རྒྱལ་བ་ལོ་རས་པ་དང༌། རྒྱལ་བ་རྒོད་ཚང་བ་གཉིས་བྱུང༌། ལོ་རས་པ་ལས་སྨད་འབྲུག །རྒོད་ཚང་པ་ལས་སྟོད་འབྲུག་རྣམས་འབྱུང་བ་ཡིན། སྟག་ལུང་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། དེ་ཡི་སློབ་མ་སྟག་ལུང་ཐང་པ་རིན་ཆེན་བཀྲ་ཤིས་དཔལ། དེ་ཡིས་བྱང་སྟག་ལུང་བཏབ། དེ་ཡི་སློབ་མ་སྟག་ལུང་སྐུ་ཡལ་བ་རིན་ཆེན་མགོན་པོ་དེ་ཡིས་སྟག་ལུང་ལྷ་ཁང་བཞེངས། དེ་ཡི་སློབ་མ་སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ། དེ་ཡིས་ཐུབ་སྐུ་ཆེན་པོ་དང༌། སེ་ལེ་རྒོད་ཚང་བཏབ། དེ་ཡི་སློབ་མ་སངས་རྒྱས་དབོན། དེ་ཡིས་དགུང་ལོ་ཉེར་དྲུག་སྐབས་སུ་ཁམས་རི་བོ་ཆེའི་དགོན་པ་བཏབ། དེ་དག་ནི་བཀའ་བརྒྱུད་ཡ་བཞིའི་བླ་མ་བརྒྱུད་པ་བྱུང་ཚུལ་ཡིན་ལ། དེ་དག་གི་རྣམ་ཐར་བསྡུས་པ་ཙམ་ཞིག་ནི་འདི་ལྟར་རོ། །གྲུབ་དབང་མར་པ་ནི། འཁྲུངས་ཡུལ་ལྷོ་བྲག་སྟོད་སྤོ་སེར་དཀོན་མཆོག་སྟོང་བཀྲ་ཤིས་ལིང༌། ཡབ་མར་པ་དབང་ཕྱུག་འོད་ཟེར། ཡུམ་རྒྱལ་མོ་བློ་གྲོས་འོད་ཟེར་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལོ་ཞེ་གཉིས་བར་དུ་རྒྱ་གར་ཕྱོགས་སུ་མཁས་པར་སྦྱངས་ནས་གྲུབ་པ་བརྙེས་པ་ན་ཁྱིམ་སོ་བཟུང་སྟེ་བདག་མེད་མ་ལ་སོགས་ཆུང་མར་བླངས་ཏེ། དགུང་ལོ་བརྒྱད་ཅུ་གྱ་དྲུག འགའ་ཞིག་གིས་རྩ་བརྒྱད་བར་དུ་བཞུགས་ཟེར། སློབ་མ་མེས་དབོན་མཚུར་མི་ལ་སོགས་ཀ་བ་བཞིར་གྲགས་པ་བྱོན། མི་ལ་བཞད་པའི་རྡོ་རྗེ་ནི། འཁྲུངས་ཡུལ་གཙང་གུང་ཐང་ཙ་ཡི་རོན་དུ། ཡབ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གྱ་གཉིས་བཞུགས། སློབ་མ་རས་ཆེན་བརྒྱད། དྭགས་པོ་སོགས་བྱོན། དྭགས་པོ་ལྷ་རྗེ་ནི། འཁྲུངས་ཡུལ་དྭགས་པོ་ཉལ་སྙི། ཡབ་སྙི་བ་རྒྱལ་པོ། ཡུམ་ཤོ་མ་བཟའ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་ཅུ་དོན་ལྔར་བཞུགས། དེ་ཡི་སློབ་མ་ཕག་མོ་གྲུ་པ།  ཀརྨ་པ་དུས་གསུམ་མཁྱེན་པ་དབུ་སེ་བ། དྭགས་པོ་སྒོམ་ཚུལ། ལྷོ་པ་ཡག་པ་བྱང་ཆུབ་དངོས་གྲུབ། སྐྱེས་བུ་ཡེ་ཤེས་རྡོ་རྗེ། འདི་ཙ་རིང་དུང་མཚོ་རས་པའི་སྐུ་གོང་མ་ཡིན། འོལ་ཁ་བ་སྒྲོལ་སྒོམ་ཆོས་གཡུང་སོགས་བུ་སློབ་མང༌། ཕག་མོ་གྲུ་པ་ནི། འཁྲུངས་ཡུལ་ཁམས་གུང་རུ་དཔལ་འབར་དང་ལྕགས་ར་གཉིས་ཀྱི་བར། སྣེ་ཤོད་སྟག་ངོས་སག་ཁང་བྱ་བར། ཡབ་དཔལ་ཝན་ཨ་དར་དང༌། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལྕགས་ཕོ་སྟག་ནས་ལྕགས་ཕོ་སྟག་གི་བར་དུ་དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། དེ་ཡི་སློབ་མ་མོས་གུས་མཐར་ཐུག་སྟག་ལུང་ཐང་པ། རྟོགས་པའི་མཐར་ཐུག་གླིང་རྗེ་རས་པ། ཤེས་རབ་མཐར་ཐུག་སྤར་ཕུ་བ། བསྟན་འཛིན་མཐར་ཐུག་འབྲི་གུང་འཇིག་རྟེན་གསུམ་མགོན་སོགས་སློབ་མ་མང༌། གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོག་ལྔ་བརྒྱ་ཞེས་མང་དུ་བྱོན།
འབྲི་གུང་སྐྱུ་རའམ་འཇིག་རྟེན་གསུམ་མགོན་ནི། འཁྲུངས་ཡུལ་འདན་སྟོད་གཙང་རུ་ཞེས་བྱ་བར། ཡབ་འབྲུག་རྒྱལ་སྐྱུ་རུ། ཡུམ་བཙུན་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་ཅུ་དོན་ལྔ་བཞུགས། དེ་ཡི་སློབ་མ་གཉོས་འགར་ཆོས་གསུམ་སོགས་བྱོན། སློབ་མ་ལྔ་ཁྲི་ལྔ་སྟོང་འདུས། སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་ནི། འཁྲུངས་ཡུལ་ཁམས་གཡང་ཤོད་པོང་ར་སྟེང་དུ། ཡབ་བོན་བློན། ཡུམ་བྲབ་ཤི་བཟའ་དགེ་གསུམ་ཁྲོ་མོའི་སྲས་སུ་སྐུ་བལྟམས། དགུང་ལོ་དྲུག་ཅུ་རྩ་དགུ་བཞུགས། དེ་ཡི་སློབ་མ་སྐུ་ཡལ་སངས་རྒྱས་ཡར་བྱོན་རྣམས་ཡིན།  ཡང་ཕག་གྲུ་ལ་ཡང་ཆོས་ཞུས་པ། བླ་མ་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པ་ནི། འཁྲུངས་ཡུལ་ལྷ་ས་ཚ་བ་གྲུར། ཡབ་སྔགས་འཆང་རྡོ་རྗེ་སེམས་དཔའ། ཡུམ་དགེ་བསྙེན་མ་བཙུན་མ་མང་སྐྱིད་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་ཅུ་རྩ་གཅིག་བཞུགས། གླིང་རས་པ་ནི། འཁྲུངས་ཡུལ་གཙང་ཉང་སྟོད་གླང་པོ་སྣ་ཡི་གླིང་སྨད་ན། ཡབ་རྒྱལ་པོ་སྐྱབས། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་སྐུ་བལྟམས། མཚན་པད་མ་རྡོ་རྗེར་བཏགས། དགུང་ལོ་དྲུག་ཅུ་རྩ་གཅིག་བཞུགས། གཙང་པ་རྒྱ་རས་པ་ནི། འཁྲུངས་ཡུལ་མྱང་སྟོད་ཁུ་ལེའི་ཆ་ཧའོ་གངས་ཀྱི་མགུལ། ཡབ་རྒྱ་ཟུར་པོ་ཚབ་སེ་དང༌། ཡུམ་མང་བཟའ་དར་སྐྱིད་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ལྔ་བཅུ་རྩ་གཅིག་བཞུགས། འདི་སྙེ་ཐང་ཀློང་རྡོལ་ན་ཐོག་ཅིག་བཞུགས། དེ་སྐབས་སུ་བསྐལ་བཟང་སངས་རྒྱས་མོས་པ་ཡིན་པ་ལུང་བསྟན་བྱུང་ཟེར། ཀརྨ་ཀཾ་ཚང་ངམ་སྟོད་ལུང་མཚུར་ཕུ་ན་བཞུགས་པ།
ཀརྨ་པ་ཞྭ་དམར་ནག་གཉིས་ཞེས་པའི་ཞྭ་ནག་པའི་སྐུ་འཕྲེང་ནི། དྲུག་པ་པོ་ཏོ་བ། བདུན་པ་ཀརྨ་པ་དུས་གསུམ་མཁྱེན་པ་ནི། འཁྲུངས་ཡུལ་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བ། ཡབ་སྔགས་འཆང་རྡོ་རྗེ་མགོན་པོ། ཡུམ་ལྷ་ཐོག་བཟའ་མིང་འདྲེན་གྱི་སྲས་སུ་འཁྲུངས། དགུང་ལོ་གྱ་བཞི་བཞུགས། བརྒྱད་པ་ཀརྨ་པཀྴི་ནི། འཁྲུངས་ཡུལ་འབྲི་གུང་དུ། ཡབ་རྒྱལ་དཔང་སྤང་དར། ཡུམ་མང་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ཅུ་བཞུགས། དགུ་པ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། འཁྲུངས་ཡུལ་རྗེ་མི་ལ རས་པའི་ཡབ་ཡུམ་ཙ་ཕུ་གང་ཞུར་མོ། དགུང་ལོ་ལྔ་བཅུ་རྩ་དྲུག་བཞུགས། བཅུ་པ་ཀརྨ་པ་རོལ་པའི་རྡོ་རྗེ། རྔོད་ཀྱི་ཨ་ལ་རོང་གནམ་རྫོང་དུ། ཡབ་བསོད་ནམས་དོན་གྲུབ། ཡུམ་འཇང་བཟའ་བརྩོན་འགྲུས་རྒྱན་གྱི་སྲས་སུ་འཁྲུངས། དགུང་ལོ་ཞེ་བཞི་བཞུགས། བཅུ་གཅིག་པ་ཀརྨ་པ་དེ་བཞིན་གཤེགས་པ་ནི། འཁྲུངས་ཡུལ་ཉང་པོ་ཡབ་གུ་རུ་རིན་པོ་ཆེ། ཡུམ་ལྷ་མོ་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་སུམ་ཅུ་སོ་བརྒྱད་བཞུགས། བཅུ་གཉིས་པ་ཀརྨ་པ་མཐོང་བ་དོན་ལྡན་ནི། ཁམས་རི་བོ་ཆེ་དང་ཉེ་བར་དཀར་སྟིང་ཆ་ངོམ་དུ་ཡབ་སྔགས་འཆང༌། ཡུམ་རྣལ་འབྱོར་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སུམ་ཅུ་སོ་བརྒྱད་བཞུགས། བཅུ་གསུམ་པ་ཀརྨ་པ་མི་བསྐྱོད་རྡོ་རྗེ་འཁྲུངས་ཡུལ་རྔོད་ཀྱི་ས་ཡི་ཆ་ཨོ་རྒྱན་རི་ཁྲོད་དུ། ཡབ་གྲགས་པ་དཔལ་གྲུབ་དང༌། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་བཞི་པ་ཀརྨ་པ་དབང་ཕྱུག་རྡོ་རྗེ། བཅོ་ལྔ་པ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ། བཅུ་དྲུག་པ་ཀརྨ་པ་ཡེ་ཤེས་རྡོ་རྗེ། བཅུ་བདུན་པ་ཀརྨ་པ་བྱང་ཆུབ་རྡོ་རྗེ། བཅོ་བརྒྱད་པ་ཀརྨ་བདུད་འདུལ་རྡོ་རྗེ་རྣམས་སོ།།
ཞྭ་དམར་བ་སྐུ་འཕྲེང་རིམ་པར་བརྒྱུད་པ་ནི། དང་པོ་གྲུབ་ཆེན་ཏཻ་ལོ་པའི་སློབ་མ་ཁོལ་པོ་དགའ། གཉིས་པ་ནཱ་རོ་པའི་སློབ་མ་བྲམ་ཟེ་ཀུན་རིག་གསུམ་པ་དབུ་རུ་སྟོད་དུ་འཁྲུངས་པ་ཚུལ་ཁྲིམས་དཔལ་བཟང༌། བཞི་པ་རུ་མཚམས་སུ་འཁྲུངས་པ་དགེ་སློང་ནམ་མཁའ་འོད། ལྔ་པ་བཀྲ་ཤིས་གྲགས་པ་ནི། འཁྲུངས་ཡུལ་ཁམས། ཡབ་དབང་ཕྱུག་ལེགས་པ། ཡུམ་སྒྲོལ་མ་མཚོའི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ཅུ་རྩ་གསུམ་བཞུགས། དྲུག་པ་ཀརྨ་ཞྭ་དམར་བ་རྟོགས་ལྡན་གྲགས་པ་སེང་གེ་ནི། འཁྲུངས་ཡུལ་སྤོ་འབོར། ཡབ་སྟག་ཆུང་དང༌། ཡུམ་ཨ་རྒོད་བཟའ་ཡི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཅུ་རྩ་བདུན་བཞུགས། བདུན་པ་ཀརྨ་ཞྭ་དམར་བ་ཆོས་རྗེ་མཁའ་སྤྱོད་དབང་པོ་ནི། འཁྲུངས་ཡུལ་བྱང་གཉན་ཆེན་ཐང་ལྷའི་ཉེ་འདབས་གནམ་གྱི་བྱེ་མ་ལུང༌། ཡབ་ལྷ་རྒྱལ། ཡུམ་འབྲོག་མོའི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཅུ་རྩ་དྲུག་བཞུགས། བརྒྱད་པ་ཀརྨ་ཞྭ་དམར་བ་ཆོས་དཔལ་ཡེ་ཤེས་ནི། འཁྲུངས་ཡུལ་ཀོང་པོ་མྱང་པོ་ཕོ་བྲག་མདོར། ཡབ་བསམ་གྲུབ། ཡུམ་བར་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་བཅུ་རྩ་བདུན་བཞུགས། དགུ་པ་ཀརྨ་པ་ཞྭ་དམར་ཅོད་པཎ་འཛིན་པ་ཆོས་གྲགས་ཡེ་ཤེས་དཔལ་བཟང་ནི། འཁྲུངས་ཡུལ་ཏྲེ་ཤོད་མཐིལ་དུ་འཁྲུངས། བཅུ་པ་ཞྭ་དམར་ཆོས་ཀྱི་དོན་གྲུབ། བཅུ་གཅིག་པ་ཞྭ་དམར་དཀོན་མཆོག་ཆོས་ཀྱི་ཉི་མ། བཅུ་གཉིས་པ་ཞྭ་དམར་མི་ཕམ་ཆོས་གྲུབ་རྒྱ་མཚོ། དཔལ་ལྡན་ས་སྐྱའི་གདུང་རྒྱུད་རིམ་པ་ཡིས། །དཔལ་ལྡན་དཔའ་མོའི་ཚོགས་རྣམས་ཉེར་བསྟེན་ནས། །དཔལ་ལྡན་དགྱེས་རྡོར་ལྷན་སྐྱེས་བདེས་མཆོད་པ། །དཔལ་ལྡན་རྣམས་ལ་བདག་ཡིད་སྤྲོ་བར་གྱུར།།
དཔལ་ལྡན་ས་སྐྱའི་གདུང་རབས་རིམ་པར་བརྒྱུད་པ་ནི། འཇམ་དབྱངས་ཀྱི་སྤྲུལ་པ་གཡུ་རིང་དང་པོ། དེ་སྲས་མ་བཟང་སྤྱི་རྗེ་གཉིས་པ། དེ་སྲས་ཐོག་ཚ་དཔའ་བོ་གསུམ་པ། དེ་སྲས་ཀླུ་ཚ་སྟག་པོ་འོད་བཞི་པ། དེ་སྲས་གཡའ་སྤང་སྐྱེས་པ་ལྔ་པ། འདི་ཡན་ལྷ་ཡི་གདུང་ཡིན། འཁོན་བར་སྐྱེས་དྲུག་པ། འཁོན་དཀོན་རྗེ་གུང་སྟག་བདུན་པ། འཁོན་རྡོ་རྗེ་རིན་ཆེན་བརྒྱད་པ། འཁོན་ཡོན་ཏན་འབྱུང་གནས་དགུ་པ། འཁོན་ཚུལ་ཁྲིམས་རྒྱལ་པོ་བཅུ་པ། འཁོན་གཙུག་ཏོར་ཤེས་རབ་བཅུ་གཅིག་པ། འཁོན་དགེ་སྐྱབས་བཅུ་གཉིས་པ། འཁོན་དགེ་མཐོང་བཅུ་གསུམ་པ། འཁོན་བལ་པོ་བཅུ་བཞི་པ། འཁོན་ཤཱཀྱ་བློ་གྲོས་བཅོ་ལྔ་པ། འཁོན་དཀོན་མཆོག་རྒྱལ་པོ་བཅུ་དྲུག་པ། འདི་ཡན་འཁོན་གྱི་གདུང་ཡིན། དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཡིན་འདི་བཅུ་བདུན་པ། ཀུན་སྙིང་ལ་སྲས་བཞི་ལས། དང་པོ་ཀུན་དགའ་འབར། གཉིས་པ་བསོད་ནམས་རྩེ་མོ། གསུམ་པ་གྲགས་པ་རྒྱལ་མཚན། བཞི་པ་དཔལ་ཆེན་འོད་པོ་ཆེ། འདི་གདུང་བཅོ་བརྒྱད་པ། དེ་ཡི་སྲས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དང༌། ཟངས་ཚ་བསོད་ནམས་རྒྱལ་མཚན་འདི་གདུང་བཅུ་དགུ་པ། འདི་ལ་སྲས་གསུམ་སྟེ་འགྲོ་མགོན་ཕྱག་ན། རིན་ཆེན་རྒྱལ་མཚན། ཡེ་ཤེས་འབྱུང་གནས་འདི་གདུང་ཉི་ཤུ་པ། ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ། འདི་ལ་སྲས་བཅུ་གཉིས་ཡོད། ཆུང་ཤོས་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན། འདིས་སྙེ་ཐང་ཆོས་རྫོང་དགོན་པ་བཏབ། རྒྱལ་བ་ཙོང་ཁ་པས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་གསན་པ་དེ་ཡིན། བཟང་པོ་དཔལ་གདུང་ཉེར་གཅིག་པ། དེ་སྲས་ཀུན་དགའ་ལེགས་པའི་འབྱུང་གནས་ཉེར་གཉིས་པ། དེ་སྲས་དབང་གྲགས་པ་རྒྱལ་མཚན་ཉེར་གསུམ་པ། དེ་སྲས་དབང་རྣམ་སྲས་རྒྱལ་མཚན་ཉེར་བཞི་པ། དེ་སྲས་དབང་ནམ་མཁའ་ལེགས་པའི་དཔལ་མཚན་ཉེར་ལྔ་པ། དེ་སྲས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཉེར་དྲུག་པ། དེ་སྲས་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་ཉེར་བདུན་པ། དེ་སྲས་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་ཉེར་བརྒྱད་པ། དེ་སྲས་སྔགས་འཆང་ཀུན་དགའ་རིན་ཆེན་ཉེར་དགུ་པ། དེ་སྲས་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་སུམ་ཅུ་པ། དེ་སྲས་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་སོ་གཅིག་པ། དེ་སྲས་སྔགས་འཆང་བསོད་ནམས་དབང་ཕྱུག་སོ་གཉིས་པ། དེ་སྲས་ཀུན་དགའ་བཀྲ་ཤིས་སོ་གསུམ་པ། དེ་སྲས་བསོད་ནམས་རིན་ཆེན་སོ་བཞི་པ། དེ་སྲས་ངག་དབང་ཀུན་དགའ་བློ་གྲོས་སོ་ལྔ་པ། དེ་སྲས་སྐུ་མཆེད་གཉིས་ཀྱི་རྒན་པ་སོ་དྲུག་པ་ངག་དབང་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་འདི་ད་ལྟ་བཞུགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་གསུམ་ལ་ས་སྐྱའི་དཀར་པོ་རྣམ་གསུམ་ཟེར། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གསུམ་དགེ་སློང་ཡིན་པས་དམར་པོ་རྣམ་གསུམ་ཟེར། དཀར་པོ་རྣམ་གསུམ་དང༌། ས་པཎ། འགྲོ་མགོན་འཕགས་པ་ལྔ་ལ་གོང་མ་རྣམ་ལྔ་ཟེར། དཔལ་ས་སྐྱ་པ་དུས་ཕྱིས་སུ་གྲགས་ཆེ་བ་ངོར་གོང་ཚར་གསུམ་ཡིན་ལ། དེ་གསུམ་ཀ་དམར་པོ་རྣམ་གསུམ་གྱི་ཐ་མ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་གྱེས་པ་ཡིན། གྱེས་ཚུལ་ནི་གོང་དཀར་པ་ནི། དཔལ་ལྡན་བླ་མ་དམ་པ། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། བྲག་ཐོག་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ནས་རིམ་བཞིན་གོང་དཀར་པ་དང༌། ཡང་ངོར་པ་ནི་དཔལ་ལྡན་བླ་མ་དམ་པ། མཁས་བཙུན་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ངོར་པ་ངག་དབང་ཀུན་དགའ་ལྷུན་གྲུབ། ངོར་པ་ཐར་རྩེ་ནམ་མཁའ་དཔལ་བཟང་པོ་སོགས་རིམ་བཞིན་བྱུང༌། ཡང་ཚར་པ་ནི། དཔལ་ལྡན་བླ་མ་དམ་པ། ཡར་ཀླུང་སེང་གེ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། སྔར་མེད་ཀྱང་ལམ་འབྲས་ཚོགས་བཤད་སློབ་བཤད་ཟེར་བའི་སྲོལ་ཕྱེ། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེའི་དབང་ཕྱུག་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་ལྷུན་སྒྲུབ། རྨོར་ཆེན་ཀུན་དགའ་འབྱུང་གནས། གནས་གསར་ཀུན་དགའ་ལེགས་འབྱུང༌།
ཚར་ཆེན་བློ་གསལ་གྱི་སྐུ་འཕྲེང་ནི། དང་པོ་བིར་ཝ་པ། གཉིས་པ་ས་ཝི་ར། གསུམ་པ་རྒྱལ་དྷརྨ་པ་ལ། བཞི་པ་གྷ་ཡ་དྷ་ར། ལྔ་པ་མཁས་གྲུབ་ཁྱུང་པོ། དྲུག་པ་ཤཱཀྱ་ཤྲཱི། བདུན་པ་ཤངས་པ་སངས་རྒྱས་སྟོན་པ། བརྒྱད་པ་ཆོས་སྐུ་འོད་ཟེར། དགུ་པ་བུ་སྟོན་རིན་པོ་ཆེ། བཅུ་པ་ཡར་ཀླུང་སེང་གེ་རྒྱལ་མཚན། བཅུ་གཅིག་པ་ཕ་རྒོད་བསོད་ནམས་བཟང་པོ། བཅུ་གཉིས་པ་སྟག་ཚང་ལོ་ཙཱ་བའི་སློབ་མ་རྗེ་བཙུན་མ་དབང་མོ། བཅུ་གསུམ་པ་ཚར་ཆེན་བློ་གསལ། བཅུ་བཞི་པ་བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ལྡན། བཅོ་ལྔ་པ་གནས་གསར་ཀུན་དགའ་ལེགས་འབྱུང༌། རྫོང་པ་ནི། དཔལ་ལྡན་བླ་མ་དམ་པ། རྫོང་ཆུང་པ་སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། རྫོང་ཆུང་བྱམས་པ་རྡོ་རྗེ་རྒྱལ་མཚན་ནས་རིམ་བཞིན་ཞ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་རྣམས་སོ།།
ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པ་རིན་ཆེན་བདུན་ནི། རྒྱལ་བ་རྡོ་རྗེ་འཆང་དང་པོ། ནཱ་རོ་པའི་ལྕམ་སྲིང་མཁའ་འགྲོ་མ་ནི་གུ་མ་གཉིས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གསུམ་པ། འདི་འཁྲུངས་ས་གཞུ་སྙེ་མོ། ཡབ་ཁྱུང་པོ་སྟག་སྐྱེས། ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱ་དང་ཉི་ཤུ། སྔ་ཕྱི་བསྡོམས་ན་སློབ་མ་ཁྲི་ཚོ་བརྒྱད་བྱུང་ཟེར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་བཞི་པ། འདི་འཁྲུངས་ས་གཙང་ཤངས་ལྷ་ཕུ་སྤང༌། ཡབ་ཤེར་རྒན་སྨན་ཆུང༌། ཡུམ་པདྨ་སྒྲོན་གྱི་སྲས་སུ་འཁྲུངས། ཤངས་ཀྱི་ཕུ་རྨོག་ལྕོག་དང༌། སྙེ་ཐང་གི་རྨོག་ལྕོག་གཉིས་ལ་བཞུགས་ནས་མཆོག་གི་དངོས་གྲུབ་གྲུབ་པ་ཡིན་ཟེར། དཔོན་སྟོན་སྐྱེར་སྒང་པ་ཆེན་པོ་དྷརྨ་སེང་གེ་ལྔ་པ། འཁྲུངས་ཡུལ་སྟོད་ལུང་པ། དོན་གསུམ་བཞུགས། གཉན་སྟོན་སྦས་པའི་རྣལ་འབྱོར་ཆོས་ཀྱི་ཤེས་རབ་དྲུག་པ། འཁྲུངས་ཡུལ་སྐྱིད་སྨད་ཡོལ་མགོན་པོའི་ཉེ་འདབས། ཆོས་རྗེ་སངས་རྒྱས་སྟོན་པ་བདུན་པ། འཁྲུངས་ས་སྟོད་ལུང་སིལ་མ་མདར། བོན་པོ་ཡང་ང་དཀར་པོའི་རིགས་དགུང་ལོ་དོན་བདུན་བཞུགས།
ཡུམ་ཆེན་མོའི་སྤྲུལ་པ་མ་གཅིག་ལབ་ཀྱི་སྒྲོན་མ་འཁྲུངས་ཡུལ་ནི། ཨེ་ཡི་གཡེ་ལབ་ཀྱི་འདབས་གྲོང་མཚོ་མེར་མོ། ཡབ་ཆོས་བླ་དབང་ཕྱུག་མགོན། ཡུམ་ཀླུང་མོ་འབུམ་ལྕམ་དཔལ་སྐྱིད་ཀྱི་སྲས་མོར་འཁྲུངས། ལོ་ཙཱ་བ་ཁ་གད་འཁོད་ཡོ་གྲགས་དང༌། སྐུ་མཆེད་ཡིན། ཕ་གཅིག་དམ་པ་སངས་རྒྱས་ཀྱི་སློབ་མ་དང་ཡུམ་དུ་གྱུར། དགུང་ལོ་དགུ་བཅུ་གོ་གཅིག་ཡང་འགའ་ཞིག་གིས་དགུ་བཅུ་རྩ་ལྔ་དང་རྩ་བརྒྱད་བར་དུ་བཞུགས་ཟེར། སྲས་ར་དགྲ་གྲུབ་པ་ཕྱིས་སུ་རྒྱལ་བ་དོན་གྲུབ་ཏུ་གྲགས་སོ། །འབྲིང་པོ་གྲུབ་ཆུང༌། ཐ་མ་ཡང་འགྲུབ་གསུམ། སྲས་མོ་ཀོང་ལྕམ་དཔལ་རྒྱན། ལ་ལྕམ་འབུམ་མཚོ་རྒྱན། ཉང་མོ་བསོད་ནམས་རྒྱན་དང་གསུམ་འཁྲུངས། དེ་ནི་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་མ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་སོགས་ཀྱི་སྐྱེ་བ་ཡིན་པར་གྲགས། སློབ་དཔོན་པདྨ་སམ་བྷ་བའི་དངོས་སློབ་གྲུབ་ཐོབ་རྗེ་འབངས་ཉེར་ལྔ་ནི། ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཕྱོགས་བཅུར་ཁྱབ། །མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་བསླངས། །དཔལ་གྱི་ཡེ་ཤེས་མ་མོ་མངོན་དུ་འཁོལ། །དཔལ་གྱི་སེང་གེས་ལྷ་སྲིན་བྲན་དུ་འཁོལ། །བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། །ཁྲི་སྲོང་ལྡེ་བཙན་མི་གཡོ་ཏིང་འཛིན་གྲུབ། །གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་དང་ལྡན། །ཛྙཱ་ན་ཀུ་མཱ་རྫུ་འཕྲུལ་མཆོག་དང་ལྡན། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། །ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །སྣ་ནམ་ཡེ་ཤེས་བྱ་ལྟར་མཁའ་ལ་ལྡིང༌། །དཔལ་གྱི་དབང་ཕྱུག་ཕུར་པ་གདེང་ཚད་གུམ། །འདན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །སྐ་བ་དཔལ་བརྩེགས་གཞན་གྱི་སེམས་ཀུན་ཤེས། །ཤུད་པུ་དཔལ་སེང་ཆུ་བོ་གྱེན་དུ་ཟློག །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ལོ་ཡིས་ནམ་མཁའི་བྱ་རྣམས་ཟིན། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །ཉག་རེ་གྲགས་པ་རྒྱ་མཚོའི་སྐུ་འཕྲེང་ན་ཡོད། རྨ་ཐོག་རིན་ཆེན་ཕ་ཝང་ཟས་སུ་ཟ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། །ལང་འགྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཅའ། །དེ་རྣམས་རྗེ་འབངས་གྲུབ་ཐོབ་ཉེར་ལྔ་ཡིན། །སྐྱེས་བུ་དམ་པའི་མཚན་ཙམ་སྨོས་པ་ཡིས། །སྐྱེ་བ་ཀུན་ཏུ་དག སྣང་ཕྱོགས་མེད་རྒྱས། །རང་རྒྱུད་ཕྱོགས་ལྷུང་གདོན་གྱིས་བརློམས་པ་དང༌། །སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཀུན། །ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན། །དྲུང་ནས་ཕྱུང་སྟེ་བྱམས་དང་སྙིང་རྗེས་བརྒྱན། །ལྷན་སྐྱེས་བདེ་བས་སྟོང་ཉིད་རྟོགས་པ་དང༌། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །ཅེས་པ་འདི་ཡང་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་བྲིས་པའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།