མཛད་པ་པོ། དུང་དཀར་བློ་བཟང་འཕྲིན་ལས་མཆོག
༸རྒྱལ་བ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པའི་རྣམ་ཐར།
(ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ)རྗེ ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྒྱ ལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་ གྲུབ་པ་མཆོག་ནི། གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་ སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག ཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ ་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་ ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི ་སྲས་སུ་རང་བྱུང་བདུན་པའི་ལྕགས་ ལུག(༡༣༩༡)ལོར་སྐུ་བལྟམས། མཚན་པདྨ་རྡོ་རྗེར་གསོལ། དགུང་ལོ་ལྔ་བཞེས་སྐབས་གྲོང་པ་ གཞན་གྱི་ར་རྫི་མཛད་སྐབས་རྡོ་ལ་ མ་ཎི་མང་པོ་བྲིས་གནང་བ་མཇལ་རྒྱུ ་ཡོད་པར་གྲགས། དགུང་ལོ་བདུན་ལ་ཕེབས་པའི་ཚེ་ཡབ་ འདས། ལོ་དེར་སྣར་ཐར་དུ་ཕེབས། ཟས་གོས་ཤིན་ཏུ་བཀྲེན་ན་ཡང་སྐུ་ ཡོན་སྦྱོང་བ་ལ་ལྷག་པར་སྤྲོ། དེ་ནས་དཔལ་སྣར་ཐང་གི་མཁན་རབས་ བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུ བ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོ མ་པ་བཞེས། མཚན་པདྨ་རྡོ་རྗེ་རང་སོར་བཞག བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་ བོད་ཡིག་དང༌། ལཉྫ་ཝར་ཧོར་ཡིག་སོགས་གསན་སྦྱོང་ མཛད་པས་མཁས་པར་མཁྱེན། དགུང་ལོ་བཅོ་ལྔ་པ་ཤིང་བྱ(༡༤༠༥) ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུ བ་པ་ཤེས་རབ་དང་ཆེན་པོ་བློ་ལྡན་ གཉིས་ཀྱི་དྲུང་ལས་རབ་ཏུ་བྱུང་ཞི ང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་ མཚན་དགེ་འདུན་གྲུབ་པ་དཔལ་ཞེས་ གསོལ།
དེ་རྗེས་སྣར་ཐང་གི་པཎྜི་ཏ་ཆེན་ པོ་སངྒྷ་ཤྲཱི་ལ་སྙན་ངག་མེ་ལོང་ དང༌། མངོན་བརྗོད་འཆི་མེད་མཛོད། སྒྲ་མཚམས་སྦྱོར་ལྔ་པ་སོགས་དང༌། གཏུམ་མོ་དཀར་པོའི་རྗེས་གནང་སོ གས་ཆོས་བཀའ་དུ་མ་གསན། དགུང་ལོ་ཉི་ཤུ་པ་ལྕགས་སྟག(༡༤༡༠) ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་ དང༌། སློབ་དཔོན་ཆེན་པོ་བློ་ལྡན་པས་ ལས་ཆོག་པ་དང༌། ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྡེ ་སྟོན་པ་མཛད་དེ་བསྙེན་པར་རྫོགས་ པའི་དགེ་སློང་གི་དངོས་པོ་བརྙེས། མཁན་རིན་པོ་ཆེ་ལས་ཀྱཻ་རྡོར་དང༌། དོན་ཞགས་སོགས་མང་དུ་ཞུས། རྣམ་འགྲེལ་དང་ཊཱིཀྐ་ཐུགས་འཛིན་ མཛད། དགུང་ལོ་ཉེར་ལྔ་པ་ཤིང་ལུག(༡༤༡༥) ལོར་དབུས་ལ་ཕེབས་ཏེ་ཁྲ་འབྲུག་ཏུ ་སེམས་པ་ཆེན་པོ་ཀུན་བཟང་དང༌། ཐར་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་ མཚན་གྱི་ཞབས་ལ་གཏུགས་ནས་དབུ་མ་ དང་ཕར་ཕྱིན་གསན། འོན་བཀྲ་ཤིས་རྡོ་ཁར་རྗེ་ཙོང་ཁ་ པ་དང་མཇལ་ཏེ་ཚད་མ་རྣམ་ངེས། དྲང་ངེས་རྣམ་འབྱེད། རྩ་ཤེ། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་སོགས་མང་དུ་ཞུ ས། ཐང་པོ་ཆེར་ཉི་མ་རྒྱལ་མཚན་ལས་གསུ ང་འདུས་མི་བསྐྱོད་པ། འཇིགས་བྱེད་བཅུ་གསུམ་མ། གཤེད་དམར་བཅུ་གསུམ་མ། ལྷ་ལྔ་སོགས་གསན། གསང་ཕུ་ནེའུ་ཐོག་དང་རི་བོ་དགའ་ ལྡན་དུ་ཕར་བྱོན་ཚུར་བྱོན་མཛད་ ནས་ལོ་གསུམ་ཙམ་བཞུགས། དགུང་ལོ་ཉེར་བདུན་བཞེས་པ་ནས་འབྲ ས་སྤུངས་དགོན་དང༌། སེ་ར་ཆོས་སྡིངས། འཕན་ཡུལ་གྲོ་པ་སོགས་སུ་བྱོན། དམར་སྟོན་དཔལ་ལྡན་རིན་ཆེན་དང༌། རྒྱ་མཚོ་རིན་ཆེན་གཉིས་ལས་ལོ་གཉི ས་རིང་མདོ་རྩ་བ་དང་མངོན་པ་ལེགས་ པར་གསན། དགུང་ལོ་སོ་ལྔ་པ་ཤིང་སྦྲུལ( ༡༤༢༥)ལོར་གསང་ཕུའི་འཆད་ཉན་མཛད། དེ་ལྟར་དབུས་ལ་ལོ་བཅུ་གཉིས་བཞུ གས། སོ་དྲུག་པ་མེ་རྟ(༡༤༢༦)ལོར་རྗེ་ ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ ཕེབས། བྱང་ཆེན། རི་ཁུད། བྲག་དམར་སོགས་སུ་བཞུགས། འཆད་ཉན་སྨྲ་ཞིང་གྲྭ་ཚོགས་འཕེལ་ བར་མཛད། དགུང་ལོ་བཞི་བཅུར་འཇུག་ཊཱིཀྐ་ བརྩམས། ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་ འཆད་ཉན་མཛད། དགུང་ལོ་ཞེ་གཉིས་པར་བོ་དོང་ཕྱོ གས་ལས་རྣམ་རྒྱལ་དང་མཇལ་ཏེ་སྒྲོ ལ་མ་ཉེར་གཅིག་པ་དང༌། བཅུ་བདུན་མ། དཀར་སྔོ་སོགས་ཆོས་དཔག་མེད་གསན། དྲི་བ་དུ་མ་མཛད་པར་ལན་བདེ་བླག་ ཏུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ཏེ་ ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོ ལ། དེ་ནས་ས་སྐྱ་རྒྱང་འབུམ་ཆེར་ཕེ བས་སྐབས་རྟེན་འབྱུང་མཐའ་བྲལ་གྱི ་དོན་ལ་ངེས་པ་རྙེད་ཅིང་དེ་ཙམ་ལ་ ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བརྩ མས། དགུང་ལོ་ཞེ་གསུམ་ན་དབུ་མ་རྩ་ཤེ འི་རྣམ་བཤད་རིན་པོ་ཆེ་ཕྲེང་བ་ བརྩམས། དགུང་ལོ་ཞེ་དྲུག་ལ་བྱང་ཆེན་དུ་ ཐེག་ཆེན་ཕོ་བྲང་ཆེན་མོ་བཏབ། དགུང་ལོ་ཞེ་བདུན་ནས་དོན་དགུ་བར་ ཚད་མ་རིགས་རྒྱན་དང༌། འདུལ་བའི་གླེང་འབུམ། སོ་ཐར་གྱི་ཊཱིཀྐ། འདུལ་བའི་བསླབ་ཁྲིམས་ཆེན་མོ་སོ གས་དཔེ་ཆ་མང་པོ་ལྗགས་རྩོམ་གནང༌། དགུང་ལོ་ཞེ་བརྒྱད་པ་ས་རྟ(༡༤༣༨) ལོར་དབུས་སུ་ཕེབས། བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་ དང༌། ཟུར་ཁང་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ་སོགས་ལས་ ཆོས་མང་དུ་ཞུས། དགུང་ལོ་ལྔ་བཅུ་པ་ལྕགས་སྤྲེལ( ༡༤༤༠)ལོར་ཤེས་རབ་སེང་གེ་དང་ལྷན་ དུ་སླར་གཙང་ལ་ཕེབས་ཏེ་སྣར་ཐང་ དང༌། བྱང་ཆེན་སོགས་སུ་འདུལ་བའི་འཆད་ ཉན་གཙོ་བོར་མཛད། དེ་ནས་རྗེ་ཤེས་རབ་སེང་གེའི་དགོ ངས་རྫོགས་སུ་ནང་རྟེན་ཐུབ་ཆེན་ བཞེངས། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱ ད་པའི་མེ་ཡོས(༡༤༤༧)ལོར་བཀྲ་ཤིས་ ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ བའི་གླིང་ཕྱག་བཏབ་ནས་བྱམས་ཆེན་ སྐུ་གསུང་ཐུགས་རྟེན་བསམ་གྱིས་མི ་ཁྱབ་པ་བཞེངས། དགོན་པའི་སྦྱིན་བདག་དར་རྒྱས་པ་ དང་བསོད་ནམས་དཔལ་བཟང་གིས་མཛད། དགེ་འདུན་སུམ་སྟོང་ལྷག་འདུས། དཔལ་གསང་འདུས་ཀྱི་སྒོ་ནས་རབ་ གནས་མཛད། དགོན་པའི་གཞི་རྟེན་དུ་དར་རྒྱས་ དཔོན་གྱིས་གཞིས་མཁར་གྱི་ཡོང་སྒོ ་ཕུལ། ཤིང་རྟ་ལོ་ཆོ་འཕྲུལ་སྨོན་ལམ་ཆེ ན་མོ་གསར་འཛུགས་གནང་། དགོན་པ་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱ ད་ཀྱི་བར་བསྟན་པའི་བདག་པོ་མཛད་ དེ་འཆད་ཉན་ནམ་ཡང་ཆག་པ་མེད་པར་ གནང༌། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་ མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་། དེ་ནས་བཟུང་བཀྲིས་ལྷུན་གྱི་གདན་ ས་པ་སུས་མཛད་ལ་པཎ་ཆེན་ཞེས་པའི་ མཚན་སྙན་གྲགས་ཁྱབ། དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱ ད་པའི་ཤིང་རྟ(༡༤༧༤)ལོའི་བོད་ཟླ་ བཅུ་གཉིས་པའི་ཚེས་བདུན་ཉིན་སྲས་ ཀྱི་ཐུ་བོ་འདུལ་འཛིན་དཔལ་ལྡན་ བཟང་པོ་སོགས་སྐུ་དྲུང་དུ་འབོས་ ནས་ཞལ་བཀོད་རིམ་པར་མཛད། མཚན་མོའི་རིང་ཐུགས་དམ་ལ་རྩེ་གཅི ག་ཏུ་མཉམ་པར་བཞག ཚེས་བརྒྱད་ཀྱི་ཐོ་རེངས་ཞབས་རྡོ་ རྗེ་དཀྱིལ་ཀྲུང༌། ཕྱག་གཉིས་མཉམ་བཞག་མཛད་དེ་གཞིའི་ འཆི་རིམ་ལམ་གྱི་འོད་གསལ་དང་བསྲེ ས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་ ཟླ་བ་དེའི་ཉེར་གཉིས་བར་བཞུགས། སྐུ་གདུང་བཀྲས་ལྷུན་གྱི་དངུལ་སྡོ ང་མཐོང་བ་དོན་ལྡན་ནང་བཞུགས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ པ་དཔལ་བཟང་པོ་མཆོག་གིས་སྔ་ཕྱིར་ ཡོངས་འཛིན་ལྔ་བཅུ་སྐོར་གྱི་ཞབས་ ལ་གཏུགས་པ་རྣམས་ཀྱི་ནང་ནས་ཁྱད་ པར་བཀའ་དྲིན་མཚུངས་མེད་མཁན་ཆེན་ གྲུབ་པ་ཤེས་རབ་དང༌། རྗེ་ཤེས་རབ་སེང་གེ་གཉིས། སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་ བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་ བཟང་གྲགས་པའི་དཔལ་ཞེས་གསུངས། སྤྱིར་དགུང་ལོ་སོ་ལྔ་ནས་གྱ་བཞི འི་བར་དམ་པའི་ཆོས་ཀྱི་འཆད་ཉན་ མཛད་པས་སྐལ་བ་དང་ལྡན་པའི་གདུལ་ བྱ་མཁས་པ་དང༌། བཙུན་པ་དང༌། བཟང་པོ་དང༌། རྣལ་འབྱོར་ལ་བརྩོན་པའི་སློབ་མས་ གངས་རིའི་ཁྲོད་མ་ཁྱབ་པ་མི་སྣང་ ལ་གཙོ་བོ་ནི་འདུལ་འཛིན་དཔལ་ལྡན་ བཟང་པོ་དང༌། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ ཤིས། འཇམ་དཔལ་དབྱངས་ཀུན་དགའ་བདེ་ལེ གས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ ། རབ་འབྱམས་པ་བསྟན་པའི་ཉི་མ། སྨོན་ལམ་དཔལ་ལེགས་པའི་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་སོགས་ མང༌། བཀའ་རྩོམ་ལ། {{ཤར་གངས་རི་མ}}སོགས་ཉམས་མགུར་ སྒྲུབ་ཐབས་བསྟོད་ཚོགས་དང༌། {{དབུ་མའི་ལྟ་ཁྲིད།}} {{ཆབ་ཤོག}} {{སྨོན་ལམ}}སོགས་གསུང་ཐོར་བུ་བ་ སྣ་ཚོགས་ཀྱི་སྐོར། {{ཐེག་པ་ཆེན་པོའི་བློ་སྦྱོང་དོ ན་བདུན་མའི་འཁྲིད་ཡིག}} {{དཔལ་གསང་བ་འདུས་པའི་སྒོ་ནས་ རབ་གནས་བྱེད་པའི་ཆོ་ག་མདོར་བསྡུ ས་པ།}} {{དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོ ན་བཤད་པ་རིན་པོ་ཆེའི་ཕྲེང་བ།}} {{དབུ་མ་འཇུག་པའི་རྣམ་བཤད་དགོ ངས་པ་རབ་ཏུ་གསལ་བའི་མེ་ལོང}} {{འདུལ་བའི་གླེང་འབུམ་ཆེན་མོ།}} {{མདོ་ཊཱིཀྐ}}སོགས་པུ་ཏི་བདུན་ ཙམ་བཞུགས།
༸རྒྱལ་བ་སྐུ་ཕྲེང་གཉིས་པ། དགེ་འདུན་རྒྱ་མཚོའི་རྣམ་ཐར།
(ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ) རྗེ་དགེ་འདུན་རྒྱ་མཚོ་མཆོག་ནི་ གཙང་རྟ་ནག་བསྲེགས་ཏེ་བཞད་མཐོང་ སྨོན་རྫོང་ཁོངས་སུ་གསང་སྔགས་ གསར་རྙིང་གི་བསྟན་པའི་བདག་པོ་རྡོ ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དང༌། མ་གཅིག་ཀུན་དགའ་དཔལ་མོའི་སྲས་སུ ་རང་བྱུང་བརྒྱད་པའི་མེ་སྤྲེལ( ༡༤༧༦)ལོར་སྐུ་འཁྲུངས། མཚན་སངས་རྒྱས་འཕེལ་ཞེས་གསོལ། དགུང་ལོ་གསུམ་དང་བཞིའི་རིང་ཤོ་ མ་ལུང་རི་ཁྲོད་དུ་ཡབ་ཀྱིས་སྐུ་ ཡོན་སྒྲོན། དགུང་ལོ་བདུན་ལ་ཐོས་བསམ་གླིང་གི ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་ གིས་རྒྱལ་བ་དགེ་འདུན་གྲུབ་པའི་ སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བརྒྱད་ལ་བཀྲ་ཤིས་ལྷུན་ པོར་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ ་མཚོ་དང་མཇལ། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རི གས་རྒྱ་མཚོས་ལས་རབ་ཏུ་བྱུང༌། མཚན་དགེ་འདུན་རྒྱ་མཚོའི་དཔལ་ཞེ ས་གསོལ། པཎ་ཆེན་རིན་པོ་ཆེའི་དྲུག་དུ་ཚད་ མ་རྣམ་འགྲེལ་གྱི་གཞུང་ཡང་རྒྱུ གས་འབུལ་མཛད་ནས་གཞུང་ཆེན་པོ་ལ་ སློབ་གཉེར་གནང༌། ལོ་དེར་གནས་རྙིང་ཆོས་རྗེ་ཀུན་ དགའ་བདེ་ལེགས་པར་དགེ་ཚུལ་བསྒྲུ བས། དགུང་ལོ་བཅུ་བདུན་ལ་དབུ་ཕར་གྱི་ གཞུང་ལ་ཐུགས་གཉེར་མཛད། དགུང་ལོ་བཅོ་བརྒྱད་པར་དབུ་མའི་ འཛིན་གྲྭར་ཕེབས། དགུང་ལོ་བཅུ་དགུ་ལ་འཇམ་དབྱངས་ལེ གས་པ་ཆོས་འབྱོར་གྱི་གདན་ཞུས་ལྟ ར་འབྲས་སྤུངས་སུ་ཕེབས། དགུང་ལོ་ཉེར་གཅིག་ལ་གནས་རྙིང་ཆོ ས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི ་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་པ་པཎ་ཆེན་མཆོ ག་ལྷ་འོད་ཟེར་གྱིས་འཕྱོངས་རྒྱས་ རི་བོ་བདེ་ཆེན་དུ་གདན་དྲངས་ནས་ ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེར་གནས་པའི་མཁས་པ་རྣམས་ཀྱིས་སྐུ ་ན་ཕྲ་མོ་འདི་ལྟ་བུ་ལ་བློ་གྲོས་ ཕུལ་དུ་བྱུང་བ་དེ་འདྲ་བ་ནི་རྒྱ ལ་དབང་ཉིད་ཀྱི་འཕྲིན་ལས་གཟུགས་ སུ་གྲུབ་པ་གོར་མ་ཆག་ཅེས་དད་གུས་ ཕུལ་དུ་བྱུང་བ་མཛད། སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་ གྲགས་པ་རྒྱལ་མཚན་ཆེན་པོས་ཀྱང་ གཟིགས་སྐྱོང་ཆེན་པོ་གནང༌། རྗེ་མཆོག་གིས་རྩེད་ཐང་ཁྱམས་ར་ཆེ ན་མོའི་གྱང་ལྡེབས་སུ་རྒྱལ་བ་ཙོ ང་ཁ་པའི་འདྲ་སྐུ་བཞེངས། དགའ་ལྡན་ལྔ་མཆོད་ཀྱི་མཆོད་པ་ བཟང་པོ་གསར་དུ་བཙུགས། དགུང་ལོ་ཉེར་ལྔ་ལ་ལྷ་སར་ཕེབས། འཇམ་དབྱངས་དགའ་བའི་བཤེས་གཉེན་ དང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོ གས་བླ་མར་བསྟེན་ནས་མདོ་སྔགས་ཀྱི ་གདམས་པ་ཡོངས་སུ་རྫོགས་པ་གསན། འཆད་རྩོད་རྩོམ་གསུམ་གྱིས་བསྟན་ པའི་རྒྱལ་མཚན་བླ་རུ་བསྒྲེངས། དགུང་ལོ་སོ་བཞི་པ་རབ་བྱུང་དགུ་ པའི་ས་སྦྲུལ(༡༥༠༩)ལོར་དྭགས་སྟོ ད་རྒྱལ་དུ་དཔལ་ལྡན་དམག་ཟོར་མའི་ བླ་མཚོ་མཇལ་བར་ཕེབས་ཏེ་ལྷ་མོའི་ བླ་མཚོའི་ཉེ་འགྲམ་དུ་ཆོས་རྒྱལ་ ཨ་མོ་གྷས་སྦྱིན་བདག་མཛད་ནས་ཆོས་ འཁོར་རྒྱལ་གཙུག་ལག་ཁང་ཀ་ཆེན་བདུ ན་ཅུ་དང༌། གཙང་ཁང་ཀ་ཆེན་བརྒྱད། མགོན་ཁང་ཀ་བཞི་བཅས་ཁྱོན་གྱ་བརྒྱ ད་ཀྱི་ཆོས་འཁོར་རྒྱལ་མེ་ཏོག་ཐང་ གི་དགོན་པར་ཕྱག་བཏབ། རྟེན་གཙོར་བཟོ་བོ་བལ་པོ་ཉི་མ་ དཔལ་གྱིས་བཞེངས་པའི་གསེར་ཟངས་གི ་བྱམས་ཆེན་བཞུགས། དགུང་ལོ་སོ་བདུན་ལ་རྒྱལ་ལྷ་ཐོག་ ཏུ་ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེ ་བར་མཛད། དེ་ནས་པཎ་ཆེན་ཡེ་ཤེས་རྩེ་མོའི་ གདན་ཞུས་ལྟར་བཀྲ་ཤིས་ལྷུན་པོར་ ཕེབས་ཏེ་ཁྲི་ཐོག་ལྔ་པ་མཛད། དགུང་ལོ་སོ་བརྒྱད་ལ་འོལ་དགའ་དང་ ཆོས་འཁོར་རྒྱལ་ཁུལ་དུ་ཀོང་དམག་ དང་འབྲི་གུང་པའི་དམག་ལྷགས། དགུང་ལོ་ཞེ་གཉིས་ལ་ཐོས་བསམ་གླི ང་གི་བློ་བཟང་བཤེས་གཉེན་དང༌། ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ ཁྲི་ཚབ་ཏུ་བསྐོ་གཞག་གནང་ནས་གདན་ ཞུས་ལྟར་འབྲས་སྤུངས་སུ་ཕེབས། དགུང་ལོ་ཞེ་གསུམ་པ་འབྲས་སྤུངས་ ཀྱི་ཁྲི་པ་དགུ་པ་མཛད། རྗེ་ཙོང་ཁ་པ་མཆོག་གིས་ལྷ་ལྡན་སྨོ ན་ལམ་ཆེན་མོ་གསར་འཛུགས་གནང་ནས་ ལོ་དགུ་བཅུ་གོ་གཅིག་རིང་སྟར་ ཆགས་སུ་ཚུགས་ཀྱང་སྐྱིད་ཤོད་ཀྱི་ ཁ་བདག་རིན་སྤུངས་པས་མཛད་ནས་ལོ་ ཉི་ཤུའི་རིང་གསང་ཕུ་བ་དང༌། ཀརྨ་པ་སོགས་ཁེར་རྐྱང་གིས་སྨོན་ ལམ་ཚུགས་པ་དེ་སྐོར་རྗེ་ཉིད་ཀྱི ས་ཕག་གྲུ་གོང་མར་སེ་འབྲས་གཉིས་ སྨོན་ལམ་ལ་ཞུགས་ཆོག་པའི་སྙན་སེ ང་བཀའ་འཁྲོལ་བྱུང་དོན་ས་སྟག( ༡༥༡༨)ལོར་སྨོན་ལམ་གྱི་ཚོགས་དབུ་ མཛད། འདིའི་ལོ་ནས་སེ་འབྲས་དགེ་གསུམ་ སླར་ཡང་སྔར་རྒྱུན་ལྟར་སྨོན་ལམ་ ཆེན་མོ་ཚུགས་པར་ཕེབས། སྣེ་གདོང་གི་མི་དབང་གོང་མ་ཆེན་ པོ་བཀྲ་ཤིས་གྲགས་པས་འབྲས་སྤུངས་ ཀྱི་མཚེར་ཤག་རྡོ་ཁང་སྔོན་མོ་རྗེ ་འདི་ལ་ཕུལ་རྗེས་མིང་དགའ་ལྡན་ཕོ ་བྲང་དུ་བསྒྱུར། དགུང་ལོ་ཞེ་དགུ་ལ་ཆོས་འཁོར་རྒྱ ལ་དུ་གསེར་ཟངས་ཀྱི་རྗེ་བཙུན་མི་ ཕམ་མགོན་པོའི་སྐུ་མཐོ་བཅུའི་ཚད་ དང་ལྡན་པ་ཞིག་གསར་བཞེངས་མཛད། དགུང་ལོ་ང་གཉིས་ལ་སྡེ་སྲིད་ངག་ དབང་བཀྲ་ཤིས་གྲགས་པ་སོགས་ཀྱིས་ གསོལ་བ་བཏབ་པ་བཞིན་སེ་ར་ཐེག་ཆེ ན་གླིང་གི་གདན་ས་ཡང་མཛད། དགུང་ལོ་རེ་དྲུག་ལ་འོན་མངའ་རིས་ གྲྭ་ཚང་དུ་ཆོས་གྲྭ་བཙུགས། སྔ་ཕྱིར་བཀྲས་ལྷུན་དང༌། འབྲས་སྤུངས། སེ་ར་སོ་སོའི་མཁན་པོ་མཛད། བཀའ་རྩོམ{{མཚན་བརྗོད་དྲང་ངེས་རྣ མ་དབྱེ}}དང༌། {{དབུ་མའི་ལྟ་ཁྲིད།}} {{བསྟོད་ཚོགས།}} {{སྟོང་ཉིད་བདུན་ཅུ་པ།}} {{སྨོན་ལམ་བདུན་ཅུ།}} {{སྒྲོལ་མ་ཉེར་གཅིག་གི་རྣམ་བཤད། }} {{གྲུབ་མཐའ་རྒྱ་མཚོར་འཇུག་པའི་ གྲུ་གཟིངས}}སོགས་པོ་ཏི་ལྔ་ཙམ་ བཞུགས་ཤིང༌། རྒྱ་གར་གྱི་ཆུ་བོ་གངྒའི་ཚུན་ཆད་ སྙན་ངག་ལ་མཁས་པར་གྲགས། གསུང་ལས་སྐྱེས་པའི་སློབ་མ་ཁྲི་ རིན་པོ་ཆེ་བདེ་བ་ཅན་པ་ཆོས་རྗེ་ དགེ་ལེགས་དཔལ་བཟང་སོགས་མང་དུ་བྱོ ན། དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུ ང་དགུ་པའི་ཆུ་སྟག(༡༥༤༢)ལོའི་བོ ད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ ཞི་བར་གཤེགས། སྐུ་གདུང་དངུལ་སྡོང་ཞིག་འབྲས་སྤུ ངས་ཚོགས་ཆེན་དུ་བཞུགས།
དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།