ཀློང་ཆེན་ཆོས་འབྱུང་། ཆ་ཚང་།

ཀློང་ཆེན་ཆོས་འབྱུང་། ཆ་ཚང་།

རྩོམ་པ་པོའི་ལོ་རྒྱུས་རགས་བསྡུས།

 

ཆོས་འབྱུང་ནི་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་པའི་རྩོམ་པ་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སློབ་དཔོན་པདྨའི་དངོས་སློབ་དཔལ་རྟ་མཆོག་རོལ་པའི་གྲུབ་ཐོབ་མཆོག་དབྱངས་ཀྱི་གདུང་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་ནས་ཀྱི་གདུང་ལས་བྱོན་པའི་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་གྱི་ལོའི་(སྤྱི་ལོ་ ༡༣༠༨)དབོ་ཟླ་གཉིས་པའི་ནང་མཚན་ལྟས་བཟང་པོས་མདུན་བསུས་ནས་མངལ་གྱི་ཆུ་འཛིན་ལས་གྲོལ། དགུང་ལོ་ལྔ་པ་ལ་བྲིས་ཀློག་ལེགས་པར་མཁྱེན་པ་བྱུང་བ་དང་། བདུན་པ་ལ་ཡབ་ལས་བདེ་གཤེགས་དང་སྨན་རྩིས་ལ་སོགས་པ་གསན་སྦྱོང་གནང་བ་ནས་བཟུང་སྟེ་ཕྱི་ནང་རིག་གཞུང་ཐམས་ཅད་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་དབུ་ཚུགས། དགུང་ལོ་བཅུ་གཉིས་པའི་ཚེ་བསམ་ཡས་པ་མཁན་པོ་བསམ་གྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་བྱུང་གི་དངོས་པོ་བརྙེས་ནས་མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ།

ཁ་བརྡ། | ཀློང་ཆེན་རབ་འབྱམས་ཟེར་བའི ...

དེ་རྗེས་སློབ་དཔོན་བཀྲ་ཤིས་རིན་ཆེན་དང་། དབང་ཡེ་ཤེས། ཁྲོ་ཕུ་བ། རིན་པོ་ཆེ་ཟ་ལུང་། གནས་གསང་ཕུའི་གླིང་སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་དགོན་པ་དང་བཅུ་དྲུག་པ་ཆོས་དཔལ་རྒྱལ་མཚན། དཔང་ལོ་བློ་གྲོས་བརྟན་པ་སོགས་མཁས་མཆོག་མང་པོ་ལས་འདུལ་བ་དང་ལམ་འབྲས། ཆོས་དྲུག ཕྱག་རྡོར་འཁོར་ཆེན། བྱ་སྤྱོད། རྣལ་འབྱོར། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྔགས་རྒྱུད་དང་། ཞང་ཚལ་པའི་གདམས་སྐོར། རྒོད་ཚང་བའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་ལ་སོགས་པ། ད་དུང་བྱམས་པ་ཆོས་ལྔ་དང་། ཚད་མ་སྡེ་བདུན། ཕར་ཕྱིན་དབུ་མ་ལ་སོགས་པའི་མཚན་ཉིད་ཐེག་པའི་ལུང་རིགས། དེ་བཞིན་སྒྲ་དང་། སྙན་དང་གས། སྡེབ་སྦྱོར། ཟློས་གར་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་གསན་བསམ་མཐར་ཕྱིན་པའི་སྣ་ཞགས་རིང་དུ་བསྐྱངས། རྒོལ་བ་ངན་པའི་ཁྱུ་མཆོག་རྭ་གཅིག་པའི་བརྟུལ་ཞུགས་འཛིན་པ་རྣམས་སྒྲུབ་པ་དང་། སུན་འབྱིན་པའི་རྐང་པ་མཆོག་གིས་རྣམ་པར་བརྫི་བ་དང་། ཕམ་པར་བྱས་ནས་ཅང་མི་སྨྲ་བའི་གནས་བཀོད་པས་བསམ་ཡས་ལུང་མང་བའམ། ཀློང་ཆེན་རབ་འབྱམས་པ་ཞེས་པའི་མཚན་གྱི་བ་དན་ཕྱོགས་བཞིར་འགྱེད། དེ་ལྟར་ལུང་དང་རིགས་པའི་གནས་རྒྱ་ཆེན་པོ་ལ་མི་འཇིགས་པའི་ཉམས་བརྟས་པར་གྱུར་ནའང་། གངས་རིའི་ཁྲོད་ན་གཞུང་ལུགས་དང་མན་ངག་མང་དུ་གནས་པ་ལ་ཕྱོགས་དང་རིས་སུ་བཅད་པ་སྤངས་ཏེ། བུང་བ་གཞོན་ནུས་བྲང་རྩིའི་སྙིང་པོ་ལ་མྱོས་པ་བཞིན་དུ་དན་བག་པ་དང་། སློབ་དཔོན་གཞོན་ནུ་དོན་གྲུབ། མྱོས་པའི་མཐིང་མ་བ། སངས་རྒྱས་གྲགས་པ་བཅས་པའི་བླ་ལས་མདོ་སྒྱུ་སེམས་གསུམ་རྙིང་མ་རྒྱུད་འབུམ་གྱིས་གཙོས་མང་དག་གསན་པ་དང་། ད་དུང་སློབ་དཔོན་གཞོན་ནུ་རྒྱལ་དང་། གཞོན་རྡོར། རྗེ་རང་བྱུང་རྡོ་རྗེ། དབང་ཚུལ། ས་སྐྱ་པ་བླ་མ་དམ་པ། ཤུག་གསེབ་རི་པ་གཞོན་རྡོར་ལ་སོགས་པ་ལས་གསུང་གི་ཉིང་ཁུ་བཞེས་ཏེ་གངས་རིའི་ཁྲོད་ན་གྲགས་པའི་གྲུབ་མཐའ་ཐལ་མོ་ཆེ་ཐུགས་སུ་ཆུད་ཅིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། དེ་ལྟར་སྐྱེས་བ་ཆེན་པོ་རྒྱལ་བ་གཉིས་པར་གྲཊ་པ་འདི་གསན་བསམ་གྱི་ཡང་རྩེར་སོན་ནའང་རྣམ་པ་ཀུན་ཡུ་འཁོར་བའི་རང་བཞིན་ལ་ཐུགས་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པ་འཁྲུངས་ནས་ནགས་ཁྲོད་དམ་དབེན་གནས་དག་ཏུ་ཡོན་གཉེར་བའི་དགོངས་པ་གཏོད་ནས། གནས་ངེས་མེད་དུ་འཁྱམས་ཤིང་སྒྲུབ་པ་འབའ་ཞིག་ལྷུར་ལེན་མཛད། འོད་ལུས་བསྒྲུབས་པས་མཚོན་གྲུབ་པའི་རྟགས་མཐའ་ཡས་པ་སྟོན་ཞིང་སྙིང་ཏིག་གི་ལྟ་བའི་མཐར་ཐུག་པ་བྱུང་བར་གྲགས་ལ། སྒྲུབ་གནས་ཀྱང་བསམ་ཡས་མཆིམས་ཕུ་དང་། ཨོ་རྒྱན་རྫོང་། ལྷ་རི་བྲག གྲ་ཕུ། ཤུག་གསེབ། གངས་རི་ཐོད་དཀར། གཞུ་སྟོད་ཏི་སྒྲོ། ཡེར་པ། ཡར་ལྷ་ཤམ་པོ། བུམ་ཐང་། སྐྱམ་བུ་དཔལ་གྱི་དགེ་སྡིངས། གོང་པོ་རིའི་གླ་བ་ལུང་། ཀོང་པོ་རྩ་གོང་གི་ཕུ་རྣམས་སུ་ཡིན་ཞིང་། ལྷོ་འབྲོག དབུ་གཡོར། ལྷོ་མོན་གྱི་ཡུམ་མཐའ་དག་ཏུ་ཁྲིད་ཉན་སྟོང་ཕྲག་ཚོགས་པ་ལན་མང་བྱུང་བས་ཀུན་པའི་མཁྱེན་ཆོས་རྗེ་ཞེས་པའམ། ངག་གི་དབང་པོ་དང་དྲི་མེད་འོད་ཟེར་ཞེས་པའི་མཚན་བསྟོད་ས་གཞིའི་ཁྱོན་ན་གྲགས། གང་དེས་མཛད་པའི་གསུང་རབ་བཀའ་རྩོམ་ཤིན་ཏུ་མང་བས་རེ་རེའི་མཚན་བྱང་འགོད་པར་དཀའ་ཡང་རྣམ་གྲངས་ཙམ་བཀོད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་སྐོར་ལ་ཆོས་སྡེ་དགུ་བཅུ་རྩ་བརྒྱད་དང་། ཁྱད་པར་ནང་གི་བསྟན་བཅོས་སྐོར་ལ་ཆོས་སྡེ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ལྷག་ཙམ། ངེས་དོན་གསང་བའི་བསྟན་བཅོས་སྐོར་ལ་ཆོས་སྡེ་ཉི་བརྒྱ་དྲུག་ཅུ་རྩ་གསུམ། གཞན་ཡང་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་འདི་ཉིད་དང་། ཆོས་སྤྱོད་ལམ་གྱི་རིམ་པ་ཤི་གསོན་གྱི་བསྔོ་བ་རིན་ཆེན་ཕྲེང་བ་ལ་སོགས་དངོས་སུ་ལག་ཏུ་བཏོན་རྒྱུ་ཡོད་པ་ཙམ་ཡིན་མོད། དུས་དེ་རང་ལ་བསྡུ་བའི་བརྩོན་འགྲུས་ཉུང་བའམ། མཁས་རྨོངས་ཀྱི་བསྟན་བཅོས་ལ་བྱེ་བྲག་མི་ཕྱེད་པའི་ཤུགས་ཀྱིས་ནུབ་པའང་ཡོད་སྲིད། ཞིབ་ཏུ་མཁྱེན་པར་འདོད་ན་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བར་གཟིགས་པར་མཛོད། གཞན་ཡང་གང་དེའི་གསུང་གི་བདུད་རྩི་མྱོང་བ་ལས་བྱུང་བའི་དངོས་སློབ་གཙོ་བོ་དག་ནི། ཞོག་ཐར་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ་དང་མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མགོན་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་ཀྱི་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་བཞི་ལ་སོགས་པའི་དངོས་སློབ་མང་པོ་བྱུང་འདུག་ལ་རིང་བརྒྱུད་དང་ཉེ་བརྒྱུད་ལ་སོགས་པ་རྩིས་ན་ཤིན་ཏུ་མང་ཞེས་གསུང་བ་ཐོས་སོ། །ཆོས་འབྱུང་འདིའི་ཞལ་བྱང་དུ་ཀློང་ཆེན་རབས་འབྱམས་ཀྱིས་མཛད་པ་ཞེས་འཁོད་བཞིན་དུ་ཞབས་ཤོག་མཛད་བྱང་ཐོག་ཐེག་པ་མཆོག་གི་རྣལ་འབྱོར་པ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་ཆུ་ཕོ་སྟག་གི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་དཔལ་བསམ་གྲུབ་བདེ་ཆེན་དགོན་པར་ཡོངས་སུ་རྫོགས་པར་སྦྱར་བའོ་ཞེས་འཁོད་འདུག་ལ་དཔྱད་གཞིའི་མ་ཕྱི་གཉིས་ལག་སོན་བྱུང་བའི་ཞབས་ཤོག་ཏུའང་གོང་དང་མཚུངས་པའི་མཚན་དང་གནས་དུས་བཀོད་འདུག དེར་བརྟེན་ཆོས་འབྱུང་འདི་བརྩམས་ཟིན་པའི་དུས་ཚོད་ནི་སྤྱི་ལོ་ ༡༣༦༢ རབ་བྱུང་དྲུག་པའི་ཆུ་ཕོ་སྟག་གི་ལོའི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་ཡིན་ཞིང་དཔལ་བསམ་གྲུབ་བདེ་ཆེན་དགོན་པར་བརྩམས་མཇུག་འགྲིལ་བ་ཤེས་ནུས་ཀྱང་རྩོམ་པ་པོའི་མཚན་མི་འདྲ་བ་གཉིས་འཁོད་པས་དོགས་སློང་ཅུང་ཟད་ཙམ་མཆིས་འདྲ་ཡང་། ཞིབ་ཏུ་བརྟགས་ན་མཛད་བྱང་ནི་ཆོས་འབྱུང་འདིའི་རྩོམ་པ་པོ་ཉིད་ཀྱིས་བཀོད་པར་མཛད་པ་ཞིག་ཡིན་པ་དང་། ཞལ་བྱུང་ཐོག་གི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་ཞེས་ཞེ་ཚིག་འཁོད་པ་འདི་ནི་ཕྱིས་ཀྱི་དུས་སུ་གང་དེའི་སློབ་བརྒྱུད་ཆེ་གེ་མོ་འམ། གང་ལ་མོས་གུས་མཆོག་ཏུ་མངའ་བའི་སྐྱེ་བོ་དག་གིས་འགོད་གནང་མཛད་པ་ཞིག་ཡིན་པ་ནི་རིག་པས་དཔོག་ནུས་པ་མ་ཟད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཞི་དབྱིངས་སུ་འཐིམ་པའི་ལོ་དུས་ནི་སྤྱི་ལོ་ ༡༣༦༣ བོད་རབ་བྱུང་དྲུག་པའི་ཆུ་ཡོས་ལོར་ངེས་པས་དུས་ལ་འགལ་བ་མེད་པ་དང་། ལྷག་པར་འཇིག་མེད་གླིང་པས་ཆོས་འབྱུང་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡིན་པར་གསུངས་འདུག གང་དེའི་མཚན་ལ་ཐེག་པ་མཆོག་གི་རྣལ་འབྱོར་ཞེས་ཚང་མས་འབོད་ཀྱིན་ཡོད་ལ། རྒྱལ་སྲས་ཐུཊ་མཆོག་རྩལ་ཞེས་པ་དེ་ཡང་མཚན་གྱི་རྣམ་གྲངས་གཞན་ཞིག་ཡིན་པར་ངེས། འོན་ཏང་མཁས་པ་འགའ་ཞིག་གིས་རྒྱལ་སྲས་ཐུགས་མཆོག་རྩལ་ཞེས་པ་དེ་ཀློང་ཆེན་རབ་འབྱམས་ཀྱི་མཚན་མིན་ཞེས་གསུངས་མྱོང་འདུག་ཅིང་། ཨ་འཛོམ་རྒྱལ་སྲས་སྲས་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་དང་སྒོ་འཇོ་མཁར་ལེགས་སྤྲུལ་སྐུ་པདྨ་བདེ་ཆེན་གཉིས་ནས་ཆོས་འབྱུང་འདི་ཀ༔ཐོག་རྒྱ་ར་ཀློང་ཆེན་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱི་ཡིན་པའི་ངོས་འཛིན་གནང་ཚུལ་ཡང་མཁས་པ་དག་གི་གསུང་ངག་ལས་ཐོས་མོད། ངེད་ཅག་ནི་གནང་དེའི་ཆོས་བརྒྱུད་འཛིན་པ་འཇིགས་མེད་གླིང་པའི་གསུང་ལ་མངོན་པར་བསྟོད་ནས་རྒྱལ་སྲས་ཐུགས་མཆོག་རྩལ་ཞེས་པ་དེ་ཡང་ཀློང་ཆེན་རབ་འབྱམས་པའི་གསང་མཚན་ཞིག་ལ་ངོས་བཟུང་ཞུ་རྒྱུ་ཡིན་པས་རྣམ་དཔྱོད་ལྡན་པ་དག་གིས་དཔྱད་པར་མཛད་དུ་གསོལ། བུ་བྱུང་དབང་འདུས་ཀྱིས། ༡༩༩༡ ལོའི་ཟླ་བ་ ༦ པ་ལ་ལྷ་སར་བྲིས།

 

 

དཔེ་སྐྲུན་གསལ་བཤད།

 

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་བྱ་བ་འདི་ནི་མདོ་རྒྱུད་དང་། བསྟན་བཅོས། རྒྱལ་རབས་ཆེ་ཆུང་། པདྨ་བཀའ་ཆེམས། འདྲ་འབག་ཆེན་མོ། །མདོ་སྔགས་རྣམས་ཀྱི་འགྱུར་བྱང༌། ཆོས་འབྱུང་གསར་རྙིང་ཀུན་ལས་ལེགས་པར་བཏུས་ཤིང་གསར་དུ་གོ་བདེར་བཀོད་པ་ཞིག་ཡིན་ཞིང་། སྤྱི་དོན་བཅུ་ཡོད་པ་དེ་དག་སོ་སོའི་བརྗོད་བྱའི་ནང་དོན་ཁ་གསལ་ལ་གོ་བདེ་བའི་ཁྱད་ཆོས་ལྡན་པ་དང་། ལྷག་པར་བོད་དུ་བསྒྱུར་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཁག་གི་མཚན་བྱང་དང་མཛད་པ་པོ་སུ་ཡིན་ཧ་ཅང་ཞིབ་གསལ་འཁོད་ཡོད་པ་དང་གཅིག ལོ་ཙཱ་བ་སུ་ཞིག་གིས་གནས་གང་དུ་བསྒྱུར་བའི་མཚན་བྱང་དང་བོང་ཚད་གསལ་བར་འཁོད་ཡོད་པ་དང་གཉིས། ཐེག་པ་ཆེ་ཆུང་དང་། མདོ་སྔགས། སྔ་འགྱུར་ཕྱིས་འགྱུར་སོགས་ཀྱི་ཁྱད་པར་དང་དབྱེ་མཚམས་རྒྱུ་མཚན་སོགས་གསལ་སྟོན་གནང་ཡོད་བརྒྱུད་ཚུལ་གསལ་བར་བསྟན་པ་དང་གསུམ། སློབ་དཔོན་པདྨ་འབྱུང་གནས་དང་ལོ་ཙྭ་བ་བཻ་རོ་ཙ་ནས་མཚོན་ལོ་པཎ་གྲགས་ཅན་དག་གི་ལོ་རྒྱུས་ཞིབ་ཙམ་འཁོད་པ་དང་བཞི། དེ་སྐབས་སོ་སོའི་པཌ་གྲགས་ཅན་དག་གི་ལོ་རྒྱུས་ཞིབ་ཙམ་འཁོད་པ་དང་བཞི། དེ་སྐབས་སོ་སོའི་ཆོས་སྲིད་ཀྱི་གནས་སྟངས་བཀོད་ཡོད་པ་མ་ཟད། གནད་དོན་མང་པོར་ལུང་དང་རིཊ་པ་རྣོན་པོས་དགག་བཞག་ལྷུར་ལེན་མཛད་དེ་འཁྲུལ་བྲལ་གྱི་ལྟ་བ་གསལ་ལེར་བསྟན་ཡོད་པ་དང་ལྔ་བཅས་ལོ་མས་འབྲས་སྒྲིབ་ལྟ་བུ་མ་ཡིན་པ་ལོ་རྒྱུས་ཆོས་འབྱུང་གཞན་ལས་བླ་ལྷག་ཏུ་འཕགས་པའི་ཁྱད་ཆོས་ལྡན་པ་དང་། དེ་བཞིན་སྲིད་པ་ཆགས་འཇིག་གི་སྐོར་ཡང་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་བསྟན་ཡོད་པ་སོགས་མདོར་ན་ཆོས་འབྱུང་འདི་ཉིད་དབུ་མཇུག་མཐུད་ཐུབ་པ་དང་། ནང་དོན་ཕན་ཚུན་འགལ་བ་མེད་པར་ཆ་ལག་ཚང་བའི་དགེ་མཚན་ལྡན་པ་ཞིག་ཏུ་མཆིས། ང་ཆོས་ལོ་རྒྱུས་འབྱུང་འདི་བཞིན་དཔེ་སྐྲུན་བྱེད་པའི་དགོས་པ་གཞན་ཞིག་ནི་སྐྱེ་མེད་རྡོ་རྗེའི་སློབ་མ་རྗེ་བཙུན་མ་ངག་དབང་སོགས་ཀྱིས་དེ་སྔོན་གཙང་རིན་སྤུངས་སུ་ཤིང་དཔར་རྐོ་མྱོང་ཡོད་འདུག་ཀྱང་དཔར་ཤིང་སྣུམ་བཅོས་བྱེད་ཁོམ་མ་བྱུང་གོང་དུས་ཟིང་ཡོ་ལང་གིས་རྐྱེན་པས་དཔར་ཤིང་རྣམས་རི་སྟེང་དུ་སྦས་ཁུལ་གནང་རུང་རུལ་སྐྱོན་ཕོག་པ་སོགས་ཀྱིས་གསུམ་ཆ་གཉིས་ཙམ་ཕན་མེད་དུ་སོང་ཟིན་པ་བཅས་དེང་སང་རེ་གཉིས་ཙམ་མཐོང་རྒྱུ་ཡོད་པ་ནི་དཔེ་རྒྱུན་དཀོན་པོར་གྱུར་ཟིན་པའི་མ་དཔེ་སྐྲུན་བགྱིས་པ་ལགས། ད་རེས་དཔེ་སྐྲུན་བྱས་པའི་ཆོས་འབྱུང་འདི་ཉིད་ཀྱི་མ་དཔེ་ནི་ཁམས་ཡིག་བྲིས་མ་ཞིག་འདུག་པ་དེ་ཁུངས་བཙན་པར་མངོན་སྐབས་དེ་ཉིད་ནས་གཡར་པོ་བྱུང་བར་གྲགས་པའི་མ་དཔེ་ཞིག་བོད་ལྗོངས་ཡིག་ཚགས་ལས་ཁུངས་སུ་ཡོད་པ་དེ་དང་ཞུས་དགེ་རྗེས་སྣུམ་དཔར་དུ་བཏབ་པའི་དེབ་ཅིག་འདུག་པ་དེ་དང་། འཛིམ་ཚེ་དཔག་མེད་དགོན་པར་ཡོད་པའི་སྨན་པ་པདྨ་སྐལ་བཟང་ནས་དབུ་ཅན་དུ་ལག་བྲིས་གནང་བ་གཉིས་དཔྱད་གཞིར་བཟུང་ནས་དཔེ་སྒྲིག་བྱས་པ་ཡིན། དཔེ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་མ་དཔེ་ཁམས་ཡིག་མ་དེར་བྲིས་ནོར་སོང་བའི་ཕྲད་ཀྱི་སྦྱོར་ཚུལ་དང་བརྡ་དག་འཁྲུལ་ཅན་མང་ཙམ་མཆིས་པ་རྣམས་ཡིག་ནོར་རྒྱུན་འབྱམས་མི་འབྱུང་བའི་སླད་དག་བཅོས་ཐད་ཀར་ཞུས་ཡོད། བློ་དོགས་མ་ཆོད་པ་འགའ་རང་སོར་བཞག་པའི་གཤམ་དུ་རྟགས་འདི། བཀོད་པའི་ནང་དཔྱད་གཞིའི་ཚིག་འབྲུ་བཅུག་ཡོད་པ་ནི་དག་པ་མ་དག་པར་བཟོ་ཉེས་མི་ཡོང་བའི་ཆེད་དུ་དམིགས། མ་ཕྱིའི་ནང་དུ་དེ་སྔོན་ནས་མཆན་བུ་བཏབ་ཡོད་པ་རྣམས་རྟགས་འདི། ཡི་ནང་ཡིག་ཆུང་དུ་བཀོད་ཡོད། དེ་བཞིན་ཁམས་ཡིག་བྲིས་མའི་མ་ཕྱི་དེའི་ནང་གཞུང་ཚིག་མངོན་གསལ་དུ་ཆད་པའི་དུམ་བུ་རེ་ཟུང་འདུག་པ་རྣམས་མ་དཔེ་གཞན་སལ་རྟགས་འདི། ཡི་ནང་དུ་ཁ་སྐོང་ཞུས་ཡོད་ལ་དོགས་འགའ་ཞིག་ལ་སྒྲིག་པ་པོའི་མཆན་བུ་ཐུང་དུ་རེ་བཏབ་ཡོད། དཔེ་དུས་མཚུངས་འདི་ནས་དེང་དཀར་ཆག་གི་ཀློག་པ་པོའི་ལྟ་ཀློག་གོམས་སྲོལ་དང་མཐུན་པའི་ཞིབ་ཕྲའི་དཀར་ཆག་ཞིག་གསར་དུ་བསྒྲིགས་ནས་གཞུང་ཚིག་གི་དཀྱུས་སུ་སྐབས་སྦྱར་འགོ་བརྗོད་ཆུང་དུ་རེ་བསྣན་ཡོད་པ་ནི་གཟིགས་པ་པོར་སྟབས་བདེ་ཡོང་ཐབས་ཞུས་ཁུལ་ཡིན། མཇུག་ཏུ་ད་རེས་ལག་སོན་ཐུབ་པའི་མ་དཔེ་རྣམས་བསོད་ནམས། དོན་གྲུབ་ལགས་ནས་གཡར་པོ་གནང་བྱུང་བ་དང་། འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་འགའ་ཡང་མཚམས་སྦྱོར་གནང་བྱུང་བས་གོ་སྐབས་འདི་དང་བསྟུན་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། དེ་བཞིན་རྩོམ་སྒྲིག་ཞུ་བའི་བརྒྱུད་རིམ་ནང་ཁོ་བོར་སློབ་སྟོན་གནང་མྱོང་བའི་མཁས་པ་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བུ་བྱུང་དབང་འདུས་ཀྱིས། ༡༩༩༡། ༦

 

ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་བྱ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ངོ་མཚར་བ་བཞུགས།

 

གདོད་ནས་རྣམ་དག་ཆོས་སྐུ་དེ་བཞིན་ཉིད། །བདེ་ཆེན་ལོངས་སྤྱོད་འོད་གསལ་མཆོག་གི་སྐུ། །མཚན་དཔེའི་གཟུགས་སྐུས་འགྲོ་ལ་ཆོས་སྟོན་པ། སྐུ་གསུམ་རྒྱལ་བ་སྲས་བཅས་རྒྱལ་གྱུར་ཅིག །རྒྱལ་བའི་བསྟན་པའི་དྲ་བས་གཏུམས་གྱུར་ཅིང་། །ཕྱོགས་ཞེན་རྟོག་པའི་དྲ་བས་གཏུམས་གྱུར་ཅིང་། ཤེས་རབ་དག་པའི་སྤྱན་དང་བྲལ་བ་རྣམས། །མ་རིག་ལིང་ཏོག་བསལ་གྱིས་ལེགས་པར་ལྟོས། ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་རེད་པའི་ཉི་འོད་ཅིས་བྱ་བ། མཚན་གཉིས་དང་ལྡན་པ་འདི་ལ། སྤྱི་དོན་རྣམ་པ་བཅུ་ཡི་སྒོ་ནས་སྟོན་ཏེ། གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཇི་ལྟར་གནས་ལུགས་དང་། དེ་ལས་རྒྱལ་བ་སྐུ་གསུམ་གྱི་བསྟན་པ་བྱུང་ཚུལ་དང་། བསྟན་པ་རིན་པོ་ཆེ་རྒྱ་གར་དུ་དར་ཞིང་ཞིང་རྒྱས་ཚུལ་དང་། དེ་བོད་གངས་ཅན་གྱི་ཁྲོད་དུ་ཇི་ལྟར་བསྒྱུར་ཚུལ་དང་། བསྟན་པ་རིན་པོ་ཆེ་ཇི་ཙམ་གནས་པའི་ཚད་བསྟན་པ་དང་། མཐར་བསྟན་པ་ནུབ་པའི་ཚུལ་བསྟན་པ་དང་། ཚེ་ལོའི་འཕེལ་འགྲིབ་དང་། རང་སངས་རྒྱས་ཀྱི་འབྱོན་ཚུལ་དང་། བྱམས་པ་དང་འཁོར་ལོས་བསྒྱུར་རྒྱལ་རྣམས་འབྱོན་ཚུལ་བསྟན་པ་དང་། བསྐལ་པའི་འཇིག་ཆགས་སྟོངས་གནས་ཀྱི་ཚུལ་བསྟན་པ་དང་། མ་འོངས་པའི་བསྐལ་པ་ལ་སངས་རྒྱས་ཇི་ལྟར་འབྱོན་ཚུལ་བསྟན་པ་རྣམས་སོ།།

 

 

སྤྱིན་དོན་དང་པོ། འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཇི་ལྟར་གནས་ལུགས་ཀྱི་སྐོར།

 

སྤྱི་དོན་དང་པོ།

 

སྤྱི་དོན་དང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས། རྒྱུ་ཡིས་མ་བསྐྱེད། རྐྱེན་གྱིས་མི་འཇིག་སྟེན། རྒྱུ་རྐྱེན་ལ་མ་བལྟོས་པས། རང་བྱུང་གི་ཡེ་ཤེས་ཚིག་གིས་མཚོན་པ་དང་བྲལ་བ་དེ་ཉིད། བློ་དང་རྟོག་པའི་སྤྱོད་ཡུལ་ལས་འདས་པ་ཞིག་ཡིན་ཏེ། དེ་ལྟ་བུའི་གཞི་གནས་ལུགས་སྐྱེ་བ་མེད་པའི་ཀློང་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་ལ་སངས་མ་རྒྱས་པ་ནི་གཅིག་ཀྱང་མེད་དེ། །ཀློང་ཆེན་ལས། །སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་ལ་སངས་མ་རྒྱས་པ་ནི་གཅིག་ཀྱང་མེད་དེ། །ཀློང་ཆེན་ལས། །སེམས་ཉིད་ལྔ་རུ་མངོན་སངས་རྒྱས། །ཞེས་པས། འཁོར་འདས་གཉིས་སུ་མེད་པའི་དོན། ལྷུན་གྲུབ་བདེ་བ་ཆེན་པོ་དེ་བཅོས་བསླད་ཐམས་ཅད་དང་བྲལ་བ་སྟེ། བརྒལ་ལན་ལས། གཉིས་བདེ་ཆེན་ལྷུན་གྲུབ་སངས་རྒྱས་སྟེ། །སྔར་འདས་སངས་རྒྱས་སྒམ་པོས་འདི་མ་མཛད། །སླད་ཀྱི་སེམས་ཅན་སྒྲིན་པོས་འདི་མ་བསྒྱུར། །མ་མཛད་མ་བསྒྱུར་སྙིང་པོའི་དོན་འདི་ལ། །ཞེས་པས་མངོན་ནོ། །དེ་ལྟ་གཞི་གནས་ལུགས་སྙིང་པོའི་དོན་འདི་ལ། ཆེ་བའི་ཡོན་ཏན་ཐམས་ཅད་གདོད་མ་ནས་རྫོགས་པའོ། །དེ་ཉིད་སངས་རྒྱས་ཀུན་གྱི་ཡང་མེས་ཡིན་ཞིང་སངས་རྒྱས་ཐམས་ཅད་དེ་ལས་བསྐྱེད་པར་གསུངས་ཏེ། བྱམས་སེམས་སྙིང་སྒྲོན་ལས། རང་བྱུང་སྟོན་པ་ཀུན་བཟང་རྒྱལ་བའི་ཡབ། །ཅེས་དང་། ངེས་དོན་འདུས་པའི་རྒྱུད་ལས། གང་ཡང་མེད་པའི་སྔོན་རོལ་དུ། །རང་བྱུང་ངོ་བོ་ཀུན་གྱི་གཞི། །ལུང་ལ་མ་བརྟེན་མན་མག་ཆོས། །རང་གི་རིག་པས་རང་རྟོགས་ཕྱིར། །འཁྲུལ་མ་མྱོང་ལ་རྟོགས་མ་མྱོང་། །དེ་ཚེ་འཁོར་འདས་བྱུང་བ་མེད། གཞི་ཞེས་རང་བྱུང་རིག་པ་ལས། གཞི་གནས་མ་རིག་མེད་པའི་ཕྱིར། གཞི་ཞེས་རང་བྱུང་རིག་པ་ལས། གཞི་གནས་མ་རིག་མེད་པའི་ཕྱིར། །རྐྱེན་གྱིས་སྔར་འཁྲུལ་མ་མྱོང་པས། ལུང་བསྟན་གྱིས་ནི་བསྟན་མི་དགོས། །དེ་ཕྱིར་ལུང་ལས་མ་བྱུང་ཆོས། ཡ་མཚན་རྨད་དུ་བྱུང་བི་བཀའ། །སངས་རྒྱས་ཐམས་ཅད་དེ་ལས་བསྐྱེད། །ཅེས་སོ།།

 

 

སྤྱི་དོན་གཉིས་པ། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་བྱུང་ཚུལ།

 

སྤྱི་དོན་གཉིས་པ་སྐུ་གསུམ་གྱི་བསྟན་པ་བྱུང་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །མདོར་བསྟན་པ། མདོར་བསྟན་པ་ནི། གནས་ལུགས་ཇི་བཞིན་པའི་ངོ་བོ་དེ་ཉིད། ཞིང་ཁམས་དང་སྟོན་པ་རུ་སྣང་ནས་འགྲོ་བའི་དོན་མཛད་ཚུལ་ནི། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་གནས་ལུགས་དེ་ལྟར་མ་རྟོགས་ཏེ། མ་རིག་པ་རྣམ་གཉིས་ཀྱིས་འཁྲུལ་པའི་དབང་གིས་ལས་དང་ཉོན་མོངས་པའི་རྒྱུ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་གྱི་བྱེ་བྲག་སྣ་ཚོགས་པ་ཉམས་སུ་མྱོང་ཞིང་། ཉམས་ཐག་པ་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་ཤིང་། གཟིགས་ནས་ཀྱང་མས་བུ་གཅིག་པ་ལ་བརྩེ་བ་ལྟ་བུས། ཐུགས་རྗེ་ཆེན་པོའི་སྒོ་ནས། རྟེན་སྐུ་བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་དང་བཅས་པས་སེམས་ཅན་གྱི་དོན་མཛད་ཚུལ་ནི། མདོ་རྒྱུད་ལས། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་བྱའི་ཕྱིར། །བདེ་གཤེགས་ཐུགས་རྗེ་ཆེ་ལ་ཐབས་མཁས་པས། །ཐེག་པ་རིམ་དགུ་སྐུ་གསུམ་སོ་སོར་གསུངས། །ཆོས་སྐུ་ཀུན་བཟང་ཆོས་དབྱིངས་ཕོ་བྲང་དུ། །སྤྲོས་པ་མེད་དེ་དུས་གསུམ་བདེ་གཤེགས་ལ། ནང་རྒྱུད་སྡེ་གསུམ་བྱིན་གྱིས་བརླབས་ཏེ་བཤད། །ཅེས་དང་། དགོངས་པ་འདུས་པ་ལས། བདེ་གཤེགས་ཡེ་ཤེས་ཐུགས་རྗེས་འདུལ་བ་སྟེ། དགོངས་པ་འདུས་པ་ལས། བདེ་གཤེགས་ཡེ་ཤེས་ཐུགས་རྗེས་འདུལ་བ་སྟེ། །སྐུ་གསུམ་སྨོན་ལམ་སོ་སོར་ཁྱབ་པ་ལས། །རྒྱལ་བའི་ཞིང་ཁམས་གསུམ་དུ་གྲུབ་པ་ལ། །ཆོས་སྐུའི་ཞིང་ཁམས་ནམ་མཁའི་མཐའ་དང་མཉམ། །ཞིང་ཁམས་མཚན་ནི་ཁྱབ་གདལ་ཆེན་པོ་སྟེ། །སྟོན་པའི་མཚན་ནི་ཀུན་ཏུ་བཟང་པོ་ཡིས། །སྤྲོས་མེད་སྐུ་དང་ནང་རྒྱུད་གསུམ་གྱིས་འདུལ། །ཞེས་གསུངས་པ་དང་། ཡང་རྒྱུད་ལས། ལོངས་སྐུ་རྣམ་སྣང་འོག་མིན་ཕོ་བྲང་དུ། །རྒྱལ་པོ་ལྟར་ཏེ་བྱང་ཆུབ་སེམས་དཔའ་ལ། །ཀྲྀ་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ། །ཕྱི་རྒྱུད་སྡེ་གསུམ་སྐུ་ཡི་བརྡ་ཡིས་བཤད། །ཅེས་པ་དང་། ཕལ་པོ་ཆེ་ལས། ལོངས་སྐུའི་ཞིང་ཁམས་སྟོང་གསུམ་བྱེ་བྲག་བརྒྱ། །ཞིང་དེའི་མཚན་ནི་གཞི་སྙིང་མེ་ཏོག་རྒྱན། །སྟོན་པའི་མཚན་ནི་རྣམ་པར་སྣང་མཛད་ཀྱིས། །རྒྱལ་བའི་སྐུ་དང་ཕྱི་རྒྱུད་གསུམ་གྱིས་འདུལ། །ཞེས་དང་། ཡང་རྒྱུད་ལས། སྤྲུལ་སྐུ་ཤཱཀ་ཐུབ་ལྷོ་ཡི་འཛམ་གླིང་དུ། །ཉན་ཐོས་ལྟར་ཏེ་སྣང་ཚོགས་གང་ཟག་ལ། །འདུལ་བ་མདོ་སྡེ་མངོན་པ་རྣམ་པ་གསུམ། །མཚན་ཉིད་སྡེ་གསུམ་གསུང་གིས་སྦྱངས་ཏེ་བཤད། ཅེས་དང་། རྒྱ་ཆེ་རོལ་པ་ལས། སྤྲུལ་སྐུའི་ཞིང་ཁམས་གླིང་བཞི་བྱེ་བྲག་བརྒྱ། །ཞིང་ཁམས་མཚན་ནི་མི་མཇེད་འཇིག་རྟེན་ཁམས། །སྟོན་པའི་མཚན་ནི་ཤཱཀྱ་ཐུབ་པ་ཡིས། །ཉན་ཐོས་སྐུ་དང་མཚན་ཉིད་གསུང་གིས་འདུལ། །ཞེས་སོགས་གསུངས་པའོ།། རྒྱས་པར་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའོ། །དང་པོ་ཆོས་སྐུ་བསྟན་པ། ཆོས་སྐུ་ལ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པའོ། །གནས་ཕུན་སུམ་ཚོགས་པ། དང་པོ་གནས་སམ་ཞིང་ཁམས་ནི། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་དང་། བཤད་རྒྱུད་ལས། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས། །མཐའ་དང་དབུས་མེད་གནས་ཀྱི་མཆོག །སྤྲོས་མེད་གནས་ཀྱིས་ཀུན་ལ་ཁྱབ། །ཀུན་བཟང་ཆོས་སྐུའི་གནས་ཆེན་པོ། །ཞེས་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་འོན་མིན་ཡིན་ཏེ། ཡེ་ཤེས་བླ་ན་མེད་པའི་རྒྱུད་ལས། སེམས་ཉིད་བདེ་སྟོང་ལྷན་ཅིག་སྐྱེས། །འོག་མིན་གཙང་མའི་གནས་མཆོག་གོ །ཞེས་གསུངས་པས། དགུལ་བྱའི་དོན་སྣང་བའི་སྟོན་པ་གསུམ་ལས། སྐྱེ་བ་མེད་པའི་ཆོས་ཀྱི་སྐུའི་བཞུགས་གནས། དོན་གྱི་འོག་མིན་ཡིན་པ་འདི་ལྟ་སྟེ། དོན་གང་གི་ཡང་འོག་ཏུ་མ་གྱུར་པས་འོག་མིན་ཏེ་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་། མུ་མཐའ་མེད་པའི་བྱིངས་ཀུན་ཏུ་བཟང་པོ། རྟེན་དང་བརྟེན་ཅན་ཐ་མི་དད་པར་བཞུགས་པའི་ཕོ་བྲང་སྟེ། མ་ནོར་ཞིང་མི་བསླུ་བས་ཡང་དག་པ་ཆོས་དབྱིངས་དོན་གྱི་འོག་མིན་ཞེས་བྱའོ། །ཞིང་ཁམས་ནི་ཀུན་བྱེད་ལས། སྟོན་པོ་ཆོས་སྐུས་འདུལ་བའི་ཞིང་ཁམས་ནི། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཡིས་ཀླས་པ་དང་། །ནམ་མཁའི་ཁམས་ཀྱིས་ཇི་ལྟར་ཁྱབ་པ་དེ། །ཆོས་ཀྱི་སྐུ་ཡིས་འདུལ་བའི་ཁམས་ཡིན། །ཞེས་གསུངས་པས། ནམ་མཁའི་མཐའ་ཁྱབ་ཚད་དེ། སྟོན་པ་ཆོས་སྐུས་གདུལ་བའི་ཞིང་ཁམས་འདི་ཚོད་ཅིག་ཡིན་ཞེས་ཚད་བཟུང་དུ་མེད་དེ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཆོས་ཀྱི་སྐུའི་ཞིང་ཁམས་དེ་ཡི་ཚད་དམ་གྲངས་མདོ་ཙམ་ཞིག་བརྗོད་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཏིལ་གྱི་འབྲས་བུས་ཕྱུར་བུར་བཀང་སྟེ། དེ་ནས་ཏིལ་འབྲུ་རེ་རེ་ཕྱུང་ཞིང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རེ་རེའི་སྟེང་དུ། ཏིལ་འབྲུག་རེ་རེ་བཞག་པས། ཏིལ་འབྲུས་སྟོང་གསུམ་གང་བ་དེ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་དུ་ཟད་པར་འགྱུར་བ་དེ་བཞིན་དུ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་། ཏིལ་འབྲུ་དེ་བཞིན་དུ་ཟད་པར་གྱུར་པ་དེ། སྟོང་ཆེན་པོ་རབ་འབྱམས་ཀྱི་སངས་རྒྱ་ཀྱི་ཞིང་ཞེས་བྱ་སྟེ། ཆོས་ཀྱི་སྐུས་འདུལ་བའི་ཞིང་ཁམས་སོ། །སྟོན་པ་ཕུན་སུམ་ཚོགས་པ། གཉིས་པ་སྟོན་པ་ཆོས་ཀྱི་སྐུ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དབྱིངས་དང་། ཡེ་ཤེས་དབྱེར་མེད་པ་ལ་བྱའོ། ། དེའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་་རྟེན་བྱེད་པའི་ཕྱིར་ན། སྐུ་ཞེས་བྱ་སྟེ། ཀུན་བྱེད་ལས། ཆོས་ཀྱི་སྐུ་ཡི་རང་བཞིན་བསྟན་པ་ནི། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་ལས། །ཞེས་པ་དང་། ཡང་དེ་ཉིད་ལས། མི་རྟོག་མཉམ་པ་ཉིད་དུ་གནས་པ་དེ། སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། །ཞེས་པ་དང་། ཡང་དེ་ཉིད་ཀྱི་ལེའུ་བཅོ་ལྔ་པ་ལས། སངས་རྒྱས་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །ཅེས་དང་། མདོ་བཅུ་ལས། ཀུན་བཟང་རྒྱལ་བ་མཆོག་གི་ལྷ། །བྱ་ཆུབ་མཆོག་གི་སྙིང་པོ་ཡིན། །ཀུན་གྱི་སྟོན་པ་བྱང་ཆུབ་སེམས། །ཞེས་དང་། རང་བཞིན་དོན་གྱི་སྟོན་པ་ཀུན་ཏུ་བཟང་པོ་ནི། གདུལ་བྱའི་ངོ་བོར་སྣང་བའི་ཀུན་ཏུ་བཟང་པོ་ནི། སངས་རྒྱས་སྤྱིའི་གཟུགས་ཅན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་སྟེ། གཞི་རང་བཞིན་གྱི་རྣམ་པར་དག་པ་དང་། སྤང་བྱ་གློ་བུར་གྱི་དྲི་མ་རྣམ་པར་དག་པ་སྟེ། དག་པ་གཉིས་ལྡན་དེ་ཆོས་ཀྱི་སྐུའི་མཚན་ཉིད་དོ། །འཁོར་ཕུན་སུམ་ཚོགས་པ། གསུམ་པ་འཁོར་ནི། ཀུན་བྱེད་ལས། སྟོན་པ་ཆོས་ཀྱི་སྐུ་ཡི་འཁོར་བསྟན་པ། །ང་ཡིས་པའ་འཁོར་རྣམས་ཐམས་ཅད་ཀུན། །ང་ཡི་རང་བཞིན་ཆོས་སྐུའི་འཁོར་ཡིན་པས། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྟོན་པ་ཆོས་སྐུའི་འཁོར་དུ་མ་འདུས་མེད། །ཅེས་པས། སྟོན་པ་ཆོས་སྐུའི་འཁོར་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། ཁམས་གསུམ་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་ཡིན་ཏེ། མདོ་བཅུ་ལས། སྟོན་པ་ཆོས་སྐུའི་འཁོར་བསྟན་པ། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་ལ། །འབྲེལ་པ་ཕུན་སུམ་ཚོགས་པར་བཤད། །ཅེས་པས་རག་བཞིན་དོན་གྱི་འཁོར་རང་བྱུང་ཡེ་ཤེས་རིལ་པ་སྣང་བ་སྣ་ཚོགས་སུ་ཤར་བ་ཉིད་ལས་མི་ཞན་པའོ། །གདུལ་བྱའི་ངོར་སྣང་བའི་འཁོར་ནི། གཞི་ལམ་འབྲས་བུའི་འཁོར་རྣམ་པ་གསུམ་མོ་ཞེས་སོ། །བསྟནཔ་ཕུན་སུམ་ཚོགས་པ། བཞི་པ་བསྟན་པ་ནི། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་བསྟན་པ་འདི་ལྟ་སྟེ། གསང་བ་བསྐྱེད་དང་གསང་བ་རྫོགས་པ་དང་། གསང་བ་རྫོགས་པ་ཆེན་པོའི་རང་བཞིན་གསུམ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་གསང་བར་བཤད། །ཅེས་གསུངས་པས། དོན་གྱི་བསྟནཔ་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་མ་བཅོས་པའི་དོན་རང་ཤར་བ་ལས། གཞན་བཤད་པ་མེད་ཀྱང་། གདུལ་བྱའི་ངོར་བྱུང་བ་ནི། མ་ཧཱ་ཡོ་ག་ཐབས་ཕའི་རྒྱུད། ཨ་ནུ་ཡོ་ག་ཤེས་རབ་མའི་རྒྱུད། ཨ་ཏི་ཡོ་ག་དབྱེར་མེད་ཀྱི་རྒྱུད་དང་། ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་གསུམ་དུ་གྲགས་པ་ནི་ཆོས་ཆོས་སྐུའི་བསྟན་པའོ། །བསྟན་པ་དེ་གསུམ་ཆོས་སྐུས་ཇི་ལྟར་བཤད་ན། འདུན་མདོ་ནས། ཆོས་སྐུའི་བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། །རང་བཞི་ཆོས་དབྱིངས་གཞལ་ཡས་ནས། །སྟོན་པ་ཀུན་ཏུ་བཟང་པོ་ནི། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེས། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་བརླབས་ནས། །རྡོ་རྗེ་སེམས་པའི་ཐུགས་ལ་བརྒྱུད། །བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱ། །ཞེས་པ་དང་། བང་མཛོད་ལས། ཆོས་ཀྱི་སྐུ་ཡི་བཤད་ལུགས་ནི། །ངེས་པའི་དོན་ལ་དགོངས་ནས་ནི། །མི་རྟོག་ཐུགས་ཀྱི་སྒོ་ནས་ནི། །བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིན། ཞེས་པ་དང་། གསང་བ་སྙིང་པོ་ལས། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཡེ་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་བྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། གསལ་ཉིད་གསུང་གི་རྡོ་རྗེ་མཆོག །དེ་བཞིན་གསུང་གི་འགྲོ་དོན་རྣམས། དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་གསུངས་པས། ཇི་ལྟར་སྒྲའམ་བརྡའི་སྒོ་ནས་གསུང་རབ་ཀྱི་དོན་ཀུན་ཚིག་ཡུ་བརྗོད་པ་ཐམས་ཅད་ཀྱང་བསྡུ་ན་གསུང་གི་རྣམ་གྲངས་ལྔའམ་དྲུག་ཏུ་འདུས་ཏེ། དེ་བཞིན་ཉིད་ཀྱི་དོན་བརྗོད་དུ་མེད་པའི་ཕྱིར། ཚིག་ཡུ་གསུངས་པ་མེད་པ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །དེ་ཉིད་མཚོན་བྱེད་ཀྱི་ཡི་གེ་མེད་པ་དང་། ལྗགས་ཀྱི་རྩེ་མོར་སྒྲ་ཚོག་ཏུ་མ་བྱུང་ཡང་། བརྡ་དོན་འཇལ་བར་བྱེད་པས་ན་ལོངས་སྐུ་དགོངས་པ་བརྡ་ཡི་གསུང་ངོ་། །དེ་ཉིད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་རིག་པ་ཡེ་ཤེས་ཀྱི་གསུང་དེ་ནི་སྤྲོས་པ་དང་བྲལ་ཡང་། བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེས་ཆོས་ཐམས་ཅད་དང་སྒྲ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་ཅིར་ཡང་མི་འགག་པ་ནི་རིག་པ་བྱིན་གྱིས་བརླབས་ཀྱི་གསུང་ངོ་། །འགྲོ་དོན་སྣ་ཚོགས་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་བརྡའི་དོན་དུས་གཅིག་ཏུ་གསལ་བར་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ངོ་། །གསུང་ལྔ་ཡང་མ་འགག་པར་གསལ་བའི་དུས་ཉིད་ནའང་རང་བཞིན་ལས་གཡོས་པ་མེད་པར་གསུང་གི་མཆོག་དེ་ནི་དབྱེར་མེད་པ་རྡོ་རྗེའི་གསུང་ངོ་། །དེ་བཞིན་ཚིག་ཏུ་མ་བརྗོད་པར་གསལ་བར་གོ་བ་ལ་སོགས་པའི་གསུང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྣམས་ཀྱང་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་པར་སྒྲའི་ཕྱེ་བྲག་ཐ་དད་པ་སྣ་ཚོགས་སུ་གྲགས་ཀྱང་དཔེར་ན་བྲག་གིས་མ་སྨྲས་བཞིན་དུ་བྲག་ཆའི་སྒྲ་སྐ་གོ་བ་ལ་སོགས་པ་ངག་གིས་ཇི་ལྟ་བརྗོད་པ་ལྟར་འབྱུང་བ་བཞིན་ནོ། །ཞེས་གསུང་གི་རྣམ་གྲངས་ལྔ་བྱུང་ཡང་། འདིར་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་དང་། བྱིན་གྱིས་བརླབས་ཀྱི་གསུང་དང་། རྡོ་རྗེའི་གསུང་དུ་ངོས་བཟུང་ན་འཐད་པར་སེམས་སོ། །དུས་ཕུན་སུམ་ཚོགས་པ། ལྔ་པ་ཆོས་སྐུས་འདུལ་བའི་དུས་ནི། སྔ་མ་དང་། ཕྱི་མ་དང་། ད་ལྟར་གསུམ་བྱ་བ་མེད་དེ་དུས་གསུམ་དུ་སྟོན་པར་མཛད་པ་ལས། དེ་ཡང་མདོ་བཅུ་ལས། སྔ་མ་ཕྱི་མ་ད་ལྟར་གསུམ། །ཁྱད་པར་མེད་པ་དོན་འདིས་བསྟན། །དུས་གསུམ་མེད་དེ་ཁྱད་པར་གཅིག །ཀུན་བཟང་ཡེ་ཤེས་མཆོག་ཐུགས་ལ། །སྔ་མ་མི་འགག་ཕྱི་མི་འགྲིབ། །ཅེས་པས། དོན་གྱི་དུས། དུས་གསུམ་རིགས་མེད་ཡིན་གྱི། གདུལ་བྱ་ལ་སྣང་བའི་དུས་ནི། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་དུས་སོ། །སྡུད་པ་པོ་ནི། དོན་གྱི་སྡུད་པ་པོའོ། །རང་རིག་ཡེ་ཤེས་ཆོས་སྐུར་ཆོས་རྣམས་ངང་གིས་བསྡུ་བའོ། །གདུལ་བྱ་ལ་སྣང་བ་ནི། སེམས་དཔའ་རྡོ་རྗེ་དང་། དགའ་རབ་རྡོ་རྗེ་ལ་སོགས་ཏེ། དེ་ཡང་བསྟན་པ་དེ་དག་སེམས་དཔའ་རྡོ་རྗེས་བསྡུས་ཏེ། དོན་མངོན་པར་རྟོགས་པའི་རིམ་པ་བློ་ལ་སྣང་བར་བྱས་ནི་དོན་གྱི་སྡུད་པ་པོ་ཡིན་ལ། དེ་ཉིད་དགའ་རབ་རྡོ་རྗེས་ཚིག་དང་ཡི་གེར་བཏབ་སྟེ། པོ་ཏི་དང་གླེགས་བམ་དུ་བྲིས་ཏེ་ལེགས་པར་བཀོད་པ་ནི་ཚིག་བསྡུད་པ་པོའོ། །གཉིས་པ་ལོངས་སྐུ་བསྟན་པ། གཉིས་པ་ལོངས་སྐུའི་བསྟན་པ་ལ་ཡང་། ཕུན་སུམ་ཚོགས་པ་ལྔའམ། ངེས་པ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པའོ། །གནས་ཕུན་སུམ་ཚོགས་པ། དང་པོ་གནས་སམ་ཞིང་ཁམས་ནི། ཕལ་པོ་ཆེ་ལས། སྤྱིར་ཡང་ཆོས་རྣམས་མ་བྱུང་མ་སྐྱེས་ཏེ། །ཆིས་ཉིད་ནམ་མཁའ་སྟོང་པའི་ཁམས་དང་མཚུངས། །ཆོས་ཉིད་རྣམས་པར་དག་པའི་ངང་ཉིད་ལས། །ཆོས་ཅན་རྟེན་ཅིང་འབྲེལ་བའི་མཚན་ཉིད་ནི། །སྒྱུ་མ་ལྟ་བུ་བསམ་གྱིས་མི་ཁྱབ་པ། བདེ་བར་གཤེགས་པའི་ཐུགས་རྗེའི་བྱིན་རླབས་དང་། །སེམས་ཅན་རྣམས་ཀྱི་སྤྱི་མཐུན་ལས་དབང་གིས། གདུལ་བྱ་གཉེན་པོའི་ཚུལ་དུ་བྱུང་བ་ནི། །ཕྱི་ནང་སྣོད་བཅུད་རྣམ་པ་གཉིས་སུ་བྱུང་། །དེ་ཡང་དག་དང་མ་དག་གཉིས་སུ་སྣང་། །དེ་ལ་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཁམས། །རྒྱ་ཆེ་གྲངས་མང་མཐའ་ཡས་བསམ་མི་ཁྱབ། །བརྗོད་ཀྱིས་མི་ལངས་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་པས། དག་པའི་སྲིད་པ་ལོངས་སྤྱོད་རྫོགས་སྐུའི་གནས་བསྟན་པ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་པ། གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། གཞལ་ཡང་ཁང་དེ་གནས་ཀྱི་འོག་མིན་བཤད། །ཅེས་དང་། བཤད་རྒྱུད་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་གནས་བསྟན་པ། །འོག་མིན་འོག་མིན་གནས་འོག་མིན། །རིན་ཆེན་གཞལ་ཡས་བཀོད་པ་ན། །རིན་ཆེན་ཁང་བུ་བརྩེགས་གནས་སོ། །ཞེས་པས། སྤྱིར་འོག་མིན་ཞེས་བྱ་བ་ནི། གོང་གང་གིས་ཀྱང་མ་ཆོད་པ་ཞིག་ལ་བྱ་སྟེ། བྱེ་བྲག་ཏུ་དབྱེ་ན། འོག་མིན་ལ་རྣམ་གྲངས་བདུན་ནམ་གསུམ་དུ་གསུངས་ཏེ། དང་པོ། རང་རིག་པའི་གོང་གང་གིས་ཀྱང་མ་ཆོད་པ་ནི་རིག་པའི་འོག་མིན། གཉིས་པ། དོན་ཆོས་ཉིད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་དོན་གྱི་འོག་མིན། གསུམ་པ། ལྟ་རྟོག་དབྱེར་མེད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་རྟོགས་པའི་འོག་མིན། བཞི་པ། ཡུལ་གྱི་མཁའི་བདེ་བ་གོང་གང་གིས་ཀྱང་མ་ཆོད་པ་ནི་གསང་བའི་འོག་མིན། ལྔ་པ། ཡོད་མིན་མེད་མིན་སྐྱེ་མཆེད་ནི་གྲངས་ཀྱི་འོག་མིན། དྲུག་པ། གཟུགས་ཁམས་ཀྱི་རྩེ་མོ་ནི། འཇིག་རྟེན་གནས་ཀྱི་འོག་མིན། བདུན་པ། ལོངས་སྤྱོད་ཆེན་པོའི་འོག་མིན་དང་བཅས་བདུན་ནོ། །ཡང་འོག་མིན་གསུམ་དུ་གསུངས་པ་ནི། དོན་གྱི་འོག་མིན། རྟགས་ཀྱི་འོག་མིན། འོག་མིན་ཆེན་པོའོ། །དོན་གྱི་འོག་མིན་ནི། ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ། བློའི་སྤྱོད་ཡུལ་ལས་འདས་པ་སྟེ། སྤྱིར་ཀུན་ལ་ཁྱབ་ཀྱང་ཆོས་སྐུའི་གནས་སོ། །རྟད་ས་ཀྱི་འོག་མིན་ནི། གནས་ཀྱི་འོག་མིན་ཡིན་ཏེ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བཞུགས་པའི་གནས་ཡིན་ཏེ། འཇིག་རྟེན་གྱི་ཁམས་འདི་བས་གཙང་མ་རིགས་ཀྱི་འོག་མིན་ཇི་ཙམ་དཔགས་སམ་གྲངས་སམ། ཡོན་ཏན་ཉིས་འགྱུར་གྱི་དཔགས་པའི་སྟེང་ན། གནས་ཀྱི་འོག་མིན་ཞེས་བྱ་སྟེ། ལང་ཀར་གཤེགས་པ་ལས། རིན་ཆེན་སྣ་ཚོད་ས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཡང་དག་རྫོགས་སངས་དེར་སངས་རྒྱས། སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་པས། དེ་ལྟ་བུའི་འོག་མིན་ནི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བཞུགས་པའི་གནས་ཡིན་ཏེ། རིང་བའི་རྒྱུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་ལམ་གྱི་མཐུ་ལས་གྲུབ་པ། ཉེ་བའི་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་པ། ཀ་བ་བྱེ་བ་བདུན་འབུམ་དགུ་ཁྲིས་བཏེགས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས་པའི་གནས་སོ། །ཞིང་དེ་ཡང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མ་ཚང་བ་མེད་པ། སྐྱོན་གྱི་རྣམ་པ་ཐམས་ཅད་མ་སྤངས་པ་མེད་པ། མདོར་ན་སྣོད་ལ་ཆགས་འཇིག་མེད་ཅིང་། བཅུད་ལ་སྐྱེ་འཆི་མེད་པས་སངས་རྒྱས་ཀྱི་དེ་ལ་དག་པའི་སྲིད་པ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུས་གདུལ་བའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་བརྒྱན་པ་ཞེས་བྱ་བ་དེ་ལ། གནས་ལུགས་སམ། རྒྱའི་གྲངས་ཇི་ཙམ་ཞིག་ཡོད་ཅེ་ན། མདོ་ཁལ་པོ་ཆེའི་ལེའུ་ལྔ་པ་ལས། ཀྱི་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་བརྒྱན་པ་འདི་ཡང་། རྒྱུ་རིན་པོ་ཆེ་སྣ་ཚོཊ་ཀྱི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་ཇེ་སྙེད་ཀྱིས་ཡོངས་སུ་བཟུང་སྟེ། རླུང་གི་དཀྱིལ་འཁོར་ཀུན་གྱི་འོག་ཐག་མ་ནི་གཞི་སྙིང་ཀུན་ཏུ་སྟོན་པ་ཞེས་བྱའོ། །སྟེ་ཐག་མ་ནི་གཟི་བརྗིད་དཔལ་གྱི་སྙིང་པོ་ཞེས་བྱ་བའི་པདྨ་ཆེན་པོ་ཞིག་བྱུང་། པདྨ་དེ་ཡི་སྟེང་ན་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་སྟེ། ཕྱི་ཡི་ལྕགས་རི་གྲུ་བཞི་ཆེན་པོ་གཅིག་གིས་བསྐོར་བའི་ནང་ན། གླིང་བཞི་རི་རབ་རྒྱ་མཚོ་དང་བཅས་པ་རི་རབ་ཀྱི་རྡུལ་ཕྲ་རབ་ཇི་སྙེད་ཅིག་ཡོད་པའི་གྲངས་དང་མཉམ་པ་ཡོད་དེ། འདི་སྐད་དུ། དེ་སྟེང་རྡུལ་ཕྲན་སངས་རྒྱས་སྙེད་པ་ཡང་། །འཇིག་རྟེན་རྡུལ་སྙེད་གྲུབ་པ་དེ་ཡི་ཚུལ། །ཡས་མས་འཕངས་སུ་རྒྱ་དེབ་བརྩེགས་པ་འདྲ། །ཕན་ཚུན་རྒྱ་ནི་ཟ་འོག་བེར་ཁྱིམ་འདྲ། །ཀུན་ནས་གྲུབ་བཞི་དག་ཤིན་ཏུ་མཛེས། །ཕན་ཚུན་རྒྱ་ནི་ཟ་འོག་བེར་ཁྱིམ་འདྲ། །ཀུན་ནས་གྲུབ་བཞི་རྣམ་དག་ཤིན་ཏུ་མཛེས། །རིན་ཆེན་ནོར་བུའི་རྒྱལ་སལ་གྲུབ་པ་ཡིས། །སྲ་བརྟན་མི་ཤིགས་རྡོ་རྗེའི་རཱ་བས་བསྐོར། །རྣམ་སྣང་གངས་ཆེན་མཚོ་ཡི་ཞིང་ཁམས་ལགས། །ཞེས་པ་དང་ཀྱི་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་དེའི་འདབ་ཆགས་པ་ན། འཇིག་རྟེན་གྱི་ཁམས་འདི་སྐད་ཅེས་བྱ་བ་ཡོད་དེ། དེ་ཡི་ཡང་འདབ་ཆགས་ན་འདི་སྐད་ཅེས་བྱ་བ་ཡོད་དེ། དེ་ཡི་འདབ་ཆགས་ན་འདི་སྐད་ཅེས་བྱ་བའང་ཡོད་དོ། །ཞེས་ལེའུ་བརྒྱད་པ་ལས་གསུངས་པ་ལྟར་ཡིན་ནོ། །ཡང་ཕལ་པོ་ཆེའི་ལེའུ་དགུ་པ་ལས། དེ་ལྟར་རྒྱལ་བའི་ཞིང་ཁམས་བསམ་ཡས་ཀྱང་། །དེ་དག་ཀུན་གྱི་དབུས་ན་གནས་པ་ནི། །ཟེ་བ་ཡིད་དུ་འོང་བའི་འཇིག་རྟེན་ཁམས། །འོད་ཟེར་མཐའ་ཡས་བྱ་བའི་འཇིག་རྟེན་ན། །ནོར་བུའི་རྒྱལ་མཚན་བྱང་ཆུབ་སེམས་པའི་ལུས། གཞི་སྙིང་སྤོས་དང་ནོར་བུའི་རྒྱལ་པོ་ཡིས། །བརྒྱན་པའི་རྒྱན་ཞེས་བྱ་བའི་པདྨ་བྱུང་། པདྨ་དེ་ཡི་སྟེང་ན་འཇིག་རྟེན་ཁམས། །ཕྱོགས་བཅུ་ཀུན་ནས་རིན་ཆེན་འབར་བའི་འོད། །སྣང་བ་ཅན་ཞེས་བྱ་བའི་འཇིག་རྟེན་ལ། །རིན་ཆེན་ཀུན་འབར་བའི་འོད། །སྣང་བ་ཅན་ཞེས་བྱ་བའི་འཇིག་རྟེན་ལ། །རིན་ཆེན་ཀུན་གྱིས་མཛེས་པའི་རྒྱན་དུ་སྤྲས། །ཕྱོགས་བཅུ་བརྗོད་དུ་མེད་པའི་ཞིང་གིས་བསྐོར། །དེ་རྣམས་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཡིན། །ཞེས་གསུངས་པས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་དེ་ཉིད། ལོངས་སྤྱོད་རྫོགས་པའི་སྐུས་གདུལ་བའི་ཞིང་ཁམས་ཏེ། དེ་ཡང་གླིང་བཞི་ཉི་ཟླ་རི་རབ་དང་འབྱམས་ཀྱི་མཚམས་སྦྱོར་གཅིག དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག །དེ་བྱེ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་བཀོད་པ་སྟེ། ལོངས་སྐུ་ཉག་གཅིག་གིས་འདུལ་བའི་ཞིང་ཁམས་ཀྱི་ཚད་དོ། །འོག་མིན་ཆེན་པོ་ནི། དེ་གཉིས་ཐ་དད་མེད་པའི་སེམས་ཉིད། རང་བྱུང་གི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན། གདུལ་བྱ་སུ་ཡི་ཡང་བློའི་ཉམས་འོག་མ་ཚུད་པ་དེའོ། །དེ་ཀ་ལ་འོག་མིན་གྱི་གནས་ཞེས་ཀྱང་བྱ་སྟེ། དོན་དེ་ཡོན་ཏན་གྱིས་མངོན་པར་མཐོ་སྟེ། མཚན་མའི་མཐའ་གང་གི་ཡང་འོག་ཏུ་མ་གྱུར་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་རྣམས། རྟེན་དང་བརྟེན་ཅན་དབྱེར་མེད་པའི་ཚུལ་གྱིས་བཞུགས་པའི་ཕྱིར་རོ། །དེ་ནི་ངེས་པ་ལྔ་དང་སྦྱར་ན་གནས་ངེས་པ་འོག་མིན་གྱི་གནས་སོ། །སྟོན་པ་ཕུན་སུམ་ཚོགས་པ། གཉིས་པ་སྟོན་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ། སོ་སོར་རྟོག་པའི་ཡེ་ཤེ་དང་ཉོན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འཁོར་ན་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྟེ། དེ་ལའང་གཉིས་ཏེ། ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེའོ། །ཐུན་མོང་གི་མཚན་དཔེ། དང་པོ་ཐུན་མོང་གི་མཚན་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡང་སྐུ་ཚེ་དྲང་། ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ན་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱཱ་གྲོ་དྷ་ལྟར་ཆུ་ཞེང་གབ། གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྦྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། ཞེས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་། དེ་ཉིད་ལས། ཐུབ་པའི་སོན་མོ་ཟང་མདོག་དང་། །མདོག་སྣུམ་མཐོ་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། གཙང་དང་འཇམ་དག་དག་པའི་སྐུ། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། གཟིགས་པ་དྲི་མེད་དག་པ་དང་། །སྐུ་ཟླུམ་སྐབས་ཕྱིན་མ་སྙོངས་དང་། །ཕྱ་ལེ་བ་དང་ལྟོ་བ་དག །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྷ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་རིང་མདངས་ཡོད་ཟབ་རིང་དང་། །ཞ་ནི་ཧ་ཅང་མི་རིང་པ་དང་། །མཆུ་ནི་བིམ་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། གསུང་སྙན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་དང་། ཉམས་པ་རྣམ་པར་ཡངས་པ་དང་། །དཔྲལ་བ་ལེགས་པར་དབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་བེའུ་དང་ནི་བཀྲ་ཤིས་ནི། གཡུང་དྲུང་འཁྱིལ་བས་བརྒྱན་པ་རྣམས། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ཅེས་སོ། །འདི་རྣམས་ལ་ཐུན་མོང་གི་མཚན་དཔེར་འཇོན་པའི་རྒྱུ་མཚན་ནི། སྟོན་པ་སྤྲུལ་པའི་སྐུ་དང་། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཡང་ཡོད་ལ། ཐ་མལ་པའི་སེམས་ཅན་རྣམས་ལའང་སྣ་རེ་ཙམ་ཡོད་པའི་ཕྱིར་རོ། ། ཐུན་མོང་མ་ཡིན་པའི་མཚན་དཔེ། ཐུན་མོང་མ་ཡིན་པའི་མཚན་དཔེ་ནི་གསུམ་སྟེ། ཕྱི་ཡི་མཚན་དཔེ་ནི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་སྣང་ཆ་ལས་སེམས་དཔའ་བཅུ་དྲུག་སྟེ་དབྱིངས་དང་། རྣམ་པར་དག་པ་ཤེས་རབ་ཀྱི་སྣང་ཆ་ལས་སེམས་མ་བཅུ་དྲུག་སྟེ། དེ་ལྟར་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་སེམས་དཔའ་བརྒྱད། སེམས་མ་བརྒྱད་དེ། བཅུ་དྲུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྒྱུ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་ཡིན་ལ། འདིར་འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་བཅུ་དྲུག་ཡུམ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་འབྲས་བུའི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་པོ་རེ་རེ་ལའང་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་ལྷ་བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ཡང་སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་ཀུན་ནས་རྒྱས་པའོ། །ཞེས་དང་། གསང་སྙིང་གི་ལེའུ་དྲུག་པ་ལས། མཚན་དཔེ་བྱད་ཐམས་ཅད་རྫོགས། གསང་སྙིང་གི་ལེའུ་དྲུག་པ་ལས། །ཞེས་གསུངས་པས་སོ། །འོ་ན་དེ་ལྟར་སེམས་དཔའ་སེམས་མ་སུམ་ཅུ་རྩ་གཉིས་པོ་དེ་འཁོར་དུ་འདུག་པ་ལ། རྒྱན་དུ་ཅིར་འགྱུར་ཞེ་ན། རྒྱན་གྱི་དོན་ནི་མཛེས་པར་བྱེད་པ་ཡིན་ལ། འདིར་ལོངས་སྤྱོད་རྫོགས་པའི་སྐུ་མཛེས་པར་བྱེད་པ་སེམས་དཔའ་སེམས་མ། དེ་མཛེས་པར་བྱེད་པ་དབུ་རྒྱན་ཏེ། དཔེར་ན་སློབ་དཔོན་མཛེས་པར་བྱེད་པ་གྲཱ་པ། གྲཱ་མཛེས་པར་བྱེད་པ་ཐང་ཞུ་ལྟ་བུ་ཡིན་ཞེས་བླ་མ་གོང་མ་རྣམས་ཀྱིས་གསུངས་སོ། །ནང་གི་མཚན་དཔེ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་སྟེ། བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །གསང་བའི་མཚན་དཔེ་ནི། སྟོན་པ་ཡབ་ཡུམ་གཉིས་རོལ་བའི་དུས་ན། ཡབ་ཀྱི་དགའ་བ་བཅུ་དྲུག་དང་། ཡུམ་གྱི་དགའ་བ་བཅུ་དྲུག་སྟེ། སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་དགའ་བ་བཞིར་གསུངས་པ་ལ་བཅུ་དྲུག་ཏུ་ཇི་ལྟར་འགྱུར་ཞེ་ན། བླ་མ་གོང་མ་རྣམས་ནི། དགའ་པའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བའི་ལྷན་ཅིག་སྐྱེས་དགའ་ལ་སོགས་པ། དགའ་བའི་དགའ་བྲལ། དགའ་བའི་ལྷན་ཅིག་སྐྱེས་དགའ་ལ་སོགས་པ། དགའ་བ་རེ་རེ་ལའང་བཞི་བཞི་སྟེ་བཅུ་དྲུག་ཏུ་བཞེད་དོ། །དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལས། སྒུ་གསུང་ཐུགས་ཡེ་ཤེས་བཞི་རེ་རེ་ལའག་དགའ་བ་བཞི་བཞི་སྟེ་བཅུ་དྲུག་ཡུ་བཤད་དོ། །དེ་ལ་ཐབས་ཤེས་གཉིས་ཀྱིས་ཕྱེ་བས་མཚན་སོ་གཉིས་སོ། །དགའ་བ་བཅུ་དྲུག་པ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས། ཡེ་ཤེས་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །འོ་ན་ནང་དང་གསང་བའི་མཚན་དཔེ་རྩ་དང་ཁམས་ཀྱི་རང་བཞིན་དུ་འདུག་པ་ལ། རྒྱན་དུ་ཅིར་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི། མཛེས་པའི་ནག་ནས་མཛེས་པ་ཆེན་པོ་སྟེ། རྒྱན་གྱི་ ནང་ནས་མཆོག་ཡིན་ནོ། །དེ་དག་ནི་སྐུ་ངེས་པ་མཚན་དཔེས་བརྒྱན་པའོ། །འཁོར་ཕུན་སུམ་ཚོགས་པ། གསུམ་པ་འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔལ་སྟེ། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལས་འདས་པ་སྟེ། །དང་པོ་རབ་ཏུ་དགའ་བའི་ས་ནོན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་རྣམས། །སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་དུ་བསྟན། །ཅེས་དང་། མདོ་བཅུ་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་འཁོར། །མི་རྟོག་ཏིང་འཛིན་བཅུ་སྦྱོང་བའི། །ས་གནས་པའི་བྱང་ཆུབ་སེམས། །ཉོན་མོངས་མི་གནས་ཤེས་བྱ་སྦྱོང་། །ཡེ་ཤེས་ཆོགས་དང་ཐུགས་རྗེར་འབྲེལ། །ཞེས་པས། རྒྱུ་བསྐལ་བཟང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་སྟེ། སོ་གཉིས་སོ། །དེ་ཡང་རྒྱུ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ནི། སའི་སྙིང་པོ། ནམ་མཁའི་སྙིང་པོ། སྤྱན་རས་གཟིགས། ཕྱན་ན་རྡོ་རྗེ། བྱམས་པ། སྒྲིབ་པ་རྣམ་སེལ། ཀུན་བཟང་། འཇམ་དཔལ་རྣམས་དང་། ལཱ་སྱེ། མཱ་ལྱེ། གཱི་རྟི། ནཱི་རྟི། རྷཱུ་པེ། པུཥེ། ཨཱ་ལོ་ཀེ། གདྡྷེ་མའོ། །འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་པོ། རྡོ་རྗེ་བཞད་པ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་འཁོར་ལོ། །རྡོ་རྗེ་སྨྲ་བ། རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་རྣམས་དང་། རྡོ་རྗེ་སྒེག་མོ་མ། དྷུ་པེ་མ། ལྕགས་ཀྱུ་མ། སྒྲོལ་མ། རྡོ་རྗེ་ཕྲེང་མ། མེ་ཏོག་མ། ཞགས་པ་མ། བདེ་བྱེད་མ། རྡོ་རྗེ་དབྱངས་མ། སྒྲོན་མེ་མ། ལྕགས་སྒྲོག་མ། གསལ་བཀྲ་མ། རྡོ་རྗེ་གར་བསྒྱུར་མ། དྲི་ཆབ་མ། དྲིལ་འཁྲོལ་མ། འབེབས་བྱེད་མའོ། །དེ་ལ་སོགས་ཏེ། ས་ཆེན་པོ་ལ་རབ་ཏུ་གནས་པ་རྣམས་ནི། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་པའོ། །བསྟན་པ་ཕུན་སུམ་ཚོགས་པ། བཞི་པ་བསྟནཔ་ནི། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ནི། །བྱ་བ་བྱེད་པའ་ཕྱི་རྒྱུད་སྡེ་གསུམ་སྟེ། །ཞེས་པ་དང་། བཤད་རྒྱུད་ལས། ཀྲྀ་ཡ་ཨུ་པ་ཡོ་ག་གསུམ། །ལོངས་སྤྱོད་རྫོགས་སྐུའི་གསུང་དུ་གྲགས། ཞེས་པས། སྔགས་ཀྱི་ཕྱི་རྒྱུད་སྡེ་གསུམ་པོ་འདི་ལོངས་སྤྱོད་རྫོགས་སྐུའི་སྐུ་གསུང་ཐུགས་ཏེ། བཤད་རྒྱུད་ལས། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནི། གཟའ་སྐར་དུས་ཚེས་བཟང་སྒོ་ནས། །དག་པ་གསུམ་སྤྱོད་རིགས་གསུམ་སྒྲུབ། །རྒྱན་དང་ཆ་ལུགས་རྡོ་རྗེ་འཛིན། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནོ། །ཞེས་པ་དང་། གསུང་ནི་ཨུ་པ་ཡ་སྟེ། བཤད་རྒྱུད་ལས། ལོངས་སྤྱོད་གསུང་གི་རང་བཞིན་ནི། །ཀྲྀ་ཡ་ཡོ་ག་བྱི་ནང་གསུམ། །དམ་ཚིག་སྒྲུབ་དང་གྲུབ་པ་ཡིས། །ཏནྣཱ་སྡེ་གསུམ་གསུངས་པ་ཡང་། ལོངས་སྤྱོད་གསུང་གི་རང་བཞིན་ནོ། །ཞེས་པ་དང༌། ཐུགས་ནི་ཡོ་གའི་རང་བཞིན་ཏེ། བཤད་རྒྱུད་ལས། ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནི། །མཚན་མེད་སྒོ་ནས་སྟུག་པོ་བཀོད། །ཕྱག་རྒྱ་བཞི་ལྡན་དཔལ་བེ་འུ། །ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནོ། །ཞེས་སོ། །ལོངས་སྐུའི་བསྟན་པ། གངས་སྔགས་ཕྱི་རྒྱུད་སྡེ་གསུམ་པོ་འདི་དག་ཚུལ་ཇི་ལྟར་བཤད་ན། བང་མཛོད་ལས། ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་ནི། །རང་གི་ངོ་བོ་བཤད་པས་ཏེ། །ལྡེམ་དགོངས་དོན་ལ་དགོངས་ནས་ནི། །མཚན་དང་ལྡན་པ་སྐུའི་སྒོ་ནས། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །ཞེས་པ་དང་། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་པའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །ཞེས་གསུངས་པས། འོག་མིན་ཆེན་པོ་བླ་ན་མེད་པའི་གནས་མཆོག་ཏུ། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱི་ཚུལ་དུ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་ཆོས་སྟོན་ཚུལ་ནི། སྤྲུལ་སྐུས་ཚིག་ཏུ་གསུངས་པ་དེ་བཞིན་དུ། །ལོངས་སྐུ་ནི། གསུང་མཆོག་ཚིག་ཏུ་ནི་མི་སྨྲའོ། །འོ་ན་ཆོས་ཇི་ལྟར་སྟོན་ཅེ་ན། སྐུའི་བརྡའི་ཆོས། ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུ་བ་དང་། སྐུ་གཟེངས་བསྟོད་པ་དང་། ཕྱག་སྐྱོང་བ་དང་། འོད་དང་སྤྲུལ་པ་འགྱེད་པ་སྟེ། དགྱེས་པའི་ཚུལ་དྲུག་གི་སྒོ་ནས། འཁོར་གྱི་བློ་ལ་མཇལ་བར་སྟོན་པའོ། །སྡུད་པ་པོ་རིགས་གསུམ་མགོན་པོས་བསྡུས། ཞེས་འབྱུང་ངོ་། །བསྟན་པ་ངེས་པ་ནི་ཐེག་ཆེན་ཁོ་ན་གསུངས་པའོ། ། དུས་ཕུན་སུམ་ཚོགས་པ་ལྔ་པ་ནི། ཀུན་བྱེད་ལས། གདུལ་བའི་དུས་ལ་སྔ་ཕྱིར་ཕྱེ་བ་མེད། ཅེས་པ་དང་། མདོ་བཅུ་ལས། སྔ་མ་ཕྱི་མ་ད་ལྟར་གསུམ། །ཁྱད་པར་མེད་པའི་དོན་འདི་བཤད། །དུས་གསུམ་མེད་དེ་ཁྱད་པར་གཅིག །ཅེས་པས། སྟོན་པ་ལོངས་སྤྱོད་རྫོགས་སྐུས་གདུལ་བའི་དུས་ལ་ཡང་། སྔ་མ་ཕྱི་མ་ད་ལྟར་གསུམ་བྱ་བ་མེད་དེ། ཐེག་པ་ཆེན་པོ་རྒྱུན་མི་ཆད་པར་གསུངས་པའོ། །དེ་ནི་དུས་ངེས་པ་རྒྱུན་མ་ཆད་པའོ། །གསུམ་པ་སྤྲུལ་སྐུའི་བསྟན་པ་བྱུང་ཚུལ། གསུམ་པ་སྤྲུལ་སྐུའི་བསྟན་པ་བྱུང་ཚུལ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། བསྟནཔ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པའོ། །གནས་ཕུན་སུམ་ཚོགས་པ། དང་པོ་ལ་བཞི་སྟེ། སྣོད་ཀྱི་འཇིག་རྟེན་ཆགས་ཚུལ། དེ་དག་གི་ཚད་དང་དུས་ཀྱི་ཕྲ་རགས་བསྟན་པ། སྟོང་གསུམ་གྱི་འདོད་ཚུལ། བཅུད་ཀྱི་སེམས་ཅན་ད་ནས་ཚུལ་ལོ། །སྣོད་ཀྱི་འཇིག་རྟེན་ཆགས་ཚུལ། དང་པོ་ནི། སྤྱིར་ནས་མཁས་གར་ཁྱབ་ཚད་ཐམས་ཅད་ན་འཇིག་རྟེན་གྱི་ཁམས་ཀྱིས་ཁྱབ་པར་གནས་ཏེ། མདོ་ལས། དཔེར་ན་བར་སྣང། ལ་འཆར་གྱི་རྒྱུན་འབབ་པའི་ཚེ། བར་མཚམས་མི་མངོན་པ་བཞིན་དུ། ཕྱོགས་བཅུའི་ནམ་མཁའ་མཐའ་མེད་པ་ཐམས་ཅད་ན། འཇིག་རྟེན་གྱི་ཁམས་ཀྱིས་རབ་ཏུ་གང་བའོ། །དེ་ཡང་དཔེར་ན། ཆར་ལ་ལ་རྣམས་འབབ་པའི་འགོ་ཚུགས། ལ་ལ་བར་སྣང་ནས་འབབ། འཇིག་རྟེན་གྱི་ཁམས་ལ་ལ་ནི་ཆགས་པའི་འགོ་ཚུགས། ལ་ལ་ནི་ཆགས་ནས་གནས། ལ་ལ་ནི་འཇིག་ལ་ལ་ནི་སྟོངས་པ་བར་མ་ཆད་པའོ། །དེ་དག་ལ་ལ་ན་སངས་རྒྱས་བཞུགས་པ་འོད་ཀྱི་བསྐལ་པ་ཡོད། ལ་ལ་ན་སངས་རྒྱས་མི་བཞུགས་པ་མུན་པའི་བསྐལ་པ་ཡོད་དོ། །ཁྱད་པར་འཇིག་རྟེན་གྱི་ཀམས་འདིའི་ཆགས་ཚུལ་གྱི་དབང་དུ་བྱས་ན། ལོངས་སྤྱོད་རྫོགས་པའི་སྐུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཅན་མཚོ་ཕྱག་མཉམ་བཞག་གི་པྱག་རྒྱ་མཛད་པའི་སྟེང་ན། པདྨ་ཞིག་ཡོད་པའི་ཟེ་འབྲུ་ལས། ནོར་བུ་རིནཔ་ཆེ་ཞིག་ཡོད་པའི་ནང་ན་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཉིས་ཤུ་རྩ་ལྔ་བརྩེགས་ནས་ཡོད་པའི། བཅུ་གཉིས་ཡར་བོར། བཅུ་གཉིས་མར་བོར་བའི། བར་བཅུ་གསུམ་པ་དེ་ལ་མི་མཇེད་འཇིག་རེན་གྱི་ཁམས་ཞེས་བྱ་སྟེ། འཇིག་རྟེན་གྱི་ཁམས་འདི་ལ་མི་བཇེད་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། འཇིག་རྟེན་གྱི་ཁམས་འདི་ལ་མི་བཇེད་ཅེས་ཅིའི་ཕྱིར་ཞེ་ན། འདིར་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཉོན་མོངས་པའི་སྐབས་མི་མཇེད་པ་ལྡན་པའམ། ཉོན་མོངས་པ་དེ་དག་གཉེན་པོས་དབྱེ་བར་དཀའ་བ་ལ་མི་མཇེད་ཅེས་བཏགས་སོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱང་། བྲ་སའི་ཐང་ཡངས་པ་ལ། སོས་ཀ་ཁུག་ཆོས་ཀྱི་མེ་ཏོག་སྐྱེས་པ་ལྟར་འདབ་མ་དང་། མེ་ཏོག་དང་། ཟེའུ་འབྲུག་རྣམས་ཕན་ཚུན་འགྲན་པའི་ཚུལ་དུ་སྐྱེས་ནས། གཅིག་ལ་གཅིག་ངོ་མི་ཤེས་པ་འདུག་པ་དེ་བཞིན་དུ་ཆགས་ནས་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱི་ཚུལ་ལམ་གནས་ལུགས་ནི། སྤྱན་རྣམ་པར་དག་པས་གཟིགས་པ་ལས་མ་གཏོགས་པ། འོ་ཀོལ་བློ་གྲོས་དམན། སོ་སོ་སྐྱེ་བོ་ཐ་མལ་པ་བདག་འཇིག་རྟེན་རྟག་པར་ལྟ་བའི་འདུ་ཤེས་ཅན་རྣམས་ཀྱི་ཚིག་གིས་བརྗོད་བྱ་ཙམ་ལས། ཤེས་པའམ། རྟོགས་པའམ། མཐོང་བར་མི་འགྱུར་ཏེ། ཡུམ་རྒྱས་པ་ལས། རབ་འབྱོར་ངས་ཀྱང་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་འདི་ཉིད་ཀྱིས། འཇིག་རྟེན་གྱི་ཁམས་ལ་རྣམ་པར་གཟིགས་ནས། ཞེས་གསུངས་སོ། །དེ་ལས་ཀྱང་ཁྱད་པར་འཇིག་རྟེནའ་དིའི་ཆགས་ཚུལ་གྱི་དབང་དུ་བྱས་ན། འདི་ཡི་ནམ་མཁའ་སྟོང་པ་ལ། ཐོག་མར་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས། ཕྱོགས་བཞི་རླུང་དལ་བུས་ལངས་ཏེ། ཇི་ཆེར་སོང་བ་འཁྲིགས་པ་ལས། རླུང་གི་དཀྱིལ་འཁོར་ཆེན་པོ་ཆགས་ཏེ། དེ་ཡི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་དོ། །དེ་ཡི་རྒྱར་ནི་གྲངས་ཀྱི་གནས་གཞན་དྲུག་ཅུ་རྫོགས་པའི་གྲངས་མེད་གཅིག་ཡོད་དོ། །དེ་ཡི་སྟེང་ན་ཆུ་དང་གསེར་གྱི་ས་གཞི་ཆགས་པ་ལ། དེ་ཡང་ཐོག་མར་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་མཐུ་དང་། རླུང་གི་སྟོབས་ཀྱིས་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་འཁྲིགས་པ་ལས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་བར་མཚམས་མེད་པ་ཡུན་རིང་པོར་བབས་པས། ཆུའི་དཀྱིལ་འཁོར་ཆེན་པོ་ཆ་ས་ཏེ། དེ་ལ་འོག་གི་རླུང་གིས་ཆུའི་དཀྱིལ་འཁོར་རྙོགས་པས། སྙིང་པོ་སྟེང་དུ་གསེར་གྱི་ས་གཞི་ཆགས་པའོ། །ཆུ་དང་གསེར་གྱི་ས་གཞིའི་ཚད་ནི། ཆུའི་རྔམས་སུ་དཔག་འབུམ་ཕྲག་བརྒྱད་དོ། །གསེར་གྱི་ས་གཞིའི་རྔམས་སུ་དཔག་ཚད་གསུམ་འབུམ་ཉིས་ཁྲོའོ། །རླུང་དང་ཆུ་དང་གསེར་གྱི་ས་གཞི་རྣམས། དབྱིབས་ཟླུམ་པོ་རྒྱ་ཆེ་ཆུང་མཉམ་པ་སྟེ། དེ་ཡི་སྟེང་ན་ཡང་ཆུའི་དཀྱིལ་འཁོར་ཆེན་པོ་ཡོད་དེ། དེ་ཡང་ཐོག་མར་སེམས་ཅན་གྱི་ལས་ཀྱི་མཐུས། ནམ་མཁའ་སྤྲིན་རིན་པོ་ཆེ་སྣ་ཚོགས་ཀྱི་སྙིང་པོ་ཅན་འཁྲིགས་པ་ལས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ལས་ཆགས་སོ། །ཆུ་དེ་ལ་ལས་རླུང་གྲུ་བཞི་པ་བྱེ་བ་ཕྲག་བརྒྱ་ལངས་ཏེ་དཀྲུགས་པས། བཅུད་དང་པོ་ལ་ནང་ནས་རིན་ཆེན་བཞི་ལས། ཤར་དངུལ་དཀར་པོ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག་བྱང་གསེར་ལས་གྲུབ་པའི་རི་རབ་ལྷུན་པོ། དབྱིབས་གྲུ་བཞི་པ། ཆོ་ལོང་ཉིས་བརྩེགས་ལྟ་བུའི་ཚད་ནི། གྱེན་དུ་དཔག་ཚད་བརྒྱད་ཁྲི། ཆུ་མཚམས་མན་ཆད་ཐུར་དུ་དཔག་ཚད་བརྒྱད་ཁྲི་སྟེ། གསེར་གྱི་ས་གཞི་ལ་ཐུག་པའོ། །ཞེང་དུའང་དཔག་ཚད་བརྒྱད་ཁྲི་ཡོད་པའི་རི་རབ་བྱེ་བ་ཕྲག་བརྒྱ་ཆགས་ནས་གནས་སོ། །རི་བར་དེ་དག་ལ་ཆུ་མཚམས་ཡན་ཆད་ནས། རྐེད་པ་མན་ཆད་ན་བང་རིམ་བཞི་ཡོད། བང་རིམ་བཞི་པོའི་བར་ཐག་དཔག་ཚད་ཁྲིའོ། །དེ་ཡང་རི་རབ་ཀྱི་ངོ་བོ་ཆོ་ལོང་ལྟ་བུ་གྲུ་གཞིར་གནས་པ་ལ། བང་རིམ་བཞི་པོ་གློ་སྐྱེས་སུ་ཡོད་དེ། འོག་མ་ཕྱིར་འཕྱང་བ་ལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གློ་སྐྱེས་སུ་གནས་ཤིང་། དེ་ཡི་གོང་མ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གློ་སུ་གནས་ཤིང་། དེ་ཡི་གོང་མ་ལ་དཔག་ཚད་སྟོང་ཕྲག་བརྒྱད་དང་། དེ་ཡི་གོང་མ་ལ་བཞི་དང་། སྟེང་མ་ལ་དཔག་ཚད་སྟོང་ཕྲག་གཉིས་གློ་སྐྱེས་སུ་བ་ཡོད་པའོ། །དེ་ལྟར་རི་རབ་བྱེ་བ་ཕྲག་བརྒྱ་པོ་རེ་རེའི་ཕྱི་ལ། ལས་ཀྱི་རླུང་གིས་དཀྲུགས་པའི་བཅུད་བར་པ་ལ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བསྐོར་ཏེ་རིང་བདུན་པོའི་ནང་མས་ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་ནུས་པ་ལྟར། ཐད་ཀར་ཡོད་པས་གཉའ་ཤིང་འཛིན་དང་། དེ་བས་ཕྱེད་ཀྱིས་དམའ་བས་གཤོལ་མདའ་འཛིན་ནུས་པ་ལྟར་ཡོད་པས་གཤོལ་མདའ་འཛིན་དང་། རི་དེ་ཡི་རྩེ་མོ་ན་སེང་ལྡེང་གི་ནགས་ཡོད་པས་སེང་ལྡེང་ཅན་དང་། རྩེ་མོ་དབྱིབས་བ་ཡོད་པས་རྟ་རྣ་དང་། རྩེ་མོ་ཅུང་ཟད་ནང་དུ་འདུད་པར་ཡོད་པས་རྣམ་འདུད་དང་། དེ་དག་གི་ཕྱི་ན་མུ་ཁྱུད་ཀྱི་ཚུལ་དུ་གནས་པས་མུ་ཁྱུད་འཛིན་རྣམས་གནས་སོ། །རི་དེ་དག་ཆུ་མཚམས་ཡན་ཆད་གྱེན་དུ། ནང་མ་དཔག་ཚད་བཞི་ཁྲི་སྟེ་རི་རབ་ཀྱི་ཕྱེད་སླེབས་སོ། །དེ་ཡི་ཕྱི་མ་དྲུག་པོ་ནི་དཔངས་སུ་དཔག་ཚད་ཕྱེད་ཕྱེད་བྲི་སྟེ། གཤོལ་མདའ་འཛིན་ལ་དཔག་ཚད་ཉིས་ཁྲི། སེང་ལྡེ་ཅན་ལ་ཁྲི། གཤོལ་མདའ་འཛིན་ལ་དཔག་ཚད་ཉིས་ཁྲི། སེང་ལྡེང་ཅན་ཁྲི། ལྟ་ན་སྡུག་ལ་ལྔ་སྟོང་། རྟ་རྣ་ཉིས་སྟོང་ལྔ་བརྒྱ། རྣམ་འདུད་སྟོང་ཕྱེད་དང་སུམ་བརྒྱ། མུ་ཁྱུད་འཛིན་ལ་དྲུག་བརྒྱ་ཉིས་ཤུ་རྩ་ལྔའོ། །དེ་དག་གི་ཞེང་དུ། ཆུ་མཚམས་ཡན་ཆད་ཀྱི་རང་རང་གི་དཔངས་དང་མཉམ་པའོ། །ཐོག་མར་ལས་ཀྱི་རླུང་གིས་དཀྲུགས་པའི་བཅུད་ཐ་མ་ལ། རི་རབ་རི་བདུན་དང་བཅས་པ་དེ་དག་ཀུན་གྱི་ཕྱོགས་བཞི་ན། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད་པོ་རྣམས་ཆངས་ཏེ་གནས་ཤིང་། དེ་དག་དང་དུས་མཉམ་དུ་གླིང་བཞི་རི་རབ་དང་བཅས་པ་ཐམས་ཅད་ལ། ཕྱི་རོལ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའོ། །གླིང་རྣམས་གྱེན་དུ་མཚོ་བས་ཅུང་ཟད་མཐོ་བ། རྒྱ་མཚོ་གླིང་ཐོག་ཏུ་མི་ལུད་པ་ཙམ་མོ། །ལྕགས་རི་གྱེན་དུ་མུ་ཁྱུད་འཛིན་གྱི་ཕྱེད་འཕབས་ཏེ། དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་མོ། །རི་རབ། གསེར་གྱི་རི་བདུན། གླིང་བཞི། གླིང་ཕྲན། ལྕགས་རི་དེ་དག་ཆུ་མཚམས་མན་ཆད། ཐུར་དུ་དཔག་ཚད་བརྒྱད་ཁྲི་གསེར་གྱི་ས་གཞི་ལ་ཐུག་པའོ། །གླིང་རྣམས་ཀྱི་དབྱིབས་དང་ཚད་ནི། ལྷོའི་འཛམ་བུའི་གླིང་ནི་ཤིང་འཛམ་བུ་ཡོད་པ་ལས་ཐོགས་སོ། །འདིའི་དབྱིབས་སོག་ཁའི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས། ལྕགས་རིའི་ངོས་ཀྱི་ཡུ་བའི་ངོས་ལ་དཔག་ཚད་བརྒྱ་ཕྲག་ཕྱེད་དང་བཞི། དེ་དག་བསྡོམས་པས་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་བརྒྱའོ། །ཤར་གྱི་གླིང་དེ་ན་གནས་པའི་མི་རྣམས། འཛམ་བུ་གླིང་གི་མི་ལས་ལུས་ཉིས་གྱུར་ཀྱིས་འཕགས་པས། ལུས་འཕགས་པོའི་གླིང་ཞེས་བྱའོ། །དེ་ཡི་དབྱིབས་ཟླ་གམ་གཞུ་འདྲ་བར་ཡོད་པའི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཏེ། རྒྱབ་སྒུར་པོའི་དཀྱིལ་འཆང་པ་ལྟ་བུ་པདག་ཚད་སུམ་བརྒྱ་ལྔ་བཅུའོ། །མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་སུམ་བརྒྱ་ལྔ་བཅུའོ། །ནུབ་ཀྱི་གླིང་ན་གནས་པའི་མི་རྣམས་བ་ལང་ལོངས་སྤྱོད་པས། བ་ལང་སྤྱོད་ཅེས་བྱ་སྟེ། དབྱིབས་ནི། ཟླུམ་པོ་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་བདུན་དང་ལྔ་བརྒྱའོ། །བྱང་གི་གླིང་ན་གནས་པའི་མི་རྣམས་འཆི་བའི་ཚེ། ཁྱོད་ད་སྟེ་ཞག་བདུན་ན་འཆིའོ་ཞེས་པའི་སྒྲ་མི་སྙན་པ་འབྱུང་བས་སམ། ཡང་ན་དེ་དག་འདྲེའི་སྐད་དུ་སྨྲ་བས། སྒྲ་མི་སྙན་གྱི་གླིང་ཞེས་བྱ་སྟེ། དེའི་དབྱིབས་ནི་གྲུ་བཞིའི་ངོས་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས། མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཡོད་དོ། །དེ་དག་གི་བར་གྱི་གླིང་ཕྲན་བརྒྱད་པོ་ནི། བྱང་ངོས་ན་ལུས་འཕགས་རྣམ་གཉིས་སོ། །བྱང་གི་གླིང་ཕྲན་གཉིས་ལས། བྱང་གི་ཤར་ན་སྒྲ་མི་སྙན། བྱང་གི་ནུབ་ན་སྒྲ་མི་སྨན་གྱི་ཟླ། ནུབ་ཀྱི་གླིང་ཕྲན་ལྷོ་ངོས་ན་གཡོ་ལྡན་དང་། ནུབ་ཀྱི་བྱང་ན་ལམ་མཆོག་འགྲོ། ལྷོའི་ཤར་ན་རྔ་ཡབ་གཞན། གླིང་ཕྲན་བརྒྱད་པོ་དེ་དག་གི་དབྱིབས་ནི། གླིང་ཆེན་བཞི་དང་འདྲ་ལ། ཚད་ནི་གླིང་ཆེན་དག་གི་ཕྱེད་ཕྱེད་དོ། །གསེར་རི་བདུན་གྱི་བར་གྱེ་ཆུ་ནི་རོལ་མཚོ་བདུན་ཏེ། དེ་ཡང་རི་རབ་ཀྱི་སྟེང་ནས་བལྟས་ན། རོལ་ཆུས་བཀང་བ་འདྲ་བས་སོ། །ཆུ་དེ་རྣམས་ཡན་ལག་བརྒྱད་དང་ལྡན་ཏེ། །བསིལ་ཞིང་ཡང་དག་འཇམ་པ་དང་། གསལ་དང་དྭངས་དང་གཙང་པ་དང་། །དྲི་མ་མེད་ཅིང་འཐུངས་པ་ན། །ལྟོ་ལ་མི་གནོད་མགྲིན་པ་བདེ། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་སོ། །རི་རབ་དང་གཉའི་ཤིང་འཛིན་གྱི་བར། རོལ་མཆོ་ནང་མའི་ཁ་ཞེང་དཔག་ཚད་བརྒྱད་ཁྲིའོ། །དེ་ཡི་ནང་ངོས་ལ་དཔག་ཚད་བརྒྱད་ཁྲི་བ་དེ་ཉིད་སུམ་འགྱུར་རོ། །རོལ་མཚོ་བཞན་གྱི་ཁ་ཞེང་ཕྱེད་ཕྱེད་བྲི་བས་ཏེ། གོ་སླའོ། །དེའི་ཕྱི་རོལ་གྱི་ཆུ་ནི་རྒྱ་མཚོ་བ་ཚྭ་ཅན་ཞེས་བྱ་སྟེ། ཆུ་མི་ཟད་པ་དང་དེ་ཡི་ནང་ན་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་རྒྱ་ཡི་འབུར་ལྟར་སྣང་བས་རྒྱ་མཚོའོ། །ཆུ་དེ་ཡན་ལག་བརྒྱད་དང་མི་ལྡན་ཞིང་། བ་ཚཱའི་རོ་བྲོ་བས་ན་བ་ཚཱ་ཅན་ནོ། །དེའི་ཕྱོགས་བཞིར་དཔག་ཚད་སུམ་འབུམ་ཉིས་ཁྲིས་དང་། དཔག་ཚད་སྟོང་ཕྲག་གཉིས་ཡོད་དོ། །ཁྱད་པར་འཛམ་བུའི་གླིང་གི་བྱེ་བྲག་བསྟན་པ་ནི། གླིང་གཞན་དུ་སངས་རྒྱས་མི་འབྱོན་ལ། གླིང་འདིར་སྤྲུལ་སྐུའི་འབྱོན་གནས་ཡིན་པས། གླིང་གཞན་པས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་མཆོག་འདི་ན། གླིང་གཞན་ན་མེད་པའི་ངོ་མཚར་བའི་བསྒྲག་ཏུ་རུང་བ་དུ་མ་ཡོད་དེ། དུས་གསུམ་གྱི་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་དང་། ཅཆོས་ཀྱི་འཁཽར་བའི་གནས་བྱིན་རླབས་ཅན། དུས་མཐའི་མེ་བདུན་ཆུ་གཅིག་གིས་ཀྱང་མི་འཇིག་པའི་རྡོ་རྗེ་གདན་དང་། བྱ་རྒོད་སྤུངས་པའི་རི་ཡོད། པོ་ཊ་ལ་གྲུ་འཛིན་ལ་སོགས་པའི་རིགས་གསུམ་བཞུགས་ནས་ཡོད་དེ། འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་འཕགས་པ་སྤྱན་རས་གཟིགས་བཞུགས་པའི་གནས་རི་བོ་པོ་ཊ་ལ་དང་། འཛམ་བུའི་གླིང་གི་བྱང་ཤར་ན་འཕགས་པ་འཇམ་དཔལ་བྱི་བཟུགས་གནས་ལྕང་ལོ་ཅན་གྱི་གནས་ཡོད་དོ། །འཛམ་བུའི་གླིང་གི་དབུས་ན་གངས་རི་རང་བྱུང་ཤེལ་གྱི་མཆོད་རྟེན་ཡོད་ལ། གངས་རིའི་བྱང་ཕྱོགས་ན་སྨན་གྱི་ནགས་ཚལ་ཅན་སྤོ་ངད་ལྡན་པའི་རི་ཡོད་ལ། དེ་གཉིས་ཀྱི་བར་ན་ཆུ་ལག་བརྒྱད་དང་ལྡན་པའི་རི་ཡོད་ལ། དེ་གཉིས་ཀྱི་བར་ན་ཆུ་ཡན་ལག་བརྒྱད་དང་ཞིང་བསིལ་བས་མ་དྲོས་ཞེས་བྱ་བའི་མཚོ་ཡོད་དོ། །དེ་ཡི་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པའི་གྲུ་བཞི་ཡོད། མཚོ་དེ་ཡི་ཕྱོགས་བཞི་བྲག་གླང་པོ་ཆེ་དང་། ཁྱུ་མཆོག་དང་། སེང་གེ་དང་། རྟའི་མགོ་འདྲ་བའི་ཁ་ནས་ཆུ་བོ་ཆེན་པོ་བཞི་འབབ་སྟེ། གཱངྒ་གླང་པོའི་ཁ་ནས་ཤར། །སིནྡྷུ་ཁྱུ་མཆོག་ཁ་ནས་ལྷོ། །སི་ཏ་སེང་གེའི་ཀ་ནས་ནུབ། །པཀྵུ་རྟའི་ཁ་ནས་བྱུང་། །མ་འདྲེས་གཡས་ཕྱོགས་ལན་གསུམ་བསྐོར། །རེ་རེ་གཡོག་ལྔ་བརྒྱར་བཅས། །རང་རང་ཕྱོགས་སུ་རྒྱ་མཚོར་འབབ། །ཅེས་སོ། །དེ་དང་ཉེ་བའི་བྱང་ཤར་ན་ཤིང་འཛམ་བུ་ཏྲིཀྵ་ཡོད་དེ། ཤིང་དེའི་ཤིང་ཐོག་ཁྱེའུ་དང་བུ་མོའི་གཟུགས་སུ་བྱུང་ནས། འཛམ་བུ་འཛམ་བུ་ཞེས་བྱ་བའི་སྒྲ་འབྱིན་ཏོ། །མཚོ་མ་དྲོས་པ་དེ་ནས་བྱང་དུ་དཔག་ཚད་ཉིས་ཤུ་ན། གསེར་བྲག་བྱ་སྐྱིབས་ཅན་ཞེས་བྱ་བ་དབྱིབས་གྲུ་བཞི་དཔངས་སུ་དཔག་ཚད་ཕྱེད་དང་བཞི། མཐའ་སྐོར་དུ་དཔག་ཚད་ལྔ་བཅུ་རྩ་ལྔ་ཡོད་པ། དེ་ཡི་ཉེ་འཁོར་ན་བྲག་ཕྲན་སྟོང་གིས་བསྐོར་བ་ཡོད་དོ། །དེ་ནས་དཔག་ཚད་ཉིས་ཤུ་ན་ཤིང་མཆོག་སཱ་ལའི་རྒྱལ་པོ་རབ་བརྟན་པ་ཞེས་བྱ་བ་ཡོད་དེ། གྱེན་དུ་དཔག་ཚད་བཅུ་བཞི། ཡལ་ག་མཐོ་དམན་རིམ་པ་བདུན་ཡོད་པ། དེ་ཡི་ཐོ་ཕྱི་ན་ཤིང་ཕྲན་སྟོང་གིས་བསྐོར་བའོ། །དེ་ནས་བྱང་ཤར་དུ་དཔག་ཚད་ཉིས་ཤུ་ན། མཚེའུ་དལ་གྱིས་འབབ་པ་ཞེས་བྱ་བ་སྦྲང་རྩིའི་རོ་བྲོ་བ་ཡོད་དེ། མཚོ་དེ་ཡི་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་ལ། དེ་ན་མེ་ཏོག་པདྨ་ཤིང་རྟའི་འཕང་ལོ་ཙམ། ལོ་འདབ་བ་གླང་གི་ཀོ་བ་ཙམ་ཡོད་དོ། །དེ་ཡི་ཉེ་འཁོར་ན་མཚེའུ་བརྒྱད་སྟོང་གིས་བསྐོར་བའོ། །ད་ནི་ངན་སོང་གི་གནས་བསྟན་པ་ནི། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ཉིས་ཁྲི་ན། མནར་མེད་པའི་དམྱལ་བའི་གནས་ཀྱི་སྟེང་འོག་ཡོད་དེ། དེ་ཡི་སྟེང་འོག་ཕྱོགས་བཞིར་དཔག་ཚད་ཉིས་ཁྲི་ཉིས་ཁྲིའོ། །མཐའ་སྐོར་དུ་དཔག་ཚད་བརྒྱད་ཁྲི་ཡོད་དོ། །འཛམ་བུ་གླིང་འདི་ནི་འབྲུ་ཡི་ཕུང་པོ་ལྟར་ཞབས་ཆེ་བར་ཡོད་དོ། །དེའི་སྟེང་ན་ཡང་སོལ་ལ་སོགས་པའི་དམྱལ་བ་རིམ་པ་བདུན་ཡོད་དེ། དེ་དག་གི་བྱང་ཕྱོགས་ན་ཆུ་བུར་ཅན་ལ་སོགས་པ་གྲང་བའི་དམྱལ་བའི་གནས་བརྒྱད་ཡོད་དོ། །དམྱལ་བ་དེ་དག་གི་སྟེང་ན་ག་དྷ་དབུས་འགྱུར་འཆང་ནས་དཔག་ཚད་ལྔ་བརྒྱའི་འོག་ན་གཤིན་རྗེའི་འཇིག་རྟེན་ཡོད་དོ། །ད་ནི་ཉི་ཟླ་གཟའ་སྐར་གྱི་ཚད་ལ་སོགས་པ་བསྟན་པ་ནི། ཉི་ཟླ་གཟའ་སྐར་རི་རབ་ལྷུན་པོའི་ཕྱེད། ས་སྟེང་འདི་ནས་དཔག་ཚད་བཞི་ཁྲིའི་སྟེང་ནས་ཉི་ཟླ་གཟའ་སྐར་རྣམས་རྒྱུའོ། །ཉི་མའི་རྒྱུ་ནི་མེ་ཤེལ་སེམས་ཅན་སྤྱི་མཐུན་གྱི་ལས་གྲུབ་པའོ། །ཁ་ཞེང་ཆེ་ལ་དཔག་ཚད་ལྔ་བཅུ་རྩ་གཅིག་ཉི་མ་ལ་རྟ་རླུང་གི་འཁོར་ལོ་དྲུག་ཡོད་དེ། འདེགས་བྱེད་ཀྱི་རླུང་དང་། གནོན་བྱེད་དང་། སྦོ་གཉིས་ནས་སྐྱོར་བྱེད་གཉིས་དང་། སྣ་འདྲེན་དང་། མཇུག་བསྐུལ་དང་དྲུག་གོ །ཟླ་བའི་རྒྱུ་ནི་ཆུ་ཤེལ་ལོ། །ཁ་ཞེང་ལ་དཔག་ཚད་ལྔ་བཅུའོ། །ཟླ་བ་ལ་སྦོ་གཡས་གཡོན་གཉིས་ནས་སྐྱོར་བའི་རླུང་མེད་པས། རླུང་གི་རྟ་བཞིའོ། །ཉི་ཟླ་གཉིས་ཀའི་མཐུག་རྔམས་ནི། དཔག་ཚད་དྲུག་དང་དཔག་ཚད་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་གོ །སྐར་མའི་རྒྱུ་ནི་ཤེལ་ཕལ་པའོ། །ཚད་ནི་སྐར་མ་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད། འབྲིང་པོ་ལ་རྒྱང་གྲགས་བཅུ་གཅིག །ཆུང་བ་ལ་རྒྱང་གྲགས་གསུམ་ཡོད་དོ། །འོ་ན་གླིང་བཞིའི་ཉི་མའི་འཆར་ནུབ་ཀྱི་དུས་ཚོད་ཇི་ལྟར་ཡོད་ཅེ་ན། བྱང་སྒྲ་མི་སྙན་གྱི་ནམ་ཕྱེད་པ་དང་། ཤར་ལུས་འཕགས་པོའི་ཉི་མ་ནུབ་པ་དང་། ལྷོ་འཛམ་བུ་གླིང་པའི་ཉི་མ་ཕྱེད་པ་དང་། ནུབ་བ་གླང་སྤྱོད་ཀྱི་ཉི་མ་འཆར་བ་དེ་དག་དུས་གཅིག་པས། ཉི་མའི་འོད་ཀྱིས་གླིང་གཉིས་ལ་ཁྱབ་བོ། །དེ་བཞིན་དུ་ཕྱོགས་བཞི་ཀུན་ཏུ་བསྐོར་བའོ། །ཉི་མ་རིང་ཐུང་འོང་བ་ཅི་ལས་བྱུང་ཞེ་ན། འཕུལ་བྱེད་རླུང་གི་དྲག་ཞན་གྱིས་ཉི་མ་ལྷོ་བྱང་དུ་མཚོན་ཆའི་འཁོར་ལོ་བཞིན་དུ་རྒྱུ་སྟེ། འཁོར་ལོའི་རྩེ་མོ་གཉིས་ནས་རླུང་གིས་འཕུལ་དྲག་པས་ཉི་མ་མགྱོགས་ལ། ལོགས་གཉིས་ནས་རླུང་གིས་འཕུལ་ཞན་པས་ཉི་མ་བུལ་བར་བྱུང་བས་ཉི་མ་ལ་རིང་ཐུང་དུ་སྣང་བའོ། །ཟླ་བ་ལ་འཕེལ་གྲིབ་འོང་བ་ཇི་ལྟར་ཡིན་ཞེ་ན། ཟླ་བ་ཉི་མ་དང་ཉེ་རིང་གིས་རང་གི་གྲིབ་མའི་འཕེལ་འགྲིབ་ཆེ་ཆུང་སྣང་བས་ཏེ། དཔེར་ན། ཀ་བ་ལ་སོགས་པ་མར་མེ་དང་ཉེ་ཞིང་གྲིབ་མ་ཆེ་ལ། མར་མེ་དང་རིང་གིན་གྲིབ་མ་ཆུང་བ་ལྟ་བུའོ། །འོད་ཡོད་ཀྱང་ཉི་མའི་འོད་སྟོབས་ལྡན་ཕོག་པས་གྲིབ་མ་འབྱུང་སྟེ། དཔེར་ན་ནོར་བུ་འོད་ཅན་ནམ་སྲིན་བུ་མེ་ཁྱེར་ལ། མཚན་མོ་འོད་ཡོད་ཀྱང་། ཉི་མ་ཕོག་ན་ཕྱོགས་གཅིག་ཏུ་གྲིབ་མ་འབྱུང་བ་ལྟ་བུའོ། །ཟླ་བ་ལ་རླུང་གི་འཁོར་ལོ་བཞི་ལས་མེད་ཅིང་རླུང་ཤུགས་ཆུང་བས། ཉི་མ་དང་སྐར་མ་ལས་བུལ་ཞིང་། ལྷོ་བྱང་གི་རྒྱུ་སྐར་རྣམས་གང་ནས་གར་འགྲོ་དང་སྦྲགས་ནས་མཚོན་ཆའི་འཁོར་ལོ་ལྟ་བུར་རྒྱུ་བས། ཡར་ལྡོག་མར་ལྡོག་གཉིས་གཉིས་བྱེད་པའོ། །ད་ནི་རི་རབ་ཀྱི་རྩེ་མོའི་ལྷ་གནས་བསྟན་པ་ནི། ལྷུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཡོད་དེ། དེ་ལ་སུམ་ཅུ་རྩ་གསུམ་ཞེས་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་ན་གནས་གཞན་དང་ལོངས་སྤྱོད་མི་འདྲ་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་ན། སུམ་ཅུ་རྩ་གསུམ་ཞེས་བྱ་སྟེ་དེ་ལ་གནས་གཞན་མི་འདྲ་བ་ནི། ཚལ་ཆེན་པོ་བཞི་དང་། ས་ཆེན་པོ་བཞི་དང་། ཆོས་བཟང་ལྷའི་འདུན་ས་དང་། ཤིང་ཡོངས་འདུ་ས་བརྟོལ་དང་། མེ་ཏོག་འབྲས་བུས་གཏམས་པའི་གནས་དང་། སྐྱེད་མོས་ཚལ་ལ་སོགས་པའི་གནས། ཕན་ཚུན་འགྲན་པ་ལྟ་བུ་བཅུ་དྲུག་ཡོད་དེ། དེ་ན་ལོངས་སྤྱོད་མི་འདྲ་བ་ནི། མ་བཏབ་པའི་ལོ་ཏོག་དང་། གླང་པོ་ཆེ་ས་སྲུང་པ་དང་། རབ་བརྟན་དང་། བདུད་རྩི་ལ་སོགས་པ་ལོངས་སྤྱོད་ཀྱི་བྱེ་བྲག་མི་འདྲ་བ་བཅུ་དྲུག་ཡོད། གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་དང་སུམ་ཅུ་རྩ་གསུམ་ཡོད་པས་ན། སུམ་ཅུ་རྩ་གསུམ་མོ། །ཡང་ལྷའི་དབང་པོ་ལ་འཁོར་ཉེ་བའི་བའི་བློན་པོ་སུམ་ཅུ་རྩ་གཉིས། བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་སོ། །ཡང་གླང་པོ་ཆེ་ས་སྲུང་དང་། རབ་བརྟན་གཉིས་ཀ་ལ་སྤྲུལ་པའི་མགོ་བོ་སུམ་ཅུ་རྩ་གཉིས་གཉུག་མར་གནས་པའི་མགོ་བོ་དང་སུམ་ཅུ་རྩ་གསུམ་ཡོད་པས་སོ། །རི་རབ་ཀྱི་རྩེ་མོ་དེའི་མཚམས་བཞིའི་ཟུར་ན་ལྕོག་ཆེན་པོ་བཞི་ཡོད་དེ། རྒྱུ་ལྕགས་ལས་གྲུབ་པ་དབྱིབས་གྲུ་བཞི་དཔག་ཚད་ཕྱེད་དང་ལྔ་བརྒྱ། ངོས་རེ་ལ་དཔག་ཚད་བརྒྱ་ཉིས་ཤུ་རྩ་ལྔ་རེ་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་དབུས་ན་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ་ཕྱོགས་བཞི་རི་རབ་དང་འདྲ་བར་རིན་པོ་ཆེ་བཞི་ལས་གྲུབ་པ་སྟེ། དེའི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། དཔངས་སུ་དཔག་ཚད་ཉིས་སྟོང་ལྔ་བརྒྱའོ། །དེའི་འོག་གཞི་གསེར་གྱིས་བྱས་པ་ལ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་ཤིང་རྐང་པ་མནན་ན་ནེམ་ཞིང་། བཏེག་ན་འཕར་བའི་མཉེན་པའོ། །གྲོང་ཁྱེར་དེའི་ཕྱོགས་བཞི་དག་ན་ལམ་སྲང་ཆེན་པོ་བཞི་ཡོད་དེ། ལམ་སྲང་གི་ཁ་ཞེང་ལ་དཔག་ཚད་བཅུ་གཉིས། དཀྱུས་ལ་དཔག་ཚད་ཉིས་སྟོང་བརྒྱ་ཉིས་ཤུ་རྩ་ལྔའོ། །ལམ་སྲང་དེ་དག་གི་འོག་གཞི་གསེར་གྱི་བྱེ་བ་བརྡལ་བས་བྱས་པ་དེ་དག་གི་གཡས་གཡོན་གྱི་ཉེ་འཁོར་ན་ཡན་ལག་བརྒྱད་དང་ལྡན་ཞིང་སྦྲང་རྩིའོ་རོ་བྲོ་བའི་རྫིང་བུ་པདྨ་ལ་སོགས་པ་མེ་ཏོག་སྣ་ཚོགས་གྱིས་བརྒྱན་པ་དང་། དེ་ཡི་ཉེ་འཁོར་ཐམས་ཅད་ན་དཔག་བསམ་ཤིང་ལ་བྱ་སྐད་སྙན་པར་སྒྲོག་པ་མང་པོ་དོ། །ལྷ་རྣམས་ཀྱི་བསོད་ནམས་ཀྱིས་དུས་སུ་རླུང་ལངས་པས་མེ་ཏོག་རྙིང་པ་ཐམས་ཅད་འཐོར་ཞིང་མེ་ཏོག་གསར་པ་རྣམས་ནི་འགྲེམས་པར་བྱེད་དོ། །གྲོང་ཁྱེར་དེའི་ཕྱི་རོལ་ན་གསེར་གྱི་འཁོར་ཡུགས་དཔངས་སུ་དཔག་ཚད་ཕྱེད་ཡོད་པའི་བསྐོར་པའོ། །དེའི་ཕྱི་རོལ་འོབས་ཀྱི་ནང་ན་ཅུ་བསིལ་ཞིང་དྭངས་པ་སྦྲང་རྩིའི་རོ་བྲོ་བ་ཡིད་དུ་འོང་བའི་ཆུས་གང་བ་རིམ་པ་བདུན་གྱིས་བསྐོར་བ་དེ་ལ། ཕྱོགས་བཞི་ན་རིན་པོ་ཆེའི་ཟམ་པ་བཙུགས་པ་ཡོད་དོ། །གྲོང་ཁྱེར་དེ་ལ་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་དོ། །སྒོ་རེ་སྒོ་སྲུང་པ་ལྔ་བརྒྱ་ཡོད་དོ། །གྲོང་ཁྱེར་དེ་ཡི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་། རྒྱུ་རིམ་པོ་ཆེ་སྣ་བཞི་ལས་བྱས་པ། འོག་གཞི་གསེར་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲད་པ་ཡོད། དེ་ཡི་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དཔངས་སུ་གྲོང་ཁྱེར་གཞན་པས་དཔག་ཚད་ཕྱེད་དང་ལྔར་གྱེན་དུ་འཕགས་པའོ། ། དེ་ལ་བ་གམ་བརྒྱ་རྩ་གཅིག་ཡོད་དེ། བ་གམ་རེ་རེའི་ནང་ན་ཁང་བུ་བརྩེཊ་པ་བདུན་བདུན་ནོ། །གྲོང་ཁྱེར་ལྟ་ན་སྡུག་གི་ཕྱི་རོལ་ཤར་ཕྱོགས་ན། ཤིང་སྣ་སྣ་ཚོགས་གྱི་ཚལ་ཡོད། ལྷོ་ན་རྩུབ་འགྱུར་གྱི་ཚལ། ནུབ་ན་འདྲེས་པའི་ཚལ། བྱང་ན་དགའ་བའི་ཚལ་གྱིས་བརྒྱན་པའོ། །ཚལ་བཞི་པོ་རེ་རེའི་མཐའ་སྐོར་དུ་དཔག་ཚད་སྟོང་སྟོང་ཡོད་པ་དེ་ལ་གསེར་གྱི་རྭ་བས་བསྐོར་བའོ། །དེ་ན་རྫིང་བུ་དང་། དཔག་བསམ་གྱི་ཤིང་དང་། མེ་ཏོག་སྣ་ཚོགས་དང་། བྱ་སྣ་ཚོགས་པས་བརྒྱན་པ་ཡོད་དོ། །དེ་དག་གི་ཕྱོགས་བཞིའི་དཔག་ཚད་ཉིས་ཤུ་ན། ཤར་ན་ཚོགས་པས་བརྒྱན་པ་ཡོད་དོ། །དེ་དག་གི་ཕྱོགས་བཞིའི་དཔག་ཚད་ཉིས་ཤུ་ན། ཤར་ན་ཤིང་རྟ་སྣ་ཚོགས་ཀྱི་ས་ལ་སོགས་པ་ས་གཞི་བཟང་པོ་བཞི། ཚད་ཚལ་བཞི་དང་འདྲའོ། །གྲོང་ཁྱེར་ལྟ་ན་སྡུག་གི་བྱང་ཤར་གྱི་མཚམས་ན། ཤིང་ཡོངས་འདུ་ས་བརྟོལ་ཡོད་དེ། རྩ་བ་ཐུར་དུ་དཔག་ཚད་ལྔ་བཅུ་ཟུག་པ། གྱེན་དུ་དཔག་ཚད་ལྔ་བརྒྱ་འཕཊ་པ། མཐའ་སྐོར་དུ་དཔག་ཚད་སུམ་བརྒྱ་ཡོད་པ། དེ་ལས་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བ་ཡོད་དོ། །གྲོང་ཁྱེར་ལྟ་ན་སྡུག་གི་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷ་ཡི་མདུན་ས་ཡོད་དེ། དེའི་དབྱིབས་ཟླུམ་པོ། །དེ་ཡི་སྟེང་གི་ཐོག་དང་འོག་གི་གཞི་མ་དང་ཀ་གདུང་ཐམས་ཅད་གཞི་ཤེལ་ལས་བྱས་པ། དེའི་ཚད་ནི་གྱེན་དུ་དཔག་ཚད་སུམ་བརྒྱ། ཐད་ཀར་དཔག་ཚད་སུམ་བརྒྱ། མཐའ་སྐོར་དུ་དཔག་ཚད་སུམ་བརྒྱ། མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་ཡོད་དོ། །དེ་ཡི་ནང་ན་རྡོ་ཨ་མོ་ལི་ཀ་ཞེས་བྱ་བ། དབྱིབས་གྲུ་བཞིའི་ངོས་རེ་ལ་དཔག་ཚད་ལྔ་བཅུ། རིན་པོ་ཆེའི་ཚོན་སྣ་མི་འདྲ་བ་བརྒྱ་རྩ་གཅིག་གིས་མིག་མངས་རིས་སུ་བྲིས་པ་སྟེ། དེ་ཡང་ཤིང་བལ་གྱི་འདབ་མ་ལྟར་རེག་ན་འཇམ་ཞིང་། རྐང་པས་མནན་ན་ནེམ་པ་བཏེག་ན་འཕར་བ་ལྟ་བུ་དེའི་དབུས་ན། ལྷའི་དབང་པོས་ལྷ་རྣམས་ལ་དུས་སུ་ཆོས་འཆད་པའི་གསེར་གྱི་ཁྲི་ཡོད་པ་དེ་ན། མེ་ཏོག་ལ་སོགས་པ་སྔར་དང་འདྲ་བ་ཡོད་དོ། །ད་ནི་ནམ་མཁའ་ལ་གནས་པའི་ལྷའི་གནས་བསྟན་པ་ནི། སུམ་ཅུ་རྩ་གསུམ་དེའི་སྟེང་ན་ཡར་ནམ་མཁའ་ལྷའི་གནས་བསྟན་པ་ནི། སུམ་ཅུ་རྩ་གསུམ་དེའི་སྟེང་ན་ཡར་ནམ་མཁའ་ལ་བ་རྟེན་པའི་ལྷ་གནས་ཉིས་ཤུ་རྩ་གཅིག་ཡོད་དེ། འདོད་ཁམས་ཀྱི་ལྷ་གནས་བཞི། གཟུགས་ཁམས་ཀྱི་ལྷ་གནས་བཅུ་བདུན་ནོ། །དེ་དག་ནམ་མཁའ་ལ་རླུང་གིས་བཏེག་ནས་རིམ་གྱིས་གནས་སོ། །དེ་ངག་གི་ཚད་ནི་འཐབ་བྲལ་གྱི་ལྷ་གནས་རི་རབ་ཀྱི་རྩེ་མོ་དང་མཉམ་པའོ། །དགའ་ལྡན། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་གསུམ་པོ་ཉིས་འགྱུར་ཉིས་འགྱུར་གྱིས་གོང་མ་གོང་མ་ཆེ་བའོ། །དེ་ནས་བསམ་གཏན་དང་པོའི་གནས་ནི་གླིང་བཞིའི་རྒྱ་དང་མཉམ། བསམ་གཏན་གཉིས་པ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་དང་མཉམ། བསམ་གཏན་གསུམ་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་དང་མཉམ། བསམ་གཏན་བཞི་པ་སྟོང་གསུམ་གྱི་རྒྱ་དང་མཉམ་མོ། །འོ་ན་ལྷ་གནས་དེ་དག་ལ་བར་ཐག་ཇི་ཙམ་ཡོད་ཅེ་ན། ལྷ་གནས་དེ་དག་གི་སྟེང་འོག་གི་བར་ཐག་ནི། རི་རབ་ཀྱི་རྩེ་མོ་ནས་མི་ཡུལ་གྱི་གླིང་བཞི་ལ་བར་ཐག་དང་དཔག་ཚད་བརྒྱད་ཁྲི་ཡོད་པ་དེ་ལྟར་འཐབ་བྲལ་གྱི་པར་ལ་ཡང་དེ་སྲིད་ཡོད་དོ། །འཐབ་བྲལ་གྱི་གནས་ནས་མི་ཡུལ་གྱི་གླིང་བཞི་ལ་བར་ཐག་དང་དཔག་ཚད་བརྒྱད་ཁྲི་ཡོད་པ་དེ་ལྟར་འཐབ་བྲལ་གྱི་པར་ལ་ཡང་དེ་སྲིད་ཡོད་དོ། །འཐབ་བྲལ་གྱི་གནས་ནས་མི་ཡུལ་གྱི་གླིང་བཞི་ལ་བར་ཐག་དཔག་ཚད་ཆིག་འབུམ་དྲུག་ཁྲི་ཇི་སྲིད་ཡོད་པ། བཞིན་དུ་འཕྲུལ་དགའ་ལ་སོགས་པའི་གནས་ནས། གནས་འོག་མ་གླིང་བཞིའི་བར་ཇི་སྲིད་ཡོད་པ་དེ་ཡི་གོང་མ་ལའང་། བར་ཐག་དེ་སྲིད་ཡོད་པ་ཀུན་འདྲ་སྟེ། དེ་ལྟར་རྩིས་པས་ཤིན་ཏུ་མཐོང་གི་ལྷ་གནས་ནས། མི་ཡུལ་ལ་བར་ཐག་ཇི་ཙམ་ཡོད་པ་དེ་སྲིད་ཅིག་ཤིན་ཏུ་མཐོང་ནས་འོག་མིན་གྱི་བར་ལ་ཡོད་དོ། །འོ་ན་ལྷ་གནས་དེ་དག་འོག་མས་གོང་མར་ཕྱིན་ཅིང་། ལྟར་མཐོང་ངམ་མི་མཐོང་ཞེ་ན། རང་གི་རྫུ་འཕྲུལ་ཡོད་པའམ། གཞཉ་གྱི་རྫུ་འཕྲུལ་ལ་བརེན་ནས་མཐོང་བ་མ་གཏོགས་པ། དེ་དག་འོག་མས་གོང་མ་མཐོང་བ་མེད་དོ། །སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་མཐུས་དང་པོ་ལ་སྣོད་ཆགས་ཏེ། དེ་ཡང་དང་པོ་ནམ་མཁའི་མཐུན་གྱི་ལས་ཀྱི་མཐུས་དང་པོ་ལ་སྣོད་ཆགས་ཏེ། དེ་ཡང་དང་པོ་ནམ་མཁའི་ལྷ་གནས་ཚངས་པ་ཆེན་པོ་ནས་འཐབ་བྲལ་ཡན་ཆད་ཀྱི་གཞལ་མེད་ཁང་རྣམས་རླུང་ལ་བརྟེན་ནས་ཡར་མར་རིམ་གྱིས་ཆགས་སོ། །དེ་ནས་ས་ལ་བརྟེན་པའི་སྣོད་རྣམས་མས་ནས་ཡར་རིམ་གྱིས་ཆགས་སོ། །དེ་ནས་ས་ལ་བརྟེན་པའི་སྣོད་རྣམས་མས་ནས་ཡར་རིམ་གྱིས་ཆགས་ཏེ། གོང་དུ་རྒྱས་པར་བཤད་པ་བཞིན་ནོ། །དེ་ལྟར་སྣོད་ཆགས་པའི་ཡུན་བར་གྱི་བསྐལ་པ་གཅིག་འདི་རྫོགས་པའོ། །སྣོད་དེ་དག་གི་ཚད་དང་དུས་ཀྱི་ཕྲ་རགས་བསྟན་པ། གཉིས་པ་དེ་དག་གི་ཚད་གཞལ་བའི་དཔག་ཚད་དང་། ལོ་ཟླ་བ་བསྐལ་པ་ལ་སོགས་པའི་རྒྱུའི་ཕྲ་རགས་བསྟན་པ་ལས། དང་པོ་གཟུགས་ཀྱི་ཕྲ་རགས་བསྟན་པ་ནི། གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་ནི། ཉི་ཟེར་གྱི་རྡུལ་འབྲིང་པོ་གཅིག་ལ་བཞི་བཅུ་ཞེ་དགུར་བགོས་པའི་ཆ་གཅིག་ལ་འདོད་དོ། །རྡུལ་ཕྲ་རབ་ལ་རྡུལ་ཕྲན་གཅིག་ཡིན་ཏེ། དེ་བཞིན་བདུན་འགྱུར་དུ་བྱས་པས། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག་དེ་བདུན་ལ་ཆུ་རྡུལ་གཅིག །དེ་བདུན་ལ་རེ་བོང་གི་སྤུ་རྩེའི་རྡུལ་བཅིག་དེ་བདུན་ལ་ལུག་གི་སྤུ་རྩེའི་རྡུལ་གཅིག དེ་བདུན་ལ་གླང་གི་སྤུ་རྩེའི་རྡུལ་གཅིག དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག དེ་བདུན་ལ་སྲོ་མ་གཅིག་སྲོ་མ་བདུན་ལ་ཤིག་གཅིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་ཚོགས་གཅིག །ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་ཚོགས་གཅིག སོར་མོ་ཉིས་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། འདོམ་དེ་ཉིད་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་གཅིག་ཅེས་བྱའོ། །དུས་ཀྱི་ཕྲ་རགས་བསྟན་པ་ནི། དུས་ཀྱི་མཐའ་སྐད་ཅིག་ལ་ཐུབ་སྟེ། དེ་ཡང་ཕྲ་བའི་སྐད་ཅིག་གི་ཚད་ནེ། སེ་གོལ་གཏོག་པ་གཅིག་བརྒྱ་ཉིས་ཤུར་བགོས་པའི་ཆ་གཅིག་ལ་འདོད་དོ། །ཕྲ་བའི་སྐད་ཅིག་མ་བརྒྱ་ཉིས་ཤུ་ལ་རགས་པའི་སྐད་ཅིག་མའོ། །རགས་པའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་གོ །དེ་ཉིད་སུམ་ཅུ་ལ་ཡུད་ཙམ་གཅིག་དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ལོ་དེ་བསགས་པས་མི་ལོ་ཐེར་འབུམ་ཉིས་ཤུ་ལ་བར་བསྐལ་གཅིག་ཡ་ཐོག་རིང་པོ། མ་ཐོག་རིང་པོ་གཉིས། བར་གྱི་ཁུག་པ་བཅོ་བརྒྱད། །དེ་ལ་བར་གྱི་བསྐལ་པ་ཉིས་ཤུ། ཉིས་ཤུའི་ཡུན་དུ་འཇིག །ཉིས་ཤུའི་ཡུན་དུ་ཆགས། ཉིས་ཤུའི་ཡུན་དུ་སྟོངས། ཉིས་ཤུའི་ཡུན་དུ་གནས་པའི་ཕྱིར་རོ། །དེ་ལྟར་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ །སྟོང་གསུམ་གྱི་འདོད་ཚུལ། གསུམ་པ་སྟོང་གསུམ་གྱི་འདོད་ཚུལ་བསྟན་པ་ནི། གླིང་བཞི་དང་། ཉི་ཟླ་དང་། རི་རབ་དང་། རི་བདུན་དང་། འདོད་ལྷ་དྲུག་དང་། ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ལ་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལ་ལྕགས་རི་གཅིག་གིས་བསྐོར་བའོ། །སྟོང་སྤྱི་ཕུད་དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པ་དེ་སྟོང་ལ་ནི། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལ་ལྕགས་རི་གཅིག་གིས་བསྐོར་བའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་དེ་གཅིག་ནས་གཉིས་སུ་བགྲངས་པ་དེ་སྟོང་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ན་གླིང་བཞི་ལ་སོགས་པ་བྱེ་བ་ཕྲག་བརྒྱ་ཡོད་ལ། དེ་ལ་ལྕགས་རི་གཅིག་གིས་བསྐོར་ཞིང་། ལྕགས་རི་དེས་ཚངས་པའི་འཇིག་རྟེན་དུ་སླེབས་པར་བཤད་དོ། །དེ་དག་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་རྣམས་དུས་མཉམ་མོ། །དེ་ཡན་ཆད་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་གནས་ཚུལ་བཤད་དོ། །བཅུད་ཀྱི་སེམས་ཅན་གནས་ཚུལ། བཞི་པ་དེ་ལས་ཞར་ལ་འཕྲོས་པ་བཅུད་ཀྱི་སེམས་ཅན་དན་གནས་ཚུལ་བསྟན་པ་ནི། དེ་སྟར་སྣོད་ཀྱི་འཇིག་རྟེན་དེ་དག་ན། བཅུད་ཀྱི་སེམས་ཅན་གནས་ཚུལ་ནི། དེ་ལ་སྤྱིར་ཁམས་ནི་རྣམ་པ། སུམ། ས་ནི་རྣམ་པ་དགུ འགྲོ་བ་རིགས་ལྔའམ་དྲུག་སྐྱེ་གནས་རྣམ་པ་གཞིའོ། །དེ་ལ་དང་པོ་ཁམས་གསུམ་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་གསུམ་མོ། །གདོད་པའི་ཁམས་ནི་གནས་རིག་གཉིས་ཤུ་སྟེང་། གང་ཞེ་ན་ངན་སོང་གི་གནས་བཅུ་དང་། མཐོ་རིས་ཀྱི་གནས་བཅུའོ། །ངན་སོང་གི་གནས་བཅུ་ནི། དམྱལ་བ་ཚ་གྲང་བརྒྱད་བརྒྱད་པོ། ཚེ་ཚད་དང་སྡུག་བསྔལ་ཞེ་ལ་མཉམ་པས། ཡང་སོས་དང་ཆུ་བུར་ཅན་གཉིས་ཟུང་དུ་བྱས་པ་ལ་གཅིག་ཏུ་བགྲངས་པ་ལ་སོགས་པ་བརྒྱད། ཡི་དྭགས་དུད་འགྲོ་གཉིས་ཏེ་ངན་སོང་བཅུའོ། །མཐོ་རིས་ཀྱི་གནས་བཅུ་ནི། མི་ཡུལ་གླིང་བཞི་སོ་སོར་བགྲངས་ཏེ། ཚེ་ཚད་དང་ལུང་ཚད་མི་འདྲ་བས་སོ། །རྒྱལ་ཆེན་བཞི་གཅིག་ཡུ་བགྲངས་ཏེ་ཚེ་ཚད་ལུས་ཚད་འདྲ་སྟེ་ལྔ། དེ་ཡན་ཆད་ལྷ་མ་ཡིན་དང་འཐབ་པ་དང་བྲལ་མ་ཡིན་དང་འཐབ་ལ། དེ་ཡན་ཆད་ལྷ་མ་ཡིན་དང་འཐབ་པ་དང་བྲལ་བས་འཐབ་བྲལ་ལོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་བཞུགས་པའི་གནས་སུ་གྱུར་ཅིང་། ཐེག་ཆེན་གྱི་ཆོས་ཀྱི་དགའ་བ་དང་ལྡན་པས་འཕྲུལ་དགའོ། །འདོད་ཡོན་གཞན་གྱིས་སྤྲུལ་པ་ལ་སྤྱོད་པས་གཞན་འཕྲུལ་དབང་བྱེད་དང་ལྔ་སྟེ་བཅུའོ། །གཟུགས་ཁམས་དག་ན་གནས་རིགས་བཅུ་བདུན་ཏེ། བསམ་གཏན་དང་པོ་དག་ན་ལྷ་གནས་གསུམ་སྟེ། བསམ་གཏན་དང་པོ་ཡན་ཆད་སྡིག་པ་མི་དགེ་བ་ལས་ཚངས་ཤིང་དེའི་རིགས་སུ་གཏོག་པས་ན་ཚངས་རིགས་དང་། གཅིག་གི་མདུན་ན་གཅིག་བསམ་གཏན་གྱི་སྨྲང་འདོན་པས། ཚངས་པ་མདུན་ན་འདོན་དང་། བསམ་གཏན་ཁྱད་པར་ཅན་བསྒོམས་པས་ཚངས་པ་གཞན་ལས་ཁྱད་པར་འཕགས་པས་ན་ཚངས་ཆེན་ནོ། །བསམ་གཏན་གཉིས་པ་དག་ན་ལྷ་གནས་གསུམ་སྟེ། ལྷ་གོང་མ་ལ་ལྟོས་ན་འོད་ཀྱི་རྒྱུ་ཆུང་ཞིང་མི་གསལ་བས་འོད་ཆུང་དང་། དེ་བས་འོད་རྒྱ་ཆེ་ཞིང་གསལ་བས་ཚད་མེད་འོད་དང་། དེ་བས་ཀྱང་རྒྱ་ཆེ་ཞིང་གསལ་བས་ན་འོད་གསལ་ལོ། །འོ་ན་ལྷ་ཐམས་ཅད་ཀྱི་ལུས་ལ་འོད་ཡོད་པ་མཉམ་མོ་ཞེ་ན། བསམ་གཏན་དང་པོ་མན་ཆད་ན། ལུས་ཀྱི་ཕྱི་འོད་ཀྱི་རང་བཞིན་ཙམ་མོ། །བསམ་གཏན་གཉིས་པ་ཡན་ཆད་ན། ལུས་ཀྱི་ཕྱི་ནང་གཉིས་ཀ་འོད་ཀྱི་རང་བཞིན་དུ་ཡོད་ལ། དེ་དག་གི་དང་པོར་འདུག་པས་འོད་ཀྱི་མིང་བཏགས་པའོ། །དེ་དག་གི་གོང་བསམ་གཏན་གསུམ་ན། ལྷ་རིགས་གསུམ་ཡོད་དེ། དེ་དག་ནི་དགའ་བ་ཡོད་པའི་བདེ་བ་དང་ལྡན་པས། འབྲས་བུ་བདེ་བ་ལ་རྒྱུ་དགེ་བའི་མིང་བཏགས་ཏེ། དེ་ཡག་ཡིད་ཀྱི་བདེ་བ་ཆུག་དུ་དང་ལྡན་པས་དགེ་ཆུང་དང་། བདེ་བ་ཚད་མེད་པ་དང་ལྡན་པས་ཚད་མེད་དགེ་དང་། བདེ་བས་རྒྱུ་གང་ཞིང་རྒྱས་པས་དགེ་རྒྱས་སོ། །དེའི་གོང་བསམ་གཏན་བཞི་པ་ན་ལྷ་རིགས་གསུམ་ཡོད་དེ། བསམ་གཏན་གཉིས་པ་ནས་དགེ་རྒྱས་མན་ཆད་ན། འོག་གཞི་སྤྲིན་ལྟ་བུ་ཧྲིབ་ཧྲིབ་པོ་ཞིག་ཡོད་ལ། དེ་ཡན་ཆད་ན་འོག་གཞི་སྤྲིན་དང་འདྲ་བ་དེ་ཡང་མེད་པས་སྤྲིན་མེད་དང་། ཚད་མེད་པ་བཞི་ཕུལ་དུ་བྱུང་བ་བསྒོམས་པའི་བསོད་ནསམ་ལས་སྐྱེས་པས་བསོད་ནམས་ལས་སྐྱེས་དང་། ཟག་བཅས་ཀྱི་གནས་གཞན་རྣམས་ཀྱི་ནང་ནས་འབྲས་བུ་ཆེ་བའི་མཆོག་ཏུ་གྱུར་པས་འབྲས་བུ་ཆེ་དང་། དེ་ཡི་སྟེང་ན་འཕགས་པའི་གནས་གཞན་གཙང་བའི་ལྷ་ལྔ་ནི། ཟག་བཅས་ཟག་མེད་ཀྱི་བསམ་གཏན་སྤེལ་མར་བསྒོམས་པ་ཆུང་དུ་ལས་བྱུང་བས་མི་ཆེ་བ་དང་། ལུས་སེམས་ལ་འགྱོད་པའི་གདུང་གྱ་ནོམ་སྣང་བ་དང་། ལྟ་བ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་དང་། གནས་གཞན་རྣམས་ཀྱི་འོག་ཏུ་མ་གྱུར་པས་འོག་མིན་གྱི་གནས་སོ། །དེ་དག་གི་སྟེང་ན་སངས་རྒྱས་ལོངས་སྐུའི་ཞིང་ཁམས་ཡོད་པར་བཤད་དོ། །གཟུགས་མེད་ཀྱི་ཁམས་ནི་སྐྱེ་མཆེད་མུ་བཞི་སྟེ། ནམ་མཁའ་ཡང་མེད་པའི་སྐྱེ་མཆེད་དག ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དོ། །དེའང་གཟུགས་མེད་པའི་ཕྱིར་ན། གནས་གཞན་དང་ལུས་ཚད་མེད་དོ། །ཁམས་གསུམ་གྱི་ངེས་ཚིག་ནི། ཅིའི་ཕྱིར་འདོད་ཁམས་ཞེ་ན། །ཕྱི་རོལ་གྱི་འདོད་ཡོན་ལྔ་ལ་ཆགས་པའི་ཕྱིར་ན་འདོད་ཁམས་སོ། །གཟུགས་ཁམས་གནས་རིགས་བཅུ་བདུན་པོ་དེ་དག་ལ། གཟུགས་ཁམས་ཞེས་ཅིའི་ཕྱིར་ཞེ་ན། ཕྱིའི་གཟུགས་ལ་སོགས་པ་ལ་འདོད་ཆགས་དང་བྲལ་ཡང་ནང་རོལ་གཟུགས་ཀྱི་ཕུང་པོ་ལ་ཆགས་པའི་སྲེད་པ་ཡོད་པས་གཟུགས་ཁམས་སོ། །སྐྱེ་མཆེད་མུ་བཞི་ལ་ཅིའི་ཕྱིར་གཟུགས་མེད་ཟེར་ན་ནང་གི་གཟུགས་ཕུང་ལ་ཆགས་པ་མེད་ཀྱང་། ཚོར་བ་ལ་སོགས་པ་མིང་གཞིའི་ཕུང་པོ་ཙམ་ལ་ཞེན་པས་ན་གཟུགས་མེད་དོ། །ཁམས་གསུམ་པོ་དེ་དག་ཀྱང་ས་རྣམ་པར་དགུར་བྱེད་ན། འདོད་ཁམས་པ་ལ་ལུས་པོ་བའི་ཟས་འདོད། མཐུན་པོའི་གྲོགས་འདོད། བརྟེན་པའི་གནས་འདོད་པ་ཙམ་དུ་མཐུན་པས་ས་གཅིག་གོ གཟུཊ་ཁམས་བསམ་གཏན་བཞི་རྣམས། ཁམས་གཅིག་ཀྱང་དགའ་བདེའི་བསམ་པ་མི་འདྲ་བས་དེ་དག་ལ་ས་རེ་རེ་སྟེ་བཞིའོ། །གཟུགས་མེད་སྐྱེ་མཆེད་མུ་བཞི་འདྲ་བས། དེ་དག་ལ་ས་རེ་རེ་སྟེ་བཞིའོ། །གཟུགས་མེད་སྐྱེ་མཆེད་མུ་བཞི་རྣམས་ལ། སྙོམས་འཇུག་གི་རིམ་པ་ཁྱད་པར་མི་འདྲ་བས་ས་བཞི་སྟེ་དགུའོ། །དེ་དག་འགྲོ་བ་ནི་རིགས་ལྔའམ་དྲུག་ཡིན་ཏེ། ལྷ་དང་། ལྷ་མིན་མི་དང་། ངན་སོང་གསུམ་སྟེ་དྲུག །ལྷ་མིན་ལྷ་ལ་བསྡུས་ན་ལྔའོ་དེ་དག་སྐྱེ་གནས་ནི་རྣམ་པ་བཞི་ལས་སྐྱེས་ཡེ། ལྷ་རྣམས་དང༌། དམྱལ་བ་དང་། བར་དོ་རྣམས་རྫུས་སྐྱེས་སོ། །ཡི་དྭགས་ཕལ་ཆེར་རྫུས་སྐྱེས་ཡིན་ལ། མངལ་ལས་སྐྱེས་པའང་ཡོད་དོ། །དུད་འགྲོ་རྣམས་ལ་སྐྱེ་གནས་རྣམ་པ་བཞི་ཀ་ཚང་། མི་རྣམས་ལའང་སྐྱེ་གནས་བཞི་ཚང་སྟེ། སྲིད་པ་དང་པོའི་མི་ཐམས་ཅད་རྫུས་སྐྱེས་སོ། །ཡི་དྭགས་ཕལ་ཆེར་རྫུས་སྐྱེས་ཡིན་ལ། མངལ་སལ་སྐྱེས་པའང་ཡོད་དོ། །དུད་འགྲོ་རྣ་ལ་སྐྱེ་གནས་རྣམ་པ་བཞི་ཀ་ཚང་། མི་རྣམས་ལའང་སྐྱེ་གནས་བཞི་ཚང་སྟེ། སྲིད་པ་དང་པོའི་མི་ཐམས་ཅད་རྫུས་སྐྱེས་སོ། །བུད་མེད་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྒོ་ང་ལས་སྐྱེས་པའོ། །རྒྱལ་པོ་སྤྱི་བོ་སྐྱེས་ལ་སོགས་པ་དྲོད་གཤེར་ལས་སྐྱེས་པའོ། །མངལ་སྐྱེས་དངོས་སུ་གྲུབ་བོ། །འགྲོ་བ་རིགས་དྲུག་གི་སེམས་ཅན་དེ་རྣམས། གནས་གཞན་གང་ན་གནས་བསྟན་པ་ནི། འགྲོ་བ་མི་ནི་གླིང་ཆེན་པོ་བཞི་ན་གནས་སོ། །དེ་ཡང་ཤར་ལུས་འཕགས་པོ་ན། འབྲུ་སྣ་ལྔ་དང་རིན་པོ་ཆེ་ལྔ་ལ་ལོངས་སྤྱོད་དེ། འཛམ་བུ་གླིང་བ་བས་ཀྱང་མངའ་ཐང་ཆེའོ། །དེ་བས་ཀྱང་ནུབ་བ་ལང་སྤྱོད་མངའ་ཐང་སྟེ། དེ་ན་བ་ལང་དང་རིན་པོ་ཆེ་ལ་ལོངས་སྤྱོད་དོ། །དེ་བས་གླིང་པ་བས་ཀྱང་མངའ་ཐང་ཆེའོ། །དེ་བས་ཀྱང་ནུབ་བ་ལང་སྤྱོད་མངའ་ཐང་ཆེ་སྟེ། དེ་ན་བ་ལང་དང་རིན་པོ་ཆེ་ལ་ལོངས་སྤྱོད་དོ། །དེ་བས་བྱང་སྒྲ་མི་སྙན་མངའ་ཐང་ཆེ་སྟེ། དཔག་བསམ་གྱི་ཤིང་ལ་ལོངས་སྤྱོད་དོ། །གླིང་ཕྲན་བརྒྱད་ན་མིའམ་ལྷ་སྲིན་སྡེ་བརྒྱད་གནས་པར་བཤད་དོ། །རི་རབ་ཀྱི་བང་རིམ་བཞི་ལ་གནོད་སྦྱིན་གཞོང་ཐོགས་དང་། ཕྲེང་ཐོགས་དང་། རྟག་མྱོས་དང་། རྒྱལ་ཆེན་རིགས་བཞི་གནས་ཏེ། ཤར་དྲི་ཟའི་རིགས་རྒྱལ་པོ་ཡུལ་འཁོར་སྲུང་དང་། ལྷོ་ན་གྲུལ་བུམ་གྱི་རིགས་རྒྱལ་པོ་འཕགས་སྐྱེས་པོ་དང་། ནུབ་ན་གླུ་དབང་གི་རིགས་རྒྱལ་པོ་སྤྱན་མི་བཟང་དང་། བྱང་ན་གནོད་སྦྱིན་གྱི་རིགས་རྒྱལ་པ་རྣམ་ཐོས་སྲས་འཁོར་དང་བཅས་པ་གནས་སོ། །རི་བདུན་པོ་གཞན་དག་གི་ཁ་ལའང་། རྒྱལ་ཆེན་རིགས་བཞིའི་ལྷའི་རིགས་གནས་སོ། །ཉི་ཟླ་སྐར་མའི་སྟེང་ནའང་། ལྷའི་གྲོང་ཁྱེར་བཀོད་པ་ཕུན་སུམ་ཚོགས་པ་ཡོད་དེ། དེ་དག་ཀྱང་རྒྱལ་ཆེན་བཞིའི་རིགས་སུ་གཏོཊ་སོ། །རོལ་མཚོ་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་གནས་སོ། །རྒྱ་མཚོ་བ་ཚཱ་ཅན་ལ་དུད་འགྲོའི་ཚོགས་ཅན་ཆང་གི་སྦང་མ་ལྟ་བུར་གནས་སོ། །གཤིན་རྗེའི་འཇིག་རྟེན་དག་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ཡི་དྭགས་ཕལ་པོ་ཆེ་དང་བཅས་པ་གནས་སོ། །དམྱལ་བའི་གནས་གཞན་རྣམས་ལ་དམྱལ་བའི་སེམས་ཅན་སའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པར་གནས་སོ། །དེ་ཡི་དབུས་ཀྱི་རྣམ་པར་རྒྱལ་བའི་ཁང་བཟང་ན། ལྷའི་དབང་པོ་བརྒྱ་བྱིན་ཉེ་དབང་སུམ་ཅུ་རྩ་གཉིས་དང་བཅས་པ་གནས་སོ། །དེ་དག་ལ་ལྷ་ཕྲན་སྟོང་ཕྲག་དུ་མའི་འཁོར་གྱིས་བསྐོར་ནས། འདོད་པ་ལ་རྩེ་དགའ་ཡོངས་སུ་སྐྱོད་དོ། །དུས་དུས་སུ་ཆོས་བཟང་ལྷའི་འདུན་སར། ལྷ་རྣམས་ལྷའི་དབང་པོ་ལས་ཆོས་ཉན་ནོ། །ལྕོག་བཞི་ལ་གནོད་སྦྱིན་ལག་ན་རྡོ་རྗེ་འཁོར་བཅས་གནས་སོ། །གླང་པོ་ཆེ་ས་སྲུང་དང་། །རབ་བརྟན་ཁ་དོག་གངས་རི་ལྟར་དཀར་བ། དཔངས་སུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་ཕྱེད་དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་པ། འཁོར་གླང་ཕྲན་སྟོང་གིས་བསྐོར་བ། མངོན་ཤེས་དང་རྫུ་འཕྲུལ་ཅན། འཛམ་གླིང་གསེར་བྲག་དང་ཤིང་མཆོག་སཱ་ལ་དང་། མཚེའུ་དལ་གྱིས་འབབ་པར་སྡོད་དོ། །ལྷ་མ་ཡིན་རྣམས་ནི་རི་རབ་ཀྱི་ཁོང་གསེང་གྱི་གཞིའི་སྟེང་ན་ཡོད་དོ། །དེའི་ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་པའི་ལྷ་དང་མཐུན་པར་ཡོད་དོ། །འགྲོ་བ་རིཊ་དྲུག་སེམས་ཅན་དེ་དག་གི་ལུས་ཚད་དང་ཚེ་ཚད་བསྟན་པ་ནི། འཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ཚད་ནི་ཁྲུ་བཞི་པ། ཚེ་ཚད་ནི་ངེས་པ་མེད་དེ། སྲིད་པ་དང་པོའི་མི་རྣམས་ནི་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་བྱུང་། དེ་ནས་བརྒྱད་ཁྲི་ལ་སོགས་པ་རིམ་གྱིས་མར་བྲི་བས། ཚེ་ལོ་བཅུ་ལས་མི་ཐུན་པའོ། །ཤར་ལུས་འཕགས་པོའི་ལུས་ཚད་ནི་འཛམ་བུ་གླིང་པའི་ཁྲུ་བརྒྱད། ཚེ་ཚད་ནི་ཉིས་བརྒྱ་ལྔ་བཅུ་ཐུབ། བ་ལང་སྤྱོད་པའི་ལུས་ཚད་ནི་ཁྲུ་བཅུ་དྲུག་གོ །ཚེ་ཚད་ནི་ལོ་ལྔ་བརྒྱའོ། །སྒྲ་མི་སྙན་པ་ཁྲུ་སུམ་ཅུ་རྩ་གཉིས། ཚེ་ཚད་ན་ལོ་སྟོང་ཐུབ། རྒྱལ་ཆེན་སྙན་པ་ཁྲུ་སུམ་ཅུ་རྩ་གཉིས། ཚེ་ཚད་ནི་ལོ་སྟོང་ཐུབ། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱི་ལུས་ཚད་ནི། འཛམ་བུ་གླིང་པའི་ཚེ་ལོ་བརྒྱད་པའི་འདོམ་བརྒྱ་ཉིས་ཤུ་རྩ་ལྔ། ཚེ་ཚད་ནི་མི་ལོ་ལྔ་བཅུ་ལ། རྒྱལ་ཆེན་རིགས་ཀྱི་ལྷའི་ཉིན་ཞག་གཅིག་ཏུ་བྱས་པའི། རང་ལོ་ལྔ་བརྒྱ་ཐུབ་བོ། །སུམ་ཅུ་རྩ་གསུམ་པའི་ལུས་ཚད། འདོམ་ཕྱེད་སུམ་བརྒྱ། ཚེ་ཚད་ནི་མི་ལོ་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་སྟོང་ཐུབ། འཐབ་བྲལ་བའི་ལུས་ཚད་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔ། ཚེ་ཚད་ནི་མི་ལོ་ཉིས་ལུས་ཚད་འདོམ་སུམ་བརྒྱ་བདུན་ཅུ་རྩ་ལྔ། ཚེ་ཚད་ནི་མི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་ཉིས་སྟོང་ཐུབ། དགའ་ལྡན་པའི་ལུས་ཚད་འདོམ་ལྔ་བརྒྱ། ཚེ་ཚད་ནི་མི་ལོ་བཞི་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་བཞི་སྟོང་ཐུབ། འཕྲུལ་དགའི་ལུས་ཚད་འདོམ་དྲུག་བརྒྱ་ཉིས་ཤུ་རྩ་ལྔ། ཚེ་ཚད་ནི་མི་ལོ་བརྒྱད་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་བརྒྱད་སྟོང་ཐུབ། གཞན་འཕྲུལ་དབང་བྱེད་ལུས་ཚད་འདོམ་བདུན་བརྒྱ་ཉིས་ཤུ། ཚེ་ཚད་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་བོ། །གཟུགས་ཁམས་ཀྱི་དང་པོ་ཚངས་རིས་ཀྱི་ལུས་ཚད་དཔག་ཚད་ཕྱེད་ཚེ་ཚད་བར་གྱི་བསྐལ་པ་ཕྱེད་ཐུབ། ཚངས་པ་མདུན་ན་འདོན་ལུས་དཔག་ཚད་གཅིག །ཚེ་ཚད་བར་གྱི་བསྐལ་པ་ཕྱེད་དང་གཉིས་ཐུབ་བོ། །འོད་ཆུང་གི་ལུས་དཔག་ཚད་གཉིས། ཚེ་ཚད་བསྐལ་པ་ཆེན་པ་གཉིས་ཐུབ། ཚད་མེད་འོད་ཀྱི་ལུས་དཔག་ཚད་བཞི། ཆེ་ཚད་བསྐལ་པ་ཆེན་པོ་བཞི་ཐུབ། དགེ་ཆུང་གི་ལུས་དཔག་ཚད་བཅུ་དྲུག་ཚེ་ཚད་བསྐལ་པ་ཆེན་པོ་བཅུ་དྲུག་ཐུབ། ཚད་མེད་དགེ་བའི་ལུས་དཔག་ཚད་སུམ་ཅུ་རྩ་གཉིས། ཚེ་ཚད་བསྐལ་པ་ཆེན་པོ་སུམ་ཅུ་རྩ་གཉིས་ཐུབ། དགེ་རྒྱས་ཀྱི་ལུས་དཔག་ཚད་དྲུག་ཅུ་རྩ་བཞི། ཚེ་ཚད་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞི། སྤྲིན་མེད་ཀྱི་ལུས་དཔག་ཚད་བརྒྱ་ཉེར་ལྔ། ཚེ་ཚད་བསྐལ་པ་ཆེན་པོ་བརྒྱ་ཉེར་ལྔ་ཐུབ། བསོད་ནམས་སྐྱེས་ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཚེ་ཚད་བསྐལ་ཆེན་ཉིས་བརྒྱ་ལྔ་བཅུ་ཐུབ་བོ། །འབྲས་བུ་ཆེན་བའི་ལུས་དཔག་ཚད་ལྔ་བརྒྱ། ཚེ་བསྐལ་བ་ཆེན་པོ་སྟོང་ཐུབ་བོ། །མི་གདུང་བའི་ལུས་དཔག་ཆད་ཉིས་སྟོང་། ཚེ་ཚད་བསྐལ་པ་ཆེན་པོ་ཉིས་སྟོང་ཐུབ། ཤིན་ཏུ་མཐོང་བའི་ལུས་དཔག་ཚད་བཞི་སྟོང་། ཚེ་ཚད་བསྐལ་པ་ཆེན་པོ་བཞི་སྟོང་ཐུབ། གྱ་ནོམ་སྣང་བའི་ལུས་དཔག་ཚད་བརྒྱད་སྟོང་། ཚེ་ཚད་བསྐལ་པ་ཆེན་པོ་བརྒྱད་སྟོང་ཐུབ། འོག་མིན་གྱི་ལུས་དཔག་ཚད་ཁྲི་དྲུག་སྟོང་། ཚེ་བསྐལ་པ་ཆེན་པོ་ཁྲི་དྲུག་སྟོང་ཐུབ་བོ། །གཟུགས་མེད་ཁམས་ཀྱི་སྐྱེ་མཆེད་མུ་བཞི་ལ་ལུས་ཚད་གཞལ་དུ་མེད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྐལ་པ་ཆེན་པ་ཉིས་ཁྲི་ཐུབ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྐལ་པ་ཆེན་པོ་ཉིས་ཁྲི་ཐུབ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྐལ་པ་ཆེན་པོ་དྲུག་ཁྲི་ཐུབ། ཡོད་མིན་ངན་སོང་གསུམ་གྱི་ལུས་ཚད་ནི། ངེས་པ་མེད་དེ། དམྱལ་བའི་ལུས་ཚད་ནི་རྣམ་སྨིན་སྟོབས་ཆེ་ཆུང་གིས་ལུས་ཆེ་ཆུང་དུ་མ་ཡོད་དོ། །ཡི་དྭགས་ཀྱང་དེ་དང་མཚུངས་སོ། །དུད་འགྲོ་ནི་ཆེད་དགའ་བོ་དང་། ཉེ་དགའ་བོ་གནསི་ཀྱི་ལུས་ཀྱིས་རི་རབ་ལ་ལན་གསུམ་དཀྲིས་ནས་ཡོད་པར་བཤད་དོ། །དུད་འགྲོ་ཆུང་བ་ལ་མིག་གིས་མི་བཟོད་པ་ཡོད་པས་ངེས་པ་མེད་དོ། །ཚེ་ཚད་ནི་འདོད་ཁམས་ཀྱི་ལྷ་དྲུག་གི་ཚེ་ཚད། ཡང་སོས་ལ་སོགས་པའི་དམྱལ་བ་དྲུག་གི་ཞག་མཉམ་པས། རྒྱལ་ཆེན་བཞིའི་ཚེ་ལོ་ལྔ་བརྒྱ་ལ། དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཏུ་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །དེ་བཞིན་གོང་འོག་ཉིས་འགྱུར་ཉིས་འགྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལོང་སྟོང་ལ་དམྱལ་བ་ཐིག་ནག་གི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཐུབ་བོ། །འཐབ་བྲལ་གྱི་ལོ་ཉིས་སྟོང་ལ། བསྡུས་འཇོམས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཉིས་སྟོང་ཐུབ་བོ། །དགའ་ལྡན་པའི་ལོ་བཞི་སྟོང་ལ། ངུ་འབོད་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་བཞི་སྟོང་ཏུ་བྱས་པའི་རང་ལོ་བརྒྱད་སྟོང་ཐུབ་བོ། །གཞན་འཕྲུལ་དབང་བྱེད་ཀྱི་ལོ་ཁྲི་དྲུག་སྟོང་ལ་ཚ་བའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་། ཐུབ་པོ། །རབ་ཏུ་ཚ་བས་ནི་བར་བསྐལ་ཕྱེད་ཐུབ་བོ། །མནར་མེད་ཀྱི་ཚེ་ནི་བར་གྱི་བསྐལ་པ་གཅིག་ཐུབ་པ། གྲངས་དམྱལ་གྱི་ཚེ་ཚད་ནི་ཏུལ་འབྲུ་མ་ག་དྷའི་བྲེའི་ཁལ་ཉིས་ཤུ་འགྲོ་བའི་སྣོད་གཅིག་བཀང་ནས། སྐྱེས་བུ་ཞིག་གིས་ལོ་བརྒྱ་བརྒྱ་བཞིན་ཏིལ་རེ་རེ་ཕྱུང་པས་ཏིལ་སྦྱངས་ཟད་པར་གྱུར་པ་དེ། དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། དམྱལ་བ་འོག་མ་རྣམས་ཉིས་ཤུ་ཉིས་ཤུའི་འགྱུར་གྱིས་མང་བར་འགྱུར་བའོ། །དུད་འགྲོའི་ཚེ་ཚད་ནི་ཀླུ་ཆེན་པོ་བརྒྱད་ཀྱིས་བར་གྱི་བསྐལ་པ་མང་པོ་ཐུབ། དུད་འགྲོ་ཕལ་པའི་ཚེ་ལ་ངེས་པ་མེད་དོ། །གཤིན་རྗེའི་འཇིག་རྟེན་ན་གནས་པའི་ཡི་དྭགས་རྣམས་ཀྱི་ཚེ་ཚད་ནི་མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། ཁ་འཐོར་བའི་ཡི་དྭགས་ཀྱི་ཚེ་ལ་ངེས་པ་མེད་དོ། །སྦྱིར་འདོད་ཁམས་ཀྱི་ཚེ་ཚད་དེ་ལྟར་ཡིན་མོད་ཀྱང་། སྒྲ་མི་སྙན་པ་མ་གཏོཊ་པ་འདོད་ཁམས་ཀྱི་སེམས་ཅན་གཞན་དུས་མིན་དུ་འཆི་བ་མང་པོ་ཡོད་དོ། །ཁམས་གོང་མ་གཉིས་འཇིག་རྟེན་རིང་པའི་རྒྱུ། སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཉེ་བའི་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་ཆགས་པས་སྣོད་ལ་འཇིག་ཆགས་ཡོད་ཅིང་། བཅུད་ལ་སྐྱེ་འཆི་ཡོད་པས་མ་དག་པའི་སྲིད་པ་ཞེས་བྱའོ། །དེ་ལྟར་ཁམས་གསུམ་སྣོད་བཅུད་སྲིད་པ་དེ་རྣམས་ཡི་ནང་ནས། སྟོན་པ་སྤྲུལ་པའི་སྐུ་འབྱོན་པའི་གནས་ནི། སྤྱིར་འདོད་ཁམས་མིའི་ཡུལ་དང་། ཁྱད་པར་གླིང་བཞི་པའི་ནང་ནས་མཆོག་ཏུ་གྱུར་པའི་འཛམ་བུའི་གླིང་གི་རྡོ་རྗེ་གདན་དང་། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ། བྱ་རྒོད་ཕུང་པོའི་གནས་ཏེ། ཀུན་བྱེད་ལས། གནས་ནི་བྱ་རྒོད་ཕུང་པོའི་གནས་བསྟན་ཏེ། །ཞེས་པ་ཆོས་གསུང་པའི་གནས་ནི་གཙོ་བོར་བྱ་རྒོད་ཕུང་པོའི་རི་སྟེ། དེ་ལ་ཅིའི་ཕྱིར་བྱ་རྒོད་ཕུང་པོའི་རི་བོ་ཞེས་བྱ་ཞེ་ན། རི་དེའི་ཤར་ལྷོ་ནི་རིའི་དབྱིབས་བྱ་རྒོད་ལྟ་བུར་ཆུ་ཞེང་གབ་པར་ཡོད་ཅིང་། དེ་ན་ཕུང་པོ་གསུམ་ཡོད་པས་ཕུང་པོ་ཞེས་བྱ་སྟེ། གསུམ་ནི་སྨན་དང་མེ་ཏོག་གི་ཕུང་པོ་དང་། ཆུ་ཡོན་ཏན་ཅན་དང་། རླུང་ཡོན་ཏན་ཅན་ནོ། །དང་པོ་ནི་སྨན་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་པ་ཡོད་པའོ། །གཉིས་པ་ནི། ཆུ་གྲང་དྲོ་རན་པ་རོ་མཆོག་བརྒྱད་དང་ལྡན་པ་ནད་ཐམས་ཅད་ལ་ཕན་པའི་ཆུ་བོ་ཡོད་པའོ། །གསུམ་པ་ནི་ངད་ལྡང་བའི་བསེར་བུ་གསུམ་ཡོད་དེ། ཁམས་བདེ་བའི་བསེར་བུ་དང་། །དང་པོ་ནི་སྨན་གྱི་དྲི་ངད་ཡོད་པ་དང་། ས་ཕྱོགས་ཚ་གྲང་སྙོམས་པས་གཞན་པས་ཁམས་བདེ་བའོ། །གཉིས་པ་ནི་ཚད་པའི་ནད་ཅན་ལ་བསིལ་ནུས། གྲང་ནད་ཅན་ལ་དྲོད་སྐྱེད་ནུས་པའི་བསེར་བུ་ཡོད་པས་ནད་ཚ་གྲང་མི་ལྡང་བར་འབྱུང་བ་སྙོམས་པའོ། །གསུམ་པ་ནི་རི་དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཐམས་ཅད་འཁོར་རྣམས་ཀྱིས་ཐོས། ཐོས་པ་ཐབས་ཅད་ཟིན། ཟིན་པ་ཐམས་ཅད་མི་བརྗེད། མ་བརྗེད་པ་ཐམས་ཅད་རྒྱུད་ལ་སྐྱེ་བའོ། །ཡང་ན། རྒྱ་གར་སྐད་དུ། ཀྲི་ཏ་ཀུ་ཏ། ཞེས་བྱ་སྟེ། ཀྲི་ཏ་ནི་ཡོན་ཏན། ཀུ་ཏ་ནི་བརྩེགས་པ་སྟེ། ཡོན་ཏན་བརྩེགས་པའི་རི་བོ་ཞེས་བྱའོ། །དེ་ནི་གཙོ་བོའི་ངོས་ནས་སྨོས་སུ་ཟད་ཀྱི། ཡང་དག་ཐུགས་རྗེ་སྤྲུལ་པ་ངེས་མེད་གནས་ཞེས་པ། ཡང་དག་པར་ན་ཐུགས་རྗེ་ཅིར་ཡང་སྤྲུལ་པའི་སྐུ་ལ་ངེས་པ་ཕྱོགས་གཅིག་པ་མེད་པས་ན། བཞུགས་པའི་གནས་ལའང་ངེས་ཕ་མེད་ཡངས་པ་ཅན་ལ་སོགས་པར་ཡང་གསུངས་སོ། །བཞུགས་པའི་གནས་ལའང་པའི་སྐུ་ལ་ངེས་པ་མེད་དེ། རེས་འགའ་ནི་ཝ་ར་ཎཱ་སི། རེས་འགའ་ནི་སེར་སྐྱ། རེས་དགའ་ཡངས་པ་ཅན་ལ་སོགས་པར་ཡང་གསུངས་སོ། །གདུལ་བའི་ཞིང་ཁམས་ནི་ཀུན་བྱེད་ལས། འཛམ་བུའི་གླིང་ནི་བྱེ་བ་ཕྲག་བརྒྱ་ལས། །རང་བྱུང་ཡེ་ཤེས་ཐུགས་རྗེས་རྒྱུད་དྲུག་འདུལ། །ཞེས་པ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ནི། ཤཱཀྱ་ཐུབ་པ་དང་མཐུན་པའི་བྱེ་བྲག་ཏུ་བསྟན་པ་ཡིན་ཏེ། དེའང་ཤཱཀྱ་ཐུབ་པ་ཆེན་པོ་གཅིག་ལས་ཤཱཀྱ་ཐུབ་པ་བྱེ་བ་བྲག་བརྒྱར་སྤྲུལ་ནས་འགྲོ་དོན་མཛད་དོ། །དེས་ན་དེ་ནི་མཐུན་པའི་བྱེ་བྲག་བསྟན་པ་ཞེས་སོ། །རག་བྱུང་ཡེ་ཤེས་ཀྱི་སྤྲུལ་པའི་སྐུས་ཐུབ་པ་དྲུག་ཏུ་སྣང་ནས་རྒྱུད་དྲུག་གི་སེམས་ཅན་འདུལ་བའོ། །དེ་ཡང་བཤད་རྒྱུད་ལས། སྟོན་པ་སྤྲུལ་སྐུར་བཞུགས་ཙ་ན། །སེམས་ཅན་འདོད་པའི་རང་བཞིན་གྱིས། །ཇི་ལྟར་འདོད་པའི་ཐུགས་རྗེ་བྱུང་། །སེམས་ཅན་འདོད་པའི་རང་བཞིན་གྱིས། །ཇི་ལྟར་འདོད་པའི་ཐུགས་རྗེ་བྱུང་། །སྐབ་ཆགས་ལྔ་ཡི་རྣམ་སྨིན་ཏེ། །རྒྱུད་དྲུག་གནས་སུ་ངེས་པར་བསྟན། །ལྷ་དང་ལྷ་མིན་གནས་རིགས་སུ། །ཆེ་བ་ང་རྒྱལ་འཛོམས་པར་བསྟན། །ཤེས་པ་མི་ཡི་གནས་རིགས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། གཏི་མུག་བྱོལ་སོང་གནས་རིགས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བཤད། །སེར་སྣ་ཡི་དྭགས་གནས་རིགས་སུ། །མ་ཆགས་ཚིམ་པའི་ཆོས་ཀྱང་སྟོན། །སྡུག་བསྔལ་དམྱལ་བའི་གནས་རིགས་སུ། །སྔ་ཕྱིར་དྲན་པས་ཞེན་པ་བཟློག །ཇི་ལྟར་མོས་པ་འདོད་པ་བཞིན། །ཞེས་སོ། །སྟོན་པ་ཕུན་སུམ་ཚོགས་པ། གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། སྤྱིར་འདོད་ཁམས་ཀྱི་ལྷ་དང་། གླིང་བཞིར་འགྲོ་བ་མི་ལ་སོགས་པ་རྣམས་བྱུང་ཚུལ་བསྟན་པ་དང་། ཁྱད་པར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ངམ། རབས་མདུན་འབྱོན་ཚུལལ་དང་། དེ་ལས་ཀྱང་ཁྱད་པར་དུ་སྙིགས་མ་ལྔའི་དུས་འདིར་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟར་བྱོན་ཚུལ་ལོ། །སྤྱིར་འདོད་ཁམས་ཀྱི་ལྷ་དང་གླིང་བཞིར། འགྲོ་བ་མི་ལ་སོགས་པའི་བྱུང་ཚུལ། དང་པོ་ནི། དེ་ནས་བཅུད་ཀྱི་སེམས་ཅན་ཡང་མར་རིམ་གྱིས་ཆགས་ཏེ། བསམ་གཏན་གཉིས་པའི་ལྷ་ཞིག་བསམ་གཏན་དང་པོ་ཚངས་ཆེན་གྱི་གཞལ་མེད་ཁང་སྟོང་པར་བབས་ཏེ། དེ་ནས་འདོད་ལྷ་དྲུག་དང་། མི་ཡུལ་གྱི་གླིང་བཞིར་རིམ་གྱིས་བབས་ནས། དེ་ཡི་ཚེ་འོད་གསལ་གྱི་ལྷ་ལས་ཟད་པ། ཚེ་ཟད་པ། བསོད་ནམས་ཟད་པ་ཞིག་འཛམ་བུ་གླིང་དུ་ལྷུང་སྟེ། དེ་ནི་ལྷའི་བུ་ཤེད་བུ་ཞེས་བྱའོ། །དེའི་གྲོགས་སུ་གྱུར་པའང་མང་དུ་བྱུང་སྟེ། དེ་རྣམས་ལ་ནི་ཤེད་ལྷ་གྲོགས་ཞེས་བྱ་སྟེ། དུས་དེ་ནས་མི་འགའ་འཕེལ་ལོ། །དེ་ཡང་དང་པོ་སྲིད་པ་ཆགས་པ་ཡ་ཐོག་གི་མི་རྣམས་ལྷ་དང་འདྲ་སྟེ། ཐམས་ཅད་རྫུས་ནས་སྐྱེ་བ། ལུས་ལ་འོད་ཡོད་པ། ནམ་མཁའ་ལ་འགྲོ་བ། ཏིང་ངེ་འཛིན་གྱིས་འཚོ་བ། དེ་ཡི་དུས་ན་ཉི་ཟླ་གཟའ་སྐར་མེད་པས་དུས་ཚིགས་ཀྱི་ལོ་ཟླ་ཉིན་མཚན་མེད། ཕོ་མོ་དང་། རྗེ་བྲན་མེད་དོ། །དེ་ཡི་དུས་ན་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའོ་དེ་ཡི་ཚེ་ས་ཆེན་པོ་འདི་ཡི་བཅུད་ཐམས་ཅད་སྟེང་ན་སྤྲིས་མའི་ཚུལ་དུ་ཆགས་ཏེ། བདུད་རྩི་ས་ཡི་བཅུད་ཅེས་བྱ་བ་བ་ཁ་དོག་དཀར་བ། རོ་སྦྲང་རྩི་ལྟར་མངར་བ། ཁོང་དུ་སོང་ན་བདེ་བ་སྐྱེད་པ་ཡོད་པས། དེ་ལ་ལྷ་ཞིག་གིས་མྱངས་པས། ཧ་ཅང་སྡེད་ཆགས་ཆགས་ཆེས་པས་དེ་ཡང་རིམ་གྱིས་ནུབ་པ་དང་ཀྱེ་མ་བདུད་རྩི་སའི་བཅུད་ཅེས་སྨྲ་ཞིང་མྱ་ངན་བྱེད་དོ། །དེ་ནས་བདུད་རྩི་སའི་ཞག་ཅེས་བྱ་བ། རོ་དང་ཁ་དོག་སྔར་འདྲ་བ་ཞིག་བྱུང་སྟེ། དེ་ལ་སྔར་བཞིན་དུ་མྱངས་པས་དེ་ལ་ཐམས་ཅད་སྲེད་ཆགས་ཆེར་གྱུར་པའི་དབང་གིས་དེ་ཡང་རིམ་གྱིས་ནུབ་སྟེ། ཀྱེ་མ་བདུད་རྩི་སའི་ཞག་ཅེས་མྱ་ངན་བྱེད་དོ། །དེ་ཡི་འོག་ཏུ་ལྡུམ་བུའི་ཚལ་ཞེས་བྱ་བ་རོ་དང་ཁ་དོག་གོང་དང་འདྲ་རུ་ཉེ་བ་ཞིག་བྱུང་བ་དང་། དེ་ལ་མྱངས་པ་དང་འགྲིབས་པས་མྱ་ངན་བྱེད་པ་སྔར་དང་འདྲའོ། །དེ་ཡི་འོག་ཏུ་མ་བཏབ་པའི་འབྲས་ས་ལུ་ཞེས་བྱ་བའི་འབྲུ། ཕུབ་ཤུན་མེད་པ་ཞིག་བྱུང་བ་ལ་མི་རྣམས་ཀྱིས་རིམ་གྱིས་སྤྱད་པས། དེ་ཉིད་ཁམས་ཀྱི་ཟས་རགས་པར་སོང་ནས། ལུས་ཀྱི་རྫུ་འཕྲུལ་ཉམས་ཤིང་། འོད་འགྲིབས་ཏེ་མུན་ནག་ཏུ་གྱུར་པ་ལས་སེམས་ཅན་སྦྱི་མཐུན་གྱི་བསོད་ནམས་ལྔར་གྱི་ལུས་ཀྱི་འོད་ལས་ཉིས་འགྱུར་གྱིས་གསལ་བའི་ཉི་མ་བྱུང་། དེ་ཉིད་ནུབ་པས་དེའི་ཟླ་བོ་ཟླ་བ་བྱུང། ཡང་ནངས་པར་ཉི་མ་ཤར་ཞིང་ནུབ་པས་ཉིན་ནུབ་གཉིས་བྱུང་ངོ་། །དེར་ལུས་ཀྱི་མདོག་གཟུགས་ངན་དུ་སོང་ཞིང་། ཁམས་ཀྱི་ཟས་ཀྱི་རྒྱུ་མཐུན་གྱི་འབྲས་བུས། ཟག་བཅས་ཀྱི་སྒོ་དོད་པས་ཕོ་མོའི་མཚན་མ་བྱུང་སྟེ། ཕོ་མོའི་དབང་པོ་གཉིས་སྤྲས་པས་བདེ་བ་བྱུང་བས་འཁྲིག་ཆགས་བྱུང་སྟེ། ཕོ་མོའི་དབང་པོ་གཉིས་སྤྲས་པས་བདེ་བ་བྱུང་བས་འཁྲིག་ཆགས་བྱུང་སྟེ། དེས་རྐྱེན་བྱས་ནས་ཆགས་སྡང་ལངས་སོ། །དེ་ནས་ཆགས་སྡང་དབང་གིས་འབྲས་ས་ལུ་དེ་ཡང་ནུབ་ནས། དེ་ནས་འབྲས་ཐོ་ཚེ་ཞེས་བྱ་བ། ས་ཕྱོགས་གར་ཐོད་ཐོད་དུ་མི་སྐྱེ་བར་ཚོམ་བུར་སྐྱེ་བ་ཕུབ་སོག་དང་བཅས་པ་ཞིག་བྱུང་སྟེ། དེ་ལ་ལོངས་སྤྱོད་དོ། །དེ་ནས་དུས་ཤིག་གི་ཚེ་མི་ལེ་ལོ་ཅན་ཞིག་གིས་ནངས་པར་ཟ་བའི་འབྲས་དོ་ནུབ་བླངས་པས། དེར་ཐམས་ཅད་ཀྱིས་དེ་ལྟར་བྱས་ཏེ་གསོག་འཇོག་བྱས་པས་འབྲས་མང་ཉུང་ལ་མ་མཐུན་ནས། འབྲས་ཀྱི་ཞིང་རྣམས་བགོས་ཏེ་སོ་སོར་བདག་ཏུ་བཟུང་ངོ༌། །ཁ་ཅིག་ན་རེ། ཡོངས་སུ་འཛིན་པ་ནི་ནད་པ་དང་འདྲའོ་ཞེས་ཟེར་ནས། སྐལ་བར་མི་ལེན་པར་ནགས་སུ་སོང་ནས་ཁྲུས་དང་གཙང་སྦྲ་བྱེད་པ་བྱུང་བས་བྲམ་ཟེ་ཞེས་བཏགས་ཏེ། རིགས་ལ་ལྔ་བ་བྲམ་ཟེ་ཡིན་ནོ། །གཞན་རྣམས་བདག་འཛིན་ཆགས་སྡང་གི་དབང་གིས་གཅིག་ལ་གཅིག་གིས་རྐུ་འཕྲོག་དང་། རྫུན་ལ་སོགས་པའི་མི་དགེ་བའི་ལས་དང་རྩོད་པ་ཆུང་དུ་སྤྱད་པས། དེས་མཚམས་སྦྱར་ཏེ་དུད་འགྲོར་སྐྱེས། མི་དགེ་བ་འབྲིང་དུ་སྤྱད་པས་ཡི་དྭགས་སུ་སྐྱེས། མི་དགེ་བ་ཆེར་སྤྱད་པས་དམྱལ་བར་སྐྱེས། ཐ་མ་ཉོན་མོངས་པའི་ལས་དབང་གིས་རིགས་དྲུག་ཏུ་ཁ་ཚང་པར་ཆགས་སོ། །དེ་དག་བར་བསྐལ་བཅུ་དགུའི་ཡུན་ནོ། །དེར་མི་ཤེས་ལྡན་རྣམས་ཀྱིས་གྲོས་བྱས་ནས། དེའི་ཚེ་ཞིང་དཔོན་ཞིག་བསྐོས་ཏེ། དེ་རྣམས་ཀྱི་ནང་ཤེས་རབ་ཆེ་བ། ཚུལ་བཟང་བ། སྟོབས་ཆེ་བ། གཟུཊ་བཟང་བ་གཅིག་རྒྱལ་པོར་བསྐོས་ཏེ། དེས་ཐམས་ཅད་ཀྱི་ཁ་སོ་སྙོམས་ཤིང་། དེ་ལ་གཞན་གྱི་ཞིང་ཐོག་གི་བཅའ་རེ་བསྡུས་སོ། །དེའི་མིང་ནི་མང་པོས་བཀུར་བའི་རྒྱལ་པོ་ཞེས་གྲགས་སོ། །འཛམ་བུའི་གླིང་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ། །དེ་ཡི་རྒྱུད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མང་དུ་བྱུང་སྟེ། དེའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག །དེའི་བུ་གསོ་སྦྱོང་འཕགས། དེའི་བུ་སྤྱི་བོ་སྐྱེས་ཏེ། དེ་རྣམས་ནི་བསྐལ་པ་དང་པོའི་རྒྱལ་པོ་སྡེ་ལྔ་བྱ་བ་ལགས་སོ། །དེའི་བུ་མཛེས་དེའི་བུ་ཉེ་བ་མཛེས། དེའི་བུ་མཛེས་ལྡན། དེའི་བུ་ཉེ་མཛེས་པ། དེའི་བུ་ཉེ་བ་མཛེས། དེའི་བུ་མཛེས་ལྡན། དེའི་བུ་ཉེ་མཛེས་ལྡན། དེའི་བུ་རྒྱས་བྱེད། དེའི་བུ་ཉེ་དེད། དེའི་བུ་གཏང་པ། དེའི་བུ་གཏང་གཟུངས། དེའི་བུ་ལུས་ཐུབ། དེའི་བུ་ཤེས་ལྡན། དེའི་བུ་ངན་སྤོང་། དེའི་བུ་ཤིང་རྟ་གདུག་གུ་ཅན། དེའི་བུ་ཤ་གུ་ནི་ཆེན་པོ། དེའི་བུ་ཀུ་ཤི། དེའི་བུ་ཉེ་བའི་ཀུ་ཤི། །དེའི་བུ་ཀུ་ཤི་ཆེན་པོ། དེའི་བུ་རྒྱས་བྱེ། དེའི་བུ་རྒྱས་བྱེད་ཆེན་པོ། དེའི་བུ་ལེགས་མཐོང་། དེའི་བུ་ལེགས་མཐོང་ཆེན་པོ། དེའི་བུ་གནོད་སེལ། དེའི་བུ་ཉེ་བའི་གནོད་སེལ། དེའི་བུ་རྒྱ་བྱ། དེའི་བུ་ངེས་འགྲོ། དེའི་བུ་བདེ་བྱེད། དེའི་བུ་རབ་འདུལ། དེའི་བུ་རབ་ཏུ་སྒྲ་གྲགས། དེའི་བུ་གདུང་ལྡན། དེའི་བུ་འོད་བྱེད། དེའི་བུ་ལྷུན་པོ། དེའི་བུ་རི་རབ། དེའི་བུ་ལྷུན་པོ་ལྡན། དེའི་བུ་མེ་ལྕེ། དེའི་བུ་འཕྲེང་བ། དེའི་བུ་མེ་ལྕེ་ལྡན། དེའི་བུ་ཚ་བོ་ཡང་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་འབུམ་གྱིས་གྲོང་ཁྱེར་གྲུ་འཛིན་དུ་མངའ་མཛད་དོ། །དེའི་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་། དེའི་བུ་ཚ་བོ་ཡང་ཚ་ནས་བརྒྱུད་པའི་རྒྱལ་པོ་ལྔ་ཁརི་བཞི་སྟོང་གིས་གྲོང་ཁྱེར་མཐའ་མེད་དུ་མཐའ་མཛད་དོ། །དེའི་འོག་ཏུ་རྒྱལ་པོ་མ་ཕེབས་པ་བྱུང་། དེའི་བུའང་ཚ་བོ་ཡང་ཚ་ནས་བརྒྱུད་པའི་རལ་པོ་དྲུག་ཁྲི་གསུམ་སྟོང་གིས་གྲོང་ཁྱེར་ལྦཱ་ར་ཎཱ་སིར་མངའ་མཛད་དོ། །དེའི་འོག་ཏུ་རྒྱལ་པོ་བཟོད་དཀའ་བྱུང་། དེའི་བུ་ཚ་བོ་ཡང་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་བརྒྱ་ཁྲི་བཞི་སྟོང་གིས་གྲོང་ཁྱེར་དར་འཛིན་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ཚངས་བྱིན་བྱུང་། དེའི་བུ་ཚ་བོ་ཡང་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་ཨ་ཤོ་ཀར་མྱ་ངན་མེད་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་མ་ཕེབས་པར་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ཀླུ་ལྷ་བྱུང་། དེའི་བུ་ཚ་བོ་ཡང་ཚ་ནས་བརྒྱུད་པའི་རྒྱལ་པོ་ཉིས་ཁྲི་ལྔ་སྟོང་གིས་ཏ་མ་ལི་ཏའི་གྲོང་ཁྱེར་དུ་མངའ་མཛད་དོ། །དེའི་འོག་ཏུ་རྒྱལ་པོ་མིའི་ལྷ་བྱ་བ་བྱུང་། དེའི་བུ་ཚ་བོ་ཡང་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་ཁྲི་ཉིས་སྟོང་གིས་ཏ་མ་ལི་ཏའི་གྲོང་ཁྱེར་དུ་རྒྱལ་སྤིད་བཟུང་ངོ༌། །དེའི་འོག་ཏུ་རྒྱལ་པོ་དུག་ཅན་སའི་ལྷ་བྱུང་། དེའི་བུ་ཚ་བོ་ཡ་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྲེར་སྤོས་ལྡན་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་བློ་བཟང་བྱུང་སྟེ། དེ་ལྟ་གོང་བཞིན་རིམ་གྱིས་བརྒྱུད་པའི་རྒྱལ་པོ་ཁྲི་ཆིག་སྟོང་གིས་གྲོང་ཁྱེར་རྒྱལ་པོའི་ཁབ་རཱ་ཛཱ་གྲྀ་ཧར་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་མུན་སེལ་བྱུང་། དེ་ནས་རིམ་གྱིས་རྒྱལ་པོ་བརྒྱ་ཐམ་པས་ཝཱ་ར་ནཱ་སིར་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་གླང་ཆེན་གོང་བྱུང་། དེ་ནས་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡུལ་དེ་ཧར་རྒྱལ་སྲིད་བཟུང་ངོ་། །དེ་ནས་རྒྱལ་པོ་རྒྱ་མཚོ་ལྷ་བྱ་བ་བྱུང་། དེ་ནས་རྒྱལ་པོ་སྟོང་གི་གྲོང་ཁྱེར་ཀུ་ཤི་ལྡ་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་དཀའ་ཐུབ་སྐྱོད་བྱུང་། དེ་ནས་རྒྱལ་པོ་སྟོང་གིས་གྲོང་ཁྱེར་མཐའ་མེད་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ས་ཞེས་པ་བྱུང་། དེ་ནས་རྒྱལ་པོ་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འདྲེས་པའི་ཚལ་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ལྷ་ཆེན་པོ་བྱུང་། དེ་ནས་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་ཡང་འདྲེས་སུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ངེས་ཐུབ་བྱུང་། །དེ་ནས་རྒྱལ་པོ་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་ནམ་མཁའི་བདག་པོ་བྱུང། དེ་ནས་རྒྱལ་པོ་བརྒྱ་ཐམ་པས་གྲོང་ཁྱེར་ཝཱ་ར་ནཱ་སིར་རྒྱལ་སྲིད་བཟུང་ངོ༌། །དེ་ཡི་འོག་ཏུ་འཁོར་ལོས་བསྒྱུར་བའི་་རྒྱལ་པོ་ཀྲྀ་ཀྲྀ་བྱ་བ་བྱུང་། དེ་ཡི་དུས་སུ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནོ། །དེའི་བུ་ལེགས་པ་སྐྱེས། དེ་ནས་རྒྱལ་པོ་བརྒྱས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་བཟུང་ངོ་། །དེའི་འོག་ཏུ་རྒྱལ་པོ་རྣ་བ་ཅན་བྱུང་། དེ་ལ་སྲས་བྷ་ར་དྷ་ཛ་དང་གའུ་ཏ་མི་གཉིས་བྱུང་བ་ལ། བྷ་ར་དྷ་ཛ་རྒྱལ་སྲིད་དུ་དབང་བསྐུར། གོའུ་ཏ་མ་དྲང་སྲོང་མདོག་ནག་པོའི་དྲུང་དུ་རབ་ཏུ་བྱུང་། དྲང་སྲོང་གཞན་ཚོ་ཆུས་འཚོ་བ་ཡིན་པ་ལ། གོའུ་ཏ་མ་དེས་འཚོ་བར་མ་ནུས་ཏེ། གྲོང་ཁྱེར་གྲུ་འཚོ་བ་ཡིན་པ་ལ། གོའུ་ཏ་མ་དེས་འཚོ་བར་མ་ནུས་ཏེ། གྲོང་ཁྱེར་གྲུ་འཛིན་དུ་བསོད་སྙོམས་བླངས་ཀྱིན་ཐག་མི་རིང་པ་ཞིག་ན་སྤྱིལ་བུ་བྱས་ནས་སྒོམ་མོ། །དེའི་ཚེ་གྲུ་འཛིན་ན་ཚོགས་ཆེན་མ་རབ་ཏུ་བཟང་མོ་བྱ་བའི་སྨད་འཚོང་མ་ཞིག་ཡོད་པ་ལ། སྐྱེས་བུ་གཡོ་ཅན་པདྨ་མ་རྩ་ལག་གིས་གོས་དང་རྒྱན་བྱིན་ཏེ། ཉོས་པས་མོས་ཁས་བླངས་ཏེ། དེའི་རྗེས་ལ་ཚོང་པ་གཅིག་གིས་ཀྱང་ཀར་ཤ་པ་ཎི་ལྔ་མོ་ལ་བྱིན་ཏེ་ཉོས་པས། དང་པོ་ཚོང་པའི་དྲུང་དུ་ཕྱིན་པས། དེ་ལ་པདྨའི་རྩ་ལག་ཁྲོས་ཏེ། སྐྱེས་མོས་ཚལ་དེར་རབ་ཏུ་བཟང་མོའི་སྐེ་རལ་གྲིས་བཅད་པ་དང་། གཡོག་མོས་ཇོ་མོ་བསད་དོ་ཞེས་བྱས་པ་དང་། གྲོང་ཁྱེར་གྱི་རམ་ཟླ་བ་རྣམས་ཀྱིས་དེད་པས་པད་མའི་རྩ་ལག་བྲོས་པའི་ལམ་ཁ་ན། གོའུ་ཏ་མ་སྒོམ་ཞིང་འདུག་པའི་མདུན་དུ་རལ་གྲི་ཕྲག་ཙ་ར་བོར་ཕྱིན་པས། རྗེས་གཅོད་ཀྱི་འདེད་མི་རྣམས་ན་རེ། དགེ་སྦྱོང་དེས་དང་པོ་བུད་མེད་དེ་ཉོས་ནས་བསད་དོ་ཟེར། ངས་ནི་དེ་ལྟ་བུ་བྱས་པ་མེད་དོ་ཞེས་བརྗོད་པས། སླར་རྫུན་ལན་གསུམ་དུ་སྨྲ་བ་འདི་ལ་ཆད་པ་བཅད་པར་རིགས་སོ་ཞེས་བརྗོད་པས། སླར་རྫུན་ལན་གསུམ་དུ་སྨྲ་བ་འདི་ལ་ཆད་པ་བཅད་པར་རིགས་སོ་ཞེས་ཟེར་ནས། རྒྱལ་བུ་ལ་བསྙད་པས་བདག་ལ་ནི་ཉེས་པ་དེ་ལྟ་བུ་གང་ཡང་མེད་དོ་ཟེར་བ་ལ། འོ་ན་དབང་པོ་སུ་ཡོད་ཅེས་སྨྲས་པ་དང་། ང་ལ་ཉེས་པ་མེད་ན་མཁན་པོའི་མདོག་དེ་གསེར་ལྟ་བུར་གྱུར་ཅིག་ཅེས་བརྗོད་པ་དང་། གསེར་གྱི་མདོག་ཏུ་གྱུར་ཏེ། མཚན་ཡང་གསེར་མདོག་ཏུ་གྲགས་སོ། །གོའུ་ཏ་མས་བདག་གར་སྐྱེ་ཞེས་དྲིས་པས། མཁན་པོ་ན་རེ་ཁྱོད་ལ་བུ་སྨད་མེད་པས་གར་ཡང་མི་སྐྱེས་སྟེ། རིགས་རྒྱུད་མེད་པ་ལ་བྱུང་ཆུབ་སེམས་ཀྱང་མེད་དོ། །ཁྱོད་ཀྱིས་རིགས་རྒྱུད་བཞག་ན་སྐྱེ་བ་ཡོད་ཅེས་སྨྲས་པ་དང་། བདག་ནི་ཚད་པས་གདུངས་ཏེ་ནུས་པ་མེད་དོ་ཟེར། དེར་མཁན་པོས་སྤྲིན་བསྡུས་ཏེ་ཆར་ཟིམ་བུ་ཕབ། ཚད་པ་ཞི་བར་བྱས་ཏེ། ཚུལ་བཞིན་མ་ཡིན་པ་ཡིན་ལ་བྱས་པས། ཁུ་བ་ཁྲག་དང་འདྲེས་པ་ཐིགས་པ་གཉིས་བྱུང་བ་ལས། དྲང་སྲོང་གིས་ཁྱེར་ནས། བུ་རམ་ཤིང་གི་གསེབ་ཏུ་བཞག་ནས་ཉི་མ་ལ་སྨིན་དུ་བཅུག་པས། ནམ་ཞིག་ན་སྨིན་ཏེ་ཁྱེའུ་གཉིས་བྱུང་པས། ཉི་མས་སྨིན་པ་གཅིག་ལ་ནི་ཉི་མའི་གཉེན་ཞེས་བྱའོ། །བུ་རམ་ཤིང་གི་གསེབ་ཏུ་བཅུག་པས་ན་བུ་རམ་ཤིང་པ་ཞེས་བྱའོ། །སྐབས་དེར་རྒྱལ་པོ་བྷ་ར་དྷ་ཛ་གྲོངས་ཏེ། བུ་མེད་པས་འབངས་རྣམས་ཀྱིས་གྲོས་བྱས་ཏེ། གཅུང་པོ་གོའུ་ཏ་མ་རབ་ཏུ་བྱུང་བ་དེ་ཁྱིམ་ཐབ་ཏུ་ཕབ་རྒྱལ་ཚབ་ཏུ་དབང་བསྐུར་རོ་ཞེས་ཟེར་ནས། དྲང་སྲོག་མདོག་ནག་པོའི་དྲུང་དུ་ཚབ་ཏུ་དབང་བསྐུར་རོ་ཞེས་ཟེར་ནས། དྲང་སྲོག་མདོག་ནག་པོའི་དྲུང་དུ་འོངས་ཏེ། གོའུ་ཏ་མ་བདག་ཅག་ལོ་སྩོལ་ཅིག་བྱས་པས། ཁྱེད་རང་གིས་བསད་དོ་ཟེར། དེ་ནི་མི་དྲན་ནོ་སྨྲས་པས། ཉེས་པ་གསལ་ཤིང་ལ་སྐྱོན་པ་དེའོ། །སྨྲས་པ། པས་འོ་ན་ཁྱེའུ་འདི་གཉིས་ངེད་ལ་སྩོལ་ཅིག་ཟེར་ནས། ཉི་མའི་གཉེན་རྒྱལ་ཚབ་ཏུ་དབག་བསྐུར་བས་བུ་མེད་པར་འདས་སོ། །དེའི་རྒྱལ་ཚབ་ཏུ་བུ་རམ་ཤིག་པ་དབང་བསྐུར་རོ། །བུ་རམ་ཤིང་པའི་བུ་ཚ་བོ་ཡང་ཚ་ནས་རིམ་གྱིས་བརྒྱུད་པའི་རྒྱལ་པོ་བརྒྱ་ཐམ་པས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་བཟུང་ངོ་། །དེ་རྣམས་ཀྱི་ཐ་མ་ལ་རྒྱལ་པོ་འཕཊ་སྐྱེས་པོ་བྱུང་། དེ་ལ་སྲས་གསུམ་བྱུང་སྟེ། དེ་ཡི་ཚེ་བཙུན་མོ་འདས་ནས། རྒྱལ་པོ་མྱ་ངན་དེ་ཙམ་ཅིའི་ཕྱིར་མཛད། ཡང་གསོལ་པས། བཙུན་མོ་ད་དུང་བླངས་པས་ཆོག་གོ་ཞུས་པས། དེ་སྟེར་བ་མེད་དོ་གསུངས་པས། སྔོན་སྟེར་བ་ལ་ད་མི་སྟེར་བ་ཅི་ལགས་ཞུས་པས། ད་ང་ལ་བུ་གསུམ་ཡོད་པས། ད་བུ་སྐྱེས་ཀྱང་རྒྱལ་སྲིད་མི་ཐོབ་པས་མི་སྟེར་རོ། །སྨྲས་པ། བཙུན་མོ་བླང་ངོ་། །དེ་ལག་ཏེ་བུ་མི་ཡོང་བའང་སྲིད། བྱུང་ཡང་མི་སོས་པའང་སྲིད། གལ་ཏེ་བྱུང་ཡང་རྒྱལ་སྲིད་ཁས་བླང་པར་བྱའོ། །ཞེས་ཞུས་ནས། ཉི་འོག་གི་རྒྱལ་པོའི་བུ་མོ་བླངས་པས། ཁྱོད་ཀྱི་རྒྱལ་པོ་ལ་སྲས་གསུམ་ཡོད་པས། ངའི་བུ་མོ་ལ་བུ་བྱུང་ཡང་རྒྱལ་སྲིད་མི་ཐོབ་པས་མི་སྟེང་ཟེར་རོ། །སྨྲས་པ། ཁྱོད་ཀྱི་བུ་མོ་ལ་བུ་བྱུང་ན་རྒྱལ་སྲིད་སྦྱིན་པར་བྱ་ཡི་བུ་མོ་བྱིན་ཅིག །རྒྱལ་པོས་སྨྲས་པ། ང་ཡི་བུ་མོ་ལ་བུ་མི་ཡང་པའང་སྲིད། བྱུང་ཡང་མི་སོས་པའང་སྲིད། གལ་ཏེ་བྱུང་ཞིང་སོས་ནས། རྒྱལ་སྲིད་མི་སྟེར་ན་དམག་འདྲེན་ནོ་ཞེས་གལ་ཡང་རྒྱལ་སྲིད་དགར་བཏགས་སོ། །དེ་ལ་རྒྱལ་སྲིད་མ་བྱིན་ན་དམག་དྲངས་ཀྱིས་དོགས་ནས། རྒྱལ་སྲིད་དུ་དབང་བསྐུར་རོ། །རྒྱལ་པོ་སྔར་ཚར་གསུམ་པོ་ལ་རྟགས་བཏབ་ནས་ལྦཱ་ར་ཎཱ་སིར་སྤྱུཊ་སོ། །དེ་རྣམས་ལ་སྲིང་མོ་གསུམ་ཡོད་པ་ན་རེ། བུ་སྤྱུགས་པའི་ཕ་ཁྱིམ་དུ་བུ་མོ་འདུག་པར་མི་རིགས་སོ། །དེ་བས་མིང་པོའི་གཡོག་བྱ་བར་རིགས་ཟེར་ནས། མིག་པོའི་ཕྱི་ལ་སོང་ངོ་། །དེ་ནས་རེ་ཞིག་ཞིག་ན་རྒྱལ་སྲིད་དགའ་ཤི་ནས། བུ་སྤྱུགས་པ་གསུམ་པོ་འབོད་མི་བཏང་བས། ཀོ་ལོང་བྱས་ནས་མ་བྱུང་པས། ཡབ་ཀྱིས་འབོད་ལ་ངའི་བུ་རྣམས་ཅི་འདྲ་བར་འདུག་སྨྲས་པས། སྲས་གསུམ་ནི་བུ་དང་བཅས་བདེ་བར་གདའོ། །ངའི་བུ་སྤུང་དུ་བཏང་བ་ལ་བཙུན་མོ་སྟེར་བ་སུ་ཞིག་ཡོད། གསོལ་པ། སྲས་པོ་གསུམ་དང་། སྲབ་མོ་གསུམ་བཟའ་མི་བྱས་གདའོ། །དེ་ལ་ཡབ་རྒྱལ་པོ་ཧ་ལས་ལག་པ་བརྐྱང་ནས་ཤཱཀྱ་ཤཱཀྱ་ཟེར་རོ། །དེ་ལས་སྲས་ཆེ་བའི་བརྒྱུད་པ་ནི། ཤཱཀྱ་ཆེན་པོ་ཟེར་རོ། །འབྲིང་པོའི་བརྒྱུད་པ་ནི། ཤཱཀྱ་ལི་ཙ་ཞེས་བྱའོ། །ཆུང་བའི་བརྒྱུད་པ་ནི་ཤཱཀྱ་རི་བྲག་པ་ཞེས་བྱའོ། །ཤཱཀྱ་ཆེན་པོའི་བུ་ཤཱཀྱ་གནས་འཇོག །དེའི་བུ་རྒྱུད་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང་ངོ་། །དེ་རྣམས་ཀྱི་ཐོགས་མ་ཤཱཀྱ་གནས་འཇོག་གི་སྲས་ཤཱཀྱ་གཞུ་བརྟན། དེ་ལ་སྲས་སེདྒེ་འགྲམ་དང་། སེདྒེ་སྒྲ་གཉིས་བྱུང་། སེདྒེ་འགྲམ་ལ་སྲས་བཞི་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེའོ་ཟས་དང་། བདུད་རྩི་ཟས་སོ། །སྲས་མོ་བཞི་ལ། གཙང་མ་དང་། དཀར་མོ་དང་། བྲེ་མོ་དང་། བདུད་རྩི་མ་ཡང་ཟེར། ཚད་མེད་མ་དང་བཞིའོ། །ཟས་གཙང་ལ་སྲས་གཉིས་ཏེ། རྒྱལ་བུ་དོན་གྲུབ་དང་། གཅུང་དགའ་བའོ། །ཟས་དཀར་ལ་ཚེ་དང་ལྡན་པ་བཟང་རྒྱལ་དང་། བཟང་ལྡན་ནོ། །བྲེའོ་ཟས་ལ། མིང་ཆེན་དང་། མ་འགགས་པའོ། །བདུད་རྩི་ཟས་ལ་ལྷས་སྦྱིན་དང་། ཀུན་དགའ་བོ་གཉིས་སོ། །རྒྱལ་བུ་དོན་གྲུབ་ལ། སྲས་སྒྲ་གཅན་འཛིན་བྱུང་སྟེ། དེ་རབ་ཏུ་བྱུང་ནས་རྒྱལ་པོ་ཕོ་རྒྱུད་ཀྱི་ཞབས་ཆད་དོ། །ཤཱཀྱ་ལི་ཙ་བྱི་ཡི་རྡྱུད་པ་ནི། རྒྱལ་པོའི་ཁབ་དང་ཡངས་པ་ཅན་ན་གནས་སོ། །ཤཱཀཡརི་བྲག་པའི་རྒྱུད་པ་ལས། བོད་ཀྱི་རྒྱལ་པོ་རྣམས་ཅད་པར་འདོད་དོ། །བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་དང་རབས་བདུན་བྱོན་ཚུལ། གཉིས་པ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་བྱོན་ཚུལ་ནི། སྤྱིར་བྱང་སེམས་ཚོགས་སམ་སྨོན་ལམ་རྫོགས་པ་དང་། སངས་རྒྱས་ཀྱི་ཞིང་དག་པ་དང་། གདུལ་བྱ་དགེ་བའི་རྩ་བ་སྨིན་པ་ན་སངས་རྒྱས་འབྱུང་བ་ཡིན་ཞིང་། དེས་དམ་པའི་ཆོས་སྟོན་པ་ཡིན་ལ། ཁྱད་པར་དུ་སེམས་ཅན་གྱི་ཚེ་དང་བསོད་ནམས་མར་འགྲིབ་ཀྱི་དུས་ན་སེམས་ཅན་རྣམས་སྐྱོ་ཤལ་ཆེ་བས་དེའི་དུས་སུ་འབྱོན་པའོ། །སྤྱིར་འཇིག་རྟེན་གྱི་བསྐལ་པ་གཉིས་ཏེ། སངས་རྒྱས་མི་འབྱུང་བ་མུན་པའི་བསྐལ་པ་དང་། སངས་རྒྱས་འབྱུང་བ་སྒྲོན་མེའི་བསྐལ་པའོ། །དེ་གཉིས་གང་མང་ཞེ་ན། མུན་པའི་བསྐལ་པ་མང་ཞིང་། སྒྲོན་མེའི་བསྐལ་པ་ཤིན་ཏུ་ཉུང་སྟེ། བསྐལ་པ་བཟང་པོའི་མདོ་ལས། བསྐལ་པ་བཟང་པོ་འདིའི་གོང་དུ་མུན་པའི་བསྐལ་པ་བཞི་བཅུ་བྱུང་ངོ་། །དེ་ནས་བསྐལ་པ་བཟང་པོའདི་བྱུང་ངོ་། །ཞེས་པས། སྒྲོན་བསྐལ་བསྐལ་པ་བཟང་པོ་འདི་ལས་སངས་རྒྱས་འབྱོན་པའི་དབང་བྱས། །མདོ་སྙིང་རྗེ་པདྨ་དཀར་པོའི་རྗེས་སུ་འབྲངས་པའི་སངས་རྒྱས་སྟོང་དང། ལྔ་འབྱོན་ཚུལ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་ཏེ། སངས་རྒྱས་སྟོང་རྩ་གཉིས་འབྱོན་ཚུལ་ལས། འདིར་གསང་བ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་ཏེ་སྟོང་རྩ་གཉིས་འབྱོན་ཚུལ་ལོ། །དེ་ནི་དེ་བཞིན་གཤེགས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་ཏེ། ཞི་བའི་བློ་གྲོས། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པའི་ཕ་རོལ་ན། བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། ལོ་ཀའི་འཇིག་རྟེན་ཁམས་དེ་ཡང་སྣོད་རྣམ་པར་བརྒྱན་པ་ལ། སེམས་ཅན་དེར་གནས་པ་ཡང་། ཉོན་མོངས་པ་ཤས་ཆུང་བ། ཟབ་མོ་རྟོགས་པའི་མཐུ་དང་ལྡན་པ་ཤ་སྟག་གོ །སངས་རྒྱས་དེའི་འཁོར་ཉན་ཐོས་ནི་ཕྲག་ཁྲིག་གཉིས་ཡོད་ལ། བྱང་ཆུབ་སེམས་པའི་འཁོར་ཡང་འབུམ་ཕྲག་སུམ་ཅུ་ཡོད་དོ། །སངས་རྒྱས་དེ་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་སུམ་ཅུ་རྩུ་དྲུག་ཐུབ་བོ། །དེར་སྐྱེས་པའི་མི་རྣམས་ཀྱང་དུས་མ་ཡིན་པའི་འཆི་བ་མེད་དོ། །ལོ་ཀའི་འཇིག་རྟེན་ཁམས་དེའི་གླིང་བཞི་བ་རེ་རེར་ཞེས་ཡང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དེའི་ནང་ན་ཕོ་བྲང་གི་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོད་དོ། །དེའི་ནང་ན་ཕོ་བྲང་གི་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོད་དོ། །ཡངས་ཤིང་རྒྱ་ཆེ་བ། བྱང་དང་ལྷོར་ནི་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་ལ། ཤར་ནུབ་ཏུ་ནི་བཞི་བཅུ་རྩ་གཉིས་ཡོད་པ། སྐྱེད་མོས་ཚལ་བཞི་ཁྲིས་བརྒྱན་པ་ཡོད་དོ། །ཕོ་བྲང་དེ་ན་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ། རིན་ཆེན་སྣ་བདུན་ལ་དབང་བ། གླིང་བཞི་ལ་དབང་བ། སངས་རྒྱས་མང་པོ་ལ་ཚོགས་བསགས་པ། བསོད་ནམས་ཆེ་བ། གཟི་བརྗིད་ཆེ་བ་དང་ལྡན་པ་ཞིག་ཡོད་ལ། འདི་ཕོ་བྲང་གི་དབུས་ན་ཁང་པ་བརྩེགས་པ། མཆུ་ཞེང་དཔག་ཚད་དྲུག་ཅུ་ཡོད་པ། རཏྣ་བདུན་གྱིས་རྭ་བ་རིམ་པ་བདུན་དང་ལྡན་པར་བརྩིགས་པ། རཱ་བའི་ནང་ན་སྐྱེད་མོས་ཚལ་ཆེན་པོ་བཞི་ཡོད་དེ། མེ་ཏོག་སྣ་ཚོགས་ཀྱི་ཚལ་དང་། ཡོན་ཏན་དགའ་བ་དང་། རྨ་བྱས་མངོན་པར་དགའ་བ་དང་། དུས་ཀྱིས་བདེ་བ་ཞེས་བྱ་བ་ཡོད་དོ། །རྒྱལ་པོ་དེ་ལ་བཙུན་མོའི་འཁོར་བདུན་འབུམ་ཡོད་དེ། ཐམས་ཅད་ཀྱང་མཚན་དང་ལྡན་པའོ། །དེ་དག་ལ་བུ་སྟོང་དུ་ཚང་བ་ཡོད་དེ། དཔའ་ལ་བརྟུལ་ཕོད་ཆེ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡོད་དོ། །དེའི་ཚེ་སངས་རྒྱས་ཡོན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་འཁོར་དང་བཅས་པ་ལ། རྒྱལ་པོ་ཡུལ་འཁོར་སྲུང་དང་བཅས་པས། ལོ་བྱེ་བར་བསྙེན་བཀུར་དཔག་མེད་པ་བྱས་སོ། །དེ་ཚེ་རྒྱལ་བུ་དེ་དག་ཀྱང་འདོད་པའི་ཡོན་ཏན་དོན་དུ་མི་གཉེར་ལ། ཆོས་ཉན་ཞིང་ཞིང་བག་ཡོད་པ་གྱུར་ཏོ། །རིང་པོར་མ་ལོན་པར་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་དག་གི་རྫུ་འཕྲུལ་དུ་མ་ཀུན་ཏུ་བརྒྱུད་ནས། ཚིགས་བཅད་དག་གསུངས་པ། སངས་རྒྱས་འབྱུང་བ་རྒྱ་ལ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་པར་དཀའ། །གྲོགས་པོ་དག་ནི་དད་དང་ཆོས་མཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །མི་དབང་རྒྱལ་བ་དེ་ནི་དད་བྱུང་སྟེ། །རབ་ཏུ་ཞི་བས་འགྲོ་ལ་ཆོས་སྟོན་གྱི། །བདེ་བར་གཤེགས་པ་དེ་ཡི་དྲུང་དུ་དེང་། ཆོས་ཐོས་ནས་ནི་བདེ་འགྲོར་འགྲོ་བར་གྱིས། །ཆོས་ཐོས་ནས་ནི་ངན་སོང་སྤོང་བར་གྱིས། །ཆོས་ཐོས་ནས་ནི་ཉོན་མོངས་ཐམས་ཅད་ཞི། །བསིལ་བའི་དྲིས་པ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །དེ་ནས་གཞོན་ནུ་དེ་དག་གིས་བཅོམ་ལྡན་འདས་མཆོད་པའི་ཕྱིར། ཁང་པ་བརྩེགས་པ་མཛེས་པར་སྤུལ་ཏེ། རྒྱལ་བ་འཁོར་དང་བཅས་པ་བཞུགས་ནས། ནམ་མཁར་འཕགས་ཏེ་སངས་རྒྱས་མ་མཆོད་པའི་ལས་དུ་མ་བྱས་སོ། །དེ་དག་ཆོས་མཉན་པའི་ཕྱིར་འོངས་པ་སངས་རྒྱས་ཀྱིས་མཁྱེན་ནས། ཆོས་ཀྱི་གཏམ་གྱིས་དགའ་བར་མཛད་དོ། །ཆོས་བཞི་སྟེ། དད་པ་དང་། གུས་པ་དང་། ང་རྒྱལ་མེད་པ་དང་། བརྩོན་འགྲུས་སོ། །ཡང་ཆོས་བཞི་སྟེ། དབང་པོའི་སྒོ་བསྡམ་འདོད་ལ་སྐྱོན་དུ་བལྟ། །འཛིན་པ་མི་རྟག་ཆོས་ལ་ངེས་པར་སེམས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་དེ་དག་སླར་ལོག་ནས་རྒྱལ་པོའི་ཕོ་བྲང་དུ་གཤེགས་ཏེ། ཟླ་བ་ཉ་བའི་ཚེ། མེ་ཏོག་སྣ་ཚོགས་ཀྱི་ཚུལ་དུ་བཞུགས་པ་ལ། བཙུན་མོ་དམ་པ་མ་སྨད་པ་དང་། དཔེ་མེད་པ་གཉིས། རྫིང་དགའ་བའི་ཚལ་དུ་ཁྲུས་བྱས་པ་དང་། སེདྒེའི་ཁྲི་ལ་འདུག་པ་ན། དེ་དག་གི་པང་ན། གཞོན་ནུ་མཛེས་པ་གཉིས་སྐྱིལ་མོ་དཀྲུང་དུ་རྫུས་ཏེ་བྱུང་ངོ་། །དེ་མ་ཐག་ལྷ་རྣམ་ཀྱིས། ཀྱེ་མ་འདི་གཉིས་ནི། ཆོས་ཆོས་སེམས་དཔའ་དང༌། ཆོས་ཀྱི་བློ་གྲོས་ཞེས་སྒྲ་བྱུང་ངོ་། །དེར་འཁྱེའུ་དེ་གཉསི་ཀྱིས་དེ་མ་ཐག་པར་སྨྲས་པ། གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་། །ལོ་ཀའི་མགོན་པོ་ཕུལ་དུ་བྱུང་བ་ལ། །རབ་ཏུ་དགའ་བའི་སེམས་ཀྱིས་ཕྱག་འཚལ་ལོ། །དེ་དག་རྙེད་པ་རབ་རྙེད་གྲོགས་པ་དག །ཅེས་པ་་ལ་སོགས་པ་སྨྲས་སོ། །དེ་ནས་ཕོ་བྲང་དུ་ཕྱིན་ནོ། ། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་ནང་དུ་མཉམ་པར་བཞག་པ་དང་། འདི་སྙམ་དུ་སེམས་ཏེ། བདག་གཞོན་ནུ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པའི་རྟགས་ཡོད་ན། ཐོར་མར་སངས་གང་རྒྱ་སྙམ་ནས། རིན་པོ་ཆེའི་བུམ་པ་བྱེད་དུ་བཅུག་སྟེ། དེ་དག་གི་ནང་དུ་གཞོན་ནུ་དེ་དག་གི་མིང་བྲིས་ནས་བུམ་པའི་ནང་དུ་བཅུག་སྟེ། བཞག་བདུན་དུ་མཆོད་པ་བྱས་ནས། གསེར་ལས་བྱས་པའི་ཁྲི་ཐོག་ཏུ། གཞོན་ནུ་དེ་དག་གི་མིང་ཕྱུང་བ་དང་། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན། ཐམས་ཅད་ཀྱི་ཐོག་མར་རྒྱལ་པོ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཏུ་གྱུར་ཏོ། །དེའི་འོག་ཏུ་རྒྱལ་པོ་རྣམ་པར་དག་པ་ཞེས་བྱ་བ་བྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་གསེར་ཐུབ་བོ། །དེའི་འོག་ཏུ་རྒྱལ་བུ་དབང་པོ་ཞི་བ་ཞེས་བྱ་བ་བྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་འོད་སྲུང་ངོ་། །དེའི་འོག་ཏུ་རྒྱལ་པོ་དོན་གྲུབ་ཅེས་བྱ་བ་བྱུང་སྟེ། དེ་ད་ལྟར་གྱི་སངས་རྒྱས་ང་ཉིད་ཡིན་ནོ། །དེའི་འོག་ཏུ་རྒྱལ་པོ་སྐ་རགས་ཅན་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་བྱམས་པའོ། ། །དེའི་འོག་ཏུ་རྒྱལ་པོ་མཆོག་གི་བློ་གྲོས་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་སེདྒེའོ། །དེའི་འོག་ཏུ་ཏུ་རྒྱལ་པོ་གློག་གིས་ལྷ་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་ཏོག་ཅེས་བྱའོ། །དེའི་འོག་ཏུ་རྒྱལ་པོ་བཟང་པོའི་རྒྱལ་པོ་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་མེ་ཏོག་དམ་པ་ཞེས་བྱའོ། །དེའི་འོག་ཏུ་རྒྱལ་པོ་འོད་ཀྱི་དཔལ་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་མེ་ཏོག་གོ །དེའི་འོག་ཏུ་རྒྱལ་པོ་རྣམ་པར་དག་པའི་མདངས་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་སྐར་རྒྱལ་ཞེས་བྱའོ། །དེའི་འོག་ཏུ་རྒྱལ་པོ་དྲི་མ་མེད་པའི་རླངས་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པ་སྤྱན་ལེགས་པ་ཞེས་བྱའོ། །དེའི་འོག་ཏུ་རྒྱལ་པོ་སྡུག་བསྔལ་མེད་ཅེས་བྱ་བ་འབྱུང་སྟེ། དེ་ནི་དེབཞིན་གཤེགས་པ་ལག་བཟང་ཞེས་བྱའོ། ། །དེ་ནས་རྒྱལ་པོ་བློ་གྲོས་རྒྱལ་པོ་སྟེ། དེ་ནི་དེ་བཞིན་གཤེགས་པ་འོད་ཟེར་ཞེས་པར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་པོ་དགེ་བ་བཀོད་པའི་རྒྱལ་པོ་སྟེ། དེ་ནི་དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བའོ། །དེའི་འོག་ཏུ་རྒྱལ་པོ་གཞོན་ནུ་ཕྱོགས་འགྲོས་ཞེས་བྱ་བ་འབྱུང་སྟེ། དེ་ནི་དེ་བཞི་གཤེགས་པ་ཁྱད་པར་འཕགས་པའོ། །དེའི་འོག་ཏུ་རྒྱལ་པོ་བཀོད་པའི་རྒྱལ་པོ་སྟེ། དེ་ནི་དེ་བཞིན་གཤེགས་པོ་ཡོན་ཏན་མཆོག་གོ །དེའི་འོག་ཏུ་རྒྱལ་པོ་དཔལ་སྦས་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་ནོར་དཔལ་ཞེས་བྱའོ། །དེའི་འོག་ཏུ་ལུས་ཤིན་ཏུ་རྣམ་པར་དག་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་སོ། །དེའི་འོག་ཏུ་རྒྱལ་པོ་དྲག་ཤུལ་ཅན་ཏེ། དེ་ནི་དེ་བཞིན་གཤེགས་པ་རཏྣ་འབྱུང་གནས་སོ། །དེའི་འོག་ཏུ་རྒྱལ་པོ་རིན་ཆེན་གྲགས་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་ཏུ་རྒྱལ་པོ་རིན་ཆེན་གྲགས་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་རྒྱ་ཆེ་བར་སྦྱར་ཏེ། རྒྱལ་བུ་ཐམས་ཅད་ཀྱི་ཐ་ཆུང་བློ་གྲོས་མཐའ་ཡས་པ་སྟེ། དེ་ནི་སངས་རྒྱས་མོས་པ་ཅན་ནོ། །ཞི་བའི་བློ་གྲོས་དེའི་ཚེ་རྒྱལ་པོ་ཡུལ་འཁོར་སྲུང༌། དེ་ནི་སངས་རྒྱས་མར་མེ་མཛད་དོ། །མ་སླད་མའི་པང་ནས་བྱུང་བའི་རྒྱལ་པོ་ཆོས་ཀྱི་སེམས་དཔའ་ནི། བྱག་སེམས་ཕྱག་རྡོར་རོ། །བཙུན་མོ་དཔེ་མེད་པའི་པང་ནས་བྱུང་བའི་རྒྱལ་པོ་ཆེས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ནོ། །དེས་ན་ཕྱག་རྡོར་སངས་རྒྱས་སྟོང་གི་སྡུད་པ་པོ་ཡིན་ཞིང་། ཚངས་པ་གཙུག་ཕུད་ཅན་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐུལ་འདེབས་ཡིན་པས། སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་ཡིན་ནོ། །དེ་ཡང་བསྐལ་བཟང་ལས། འདས་དུས་བསྐལ་པ་མཛེས་པར་སྣང་བ་ལ། །རྒྱལ་བའི་ཞིང་ཁམས་རྣམ་པར་བརྒྱན་པ་དེ། །འདྲེན་པའི་མཚན་ནི་ཡོན་ཏན་མཐའ་ཡས་ཤིང་། །རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཡིས། །སངས་རྒྱས་བསྟན་དེར་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་ལ། །སྲས་བུ་སྟོང་དང་གཉིས་ནི་འཁྲུངས་པ་ལས། །མ་སྨད་མ་དང་དཔེ་མེད་མ་ཡི་བུ། །རྒྱལ་པོ་ཆོས་ཀྱི་སེམས་དང་བློ་གྲོས་གཉིས། གཙུག་ཕུད་ཅན་དང་ཕྱག་ན་རྡོ་རྗེར་གྱུར། གཅེན་པོ་སྟོང་དག་སངས་ནི་རྒྱས་པ་ལས། གནས་པའི་བསྐལ་པ་ཉིས་ཤུའི་དང་པོ་ལ། །སྐྱེ་རྒུའི་ཚེ་ལོ་དྲུག་ཁྲི་ཐུབ་པའི་ཚེ། །བདེ་གཤེགས་འཁོར་བ་འཇིག་ཅེས་བྱ་བ་བྱུང་། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས། །བདེ་གཤེགས་གསེར་ཐུབ་ཅེས་པ་འཇིག་རྟེན་བྱོན། །དམ་ཆོས་ལོ་གྲངས་ལྔ་སྟོང་བར་དུ་གནས། །སྐྱེ་རྒུའི་ཚེ་ལོ་ཉིས་ཁྲི་ཐུབ་པའི་དུས། །བདེ་བར་གཤེགས་པ་འའོད་སྲུང་ཞེས་བྱ་བྱུང་། །དམ་ཆོས་ལོ་ནི་བདུན་ཁྲིའི་བར་དུ་སྤྱོད། །སྐྱེ་རྒུའི་ཚེ་ལོ་བརྒྱ་པར་གྱུར་པའི་ཚེ། །བདེ་བར་གཤེགས་པ་ཤཱཀྱ་ཐུབ་པ་བྱོན། །དམ་ཆོས་ལོ་གྲངས་ལྔ་བརྒྱ་ཕྲག་གནས། །ལྷག་མ་གནས་པའི་བར་བསྐལ་བཅུ་དགུ་ལ། །རྣམ་པར་སྣང་མཛད་ཡན་ཆད་རྫོགས་པར་འབྱུང་། །ཞེས་པས། སངས་རྒྱས་རེའི་ཡུལ་དང་། རིགས་དང་། འོད་དང་། ཡབ་དང་། ཡུམ་དང་། སྲས་དང་། རིམ་གྲོ་པ་དང་། ཤེས་རབ་ཅན་དང་། རྫུ་འཕྲུལ་ཅན་གྱི་མཆོག་གཉིས་དང་། འཁོར་འདུས་པ་དང་། ཚེ་ཆད་དང་། བསྟན་པ་གནས་པའི་ཚད་དང་། སྐུ་གདུང་སྟེ། མཆོག་ཟུང་སོ་སོར་བགྲངས་པའི་དོན། བཅུ་གསུམ་བཅུ་གསུམ་གྱི་བསྟན་ཅིང་། ཁ་ཅིག་གིས་གདུང་སྨོས་ཏེ་བཅུ་བཞིའོ། །འཁོར་འདུས་པ་ལའང་ཁ་ཅིག་ལ་མང་པོ་དང་། སྐུ་གདུང་ལ་རྒྱས་པར་འགྱུར་བ་དང་། རིལ་པོ་གཅིག་ཏུ་འདུག་པ་གཉིས་སོ། །ད་ལྟར་གྱི་སྟོན་པ་འདི་ལ་དཔེར་བརྗོད་ན། མཆོག་ཏུ་དགའ་བའི་རྒྱལ་པོ་ང་སྐྱེས་པའི་ཡུལ་ནི་སེར་སྐྱའི་གནས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གོའུ་ཏ་མའོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་མའོ། །ཡུམ་ནི་སྒྱུ་འཕྲུལ་མ་ཞེས་བྱའོ། །སྲས་ནི་སྒྲ་གཅལ་འཛིན་ནོ། །རིམ་གྲོ་པ་ནི་ཀུན་དགའ་བོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉེར་རྒྱལ་ལོ། །རྫུལ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པད་ནས་སྐྱེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཅུའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་ཚེ་ལོ་བཞི་ཁྲིའི་དུས་སུ་འཁོར་བ་འཇིག སུམ་ཁྲིའུ་དུས་སུ་གསེར་ཐུབ། ཉིས་ཁྲེའི་དུས་སུ་འོད་སྲུང་། བརྒྱ་པོའུ་དུས་སུ་ཤཱཀྱ་ཐུབ་པ་བྱོན་པ། སངས་རྒྱས་རབས་བདུན་སངས་རྒྱས་ཚུལ་ལས་བཤད་དེ། གཟུངས་ཆེན་གྱི་མདོ་ལས། སངས་རྒྱས་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་ཉེར་ལྡན་དུ། །ཀ་ར་བི་རིའི་ཤིང་དྲུང་མངོན་པར་རྫོགས་སངས་རྒྱས། །རྒྱལ་བ་གཙུགས་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་སུ་ཀའི་གྲོང་ཁྱེར་དུ། །ཤིང་མཆོག་སྤུན་ཏའི་དྲུང་དུ་མངོན་པར་སངས་རྒྱས་སོ། །རྒྱལ་བ་ཐམས་ཅད་སྐྱོབ་ནི་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་རྫོགས་སངས་རྒྱས། །ཐུབ་པ་འཁོར་བ་འཇིག་ནི་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤྲཱི་ཤ་ཡི་དྲུང་དུ་མངོན་པར་སངས་རྒྱས་སོ། །འདྲེན་པ་གསེར་ཐུབ་གཙང་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུ་དུམ་ལྦཱ་རའི་དམར་མཆོག་ཤིང་དྲུང་མངོན་པར་རྫོགས་སངས་རྒྱས། །སྐྱོབ་པ་འོད་སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉིས་ཁྲིའི་དུས་ན་གྲོང་ཁྱེར་ལྦཱ་ར་ཎཱ་སི་རུ། །ཤིང་མཆོག་སཱ་སའི་དྲུང་དུ་མངོན་པར་རྫོགས་སངས་རྒྱས། །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤཱ་ཏ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་སོ། །ཞེས་སོ། །དེ་ཡང་སངས་རྒྱས་སྟོང་འབྱུང་བ་ལ་གནས་སྐབས་ཀྱི་མར་འགྲིབ་ཀྱི་བརྒྱད་ཁྲི་པ་ནས་བརྒྱ་པའི་བར་འབྱུང་ངོ་། །བརྒྱད་ཁྲི་བས་སྔ་བ་མི་འབྱུང་སྟེ། སྐྱོ་ཤས་བྱུང་བས་ཆོས་དོན་དུ་མི་མཉེར་བས་སོ། །བརྒྱ་པ་བས་ཕྱི་བར་མི་འབྱུང་སྟེ། སྙིགས་མ་ལྔ་བདོ་བས་སོ། །སྙིགས་མ་ལྔ་གང་ཞེ་ན། དུས། སེམས་ཅན། ཚེ། ལས། ཉོན་མོངས་པའི་སྙིགས་མའོ། །དེ་ཡག་དུས་ཀྱི་སྙིགས་མ་ནི་རྩོད་ལྡན་ནོ། །སེམས་ཅན་གྱི་སྙིགས་མ་ནི་དགེ་དུས་སུ་སྐྱེས་པ། ཚེའི་སྙིགས་མ་ནི་ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་ནི་མི་དགེ་བ་བཅུ་ལ་སྤྱོད་དོ། །ཉོན་མོངས་པའི་སྙིགས་མ་ནི་གཉེན་པོས་མི་ནོན་པའོ། །ཡར་འཕེལ་ལ་མི་འབྱུང་སྟེ། མི་དགེ་བ་ངང་གིས་མི་ཡོང་ཞིང་། དངོས་པོ་རྣམས་འཕེལ་ནས་སྐྱོ་བ་མི་སྐྱེ་བས་སོ། །འོ་ན་སངས་རྒྱས་མོས་པ་ནི། །མིའི་ཚེ་ལོ་དཔག་མེད་ཐུབ་པའི་དུས་ན་འབྱུང་སྟེ། གོང་དུ་བརྒྱད་ཁྲི་བས་སྔ་བ་རུ་སངས་རྒྱས་མི་འབྱུང་ཞེས་པ་དང་འགལ་ལོ་ཞེ་ན་དེ་བདེན་ཏེ། དེ་ནི་ཤགས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་ཡིན་པས་བསམ་གྱིས་མི་ཁྱབ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་གི་ཐ་ཆུང་བློ་གྲོས་མཐའ་ཡས་ཀྱིས་སྨྲས་པ། །སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཞིང་འདྲ། །བདག་གི་ཡིད་ལ་སེམས་ཅན་ཟད་པ་མེད་སྙམ་བགྱིད། །ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདི་དག་འགྱུར། །བདག་གི་སྨོན་ལམ་ཅི་འདྲར་ཐམས་ཅད་འདིར་གསོན་ཅིག །ཁྱེར་ཀྱི་ཚེ་ཚད་ཇི་ཙམ་པ་དག་བསྡོམས་པ་དང་། །ཚོགས་ཀྱི་རྒྱལ་པོ་ཇི་སྙེད་ཀུན་བསྡོམས། །ཐམས་ཅད་བསྡོམས་པ་དེ་ཉིད་བདག་གི་ཚེར་གྱུར་ཏེ། །བདག་གི་དགེ་ལོང་ཚོགས་ཀྱང་དེ་ཀུན་མ་ལུས་རྙེད། །ཅེས་པ་ལ་སོཊ་པ་སྨྲས་ཏེ། །དེ་ནི་སྟོང་གི་ཐ་མ་མོས་པ་ཞེས་བྱ་བར་འགྱུར་ཏེ། སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུའི་ཚེ་ཚད་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པ་དེ་སྙེད་དུ་འགྱུར་ཞིང་། བདག་གཉིས་དེ་ལྟར་མོས་པས་མོས་པ་ཞེས་བྱའོ། །གཞན་ཡང་སྙིང་རྗེ་པད་དཀར་ལས། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ན། ཚེ་ལོ་བཅུ་པའི་དུས་སུ། མི་མཐེ་བོང་ཙམ་གྱི་ནང་དུ། ས་ས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་སྐུ་ཁྲུ་གང་སོར་བདུན་ཙམ་གྱི་ཚད་ཙམ་ཡོད་པར་བཤད་པ་ནི། གོང་གི་ཚེ་ལོ་བརྒྱ་པ་བས་ཕྱི་བར་སངས་རྒྱས་མི་འབྱུང་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འབྱོན་པ་ལ་དགོངས་པ་ཡིན་ནོ། །འོ་ན་དེ་ལྟར་གྱི་བསྐལ་པ་འདི་ལ་བཟང་པོ་ཞེས་བརྗོད་པ་ཅི་ཞེ་ན། འཇིན་རྟེན་འདི་ཆུང་འཇིག་པའི་ཚེ། །མཚོ་ནས་གསེར་གྱི་པདྨ་སྟོང་འབྱུང་བར་འགྱུར་ཏེ། །དེ་ལ་ལྷ་རྣམས་ཀྱིས་བརྟག་པས། སངས་རྒྱས་སྟོང་འབྱུང་བར་འགྱུར་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ། །ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་པར་གྱུར་ཏོ། །ཞེས་སྙིག་རྗེ་པདྨ་དཀར་པོ་ལས་བཤད་ལ། ཡེ་ཤེས་རྒྱས་པའི་མདོ་ལས། བསྐལ་པ་བཟང་པོ་འདི་ཡི་མིང་། བསྐལ་པ་པདྨ་སྟོང་མཐོང་ཞེས་བཏགས་པ་ཡོད་དོ། །ངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟར་བྱོན་ཚུལ། གསུམ་པ་སྙིགས་མ་ལྔ་བདོ་བའི་དུས་འདིར། བཅོམ་ལྡན་འདས་ཐུབ་པའི་དབང་པོ་བྱོན་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེདྒེ་དེ་ལ་འཕྱག་འཚལ་ལོ། །ཞེས་པས། འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཡག་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདིས། ཐུགས་དང་པོ་ཁྱབ་ཆུབ་མཆོག་ཏུ་སེམས་རིན་པོ་ཆེ་ཡངས་ཤིང་རྒྱ་ཆེ་བ་མི་དོག་ཅིང་ཕྱོགས་ཆ་མེད་པ་ཉེ་བར་དུ་བསྐྱེད་པའམ། བར་དུ་འཁོར་བ་དང་། མྱང་ཅན་ལས་འདས་པའི་ཆོས་ཐམས་ཅད་བཟང་ངན་དང་བླང་དོར་མེད་པ་མཉམ་པ་ཉིད། ནམ་མཁའ་ལྟ་བུར་དག་ཅིང་དབྱེར་མེད་པའི་ངང་དུ་རྟོགས་པས། སྒྲིབ་གཉིས་ཚུལ་བཞིན་དུ་སྦྱངས། ཚོགས་གཉིས་བསགས་པས་ལམ་ལྔ་རྫོགས་ནས། ཐ་མ་ཆོས་སྐུ་ནམ་མཁའ་ལྟ་བུ་རྣམ་པར་མི་རྟོག་པའི་བདག་ཉིད་ཕྱི་ནང་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པས། མི་རྟོག་བཞིན་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས། མཛད་པ་བཅུ་གཉིས་སུ་བསྟན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དཀོན་མཆོག་བརྩེགས་པ་བྱང་ཆུབ་སེམས་པའི་སྡེ་སྣོད་ལས། འོ་སྐོལ་གྱི་སྒོན་པ་འདི་དང་པོ་ལམ་ནི་མ་ཞུགས། །སྙིང་རྗེ་ཆེ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པའི་དུས་སུ། ལས་ཀྱི་ལྷག་པ་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པའི་དུས་སུ། ལས་ཀྱི་ལྷག་མ་འགའ་ཞིག་གིས་དམྱལ་བའི་གནས་སུ་གཤིན་རྗེའི་སྐྱེས་བུ་ཨ་ཝ་སྐྱོང་བ་ཞེས་བྱ་བའི་ལྕགས་སྲེག་གི་ས་གཞི་ལ་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེས་པས། དེར་ཟླ་བོ་ལ་སྙིང་རྗེའི་སེམས་སྐྱེས་ཏེ། རྗེ་བོ་ལ་བོས་ནས་འདི་སྐད་དུ། སེམས་ཅན་འདི་རྣམས་ཀྱི་སྡུག་བསྔལ་ཚ་ཞིང་རྩུབ་པ་འདི་བདག་གཅིག་པོས་འཁུར་བས་ཅི་གནང་ཞེས་ཞུས་པ་དང་། དེ་ལ་ཁོ་ཁྲོས་ཏེ། སྤྱིར་སེམས་ཅན་རང་རང་གི་ལས་ཀྱི་སྐལ་པ་ལ་སྤྱོད་པ་ལ་ཟེར་ནས། མགོ་ལ་ལྕགས་ཀྱི་ཐོ་ལུམ་འབར་བ་ཞིག་བརྒྱབ་པས། ཚེའི་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་གཟུགས་དང་རིགས་ཕུན་སུམ་ཚོགས་པ་ཞིག་ཏུ་སྐྱེས་ཏེ། སེམས་བསྐྱེད་ལ་སྔ་བ་དེ་ཡིན། དེའི་གོ་བ་ཡང་སྙིང་རྗེ་རང་པས་གཞན་གཅེས་པར་འཛིན་པའི་བློ་སྐྱེས་པས་སོ། །ངག་ཏུ་བརྗོད་པ་ཙམ་གྱིས་ཀྱང་མ་དག་པའི་ལས་བྱང་ནས། ལས་དག་པའི་འགོ་མ་དུས་དེ་ནས་འཇུས་པ་ཡིན་ནོ། །ལྷའི་ལུས་དེ་དག་ཤི་འཕོས་ནས་མིའི་ནང་དུ། རྫ་མཁན་སྤང་པ་འོད་ཀྱི་བུ་ཁྱེའུ་སྣང་བྱེད་དུ་སྐུ་སྐྱེ་བ་བཞེས་ཚུལ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱི་སྔོན་རོལ་དུ། བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ། གྲོང་ཁྱེར་ཆེན་པོ་བ་རུ་ན་ཞེས་བྱ་བར་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ། ད་ལྟའི་སྟོན་པ་འདི་ལྟ་བུ་ཁོ་ན་ཞིག་བྱོན་ཏེ། གྲོང་ཁྱེར་གྱི་དབུས་ན་ཆོས་སྟོན་ཏེ། དེའི་དུས་ན་ཡང་སྙིགས་མ་ལྔ་དང་ལྡན་པ་ཚེ་ལོ་བརྒྱ་པ་ལུས་ཚད་ཆུང་པའི་དུས་ཡིན་པས་སངས་རྒྱས་དེ་ཡང་ཚུལ་མཐུན་པ་ལུས་ཚད་ཆུང་པའི་དུས་ཡིན་པས་སངས་རྒྱས་དེ་ཡང་ཚུལ་མཐུན་པར་སྐྱེས་སོ། །འཁོར་འདུས་པའི་དང་པོ་ནི་དགེ་སློང་ཆོས་སྨྲ་བའི་རྒྱལ་པོ་ཞེས་བྱ་བར། འཕགས་པ་འཇམ་དཔལ་འདི་སྐྱེས་ཏེ། དེ་ལ་ཏིང་ངེ་འཛིན་མངའ་བས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ད་ལྟ་སུ་དང་སུ་ཞིག་དར། སུ་དང་སུ་ཞིག་ནི་རྒུད། སུ་དང་སུ་ཞིག་ནི་སངས་རྒྱས་ཀྱི་སྣོད་དུ་འདུག སུ་དང་སུ་ཞིག་ནི་དམྱལ་བར་འགྲོ་མངོན་པས་ཤེས་པས་བལྟས་པས་གྲོང་ཁྱེར་དེའི་མཐའ་ན་རིགས་ངན་རྫ་མཁན་གྱི་བུ་སྣང་བྱེད་ལ་སངས་རྒྱས་ཀྱི་སྣོད་དུ་འདུག་པར་མཐོང་ནས། དེ་གདུལ་བའི་དོན་དུ་དགེ་སློང་དེས། གྲོང་ཁྱེར་དུ་བསོད་སྙོམ་བླངས་ནས་འབྲས་ཆན་ལྷུང་བཟེད་གང་ཐོགས་ཏེ། རྫ་མཁན་དེའི་དྲུང་དུ་ཕར་ཕྱིན་པ་དང་། ཕ་མ་རྫ་བྱེད་དུ་སོང་། ཁོ་རྩེད་མོ་རྩེ་བ་དང་འཕྲད་དེ། སྣང་བྱེད་དེས་དགེ་སློང་དེའི་མདུན་དུ་ཕྱིན་ནས། བཙུན་པའི་ལག་གི་དེ་ཅི་ཡིན་ཞེས་དྲིས་པ་དང་། དེར་ཆོས་སྨྲ་བའི་རྒྱལ་པོས། འདི་ནི་ཁ་ཟས་རོ་མཆོག་བརྒྱ་དང་ལྡན་པའོ། །ཞེས་པ་དང་། འོ་ན་ང་ལ་གནང་དང་ཞེས་པས། བྱིན་གྱིས་བརླབས་ནས་བྱིན་པས། དེར་དེ་རོ་ལ་ཆགས་པ་དང་། ལྟོགས་ཕྲུག་ཏུ་སོང་བས་ཤིན་ཏུ་བཀྲེས་ནས་ཁོའི་ཕྱིར་འབྲངས་སྐད། དེར་དེ་ཤཱཀྱ་ཐུབ་པའི་ཕོ་བྲང་དེར་འགྲོ་བ་ལ་ལོ་བཅུ་གཉིས་ཙམ་འགོར་བ་ཡིན་པ་ལ། འཕགས་པ་ཐུགས་རྗེ་ཆེ་བ་དང་། སྣང་བྱེད་ལས་དག་པས། སྐྱེས་བུ་ལག་པ་བརྐྱང་པ་ལས་བསྐུམས་པ་ཙམ་ལ་སླེབས་སྐད། དེར་དགེ་སློང་གི་རྫུལ་འཕྲུལ་གྱིས་གྲོང་ཁྱེར་དབུས་སུ་ཉེ་བར་ཕྱིན་པ་དང་། དེས་སངས་རྒྱས་མཐོང་བ་དང་། ཡ་མཚན་སྐྱེས་དེ་འདི་ཅི་ཡིན་ཟེར། བཙུན་པ་ཡིན་ཞེས་པ་དང་། འདི་ནི་སངས་རྒྱས་སོ། །འདི་ཅི་ལས་བྱུང་། སེམས་བསྐྱེད་ཚོགས་བསགས་པ་ལས་བྱུང་བའོ། །ང་ལ་འོངས་ངམ་ཞེས་པ་ལ། སེམས་བསྐྱེད་ན་འོང་ཞེས་སོ། །དེར་ཁོ་དད་དེ་འབྲས་ཆན་ལྷུང་བཟེད་གང་པོ་དེ་འབུལ་དུ་བཅུག་ནས་སེམས་བསྐྱེད་དོ། །དེ་ནས་རྫ་མཁན་བཟའ་མིས་བུ་སྟོར་ཏེ་གང་ནས་ཀྱང་མ་རྙེད་པ་ལ། དེ་ནས་གྲོང་གི་བདུས་ནས་རྙེད་དོ། །དེ་ནས་སྣང་བྱེད་ཀྱིས་རབ་ཏུ་བྱུང་བར་ཞུས་པ་དང་། ཕ་མས་ཀྱང་གནས་ནས། དེ་རབ་ཏུ་བྱུང་བར་གསོལ་ཏེ་ཞུ་བ་ཕུལ་ཅིག་ཟེར་རོ། །དེ་སྐད་དུ་ཞུས་པས་སངས་རྒྱས་ཀྱིས་གནང་སྟེ། དགེ་སློང་ཚུར་ཤོག་ཅེས་པ་དང་། སྐྲ་དང་ཁ་སྤུ་རང་བྱིན་ནས་ངུར་སྨིག་གོན་པའི་དགེ་སློང་དུ་གྱུར་ཏེ། འབྲས་ཆན་ལྷུན་བཟེད་གང་ལ་བརྟེན་ནས་སེམས་བསྐྱེད་པའོ། །སྣང་བྱེད་ཀྱིས་འགྲོན་བུ་ལྔ། མཆིལ་ལྷམ་ཟུང་གཅིག །རས་ཀ་ཤི་ཀའི་གདུགས་གཅིག རྫ་བུམ་སོ་བཏང་བ་གཅིག་ཆུས་བཀང་ནས་ཕུལ་ཏེ། སེམས་བསྐྱེད་ནས་སྨོན་ལམ་བཏབ་སྟེ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་སུ། །འགྲོ་བ་རང་བྱུང་སངས་རྒྱ་གྱུར་ནས་ཀྱང་། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་བསྒྲལ་བར་བགྱི། །ཞེས་དང་། བདག་གི་དགེ་བའི་རྩ་བ་འདིས། བདག་ནམ་ཞིག་ཞི་བ་དག་པར་སངས་རྒྱས་ཏེ། སེམས་ཅན་མ་དག་པའི་དོན་བྱེད་པར་གྱུར་ཅིག་མིང་ཡང་ད་ལྟར་གྱི་སངས་རྒྱས་འདི་ཁོ་ན་འདྲ་བའི་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །བསྐལ་བཟང་ནས། སྨན་པོ་ཡོན་ཅན་བཤེས་གཉེན་བུར་གྱུར་ཏེ། །འབྲས་ཆན་ཕུལ་ནས་སྨོན་ལམ་བཏབ་པ་ནི། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ནི་འདྲ་བ། དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་ཡང་དེ་དེ་དང་མཐུན་པར་བཏབ་སྟེ། །བདེ་གཤེགས་ཤཱཀྱ་ཐུབ་པ་ཆེན་པོ་ལ། འཇམ་ཞལ་གང་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པས་མངོན་ནོ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པས་མངོན་ནོ། །ཐེག་པ་ཆེན་པོའི་མདོ་ཀ་ཅིག་ན། ཤཱཀྱ་ཐུབ་པ་འདི་སྔོན་རྒྱལ་བུ་བཙོན་འགྲུས་སྤྱོད་དུ་སྐྱེ་ནས། སངས་རྒྱས་འོད་འཕྲོའི་ཕུང་པོ་བྱ་བ་བྱུང་བ་ལ་སེམས་བསྐྱེད་པ་ཡིན་ཟེར་རོ། །བར་དུ་བསྐལ་པ་གྲངས་མེད་པ་གསུམ་མམ་སུམ་ཅུ་རྩ་གསུམ་དུ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོར། ཚོགས་རྣམ་པར་གཉིས་ཇི་ལྟར་བསགས་ཞེ་ན། གཞུང་ལས། གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས་པས། ས་ནི་དང་པོ་བརྒྱ་པ་བཅུ་པར་ནོན། །ས་བཅུ་བྱང་ཆུབ་སེམས་དཔའི་སྟོན་པ་མཛད། །ཞེས་པ་སྟེ། དེ་ལ་ཡག་གྲངས་མེད་པ་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཀའ་བ་སྤྱད་པ་དང་། སངས་རྒྱས་ཇི་སྙེད་པ་ལ་བསྙེན་བཀུར་བྱས་པའི་ཚུལ་མོ། །དེ་ཡང་ཕ་རོལ་ཕྱིན་དྲུག་སྤྱད་ལུགས་ནི། བྱང་ཆུབ་སེམས་དཔའ་དུད་འགྲོར་སྐྱེས་ནས་སེམས་ཅན་རྣམས་ལ་མགོ་ལ་སོགས་པ་བཏག་བས་སྦྱིན་པ་རྫོགས་པར་མཛད་དོ། །རྒྱ་མཚོའི་ཚོང་པར་སྐྱེས་པའི་ཚེ་མགོ་དང་ཡན་ལག་བཅད་ཀྱང་སེམས་མི་འཁྲུག་པས་ཚུལ་ཁྲིམས་རྫོགས། སྨན་ཆེན་བློབ་པོར་སྐྱེས་པའི་དུས་སུ་བསམ་གཏན་དང་། དོན་གྲུབ་ཏུ་སྐྱེ་བ་བཞེས་པའི་དུས་སུ་ཤེས་རབ་རྫོགས་པར་བྱས་པ་ཏེ། མདོ་ལས་ཀྱང་། ཀུན་ལ་ལྷག་པར་སྙིང་བརྩེ་བས། །སྦྱིན་སོགས་ཕ་རོལ་ཕྱིན་རྫོགས་བྱས། །ཞེས་སོ། །སངས་རྒྱས་ཇི་སྙེད་ལ་བསྙེན་བཀུར་བྱས་ཚུལ་ནི། དང་པོ་ཤཱཀྱ་ཐུབ་པ་ནས་བཟུང་སྟེ། སངས་རྒྱས་ཡུལ་འཁོར་སྐྱོང་གི་བར། སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཞིང་། བསྐལ་པ་གྲངས་མེད་པར་ཚོགས་བསགས་ཏེ་གྲངས་མེད་པ་དག་པོ་རྫོགས་ཏེ། ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་སངས་རྒྱས་ལེགས་མཛད་ནས་བཟུང་སྟེ་དབང་པོ་རྒྱལ་མཚན་གྱི་བར་དུ་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ཞིང་གྲངས་མེད་པ་གཉིས་རྫོགས་པར་བྱས་སོ། །ལུང་ལས། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་མར་མེ་མཛད་ནས་འོད་སྲུང་གི་བར་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ཞིང་གྲངས་མེད་གསུམ་རྫོགས་པར་བྱས་ཏེ། ལུང་ལས། སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་རྣམས་ནི་ངས་མཆོད་དོ། །ཞེས་སོ། །མར་མེ་མཛད་ནས་རིན་ཆེན་གཙུག་ཏོར་ཅན་ཡན་ཆད་ཀྱིས་གྲངས་མེད་དང་པོ་རྫོགས་སོ། །དེ་ནས་མར་མེ་མཛད་ཡན་ཆད་སྐྱེས་གཉིས་པ་རྫོགས་སོ། །དེ་ནས་རྣམཔར་གཟིགས་ཡན་ཆད་ཀྱིས་གསུམ་པ་རྫོགས་པས་བཤད་དེ། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ཐེག་པ་ཆེན་པོ་ལྟར་ན། ཤཱཀ་ཐུབ་ཀྱི་རྗེས་ལ་རྣམ་པར་གཟིཊ་བྱོན། བྲམ་ཟེའི་ཁྱེའུ་ཤཱཀྱའུ་སྐྱེས། ས་དང་པོ་ནོན། མར་མེ་མཛད་བར་དུ་སྟེ་བྲམ་ཟེ་ཆོས་ཀྱི་སྤྲིན་དུ་སྐྱེས། ས་བརྒྱད་པ་ནོན། གཙུག་ཏོར་ཅན་ཐ་མར་སྐྱེས་ཏེ་བྲམ་ཟེ་སེར་སྐྱར་སྐྱེས། ས་བཅུ་པ་ནོན། དེ་ཡང་སངས་རྒྱས་རྣམ་པར་གཟིགས་ནི་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་གི་གོང་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་པ་ལ་བྱོན་ཏེ། བསྐལ་བཟང་སྟོང་གི་དགེ་སློང་སྟོང་དུ་སྐྱེས་ནས་ཚངས་པར་སྤྱོད་པ་སྤྱད་དེ། དེ་དག་བསྐལ་པ་བཟང་པོ་ལ་སངས་རྒྱ་བར་ལུང་བསྟན། ཁྱད་པར་དུ་ཤཱཀ་ཐུབ་འདི་བྲམ་ཟེ་ཤཱཀྱར་སྐྱེས་ལུགས་བསྟན། ཁྱིམ་བདག་བློ་གྲོས་ལྡན་ཞེས་པ་ཡང་རྩཱ་འཚོང་བཀྲ་ཤིས་སུ་གྱུར་ཏོ། །དེ་ལ་སོགས་པ་སངས་རྒྱས་བདུན་ཁྱི་ལྔ་འཚོང་བཀྲ་ཤིས་སུ་གྱུར་ཏོ། །དེ་ལ་སོགས་པ་སངས་རྒྱས་བདུན་ཁྲི་ལྔ་སྟོང་དཔག་ཏུ་མེད་པ་ནས། རྣམ་པར་གཟིགས་ཀྱི་བར་དུ་བསྙེན་བཀུར་བས། དག་པའི་ས་གསུམ་རྫོགས་ནས་གྲངས་མེད་པ་གསུམ་པ་རྫོགས་ཏེ། མཐར་ཕྱིན་པའི་ལམ་བགྲོད་ནས་ས་བཅུ་པ་དག་ནོན་ཏེ། དེ་ནས་ཟད་པར་མེ་ལ་གནས་ནས། དེ་བཞིན་གཤེགས་པ་སྐར་རྒྱལ་ལ་བསྟོད་དེ། དཀའ་ཐུབ་བརྟེན་ནས་གྲོང་ཁྱེར་ཉེར་ལྡན་དུའོ། །དེ་ནས་ཐ་མར་སངས་རྒྱས་འོད་སྲུང་གི་དུས་སུ་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ཏེ། བསྐལ་པ་གཅིག་གི་བར་དུ་ཚོགས་བསྒྲུབས་ནས་ས་ལས་ཐམས་ཅད་མཐའ་ཕྱིན་པ་བྱས་ཏེ་ཚོགས་ལམ་ཐམས་ཅད་རྫོགས་པས། གྲངས་མེད་གསུམ་གྱི་བར་དུ་ཚོགས་ལམ་ཐམས་ཅད་རྫོགས་པས། གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས་ནས་ཞེས་པའོ། །ཐེག་ཆུང་གི་མདོ་ཁ་ཅིག་ནས། །དེ་ལྟར་གྲངས་མེད་གསུམ་གྱིས་སངས་རྒྱས་མི་ཐོབ་སྟེ། སུམ་ཅུ་རྩ་དྲུག་འགོར་ཟེར། དེ་ཡང་ཚོགས་ལམ་སྦྱོར་ལམ་གཉིས་གྲངས་མེད་གསུམ་གསུམ་སྟེ་དྲུག དེ་ནས་ས་དང་པོ་ནས་ས་བཅུ་པའི་བར་དུ་ས་རེ་རེ་ལ་གྲངས་མེད་གསུམ་གསུམ་འགོར་བའི་སུམ་ཅུ་རྩ་དྲུག་ནས་སངས་རྒྱས་ཟེར་བ་ཡོད། དེ་ལ་སོགས་ཏེ་ཚོགས་བསགས་པའི་ཡུན་ནི་གསུང་རབ་རྣམས་ནས་མི་འདྲ་བ་དུ་མ་འབྱུང་སྟེ། བསྐལ་པ་གྲངས་མེད་གསུམ་དང་། བདུན་དང་། བཅུ་དང་། སུམ་ཅུ་རྩ་དྲུག་ལ་སོགས་པ་བཤད་ལ། བཅུ་གསུམ་དུ་བཤད་པའང་ཡོད་གསུངས་སོ། །དེ་ལ་གྲངས་མེད་གསུམ་ནི་གསུང་རབ་ཕལ་ཆེར་ལས་འབྱུང་ཞིང་། གྲངས་མེད་ཀྱི་དོན་ཡང་། མངོན་པ་མཛོད་ཀྱི་འགྲེལ་པ་དང་། ཐུབ་པ་དགོངས་རྒྱན་ལ་སོགས་མང་པོ་ནས། བགྲང་པ་ལས་འདས་པའི་གྲངས་མེད་པ་མ་ཡིན་གྱི། གྲངས་ཀྱི་གནས་གཞན་དྲུག་ཅུ་བརྩིས་པའི་གྲངས་མེད་པ་ལ་བཞེད་ལ། གྲངས་ནི་གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། རྐྱང་པ་ཡིན་པར་ཤེས་པར་བྱ། གྲངས་ཀྱི་གནས་གཞན་འདི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་གི་གྲངས་ཀྱི་གནས་གཞན་དང་དགོངས་པ་མི་གཅིག་པ་རེ་གཉིས་འདུག་ཀྱང་། འདིར་ནི་འདི་གཙོ་བོ་ཆེ་བར་བྱས་སོ། །ཐེར་འབུམ་དང་། ཐེར་འབུམ་ཆེ་པོ། ཁྲག་ཁྲིག་དང་། ཁྲག་ཁྲིག་ཆེན་པོ། རབ་བཀྲམ་དང་། རབ་བཀྲམ་ཆེན་པོ། གཏམ་ཁྲིག་དང་། གཏམ་ཁྲིག་ཆེན་པོ། མི་འཁྲུག་དང་། མི་འཁྲུག་ཆེན་པོ། གཏམ་ཁྲིག་ཆེན་པོ། མི་འཁྲུག་དང་། མི་འཁྲུག་ཆེན་པོ། ཁྱད་སྦྱིན་དང་། ཁྱད་སྦྱིན་ཆེན་པོ། སྤང་སྟེང་དང་། སྤང་སྟེང་ཆེན་པོ། དེད་འདྲེན་དང་། དེད་འདྲེན་ཆེན་པོ། མཐའ་སྣང་དང་། མཐའ་སྣང་ཆེན་པོ། རྒྱུ་རིགས་དང་། རྒྱུ་རིགས་ཆེན་པོ། འོད་མཛེས་དང་། འོད་མཛེས་ཆེན་པོ། རྒྱུ་རིགས་དང་། རྒྱུ་རིགས་ཆེན་པོ། འོད་མཛེས་དང་། འོད་མཛེས་ཆེན་པོ། དབང་པོ་དང་། དབང་པོ་ཆེན་པོ། ལེགས་སྦྱིན་དང་། ལེགས་སྦྱིན་ཆེན་པོ། རྟོགས་འགྲོ་དང་། རྟོགས་འགྲོ་ཆེན་པོ། འབྱིན་རྡུལ་དང་། འབྱིན་རྡུལ་ཆེན་པོ། རྒྱ་རྟགས་དང་། རྒྱ་རྟགས་ཆེན་པོ། སྟོབས་འཁོར་དང་། སྟོབས་འཁོར་ཆེན་པོ། བརྡ་ཤེས་དང་། བརྡ་ཤེས་ཆེན་པོ། རྣམ་འབྱུང་དང་། རྣམ་འབྱུང་ཆེན་པོ། ར་རྟ་དང་། ར་རྟ་ཆེན་པོ། སྟོབས་མིག་དང་། སྟོབས་མིག་ཆེན་པོ།། ཁྱད་ཁྱུད་དང་། ཁྱད་ཁྱུད་ཆེན་པོ། མྱལ་མྱུལ་དང་། མྱལ་མྱུལ་ཆེན་པོ། འལ་འོལ་དང་། འལ་འོལ་ཆེན་པོ། ཆད་ཆོད་དང་། ཆད་ཆོད་ཆེན་པོ། མཐར་ནི་གྲངས་མེད་ཅིས་བྱའོ། །དེ་ལ་བརྩོན་འགྲུས་མྱུར་བ་བསྐལ་པ་གྲངས་མེད་གསུམ་ན་སངས་རྒྱས་ཏེ། དེ་ལ་ལམ་ཚོགས་སྦྱོར་གཉིས་ལ་གྲངས་མེད་གཅིག་ས་ས་དང་པོ་ནས་བདུན་པའི་བར་ལ་གྲངས་མེད་གཅིག །ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་ལ་གྲངས་མེད་གཅིག་སྟེ། དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་ནས་ས་ལམ་མཐར་ཕྱིན་པ་ཡིན་ཏེ། ས་ལའང་གསུམ་སྟེ། ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་ནི་གནས་ཤིང་བརྟན་པས་ན་ས་ཞེས་བྱའོ། །ངེས་ཚིག་ནི་ཤ་བཅུའི་དང་པོ་ལ་སེམས་ཅན་གྱི་དོན་བསྒྲུབ་པ་ལ་རབ་ཏུ་དགའ་བས་ན། རབ་ཏུ་དགའ་བའི་ས་ཞེས་པ་ལ་སོགས་པའོ། །དབྱེ་ན་གསུམ་སྟེ། སོ་སོ་སྐྱེ་བོའི་ས། བྱང་ཆུབ་སེམས་པའི་ས། སངས་རྒྱས་ཀྱི་སའོ། །དང་པོ་ལ་གསུམ། མོས་པ་ལ་སྤྱོད་པའི་ས། སངས་རྒྱས་ཀྱི་སའོ། །དང་པོ་ལ་གསུམ། མོས་པ་ལ་སྤྱོད་པའི་ས། ཚོགས་ལམ་གྱི་ས། སྦྱོར་ལམ་གྱི་སའོ། །དེ་གསུམ་གྱི་ངེས་ཚིག་ནི། སྨོན་པའི་སེམས་སྔོན་དུ་བཏང་ནས་མོས་པས་སྤྱོད་པས་མོས་སྤྱོད་པ། ཚོགས་ལམ་ནི་མི་དགེ་བ་བོར་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་བཤེས་གཉེན་ལ་ཐོས་པ་་བྱས་ཏེ་ཚོགས་གསོག་པའོ། །སྦྱོར་ལམ་ནི། བླ་མའི་གདམས་པ་ལ་བརྟེན་ནས་ཆོས་ཅན་མཚན་མ་ཅན་ལ། ཆོས་ཉིད་མཚན་མེད་སྦྱོར་བས་སྦྱོར་ལམ་ཞེས་པའོ། །བྱང་ཆུབ་སེམས་པའི་ས་ལ་བཅུ་སྟེ། ས་དང་པོ་རབ་ཏུ་དགའ་བ་ནས། ཆོས་ཀྱི་སྤྱིན་གྱི་བར་དུའོ། །སངས་རྒྱས་ཀྱི་ས་ལ་གསུམ་སྟེ། ཀུན་དུ་འོད་དང་། པདྨའི་སྤྱན་དང་། ཡི་གེའི་འཁོར་ལོའི་སའོ། །དེ་ལ་ཀུན་ཏུ་འོད་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འབྲས་བུ་ཆོས་ཀྱི་སྐུའོ། །པདྨའི་སྤྱན་ནི་ཆོས་ཀྱི་སྐུའི་ངང་ལས་སྤྲུལ་པའི་སྐུ་སྣ་ཚོགས་མི་འགག་པས་ལོངས་སྐུའོ། །ཡི་གེའི་འཁོར་ལོའི་ཚོགས་ཆེན་གྱི་ས་ནི་དཔའོ་འབྲུ་ལྔ་ལྟ་བུས་མཚོན་ནས་གདུལ་བྱ་ཇི་ལྟར་བྱུང་བ་འདུལ་བའི་སྤྲུལ་པའི་སྐུར་འབྱུང་བའོ། །ད་ནི་ལམ་བསྟན་པར་བྱ་སྟེ། དེ་ཡང་ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་ནི་བགྲོད་པར་བྱས་པས་ན་ལམ་མོ། །ངེས་ཚིག་ནི་དེ་ལ་བརྟེན་ནས་འགྲོ་བས་སོ། །ལམ་ལ་དབྱེ་ན་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །ཚོགས་ལམ་ལ་བཅུ་གཉིས་ཏེ། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དེ་ཅིའི་ཕྱིར་ཚོགས་ལམ་ཞེ་ན། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་ལས་དུ་མ་བྱེད་ཅིང་ཚོཊ་གསོག་པའི་ཕྱིར་རོ། །སྦྱོར་ལམ་ལ་བཅུ་སྟེ། དབང་པོ་ལྔ་དང་སྟོབས་ལྔའོ། །ཅིའི་ཕྱིར་སྦྱོར་ལམ་ཞེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ནས་ནམ་མཐོང་ལམ་ལ་སྦྱོར་བས་ན་སྦྱོར་ལམ་མོ། །དེ་ཡང་བཟུང་བ་རང་བཞིན་མེད་པས་དྲོད། དེ་ལ་ཡིད་ཆེས་པས་རྩེ་མོ། །འཛིན་པ་རང་བཞིན་མེད་པས་བཟོད་པ། དེ་ལ་ཡིད་ཆེས་པས་འཇིག་རྟེན་ཆོས་མཆོག་གོ། མཐོང་ལམ་ལ་བདུན་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་ལ་ཅིའི་ཕྱིར་མཐོང་ལམ་ཞེ་ན། སྔར་མ་མཐོང་བའི་དོན་མཐོང་བས་མཐོང་ལམ་ཞེས་བྱ་སྟེ། ཅི་མཐོང་ཞེ་ན། ཐོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་བས་སོ། །སྒོམ་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལ། ཅིའི་ཕྱིར་སྒོམ་ལམ་ཞེ་ན། ཆོས་ཉིད་མཐོང་བའི་དོན་དེ་ལ་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱེད་པས་ན། སྒོམ་ལམ་ཞེས་བྱའོ། །མཐར་ཕྱིན་པའི་ལམ་ནི་ས་དགུ་པ་ནས་ས་བཅུ་པའི་བར་ཏེ། ཅིའི་ཕྱིར་མཐར་ཕྱིན་ཞེ་ན། བདག་གཞན་གཉིས་ཀྱི་དོན་མཐའ་ཕྱིན་པའི་ལམ་ཞེས་བྱའོ། །དེ་ལྟར་བསྟན་པའི་བདག་པོ་ཐུབ་པའི་དབང་པོ་འདིས། དང་པོར་ཐུགས་བསྐྱེད་ཅིང་ཚོགས་བསགས་ལམ་ལེགས་པར་མཐར་ཕྱིན། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་འབྲས་བུ་སྐུ་གསུམ་གྱི་ཚུལ་ཏེ། དེ་ཡང་ཆོས་སྐུ་དང་། ལོངས་སྐུར་སངས་རྒྱས་པའི་གནས་ནི་འོག་མིན་ཡིན་ལ། འཛམ་བུའི་གླིང་དུ་ནི་སྤྲུལ་པའི་སྐུར་སངས་རྒྱས་པའི་ཚུལ་བསྟན་པའོ། །འདི་ལའང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་ལུགས་གཉིས་སོ། །མཐན་ཉིད་ཐེག་པ་ལ་ཡང་། ཐེག་ཆུང་དང་མཚན་ཉིད་ཐེག་པ་ཆེན་པའོ། །དེ་ལ་ཐེག་པ་ཆུང་བ་ནི། རྒྱལ་པོ་དོན་ཐམས་ཅད་གྲུབ་སྟེ། ས་བཅུ་རང་རྒྱུད་པ་གཅིག་འོག་མིན་ནམ། རྡོ་རྗེ་གདན་དུ་སངས་རྒྱས་པར་འདོད་དོ། །ཐེག་པ་ཆེན་པོ་ནི། རྒྱལ་བ་འདི་བསྐལ་པ་གྲངས་མེད་པའི་སྔོལ་རོལ་དུ་སངས་རྒྱས་ཟིན་པར་འདོད་དེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་འདས་པའི་སྔོན་རོལ་དུ་སངས་རྒྱས་སོ་ཞེས་པ་དང་། མདོ་ཡབ་སྲས་མཇལ་བ་ལས། ཤཱཀ་ཐུབ་ནི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ཟིན་ནས། ཕྱིས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་ཕྱིར། སངས་རྒྱས་ཚུལ་བསྟན་ཡེ། དེ་སྐད་དུའང་། བྱེ་བ་བརྒྱ་ཏུ་རུ་རྒྱལ་བ་འདིས། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་མེད། །སླར་ཡང་བྱང་ཆུབ་ཐུགས་ཀྱང་འཇུག་ཅེས་སོ། །འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཡང་གཉིས་ཏེ། སྔགས་ཀྱི་ཕྱི་རྒྱུད་དང་། ནང་རྒྱུད་དོ། །ཕྱི་པ་རྣལ་འབྱོར་རྒྱུད་ཀྱི་ལུགས་ནི། ཆོས་སྐུ་དང་ལོངས་སྐྱུ་ནི་སངས་རྒྱས་ཡིན་ལ། སྤྲུལ་སྐུ་ནི་སངས་རྒྱས་སུ་མི་བཞེད་དོ། །དེ་བས་ན་ལོངས་སྐུ་ནི་འདོད་པའི་ཁམས་སུ་སངས་མི་རྒྱལ་ཞིང་། སྐྱེ་བའི་སྲིད་པ་ཡང་མི་བཞེད་དེ། གཟུགས་ཀྱི་ཁམས་ཀྱི་སྟུག་པོ་བཀོད་པ་དེ་ཉིད་དུ་སངས་རྒྱས་ཤིང་། སྐྱེ་བའི་སྲིད་པའང་དེ་ཉིད་དུ་བཞེད་པར་བཤད་དོ། །དེ་ཁོ་ན་ཉིད་རྣལ་འབྱོར་གྱི་རྒྱུད་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམཔར་སངས་མི་རྒྱ། གཟུགས་ཀྱི་ཁམས་ཀྱི་འོས་མིན་དུ། །འདོད་ཆགས་བྲལ་ཁྱོད་སངས་རྒྱ་འོ། །ཞེས་སོ། །འོ་ན་འཛམ་བུ་གླིང་ཆུ་བོ་ནཻར་ཉྫནའི་ཆུ་བྱེ་མ་ཅན་ནམ་གསེག་མ་ཅན་དྲུང་དུ་དཀར་ཐུབ་སྤྱད་ནས། མཐའ་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། དཀའ་ཐུབ་ཀྱི་ངང་ཀེ་ཉིད་ནས་འོག་མིན་དུ་བྱོན་ཏེ། དེ་ན་དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་པ་ལ་ཕྱག་བྱས་ནས། སེངྒེའི་ཁྲི་ལ་འདུག་ཏེ། སྟོང་པའི་ངང་ལ་ཡུན་རིང་པོར་མཉམ་པར་བཞག་ཀྱང་གསང་སྔགས་ཀྱི་གདམས་ངག་མེད་པས་མངོན་པར་རྫོགས་པར་སངས་རྒྱས་བར་མ་ནུས་ནས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་མདུན་དུ་བྱོན་ནས། ཏིང་ངི་འཛིན་དེ་ལས་བླངས་ནས་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་གསང་སྔགས་ཀྱི་དོན་མི་ཤེས་པར་ཇི་ལྟར་སངས་རྒྱ་བར་བྱ་སྙམ། ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔས་ཏིང་ངི་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་བྱས་ཏེ། ཐལ་མོ་སྦྱར་ནས་གསང་སྔགས་ཀྱི་དོན་ཇི་ལྟར་ལགས། ཞེས་ཞུས་པ་དང༌། མངོན་པར་བྱང་ཆུབ་པ་ལྔའི་གདམས་ངག་གསུངས་ནས། དེ་མ་ཐག་ཏུ་དེ་བསྒོམས་པ་དང་སངས་རྒྱས་སོང་སྐད། དེ་ལྟར་སངས་རྒྱས་པ་དང༌། དཀའ་ཐུབ་ཀྱི་ཁོག་པ་ལས་བཞེངས་ཏེ། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་འཛམ་གླིང་འདིར་མཛད་པ་ཡིན་ཏེ། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་འོག་མིན་དུ། །ཞེས་པས་མངོན་ནོ། །གསང་སྔགས་ནང་པ་རྣལ་འབྱོར་བླ་མེད་རྒྱུད་པ་ནི། འོག་མིན་དུ་རྣམ་པར་སྣང་མཛད་ཆེན་པོ་ལ་དབང་ཞུས་ནས་དེར་སངས་རྒྱས་ལ། དེའི་སྤྲུལ་པ་པོ་འདིར་སངས་རྒྱས་པར་འདོད་དེ། ཟླ་གསང་ཐིག་ལེ་ལས། གཙང་མའི་རིགས་དག་སྤངས་ནས་ནི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་སོ། །ཡང་ན་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་འོག་མིན་མཆོག་གི་གནས་སུ་རྡོ་རྗེ་འཆང་ལ་དབང་ཞུས་ནས། དེ་ཉིད་ཀྱིས་དབང་བསྐུར་བས་སངས་རྒྱས་པར་འདོད་དེ། འདུལ་བ་དོན་ཡོད་པའི་རྒྱུད་ལས། གསང་བའི་གནས་མཆོག་འོག་མིན་ཉམས་དགར་ནི། །བྱང་ཆུབ་སེམས་ཀྱི་རྡོ་རྗེས་བྱིན་བརླབས་ནས། །དེ་ཉིད་དུ་ནི་མངོན་པར་བྱང་ཆུབ་པས། །བླ་མེད་སྙིང་པོ་རྡོ་རྗེ་འཆང་དུ་གྱུར། །རང་བྱུང་བདེ་བ་ཆེན་པོར་མངོན་སངས་རྒྱས། །ཞེས་སོ། །མ་རྒྱུད་པ་ནི། གྲགས་ཆེན་གྱི་སངས་རྒྱས་བཅུ་གཅིག་པ་དེ། འོག་མིན་བཙུན་མོའི་གཞལ་ཡས་སུ་དབང་བཞི་རྫོགས་ཞུས་པས། བུད་མེད་མཆོག་ལ་བརྟེན་ནས་བཅུ་དསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། རབ་ཏུ་མི་གནས་པའི་རྒྱུད་བྱས་ན། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། །བུད་མེད་ཕྱག་རྒྱ་བརྟེན་བྱས་ན། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར་ཞེས་སོ། །ཡང་ན་ས་བཅུའི་བྱང་ཆུབ་སེམས་དཔའ་དེས། འོག་མིན་དུ་ལོངས་སྐུ་བདེ་བ་ཆེན་པོའི་སྐུ། དྲུག་པ་རྡོ་རྗེ་འཆང་དེ་ལ་དབང་བཞི་རྫོགས་ཞུས་པས། སངས་རྒྱས་ཀྱི་ཞིང་བགྲོད་དེ། རྡོ་རྗེ་བདེ་བ་ཆེན་པོའི་རྒྱུད་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བུམ་པའི་དབང་ནི་བཅུ་གཅིག་སྟེ། གསང་བའི་དབང་ནི་བཅུ་གཉིས་མཆོག །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། དེ་ལྟར་དེ་བཞིན་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །འདི་རྣམས་ས་ཡི་དབང་ཕྱུག་བདག །ཅེས་སོ། །འཛམ་བུ་གླིང་འདིར་སྤྲུལ་སྐུར་སངས་རྒྱས་པའི་ཚུལ་ནི། དང་པོར་དགའ་ལྡན་ནས་གཤེགས་དང་། །ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། །ལྷུམས་ཉིད་ནས་ནི་བལྟམས་པ་དང་། །ཚངས་པ་དང་བརྒྱ་བྱིན་གྱིས་བླངས་པ་དང་། །ཁབ་ནས་རབ་ཏུ་བྱུང་བ་དང་། །ནཻར་ཉྫནའི་དཀའ་ཐུབ་དང་། །བདུད་རྣམས་རབ་ཏུ་བཏུལ་བ་དང་། །མངོན་པར་སངས་ནི་རྒྱས་པ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་འདས་པས་བསྟན་པ་འོ། །ཞེས་སོ། །དང་པོར་དགའ་ལྡན་གྱི་གནས་ནས་གཤེགས་པ་ནི། དང་པོ་སངས་རྒྱས་མར་མེ་མཛད་ལ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། བར་དུ་ཕ་རོལ་དུ་ཕྱིན་པ་དྲུག་གིས་དཀའ་བ་རྣམས་པ་སྣ་ཚོགས་པ་སྤྱད། མཐའ་མ་མཛད་པ་བཅུ་གཉིས་མཐར་འདོན་པའི་ཚེ་ས་བཅུའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་བོར་སྐྱེ་བ་བཞེས་ཏེ། གཞལ་མེད་ཁང་ཁྱད་པར་ཅན་ན་བཞུགས་སོ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་ཏེ། བསོད་ནམས་རྒྱ་ཆེ་ཚོགས་མང་དྲན་རྟོག་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པ་མཛོད། །ཅེས་བྱ་བ་ལ་སོགས་པའི་ཚིཊ་བཅད་དུ་མས་བསྐུལ་ལོ། །དེ་ནས་ཕྱུང་སྟེ་ཆོས་ཀྱི་མཐོ་བ་ཞེས་བྱ་བའི་ཁང་བཟང་ན་སེདྒེའི་ཁྲི་བཟང་པོ་ལ་འདུག་གོ །ལྷའི་བུ་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་དག་ཀྱང་དེ་ན་འདུག་གོ །དེ་ནས་ལོ་བཅུ་གཉིས་ན་བྱུང་ཆུབ་སེམས་དཔའ་མངལ་དུ་འཇུག་པར་འགྱུར་ཞེས་གྲགས་པས། གནས་གཙང་མ་རིགས་ཀྱི་ལྷ་རྣམས་བྲམ་ཟེའི་ཆ་བྱད་དུ་བྱས་ནས་རིག་བྱེད་འདོན་དུ་འཇུག་གོ །ལྷའི་བུ་གཞན་དག་ཀྱང་འཛམ་བུའི་གླིང་དུ་ལྷགས་ནས་རང་སངས་རྒྱས་རྣམས་ལ་བསྐུལ་མ་འདེབས་སོ། །འཇུག་མ་འགྱུར་བ་ཞེས་བྱ་བའི་རི་བོ་ལ་རང་སངས་རྒྱས་ལྔ་བརྒྱ་ཡོད་པས་སྒྲ་དེ་ཐོས་ནས། མེ་ཡི་ཁམས་ལ་སྙོམས་པར་ཞུགས་ཏེ་མྱ་ངན་ལས་འདས་སོ། །དེ་ནས་བྱང་ཆུབ་སེམས་དཔལ་ལྷ་རྣམས་ལ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བཤད་དེ། དད་པ་དང་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་བརྒྱ་རྩ་བརྒྱད་བཤད་དོ། །དེའི་ཚེ་ལྷའི་བུ་ལ་ལས་སེམས་བསྐྱེད་པ་ལ་བཟོད་པ་ཐོབ། ལ་ལར་མཐོང་ལམ་སྐྱེས་སོ། །དེ་ལྟར་ལྷའི་སྟོན་པ་མཛད་ནས་དབུ་རྒྱན་ཕུད་ནས། བྱམས་པ་ལ་བསྐོན་ཏེ་རྒྱལ་ཚབ་དུ་དབང་བསྐུར་རོ། །གཉིས་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་ནི། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་གཟིགས་པ་བཞི་ལ་གཟིགས་སོ། །དུས་ནི་ཐོག་མ་སྟེ། བསྐལ་པ་རྫོགས་ལྡན་ལ་མངལ་དུ་མི་འཇུག མར་འགྲིབ་པ་སྐྱེ་རྒ་ན་འཆི་སྣང་བའི་ཚེ་ན་འཇུག་གོ །གླིང་ནི་གཞན་གསུམ་དུ་མི་སྐྱེ་འཛམ་གླིང་ཁོ་ནའོ། །ཡུལ་ནི་མཇའ་ཁོབ་ཀྱི་ཡུལ་དུ་མི་སྐྱེ་ཡུལ་དབུས་སུའོ། །རིགས་ནི་རིགས་དམན་པར་མི་སྐྱེ་རྒྱལ་རིགས་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པའོ། །དེ་ལྟར་གཟིགས་ཏེ་ཟས་གཙང་མ་དང་ལྷ་མོ་སྒྱུ་འཕྲུལ་མ་གཉིས་དང་། བྱང་ཆུབ་སེམས་དཔའ་ཚུལ་མཐུན་པར་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ན་རེ། གྲོགས་པོ་དག ཁོ་བོ་ཇི་ལྟ་བུའི་གཟུགས་ཀྱིས་མངལ་དུ་འགྲོ་བར་བྱ་ཞེས་གསུངས་པས། ཁ་ཅིག་ན་རེ་བྲམ་ཟེའི་གཟུགས་སུ་ཟེར། ཚངས་རིགས་ཀྱི་ལྷ་གཟི་བརྗིད་དམ་པ་བྱ་བ་ན་རེ། བྲམ་ཟེའི་རིག་བྱེད་ལས་ཇི་སྐད་འབྱུང་བའི་གཟུཊ་སུ་བཞུད་པར་རིཊ་སོ་ཟེར། དེ་ཡང་ཅི་འདྲ་ཞེ་ན་གླང་པོ་ཆེའི་ཕྲུ་གུ་མདོག་དཀར་པོ་མཆེ་བ་དྲུག་པ་གསེར་གྱི་བྲཱ་བས་གཡོགས་པ་མགོ་དམར་བ་ཞིག་ཏུ་སྤྲུལ་ནས། དཔྱིད་ཟླ་ཐ་ཆུང་གི་ཚེས་བཅོ་ཟླ་བ་ཉ་བ་དང་སྐར་མ་རྒྱལ་ལ་བབས་པའི་ཚེ་ཡུམ་གསོ་སྦྱོང་བླངས་བའི་དུས་སུ། དྲན་ཞིང་ཞེས་བཞིན་དུ་མ་ཡི་སྙན་ཁུང་གཡས་པ་ནས་ཞུགས་སོ། །ཞུཊ་ནས་བློ་གཡས་སུ་བརྟེན་སྟེ་བཞུགས་སོ། །དེའི་ཚེ་ཟས་གཙང་མའི་ཁྱིམ་དུ་སྔ་ལྟས་བརྒྱད་བྱུང་སྟེ། ཁྱིམ་དེ་ཆག་ཆག་བཏབ་སྟེ་རྡུལ་མེད་ཅིང་། སྦྲང་མ་དང་སྡིག་སྦྲུལ་མེད་པ་དང་། ནེ་ཙོ་ལ་སོགས་པ་བྱ་སྐད་སྙན་པོ་སྒྲོག་པ་དང་། རྒྱལ་པོའི་རྫིང་ལ་སོགས་པ་ཐམས་ཅད་མེ་ཏོག་པདྨས་ཁེངས་པ་དང་། རྒྱལ་པོའི་ཁྱིམ་ན་མར་དང་། སྦྲང་རྩི་ལ་སོགས་སྤྱད་པས་མི་ཟད་པར་སླར་འཕེལ་བ་དང་། རྒྱལ་པོའི་ཁྱིམ་ན་རྔ་བོ་ཆེ་ལ་སོགས་པ་མ་རྡུང་པར་སྒྲ་འབྱིན་པ་དང་། རྒྱལ་པོའི་ཁྱིམ་ན་དངུལ་ལ་སོགས་པ་རིན་པོ་ཆེའི་སྣོད་རྣམས་ཁ་བྱེ་ཞིང་གང་པ་དང་། ཉི་ཟླའི་འོད་ཟིལ་གྱིས་ནོན་པའི་འོད་བྱུང་སྟེ། བཀྲ་ཤིས་པའི་སྔ་ལྟས་བརྒྱད་དོ། །དེ་ནས་ཡུམ་ལ་གླང་པོ་ཆེའི་ཕྲུ་གུ་ཁོང་དུ་སོང་བར་རྨིས་ནས་རྒྱལ་པོ་སྤྱན་དྲངས་ཏེ་རྨི་ལམ་བཟླས་སོ། །རྒྱལ་པོས་ཀྱང་བྲམ་ཟེའི་རིག་བྱེད་མཁན་བཀུག་སྟེ་རྨི་ལམ་བཟླས་སོ། །བྲམ་ཟེ་ན་རེ། ཁྱོད་ལ་སྲས་པོ་མཚན་སོ་གཉིས་ཀྱིས་བརྒྱན་པ། ཁྱིམ་ན་འདུག་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ། རབ་ཏུ་བྱུང་ན་འཚང་རྒྱའོ་ཞེས་ཟེར་བས་བྲམ་ཟེ་ལ་བྱ་དགའ་བྱིན་ནོ། །དེ་ནས་རྒྱལ་པོས་ནོར་དང་ཟས་ཀྱི་སྦྱིན་པ་ཡང་བྱས་སོ། །དེ་ནས་རྒྱལ་པོའི་བསམ་པ་ལ་ལྷ་མོ་སྒྱུ་འཕྲུལ་མ་ཁྱིམ་གང་དུ་འདུག་ན་བདེ་སྙམ་པ་དང་། འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་གཞལ་མེད་ཁང་རེ་ཕུལ་ལོ། །བྱང་ཆུབ་སེམས་དཔའི་མཐུས་ཁྱིམ་དེ་ཐམས་ཅད་དུ་ལྷ་མོ་སྒྱུ་འཕྲུལ་མ་རེ་རེ་མངོན་པར་བསྟན་ཏོ། །ལྷ་དེ་དག་ཀྱང་བདག་ཁོ་ནའི་ཁྱིམ་ན་བྱང་སེམས་ཀྱི་མ་འདུག་སྙམ་མོ། །དེའི་དུས་འོག་གི་ས་ཆེན་པོ་རྡོལ་ཏེ་པདྨ་བྱུང་བས་ཚངས་པའི་འཇིག་རྟེན་དུ་འཕགས་སོ། །འཇིག་རྟེན་གྱི་བཅུད་ཐམས་ཅད་པདྨ་དེ་ལ་ཟིལ་མངར་གྱི་ཐིགས་པ་ཆགས་སོ། །བཅུད་དེ་ལྷ་ཚངས་པས་བླངས་ནས་བྱང་ཆུབ་སེམས་དཔའ་ལ་དྲངས་སོ། །དེ་ནས་མའི་རུམ་དེ་བྱང་ཆུབ་སེམས་དཔས་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་ཏུ་བྱིན་གྱིས་བརླབས་ཏེ། དེར་ཟླ་བ་དགུ་ངོ་དང་བཅུར་བཞུགས་ཏེ། ལྷ་དང་མིའི་སྐྱེ་རྒུ་བྱི་བ་ཕྲག་ཁྲིག་སུམ་ཅུ་རྩ་གཉིས་སྨིན་པར་བྱས་སོ། །མཛད་པ་གསུམ་པ་ལྷུམས་ནས་བལྟམས་པ་ནི། དེ་ནས་ཟླ་བ་བཅུ་ལོན་པ་དང་། རྒྱལ་པོའི་ཁྱིམ་དུ་ལྟས་སོ་གཉིས་བྱུང་སྟེ། མེ་ཏོག་ཐམས་ཅད་ཁ་འབུས་ཤིང་སྐྱེ་བ་དང་། རིན་པོ་ཆེའི་ཤིང་ལྗོན་པ་འབྱུང་བ་དང་། གླང་པོ་ཆེའི་ཕྲུ་གུ་ལྔ་བརྒྱ་རྒྱལ་པོའི་རྐང་པ་ལ་སྣའི་རྩེ་མོ་གཏུག་དང་། ལྷའི་བྱིས་པ་མང་པོ་བཙུན་མོ་ཡི་པང་པ་ན་སྣང་བ་ལ་སོགས་སོ་གཉིས་བྱུང་ངོ་། །དེ་ནས་ཡུམ་གྱིས་བཙའ་བའི་དུས་ལ་བབ་པར་ཤེས་ཏེ། རྒྱལ་པོ་ལ་སྐྱེད་མོས་ཚལ་དུ་བདག་འགྲོ་ཞེས་ཟེར་རོ། །ལྷས་ཀྱང་འཁོར་རྣམས་ལ་དེ་བཞིན་དུ་བསྒོ་སྟེ། ལུམྦི་ནཱིའི་ཚལ་མཛེས་ལྡན་མའི་ཚལ་དེ་རྒྱན་གྱིས་བརྒྱན་པར་གྱིས་ཤིག་མཚོན་ཆ་ཐོགས་པ་རྣམས་ཀྱིས་སྲུངས་ཤིག་ཟེར་རོ། །འཁོར་གྱིས་དེ་བཞིན་དུ་བྱས་ཏེ། ལྷ་མོ་ཤིང་རྟ་ལ་བཞོན་ནས་ལྷ་ཀླུ་དང་མིའི་བུ་མོ་དུ་མས་བསྐོར་ཏེ་གླུ་དབྱངས་ཀྱིས་བསྟོད་ཅིང་ལུམྦི་ནཱིའི་ཚལ་དུ་གཤེགས་སོ། །ལྷ་མོ་ཤིང་རྟ་ལས་བབས་ཏེ་གླག་ཤའི་ཤིང་དྲུང་དུ་ཕྱིན་ཏེ། ལག་པ་གཡས་པ་བརྐྱངས་ནས་གླག་ཤའི་ཡལ་ག་ནས་བཟུང་ངོ་། །དེ་ནས་གླང་གི་ལོའི་དཔྱིད་ཟླ་ར་བའི་ཉའི་ཚེ། བྱང་སེམས་དྲན་ཞིང་ཤེས་བཞིན་དུ་མ་ལ་གནོད་པ་མེད་ཅིང་མངལ་གྱི་དྲི་མས་མ་གོས་པར་གློ་གཡས་ནས་བྱུང་སྟེ་སྐུ་བལྟམས་སོ། །མཛད་པ་བཞི་པ་དང་བརྒྱ་བྱིན་གྱིས་བླངས་པ་སྟེ། དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་གོས་ཀ་ཤི་ཀའི་སླེ་མོས་བླངས་སོ། །བྱང་སེམས་མའི་རུམ་དུ་གནས་པའི་ལྷའི་ཁང་པ་བརྩེགས་པ་དེ། ལྷ་ཚངས་པའི་གནས་སུ་མཆོད་པའི་རྟེན་དུ་ཁྱེར་རོ། །བྱང་སེམས་བཙས་མ་ཐག་ཏུ་ས་ལ་པདྨ་ཆེན་པོ་རྡོལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ཆུ་བསིལ་བ་དང་དྲོ་བའི་ཆུ་རྒྱུན་གཉིས་ཀྱིས་ལུས་བཀྲུས་སོ། །ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞིས་སྤོས་ཆུས་བཀྲུས་ཏེ་མེ་ཏོག་བསྟོར་རོ། །བར་སྣང་ལ་རྡུལ་གཡབ་ཀྱི་རྔ་མ་དང་། རིན་པོ་ཆེའི་ཏོག་བསྟོར་རོ། །བར་སྣང་ལ་རྡུལ་གཡབ་ཀྱི་རྔ་མ་དང་། རིན་པོ་ཆེའི་གདུགས་བྱུང་ངོ་། །དེ་ནས་བྱང་སེམས་ན་རེ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །ཞེས་ཤར་དུ་གོམ་པ་བདུན་པོར་བས་མེ་ཏོག་པདྨ་བདུན་སྐྱེས་སོ། །ལྷ་དང་མིའི་སྦྱིན་གནས་སུ་འགྱུར་བར་བྱའོ་ཞེས་ལྷོ་དང་ནུབ་ཏུ་གོམ་པ་བདུན་བདུན་བོར་རོ། །བདུད་ཐམས་ཅད་གཞོམ་པར་བྱའོ་ཞེས་འོག་ཏུ་གོམ་པ་བདུན་བོར་རོ། །སེམས་ཅན་ཐམས་ཅད་གཞོམ་པར་བྱའོ་ཞེས་འོག་ཏུ་གོམ་པ་བདུན་བོར་རོ། །སེམས་ཅན་ཐམས་ཅད་ཀྱིས་གྱེན་དུ་བལྟ་བར་བྱའོ་ཞེས་སྟེང་དུ་གོམ་པ་བདུན་པོར་རོ། །དེའི་ཚེ་སེར་སྐྱའི་གྲོང་དུ་ཤཱཀྱའི་རིགས་ཀྱི་གྲོགས་པོ་ལྔ་བརྒྱ་བཙས་སོ། །འདུན་པ་ལ་སོགས་པ་འབངས་བརྒྱད་བརྒྱ་བཙས་སོ། །རྔ་ལྡན་ལ་སོགས་པ་རྟ་སྟོང་ཕྲག་བཅུ་སྐྱེས་སོ། །ས་སྲུང་ལ་སོགས་པ་གླང་པོ་ཆེ་སྟོང་ཕྲག་ཉིས་ཤུ་འབྲངས། །བེའུ་དྲུག་སྟོང་སྐྱེས་སོ། །དེ་རྣམས་རྒྱལ་པོའི་སྲས་ལ་བྱིན་ནོ། །གླིང་གི་དབུས་སུ་ཨ་ཤཱ་ཏའི་སྙིང་པོ་སྐྱེས་སོ། །གླིང་ཕྲན་རྣམས་སུ་ཙན་དན་གྱི་ནགས་སྐྱེས་སོ། །བྱང་ཆུབ་སེམས་དཔའི་ལོངས་སྐྱོད་ཀྱི་རྐྱེན་དུ་སྐྱེད་མོས་ཚལ་ལྔ་བརྒྱ་བྱུང་ངོ་། །རྒྱལ་པོའི་བསམ་པར་འདི་སྐྱེས་མ་ཐག་ཏུ་བདག་གི་དོན་ཐམས་ཅད་གྲུབ་པས། མིང་ཡང་དོན་ཐམས་ཅད་གྲུབ་པ་ཞེས་བཏགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བཙས་ནས་ཞག་བདུན་ལོན་ནས་ཡུམ་འདས་སོ། །ཡུམ་དེ་སུམ་ཅུ་རྩ་གསུམ་གྱི་ལྟར་སྐྱེས་སོ། །ཚལ་དེ་ནས་སེར་སྐྱའི་གྲོང་དུ་བྱོན་ཏེ། བྲམ་ཟེར་རྣམས་ཀྱིས་བཀྲ་ཤིས་བསྒྲགས་སོ། །ཤཱཀྱའི་རིགས་རྣམས་ཀྱང་དོན་གྲུབ་འདིར་བྱོན་ཞེས་ཟེར་རོ། །བྱང་སེམས་ཀྱང་དེ་ན་བཞུགས་སོ། །དེ་ནས་རང་གི་ཁང་བཟང་ཆེན་པོར་བཞུགས་སོ། །དེ་ནས་ཤཱཀྱའི་རྒན་རབས་རྣམས་བགྲོས་ཏེ་གཞོན་ནུ་འདིར་བྱི་དོར་སུས་ནུས་ཟེར་རོ། །ཤཱཀྱའི་བུ་མོ་ལྔ་བརྒྱ་ཙམ་སོ་སོ་ནས་ངེད་ཀྱིས་བྱ་ཟེར་རོ། །དེ་ནས་སྲུ་སྐྱེ་དགུའི་བདག་མོ་ལ་གཉེར་གཏད་དོ། །དེའི་ཚེ་མ་སོ་གཉིས་ཡོད་དེ། པང་ན་འཚོ་བ་བརྒྱད། ནུ་མ་བསྣུན་པ་བརྒྱད། རྩེ་གྲོགས་ཀྱི་མ་བརྒྱད། དྲི་མ་ཕྱི་བ་བརྒྱད་ལ་སོགས་པའོ། །དེའི་ཚེ་གངས་རིའི་ངོས་ན་གནས་པའི་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པ་ཞིག་གིས་མཐོང་ནས། རྒྱལ་པོའི་ཁབ་གང་ན་བ་དེར་རྫ་འཕྲུལ་གྱིས་འོངས་ཏེ། རྒྱལ་པོ་དེའི་མཚན་བལྟས་པ་དང་། དེ་ཅིར་འགྱུར་བ་ཤེས་པས། ངོ་མཚར་སྐྱེས་མྱ་ངན་ཡང་སྐྱེས་ཏེ། དེ་ཡི་ཞབས་ལ་ཕྱག་འཚལ་ཞིང་སྐོར་བ་བྱས་ནས། གདོང་མཆི་མ་དང་བཅས་པས་དེ་ལ་ལུང་བསྟན་ཏེ། ལྷ་མཁྱེན་པར་མཛོད་ཅིག་བཙས་གྱུར་གཞོན་ནུ་འདི་ཡི་མཚན་ལྟས་ནི། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པ་མཐོང༌། །འདི་ནི་གཉིས་སུ་འགྱུར་ཏེ་གཞན་དུ་མིན། །ཁྱིམ་དུ་གནས་ན་འཁོར་ལོས་བསྒྱུར་རྒྱལ་དང་། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འདྲེན་པ་གཞན་གྱིས་དྲིང་ལ་མིང་འཇོག་པར། །འཇིག་རྟེན་འདིར་ནི་མངོན་རྫོགས་བྱང་ཆུབ་འགྱུར། གསང་བའི་གནས་མཆོག་སྦུབས་སུ་ནུབ་འགྱུར་ཞིང་། །སྤྱི་གཙུག་འགྲོ་བ་ཀུན་གྱིས་མི་མཐོང་འགྱུར། །ཁབ་ཏུའང་བཞུགས་པར་མི་འགྱུར་རབ་ཏུ་གཤེགས། །ཞེས་སོ། །འོ་ན་ཁྱོད་དུ་བའི་རྒྱུ་ཅི་ཡིན་ཞེས་དྲེས་པས། ལྷ་བདག་ནི་སྐྱེས་བུ་ཆོས་མཛད་སྐྱེས་བུ་མཆོག་འདི་དང་འཕྲད་ནས་དོན་མ་གྲུབ་པར་འཆི་འགྱུར་ཏེ། ཞི་བ་མ་ཐོབ་རང་གི་ཉེས་མཐོང་བས། །ཡིད་ལ་གདུང་བ་སྐྱེས་ཏེ་དུ་བ་ཡིན་ཞེས་སོ། །དེ་ནས་བྲམ་ཟེ་རང་གི་གནས་སུ་སོང་ངོ་། །དེ་ནས་བྲམ་ཟེ་མདུན་ན་འདོན་ལ་སོགས་པ་ལྔ་བརྒྱ་ཙམ་གྱིས་མགོ་རྒྱན་དང་། རྣ་རྒྱན་ལ་སོགས་པ་བརྡུངས་ནས་བརྒྱན་པས་རྒྱལ་བུའི་འོད་ཀྱིས་རྒྱན་ཐམས་ཅད་མོག་མོག་པོར་གྱུར་ཏོ། །མཛད་པ་ལྔ་པ་ཡི་གེ་དང་། འཕོང་དང་། བཟོ་བསླབས་པ་ནི། དེ་ནས་རྒྱལ་བུ་དེ་མ་མ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ་ཡ་མཚན་སྐྱེས་ཏེ་ཤིང་ལྗོན་པ་ཞིག་གི་དྲུང་དུ་ཕྱིན་ཏེ་མཉམ་པར་བཞག་སྟེ་བསམ་གཏན་བཞི་སྒོམ་མོ། །ཤིང་གི་གྲིབ་མས་བཟུང་ནས་མ་བཏག་ངོ་། །དེ་ནས་ཡ་མཚན་སྐྱེས་ནས་ཡིག་མཁན་ཆོས་ཀྱི་བཤེས་གཉེན་གྱི་རྩར་ཕྱིན་ཏེ་ཡི་གེའི་གྲྭར་ཞུགས་ནས་ཡི་གེ་བསླབས་པས། སློབ་དཔོན་ལ། ཀྱཻ་མཁན་པོ་བདག་ལ་ཡི་གེ་གང་བསླབ། ཚངས་པའི་ཡེ་གེའམ། བྲུ་ཤའི་ཡི་གེའམ། ཁ་རོ་ཏའི་ཡི་གེའམ། རྒྱའི་ཡི་གེ་ལ་སོགས་ཡ་ཡིག་རིགས་དྲུག་ཅུ་རྩ་བཞི་གང་བསླབ། ཅེས་གསུངས་པས། ཡི་གེའི་མཁན་པོས་ཡིག་རིགས་དེ་རྣམས་ཀྱི་མིང་ཡང་མ་ཤེས་ཏེ། ཤིན་ཏུ་ངོ་མཚར་བར་གྱུར་ཏོ། །དེ་ནས་ནག་པ་དཔང་པོར་བཞག་ནས། ཤཱཀྱ་རྣམས་དང་འཕོང་འགྲན་ཏེ། ཀུན་དགའ་བོས་རྒྱང་གྲགས་གཉིས་ཀྱི་ཕ་རོལ་དུ་ལྕགས་ཀྱི་རྔ་བོ་ཆེ་གཅིག་འབེན་དུ་བཙུགས་སོ། །དེ་བཞིན་དུ་ལྷས་བྱིན་གྱིས་རྒྱང་གྲགས་བཞི་ཡི་ཕ་རོལ་དུ་བཙུག་སོ། །དེའི་འོག་ཏུ་ཤཱཀྱ་ལག་ན་བེ་ཅོན་གྱིས་དཔག་ཚད་གཅིག་གི་ཕ་རོལ་ཏུ་བཙུགས་སོ། །དེ་ནས་རྒྱལ་བུས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་སོ། །དེ་ནས་ཀུན་དགའ་བོ་ལ་སོགས་པས་མདའ་འཕངས་པས་རང་རང་གི་འབེན་ལ་ཕོག་གོ །དེ་ནས་རྒྱལ་བུས་འཕེན་པས། གཞུ་ལ་ལ་རྒྱུད་ཆད། ལ་ལ་ཆག་པས། དེར་རྒྱལ་པོ་ན་རེ་གྲོང་ཁྱེར་འདི་ན་བདག་གི་གཞུ་རུ་འདོད་པ་མ་མཆིས་སོ་ཟེར་རོ། །ཡབ་རྒྱལ་པོས་སྨྲས་པ། བུ་ཡོད་དོ། །ཁྱོད་ཀྱི་མེས་སེདྒེ་འགྲམ་གྱི་གཞུ་སུས་ཀྱང་བརྡུང་བར་མི་ནུས་པ་ཡོད་དོ། །དེ་ནས་གཞུ་བླངས་ཏེ། ཤཱཀྱའི་གཞོན་ནུ་གཞན་གྱིས་བརྡུང་བར་མ་ནུས་སོ། །དེ་ནས་རྒྱལ་བུས་གཞུ་དེ་བླངས་ཏེ། སྟན་ལས་སྐྱིལ་མོ་ཀྲུང་ཕྱེད་བཅས་ཏེ་ཕྱག་གཡོན་པས་བཟུང་ནས། གཡས་ཀྱི་སོར་གཅིག་གིས་བརྡུངས་སོ། །དེའི་ཚེ་སེར་སྐྱའི་གྲོང་ཁྱེར་དུ་སྒྲ་ཆེན་པོ་བྱུང་ངོ་། །དེ་ནས་རྒྱལ་བུས་མདའ་འཕངས་པས་གཞན་གྱི་འབེན་རང་ས་ཕུག་ནས་རང་གི་འབེན་ཀྱང་ཕུག་སྟེ་ས་ལ་ཟུག་ནས་མི་སྣང་བར་གྱུར་ཏོ། །དེའི་ཤུལ་ནས་ཆུ་བྱུང་སྟེ། མདའ་ཆུ་ཁྲོན་པ་ཞེས་བྱའོ། །དེ་ནས་གྲངས་སམ་རྩིས་འགྲན་ཏེ། ཤཱཀྱ་སྲིད་སྒྲུབ་བྱ་བ་དཔང་པོར་བཞག་སྟེ། གྲངས་སམ་རྩིས་འགྲན་ཏེ། བཅུ་ནས་ཐེར་འབུམ་གྱི་བར་གྱི་མཁས་བར་གྱུར་ཏོ། །དེ་ནས་བི་ཤཱ་ཀརྨ་སྣ་ཚོགས་འཕྲིན་ལས་དཔང་པོར་བཞག་སྟེ། བཟོ་འགྲན་ཏེ་བླ་མ་བས་མཁས་པར་གྱུར་ཏོ། །དེ་རྣམས་ཀྱིས་གོས་དང་རྒྱན་ཡོན་དུ་ཕུལ་ལོ། །དེ་ནས་གྲོང་ཁྱེར་སེར་སྐྱའི་གྲོང་གི་གྱད་པ་རྣམས་དང་རྩལ་འགྲན་པ་ནི། ཤཱཀྱའི་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་ཏེ། ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། དེའི་ཚེ་ལྷས་བྱིན་གྱིས་གླང་པོ་ཆེའི་སྣ་ནས་བཟུང་སྟེ་ཐལ་ལྕག་བརྒྱབ་པས་ཤིའོ། །མཛེས་དགའ་བོས་གླང་པོའི་མཇུག་མ་ནས་བཟུང་སྟེ་གྲོང་གི་ཕྱི་རོལ་ཏུ་བོར་རོ། །དེ་ནས་རྒྱལ་བུས། གླང་མ་ནས་བཟུང་སྟེ་གྲོང་གི་ཕྱི་རོལ་ཏུ་བོར་རོ། །དེ་ནས་རྒྱལ་བུས། གླང་པོ་ཆེ་འདི་ལུས་ཤིན་ཏུ་ཆེ་བས་རུལ་ན་གྲོང་ཁྱེར་དྲེ་མི་ཞིམ་པ་ཡོང་གསུངས་ཏེ་རྐང་པ་ཡ་གཅིག་ས་ལ་བརྐྱངས་ཏེ། རྐང་པའི་མཐེ་བོས་གླང་པོའི་རོ་བླངས་ཏེ། རྭ་བ་རིམ་པ་བདུན་དང་། འོབས་རིམ་པ་བདུན་དང་། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་རྒྱང་གྲགས་གཅིག་ཏུ་འཕངས་སོ། །ས་ཕྱོགས་དེ་གཤོངས་ཀྱིས་སོང་བས་གླང་པོ་གཤོངས་ཞེས་བཏགས་སོ། །དེ་ནས་མཆོང་རྩལ་འགྲན་ཏེ། དགའ་བོ་དང་། མཛེས་དགའ་བོ་གཉིས་ཀྱིས་རྒྱལ་བུའི་དྲུང་དུ་ཕྱིན་པས་ལག་པ་རེག་མ་ཐག་ཏུ་ས་ལ་འགྱེལ་ལོ། །དེ་ནས་ལྷས་བྱིན་དང་འགྲན་ཏེ། རྒྱལ་བུས་ལྷས་བྱིན་ལས་པ་གཡས་པས་བཏེག་སྟེ། སའི་སྟེང་དུ་བོར་ཡང་། དེ་ཡི་ལུས་ལ་གནོད་པར་མ་གྱུར་ཏོ། །དེ་ནས་མཆོང་པ་དང་། བང་ལ་སོགས་པ་ལ་འགྲན་པའང་རྒྱལ་བུ་འབར་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ། །དེ་ནས་མཛད་པར་དུ་འཕགས་པར་གྱུར་ཏོ། །དེ་ནས་མཛད་པ་དྲུག་པ་ཁབ་དང་རྒྱལ་སྲིད་བཞེས་པ་ནི། ཤཱཀྱའི་རྒན་རབས་རྣམས་ན་རེ། རྒྱལ་བུ་གཙང་མ་གཞོན་ནུ་འདི་ལ་བཙུན་མོ་བླང་བར་བགྱིའོ། །དེ་ལྟར་བྱས་པར་རབ་ཏུ་མི་འབྱུང་སྟེ་རྒྱལ་པོའི་གདུང་ཡང་མི་ཆད་དོ་ཟེར་རོ། །རྒྱལ་པོ་ན་རོ། །དེ་ལྟར་བྱ་ཡི་ཚུལ་དང་མཐུན་པའི་བུ་མོ་ཚོལ་ཞིག་ཅེས་སྨྲས་པས། ཤཱཀྱ་ལྔ་བརྒྱ་སོ་སོ་ནས་རང་རང་གི་བུ་མོ་ཚུལ་དང་མཐུན་ཞེས་སྨྲའོ། །རྒྱལ་པོ་ན་རེ། གཞོན་ནུ་ཕུལ་ཆེ་བ་ཡིན་གྱི་བུ་མོ་དང་འདོད་དྲིའོ་ཟེར་ཏེ། ཤཱཀྱ་དེ་དག་ཀུན་འདུས་ཏེ་དྲིས་པས། གཞོན་ནུ་ན་རེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་ཆེ། །འཇིག་རྟེན་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིག་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་མིན། །བསམ་གཏན་ཏིང་འཛིན་བདེ་བ་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་འདབ་གནས་པར་བྱ། །ཞེས་གསུངས་ནས། ཡང་སྨྲས་པས། སེམས་ཅན་མོངས་སུ་སྨྱིནཔར་བྱ་བའི་ཕྱིར་དུ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཙུན་མོ་དང་། སྲས་དང་བཅས་པའི་དོན་བྱས་པས། བདག་ཀྱང་དེ་བཞིན་དུ་བྱེད་པ་ལ་བུད་མེད་ཕལ་པ་ཚུལ་དང་མཐུན་པ་མ་ཡིན་པས། གང་ལ་ང་རྒྱལ་ཁེངས་དང་ཞེ་སྡང་མ་མཆིས་ཞིང་། གཡོ་དང་ཕྲག་དོག་སྒྱུ་སྤུང་དྭངས་པའི་ངང་ཚུལ་ཅན། །རྨི་ལམ་ན་ཡང་སྐྱེས་པ་གཞན་དང་ཆགས་དང་བྲལ། །དེ་འདྲའི་བུ་མོ་མཆིས་ན་བདག་ལ་གནང་བར་གསོལ། །ཞེས་པ་ལ་སོགས་པ་གསུངས་པས། ཡབ་ཀྱིས་བྲམ་ཟེ་མདུན་ན་འདོན་ཁྱོད་ཀྱིས་སེར་སྐྱའི་གྲོང་ཀྱེར་ནས། ཡོན་ཏན་དེ་རྣམས་དང་ལྡན་པའི་བུ་མོ་ཚོལ་ཞིག་གསུངས་ནས། དེ་ནས་བྲམ་ཟེར་དེས་སེར་སྐྱའི་གྲོང་དུ་ཡོང་སྟེ། དེ་དག་བུད་མེད་གང་ལ་འདུག་བརྟགས་པས། ཤཱཀྱ་ལག་ན་བེ་གྱི་བུ་མོ་ལ་འདུག་པར་མཐོང་ནས། བུ་མོ་ལ་སྨྲས་པ། ཟས་གཙང་སྲས་པོ་གཟུགས་ནི་ཤིན་ཏུ་མཛེས། །སུམ་ཅུ་རྩ་གཉསི་མཚན་ལྡན་གཟི་བརྗིད་ཅན། །དེ་ཡང་བུད་མེད་རྣམས་ཀྱི་ཡོན་ཡི་གེར་བྲིས། །སུ་ལ་ཡོན་ཏན་འདི་ཡོད་དེ་ཡི་ཆུང་མར་འོས། །ཞེས་སྨྲས་པས། དེ་ནས་བུ་མོ་དེས་བཞིན་འཛུམ་པ་བསྟན་ནས་སྨྲས་པ། བྲམ་ཟེ་བདག་ལ་ཡོན་ཏན་དེ་དག་ཀུན་ཚང་གི། །མཛེས་པའི་གཟུགས་ཅན་དེ་ནི་བདག་གི་ཀྱིམ་ཐབས་སོ། །གལ་ཏེ་གཞོན་ནུས་བཞེད་ན་ཕྱི་བཤོལ་མ་མཛད་གསུངས། །རྒྱ་ལ་སྐྱེ་བོ་ཕལ་དང་ཞུགས་པར་གྱུར་ཀྱང་གདའ། །ཞེས་ཟེར་རོ། །དེ་ནས་སྐྱེ་བོ་ཕལ་དང་ཞུགས་པར་གྱུར་ཀྱང་གདའ། །ཞེས་ཟེར་རོ། །དེ་ནས་བྲམ་ཟེས་ཡོན་ཏན་དེ་དག་ལག་ན་བེ་ཅོན་གྱི་བུ་མོ་ལ་གདའ་འོ་ཞེས་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་དེ་ལྟ་བུའི་གཏམ་དེ་ཐོས་པ་དང་། ལག་ན་བེ་ཅོན་གྱི་གམ་དུ་ཕོ་ཉ་བརྫངས་ཏེ། བུ་མོ་བསླངས་པས། ལག་ན་བེ་ཅོན་ན་རེ། རྒྱལ་པོ་གཞོན་ནུ་དེ་སྐྱིད་བདེ་བར་འདུག་པ་ཡིན་ལ། ངའི་རིགས་ནི་སྒྱུ་རྩལ་ཤེས་པ་ལ་སྟེར་གྱི། རྒྱལ་བུས་སྒྱུ་རྩལ་གང་ཡང་མི་ཤེས་སོ་ཟེར་རོ། །དེ་ནས་ཡབ་རྒྱལ་པོ་བཞིན་མདོག་ངན་པར་གྱུར་ཏོ། །རྒྱལ་བུ་དེས་ཅི་ནོངས་གསུངས་པས། ཡབ་རྒྱལ་པོ་ན་རེ། བུ་མོ་ཤེད་རྩལ་དང་སྒྱུ་རྩལ་གང་ཆེ་བ་ལ་སྟེར་ཟེར་བས་མ་དགའ་གསུངས་སོ། །རྒྱལ་བུས་གཏམ་དེ་ཐོས་པ་དང་། ཡབ་རྒྱལ་པོ་ལ་སྨྲས་པ། གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་འགྲན་ནུས་པ་འགའ་མ་མཆིས་སམ། རཱ་ཛས་བགད་ནས། བུ་ཁྱོད་ཀྱིས་སྒྱུ་རྩལ་བསྟན་པར་ནུས་སམ། ལྷ་དེ་ནི་བདག་གིས་ལེགས་པར་རྫོག་ཐོགས་ལགས་སོ། །དེ་ནས་རྒྱལ་པོས་སེར་སྐྱའི་གྲོང་ཁྱེར་དུ་དྲིལ་བསྒྲགས་ཏེ། སྒྱུ་རྩལ་ཤེས་པ་ཐམས་ཅད་འདུས་ཤིག་ཅེས་བསྒོའོ། །དེ་ནས་གོང་བཞིན་དུ་འགྲན་པས་རྒྱལ་བུ་ཁྱད་པར་དུ་འཕགས་པ་བྱུང་སྟེ། ལག་ན་བེ་ཅོན་གྱིས་རང་གི་བུ་མོ་རྒྱལ་བུ་ལ་ཕུལ་ལོ། །དེ་ལ་སོགས་ཏེ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཁང་ཏུ་བཞེས་ཏེ་རྩེ་དགའ་རོལ་པར་སྤྱོད་དོ། །དེ་ནས་དགུང་ལོ་ཉིས་ཤུ་རྩ་དགུ་ལ་སྲས་སྒྲ་གཅན་འཛིན་བལྟམས་སོ། །མཛད་པ་བདུན་པ་རབ་ཏུ་བྱུང་བ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་སྤྲོ་བའི་ལྷ་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ལ་སོགས་པ་རྣམས་འདུས་པར་གྱུར་ཏོ། །སྐྱེས་བུ་འདི་བཙུན་མོའི་ནང་དུ་ཡུན་རིང་ན་འཚང་རྒྱ་བར་འགྱུར་རམ་མི་འགྱུར་སྙམ་མོ། །དེ་ནས་གནས་སྐབས་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས། ནམ་མཁའི་སིལ་སྙན་གྱི་སྒྲ་དག་ལས། འཆི་མེད་མྱ་ངན་མེད་པར་སངས་རྒྱས་ནས། །སྐོམ་པས་ཉམས་ཐག་བདུད་རྩིས་ཚིམ་བྱ་ཞེས། །སྔོན་གྱི་སྨོན་ལམ་ཚོགས་མཆོག་དྲན་པར་བྱོས། གྲོང་ཁྱེར་འདི་ནས་མྱུར་དུ་མངོན་པར་ཕྱུང་། །ཞེས་བསྐུལ་བའི་ཚིགས་སུ་བཅད་པ་གསན་པ་དང་། རབ་ཏུ་འབྱུང་བར་བཞེད་པ་ན། གྲོང་ཁྱེར་གྱི་ཕྱོགས་བཞི་དབུས་སུ་སྐྱེ་རྒ་ན་འཆི་དང་དགེ་སྦྱོང་གི་དངོས་པོ་གཟིགས་སོ། །ཁ་ལོ་བསྒྱུར་བ་ལ་དྲིས་ནས། །འདུན་པ་ང་ནི་གཞན་དོན་ཚོལ་བས་ན། །བྱང་ཆུ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་བསྒྲལ་བར་བྱ་ཞེས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། །ཅེས་གསུང་ཏེ་བདག་ཀྱང་འདི་ལྟ་བུ་བྱ་དགོས་པར་དགོངས་པས། ཟས་གཙང་གི་རྨི་ལམ་ན་གཞོན་ནུ་རབ་ཏུ་བྱུང་བར་རྨོས་སོ། །དེ་ནས་རྒྱལ་བུ་བསྲུང་བའི་ཕྱིར། རྭ་བ་རྒྱ་ཆེན་པོ་བྱས་འོབས་ཀྱིས་བསྐོར་བ་དང་། བཙུན་མོ་རྣམས་ཀྱིས་གླུ་གར་རྩེད་འཇོ་རྒྱུན་མ་བཅད་པ་དང་། ཤཱཀྱའི་ཚོགས་རྣམས་ཀྱང་ཡིད་མི་དགའ་ཞིང་སྲུང་བར་བྱེད་དོ། །དེའི་ཚེ་གཞོན་ནུ་རབ་ཏུ་བྱུང་བའི་སྔ་ལྟས་སུ། ངང་པ་ལ་སོགས་བྱའི་ཚོགས་རྣམས་སྒྲ་མི་སྙན་པར་སྒྲོགས་པ་དང་། མེ་ཏོག་པདྨའི་ཚོགས་རྙེད་པ་དང་། ཤིང་ལྗོན་པ་བསྐམས་པ་དང་། རྔ་དང་རྫ་ཇ་བརྡུངས་ན་སྒྲ་མི་འབྱུང་ཞིང་ཆགས་པ་དང་། རྔ་དང་རྫུ་བརྡུངས་ན་སྒྲ་མི་འབྱུང་ཞིང་ཆགས་པ་དང་། ནམ་ཕྱེད་ནས་ས་འཚོ་མའི་རྨི་ལམ་དུ་ས་གཡོས་པ་དང་། ཤིང་ལྗོན་པ་རྩ་བ་ནས་ཐོན་པ་དང་། ཉི་མ་དང་། ཟླ་བ་ས་ལ་ལྷུང་བ་རྨིས་ནས། ས་འཚོ་མ་གཉིད་སད་ནས་མཆི་མ་ཟག་ཅིང་རང་གི་བྱང་སེམས་ལ་འདི་སྐད་སྨྲས་སོ། །ལྷ་ཅིགས་རྨི་ལམ་འདི་འདྲ་རྨིས་པ་བཀའ་སྩོལ་ཅིག་བྱང་སེམས་ཀྱིས་ས་འཚོ་མ་ལ་སྨྲས་པ། དེ་ནི་ཁྱོད་ཀྱིས་ཉོན་མོངས་པའི་དྲྭ་བ་གཅོད་པ་ཡིན་ཏེ། ཤིན་ཏུ་བཟང་ཞེས་ལུང་བསྟན་ཏོ། །དེ་ནས་བྱང་སེམས་ཀྱིས་ཡབ་ལ་རབ་ཏུ་བྱུང་བར་ཞུས་པས། རྒྱལ་པོ་མིག་མཆི་མས་གང་ནས་ཁྱོད་རབ་ཏུ་མ་བྱུང་བར། ཅི་འདོད་པ་སློང་བ་སྨྲོས་ཤིག་ཟེར་རོ། །རྒྱལ་བུ་བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་གཅིག་བདག་ལ་འདོད་པ་བཞི་ཡོད་པས། རྟག་ཏུ་རྒས་པས་མི་ཚུགས་པ་དང་། རྟག་ཏུ་མདོག་བཟང་ཞིང་དར་ལ་བབ་པ་དང་། རྟག་ཏུ་ནད་མེད་པ་དང་། ཚེ་ལ་རྒུད་པ་མེད་པ་བཞི་འཚལ་ལོ། །རྒྱལ་པོ་སྡུག་བསྔལ་མེད་པ་དང༌། ཚེ་ལ་རྒུད་པ་མེད་པ་བཞི་འཚལ་ལོ། །རྒྱལ་པོ་སྡུག་བསྔལ་ཏེ་གཞོན་ནུ། དེའི་མཐུ་བདག་ལ་མེད་དོ་ཟེར། བྱང་ཆུབ་སེམས་དཔས་སྨྲས་པ། འོ་ན་མཆོག་ཅིག་སློང་གི་འདི་ནས་ཤི་འཕོས་ནས་ཕུང་པོ་ཉིང་མཚམས་མི་སྦྱོར་བ་ཞི་སྩོལ་ཅིག་ཟེར་རོ། །དེ་ནས་རྒྱལ་པོས་བུ་ལ་ཆགས་པ་བཏང་ནས། ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་ཅེས་གསུངས་སོ། །དེ་ནས་གནོད་སྦྱིན་གྱི་དེད་དཔོན་ཉེར་བརྒྱད་འདུས་ནས། དོ་ནུབ་བྱང་སེམས་རབ་ཏུ་འབྱུང་གི་ཟེར་ནས་མཆོད་པ་བྱེད་དོ། །དེ་ནས་རྒྱལ་བུས་འདུན་པ་མ་སྨྲས་པ། བྱང་སེམས་གང་དུ་བཞུད་དེ་མ་བཞུད་ཅེས་སྨྲས་པས། རྒྱལ་བུ་ན་རེ། ངས་མགོ་དང་རྐང་ལག་དང་མིག་ཀྱང་བཏང་སྟེ་སེམས་ཅན་ཡོངས་སུ་དགྲོལ་བའི་དུས་ལ་བབ་བོ། །ཞེས་གསུངས་སོ། །དེའི་ཚེ་ལྷའི་བུ་ཞི་བའི་བློ་གྲོས་ཀྱིས་གྲོང་ཁྱེར་གྱི་མི་ཐམས་ཅད་གཉིད་ཀྱིས་ནོན་པར་བྱས་སོ། །རྒྱལ་པོ་བཞི་ཡིས་རྟའི་རྨིག་པ་ནས་བཏེགས་ནས་ནམ་མཁའ་ལ་བྱོན་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་རྟ་དང་རྒྱན་དང་བཟའ་རྣམས་འདུན་པ་ལ་སླར་ལྡོག་སྟེ། ལྡོག་མེད་པའི་གནས་མཆོག་འཆི་མེད་པར། །འཆི་མེད་བྱང་ཆུབ་དམ་པ་མ་ཐོབ་བར། །ང་ནི་སེར་སྐྱའི་གྲོང་དུ་མངོན་ཕྱོགས་ཏེ། །འགྲོ་འདུག་ཉལ་དང་འཆག་པར་མི་བྱའོ། །ཞེས་གསུངས་ནས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་གནས་གཙང་མའི་ལྷའི་བུ་ལས་ངུར་སྨྲིག་བླངས་ཏེ་ཆོས་གོས་མཛད་དེ། རབ་བྱུང་གི་བསྙེན་པར་རྫོགས་པ་མཛད་དོ། །དེ་ནས་ཕྱི་རོལ་པའི་ལྷ་བ་དང་སྤྱོད་ལམ་མ་ཡིན་པར་བསྟན་པའི་དོན་དུ། འཇིག་རྟེན་ན་གདམས་ངག་ཆེ་བར་གྲགས་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་དག་ལ་ཅི་ཡང་མེད་པ་དང་། འདུ་ཤེས་མེད་མིན་གྱི་ཆོས་སྟོན་པའི་གདམས་ངག་མནོས་ཏེ། གྲོགས་པ་དག་ཁྱོད་ཀྱི་ཆོས་འདི་ནི་ངེས་པར་འབྱུང་བ་མ་ཡིན་ཞེས་སུན་ཕྱུང་པ་དང་། དེ་དག་ལས་ཡོངས་སུ་ཆད་པའི་ལྔ་སྡེ་དང་འགྲོགས་ཏེ། རིག་པའི་རྩེར་ཕྱིན་པར་གྱུར་ཏོ། །མཛད་པ་བརྒྱད་པ་དཀའ་ཐུབ་མཛད་པ་ནི། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ཅིང་ཡོངས་སུ་གདུངས་པས་དག་པ་འཚོལ་བ་རྣམས་སུན་དབྱུང་བའི་ཕྱིར། འཇུག་ངོགས་བདེ་བ་ཆུ་རླུང་ནེར་ཉྫནའི་འགྲམ་དུ་ཟས་དང་སྐོམ་བཅད་དེ། བྱ་དགའ་བའི་སྤྱོད་པས་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མ་རྟོཊ་པར་ཅི་དཀའ་བ་སྤྱད་པས་སངས་རྒྱའམ་ཞེས་བསྐུལ་བས། སྐུ་དེ་ཉིད་དུ་བཞག་ནས་ཐུགས་ལོངས་སྐུའི་ཆ་བྱད་དུ་ཞུགས་ནས་རི་རབ་ཀྱི་རྩེ་མོར་གཞུང་ཡོ་ག་དུམ་བུ་བཞའི་རྒྱུད་གསུངས་སོ། །དེ་ནས་དཀའ་ཐུབ་ཀྱི་ཁོག་པར་བྱོན་པས་སྐུ་རིད་པ་ལ་བ་གླང་རྫི་མོས་འཇམ་ཞོ་དྲངས་པས་སྐུའི་མདོག་རྙེད་དོ། །ཚོང་དཔོན་གྱི་བུ་མོས་ཤེ་མ་གང་དང་གང་ཚེས་པ་བརྒྱའི་འོ་མ་གཅིག་ལ་བླུད་དེ་འབྲས་གསར་པ་དང༌། འོ་མ་ཐུག་པར་བཙོས་པ་དྲངས་སོ། །དེ་ནས་བྱང་ཆུབ་སེམས་དཔས་སྐུ་བསིལ་བར་བྱ་བའི་ཕྱིར་ནཻར་ཉྫནར་ཁྲུས་བྱས་སོ། །དེ་ནས་སྤྲིའུའི་རྒྱལ་པོས་སྦྲང་རྩི་དྲངས་སོ། །དེ་གསོལ་བས་སྐུ་གསེར་གྱི་བརྟན་པ་ཕྱིས་པ་ལྟར་གྱུར་ཏོ། །མཛད་པ་དགུ་པ་བདུད་བཏུལ་པ་ནི། རྩཱ་འཚོང་བཀྲ་ཤིས་ལ། བཀྲ་ཤིས་ང་ལ་རྩྭ་ཞིག་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ཡིས་དོན་ཆེན་འགྱུར། །བདུད་དང་བཅས་པའི་དཔུང་རྣམས་བཅོམ་ནས་སུ། །བྱང་ཆུབ་ཞི་བ་གསུམ་པོ་ཐོབ་པར་འགྱུར། །ཞེས་གསུང་ནས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ལ་འཇམ་པ་ལྗང་ལོ་གཡས་སུ་འཁྱིལ་བ་ཕྱག་གང་བླངས་ཏེ། དེ་ཉིད་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་གྲུམ་པར་བཏིང་བ་ལ། སྐྱིལ་མོ་ཀྲུང་དུ་བཞུགས་ནས་འདི་སྐད་ཅེས། སྟན་འདིར་བདག་གི་ལུས་འདི་སྐམ་པའམ། །པགས་ར་རུས་པའི་ཚོགས་རྣམས་ཞིག་གྱུར་ཀྱང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་འགུལ་སྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་པ་ལ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འདུས་པས་མཆོད་ཅིང་སྐོར་བ་བྱས་སོ། །ཡང་སྨིན་མཚམས་ནས་བདུད་ཀྱི་སྡེ་རྣམ་པར་འཇོམས་པ་ཞེས་བྱ་བའི་འོད་བཀྱི་བ་དེས་སྟོང་གསུམ་གྱི་བདུད་ཐམས་ཅད་ལ་ཁྱབ་ཅིང་འོད་ལས་ཚིཊ་སུ་བཅད་པ། སེམས་ཅན་དག་པ་བསྐལ་མང་སྤྱད་སྤྱོད་པ། །ཟས་གཙང་སྲས་པོ་རྒྱལ་སྲིད་རབ་སྤངས་ཏེ། ཕན་བྱེད་བདུད་རྩི་འདོད་པས་མངོན་པར་ཕྱུང་ནས་ནི། །བྱང་ཆུབ་ཤིང་དྲུང་འོངས་ཀྱི་དེ་རིང་སྒྲིམ་པར་གྱིས། །ཞེས་བྱ་བ་བྱུང་བ་དང་། བདུད་སྡིག་ཅན་རྣམས་ལ་རང་གི་ཕྱོགས་མུན་པས་ཁྱབ་པ་ལ་སོགས་རྨིས་ལྟས་ངན་པ་བདུན་ཅུ་རྩ་གཉིས་ཀྱང་བྱུང་ནས། བདུད་ཀྱི་དམག་རིགས་དྲུག་ཅུ་འདུས་ཏེ། གནོད་བྱིན་གྲུལ་བུམ་དང་ནི་ལྟོ་འཕྱེའི་གཟུགས། །སྲིན་པོའི་གཟུགས་དང་ཤ་ཟ་ཡི་དྭགས་གཟུགས། །འཇིག་རྟེན་མི་སྡུག་དྲངས་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་རྒྱུ་ཡིས་དེར་ནི་སྤྲུལ་པ་བྱས། །ཞེས་པ་དང་། ཕྱོགས་ཀུན་ནས་ནི་རི་ཡི་དེར་ནི་སྦྲུལ་པ་བྱས། །ཞེས་པ་དང་། ཕྱོགས་ཀུན་ནས་ནི་རི་ཡི་འཕྲེང་བ་དང་། མཁའ་དྲག་གི་ནི་མཚོན་གྱི་ཆར་པ་དང་། །སྙིང་རྗེ་འབར་བ་མངོན་པར་ཕབ་པ་ཡི། །ཤཱཀྱའི་བུ་དེ་ཐལ་རང་བརླག་པར་བྱ། །ཞེས་ཤིན་ཏུ་མི་སྡུག་པའི་ཆ་བྱད་དང་། ང་རོ་སྣ་ཚོགས་སྒྲོགས་ཀྱང་། བྱང་ཆུབ་སེམས་དཔར་འཇིག་འི་བག་མེད་ཅིང་། །མཚོན་ཆ་ལ་སོགས་དྲག་དུ་བསྣུན་པས་ཀྱང་། །བྱམས་ལྡན་ཐུབ་པ་དེ་ཡི་སྐུ་ལ་ནི། །མེ་དང་དུག་དང་མཚོན་གྱིས་མི་ཚུགས་ཏེ། །མཚོན་ཆ་འཕངས་པ་མེ་ཏོག་ཉིད་དུ་གྱུར། །འདི་ལྟར་དེ་ཡིས་བྱང་སེམས་སྒོམ་ཕྱིར་རོ། །ཞེས་ཟེར་རོ། །ཞེས་པའི་ཚུལ་གྱིས་གནོད་པར་མ་གྱུར་ལ། །སྡིག་ཅན་གྱི་བུ་སྟོང་ལས། བློ་གྲོས་བཟང་པོ་དང་། ངན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལ་དང་པའི་ཕྱོགས་གཉིས་སུ་ཆད་དེ། །ཆད་པས་བྱང་ཆུབ་སེམས་དཔའ་མ་ཐུབ་ཅིང་། ཡང་སྡིག་ཅན་གྱིས། སྔོན་ཆད་ཁོ་བོས་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མེན་པས། །སྒྲས་ཀྱང་དཔང་མེད་དེ་ནི་ཕམ་པ་ཡིན། །ཞེས་རྒྱུ་ལམ་སྒྲུབ་པ་ལ་སྐུར་བ་བཏབ་པ་དང་། བྱང་ཆུབ་སེམས་དཔས་ཕྱག་གཡས་པ་ས་ལ་བརྡབས་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་ཉེ་རིང་མེད་པར་སྙོམ། །འདི་ནི་བདག་གི་དཔང་སྟེ་རྫུན་མེད་པས། །ས་ཁྱོད་འདི་ལ་བདག་གི་དཔང་གྱིས་ཤིག །ཅེས་གསུངས་པས་ས་ཆེན་པོ་རབ་ཏུ་གཡོས་པ་དང་། སའི་ལྷ་མོའི་ལུས་ཕྱེད་ཕྱུང་སྟེ། །ཅེས་གསུངས་པ་ཆེན་པོ་རབ་ཏུ་གཡོས་པ་དང་། སའི་ལྷ་མོའི་ལུས་ཕྱེད་ཕྱུང་སྟེ། སྐྱེས་བུ་ཆེན་པོ་དེ་བཞིན་ཏེ། །དོན་འདི་བདག་ལ་སྔོན་ལེགས་ཀྱིས། །བཅོམ་ལྡན་འདས་ཉིད་དཔང་དང་ཚད་བདག་ལ་སྔོན་ལེགས་ཀྱིས། །བཅོམ་ལྡན་འདས་ཉིད་དཔང་དང་ཚད་མར་བཞུགས་པར་ལེགས། །ཞེས་པ་དང་། སྡིག་ཅན་དཔུང་དང་བཅས་པས་སྒྲ་དེ་ཐོས་པ་དང་། དངངས་སྐྲག་སྙིང་འགས་པ་ཙམ་དུ་ཐམས་ཅད་བྲོས་སོ། །སྤོབས་པ་མེད་ནས་མི་སྣང་བར་གྱུར་ཏེ། མྱ་ངན་གྱི་ཁང་བུར་ཞུགས་སོ། །དེ་ནས་ཆོ་འཕྲུལ་ཆེན་པོ་བསྟན་པ་ནི། ལྷོག་ཕྱོགས་ཁྱག་པ་གྱད་ཀྱི་ཡུལ་དུ་ལྗགས་ཀྱི་མཆིལ་མ་ཐལ་བ་གཅིག་གིས་མུ་སྟེགས་ཀྱི་སྟོན་པ་སུམ་བརྒྱ་དྲུག་ཅུ་ཆུས་ཁྱེར་བར་མཛད་དོ། །མཛད་པ་བཅུ་པ་སངས་རྒྱས་པ་ནི། གནས་སྐབས་དེར་གཙང་མ་རིགས་ཀྱི་ལྷ་རྣམས་ཀྱིས་སྡིག་ཅན་ལ་སྤྱོ་བ་དྲུག་གིས་མཛད་ཅིང་། བྱང་ཆུབ་ཤིང་གི་ལྷ་མོ་བརྒྱད་ཀྱིས་སྡིག་ཅན་ལ་སྤྱོ་བ་དྲུག་གིས་སྨད་ཅིང་། བྱང་ཆུབ་ཤིང་གི་ལྷ་མོ་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་གི་བསྟོད་པའང་བྱས་སོ། །དེ་ནས་ནམ་གྱི་ཆ་སྨད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་། གུང་ཐུན་ལ་མངོན་པར་ཤེས་པ་ལྔ་བསྐྱེད་དེ། ཐོ་རངས་ཟག་པ་ཟད་པ་མངོན་དུ་མཛད་དེ་རྡོ་རྗེ་བྟ་བུའི་ཏིང་ངེ་འཛིན་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་བག་ཆཊ་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ཕུང་པོའི་རྒྱུན་དེ་ཉིད་མ་དོར་བར་སྐུ་གསུམ་ཡེ་ཤེས་བཞི་དང་ལྡན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་ཕྱོགས་དང་བཅུའི་སངས་རྒྱས་རྣམས་ཀྱིས་གསུངས་པ། བདག་ཅག་ཇི་ལྟར་སངས་རྒྱས་པ། །དེ་ལྟ་ཁོ་ནར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་ཉིད་ཀྱི། །ཉིང་ཁུ་མཚུངས་པ་ཉིད་དུ་འགྱུར། །ཅེས་གསུངས་པ། གནས་གཙང་མའི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དོ། །སྟོན་པས་ཐོག་མ་ཁོ་ནར་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས་སོ། །བསོད་ནམས་སྨིན་ཅིང་སྡུག་བསྔལ་རྣམ་པར་སེལ། །བསོད་ནམས་ལྡན་པ་བསམས་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མངོན་སངས་རྒྱས། །མྱ་ངན་འདས་ཤིང་བསིལ་བའི་དངོས་པོ་ཐོབ། །ཅེས་གསུངས་སོ། །མཛད་པ་བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། དང་པོ་རྒྱུ་གསུམ་གྱི་ཆོས་མ་གསུངས་ཏེ། རྒྱུ་གསུམ་ནི། སྟོན་པ་ལ་མ་གུས་པ་སྤོང་བ་དང་། དམ་པའི་ཆོས་བཙུན་པ་དང་། སྟོན་པ་ལ་མ་གུས་པ་སྤོང་བ་དང་། དམ་པའི་ཆོས་བཙུན་པ་དང་། ཞུ་བ་པོའི་བསམ་པ་བསྐང་པའི་ཕྱིར། བདུན་ཕྲག་བདུན་དུ་ཆོས་མ་གསུངས་ཏེ། བདུན་ཕྲག་དང་པོ་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐར་དབྱུང་ངོ༌། །ཞེས་སྐྱིལ་པོ་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐར་དབྱུང་ངོ༌། །ཞེས་སྐྱིལ་མོ་ཀྲུང་མ་བཤིག་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་སོ། །བདུན་ཕྲག་གཉིས་པ་ལ་སྟོང་གསུམ་དུ་རིང་དུ་འཆག་གོ །བདུན་ཕྲག་གསུམ་པ་ལ་སྙིང་པོ་བྱང་ཆུབ་ལ་གཟིགས་སོ། །བཞི་པ་ལ་རྒྱ་མཚོའི་བར་དུ་འཆག་གོ །ལྔ་པ་ལ་བཏང་བཟུང་གི་གནས་སུ་གཤེགས་སོ། །དྲུག་པ་ཤིང་ནྱ་གྲོ་དྷའི་ཆུ་ཤིང་གབ་དྲུང་དུ་བཞུད་དེ་ཀུན་ཏུ་རྒྱུ་བ་དག་ལ་གདམས་ངག་མཛད་དོ། །བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུད་དེ། ཚོང་དཔོན་ག་གོན་བཟང་པོས་སྤྱན་གཟིགས་ཕུལ་བས་ཤིས་པ་བརྗོད་པའི་མདོ་གསུངས་སོ། །དེ་ནས་ཡང་ཆོས་ཟབ་མོ་མཉན་ཅིང་བཤད་དུ་མེད་ལ་རྟོག་གེའི་ཡུལ་མ་ཡིན་པའི་རྟོགས་པ་ཡོད་ལ། འདི་གཞན་ལ་བསྟན་ཡང་ཁོང་དུ་ཆུད་པས། དོན་དུ་མི་འགྱུར་བ་སྙམ་སྟེ། ཐུགས་ལས་ཆུང་པ་ལ་གཞོལ་བ་དང་། ལྷ་ཚངས་པས་བརྒྱ་བྱིན་སྦྲན་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱེད་ཀྱི་ཐུགས་ནི་ཤུན་ཏུ་རྣམ་པར་གྲོལ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་གསོལ་ཏེ། །འཇིག་རྟེན་མུན་པར་ཤེས་རབ་འོད་ཕྱུང་གསོལ། །ཞེས་ཞུས་པས་མ་གནང་ངོ་། །དེ་ནས་ལྷ་ཚངས་པས་ཞུས་པས། །སྲིད་པ་ལ་ཆགས་ཤིང་སྐྱེ་དགུ་འདོད་པས་བཅིངས་པས་མི་རྟོཊ་ཞེས་མ་གནང་ངོ་། །དེ་ནས་ལྷ་ཚངས་པས། །མ་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲེང་པ་བྱུང་། །བདུད་རྩིའི་སྒོ་མོ་དབྱེ་བར་མཛད་ཀྱི་ཆོས། །རྡུལ་བྲལ་དྲི་མ་མེད་པ་བསྟན་དུ་གསོལ། །ཞེས་ཞུས་པས། འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་མ་ངེས་པ་དང་། གདུལ་བྱ་ཡང་དག་པ་ཉིད་དུ་ངེས་པ། ལོག་པར་ངེས་པ། མ་ངེས་རིགས་གསུམ་ལ་གཟིགས་ནས་གནང་ངོ་། །དེ་ནས་ལྷ་ཚངས་པས་ཀྱང་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས། ལྷའི་གནས་རྣམས་ལ་གོང་ནས་གོང་དུ་བསྒྲགས་སོ། །དུས་ནི་སྟོན་པས་དགུང་ལོ་སུམ་ཅུ་རྩ་ལྔ་ས་མོ་ཕག་གི་ལོའི་སྟོན་ཟླ་ར་བའི་ཉིས་ཤུ་དགུའི་བར་དུ། ལོ་བདུན་དུ་ཞག་དགུས་མ་ཚང་བ་ཙམ་དུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདུལ་བའི་སྡེ་སྣོད་རྣམས་རྒྱས་པར་གསུངས་ཏེ། དེ་ཡང་ཆོས་འདི་སྔོན་ལ་སུས་རྟོགས་ན། འཁོར་གྱི་དང་པོ་ལྔ་སྡེ་བཟང་པོས་ཁོང་དུ་ཆུད་པར་དགོངས་ནས། ཡུལ་ལྦཱ་ར་ཎཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་རྒྱུ་བའི་གནས་སུ་བཞུགས་པ་ལ། ལྔ་སྡེ་བཟང་པོ་ཡུལ་ལྦཱ་ར་ཎཱ་སིའི་ཕུ་ན་གནས་པས། སངས་རྒྱས་ནི་ལྷོའི་ངོས་ནས་བྱང་ཕྱོགས་སུ་བཞུད་པ་ལས། དེའི་ཤུལ་ཀར་ཀུན་ཏུ་རྒྱུ་ཕྱི་རོལ་པ་ལྔ་བརྒྱ་ཙམ་དང་བཅས་པ་ལྷོའི་ཕྱོགས་སུ་འགྲོ་བ་དང་འཕྲད་ནས། དེ་རྣམས་ཀྱི་བསམ་པ་ལ་གོའུ་ཏ་མ་འདི་ལ་སློབ་དཔོན་མེད་པར་སངས་རྒྱས་ཟེར་བ་འདི་རིགས་སམ། བདེན་ནམ་དྲིས་པས། གོའུ་ཏ་མ་ཁྱེད་ཀྱི་སློབ་དཔོན་སུ་ཡིན་དྲིས་པ་དང་། ལན་དུ། ང་ལ་སློབ་དཔོན་སུ་ཡང་མེ། །ང་རང་གཅིག་པོར་རྫོགས་སངས་རྒྱས། །ང་དང་འདྲ་བ་གཞན་མེད་དེ། །བསིལ་གྱུར་ཟག་པ་ཟད་པ་མིན། །ཅེས་གསུངས་པས། དགྲ་བཅོམ་པར་གོ་ནས་འོ་ན་ཁྱེད་དགྲ་བཅོམ་པ་ཡིན་ནམ་བྱས་པས། །ང་ནི་འཇིག་རྟེན་དགྲ་བཅོམ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་ནང་ན་ཡང་། །ང་དང་འདྲ་བ་ཡོད་མ་ཡིན། །ཞེས་གསུངས་པས། །འོ་ན་ཁྱོད་རྒྱལ་བར་ཁས་ལེན་ནམ་ཞེས་ཞུས་པས། སངས་རྒྱས་ཀྱིས་བཀའ་སྩལ་པ། གང་དུ་ཟག་པ་ཟད་རྙེད་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །སྡིག་པའི་ཆོས་ལས་ང་རྒྱལ་བས། །ཉེ་འགྲོའི་དེ་བཞིན་ང་རྒྱལ་བ། །ཞེས་གསུངས་པས། སངས་རྒྱས་ཡིན་པར་ཡིད་ཆེས་ཏེ། ད་འོ་ན་ཁྱོད་གར་བཞུད་དྲིས་པས། ང་ནི་ལྦཱ་ར་ཎཱ་སིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ཀྱང་། །དམུས་ལོང་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་འདེགས་སུ་འགྲོ །ཞེས་པ་ལ་སོགས་གསུངས་པས། འོ་ན་བདག་ཅག་ཀྱང་ལྷན་ཅིག་པར་ཁྱེད་ཀྱི་འཁོར་བགྱིད་དོ་ཟེར་ནས། ལྷོ་ངོས་སུ་སོང་ངོ་། །སངས་རྒྱས་འཁོར་བ་དང་བཅས་པ་བྱང་ཕྱོགས་སུ་ལྦཱ་ར་ཎཱ་སིའི་ཕུག་ཏུ་བྱོན་པ་དང་། དེ་ན་མུ་སྟེགས་ཀྱི་སྟོན་པ་ལྔ་སྡེ་བཟང་པོ་ཡོད་པས། སངས་རྒྱས་འབྱོན་པ་ཐོས་ཏེ་གྲོས་བསྟུན་ནས་འཁོར་མི་བྱེད་པར་བཅའ་བ་བྱས་སོ། །ཀུན་ཤེས་ཀོའུ་དི་ནྱས་དམ་མ་བཅས། དེར་སངས་རྒྱས་བྱོན་པ་དང་གཟི་བརྗིད་མ་བཟོད་དེ་དྲིས་པ། ཚེ་དང་ལྡན་པ་ཁྱེད་མི་ཆོས་བླ་མ་མཁན་གཟི་བརྗིད་མ་བཟོད་དེ་དྲིས་པ། ཚེ་དང་ལྡན་པ་ཁྱེད་མི་ཚོས་བླ་མ་མཁན་ཞིག་ཡིན་སྙམ་པ་ལ། གཟི་བརྗིད་རེ་ཆེ། འཕགས་པའི་ཤེས་རབ་ཅང་མངའ་འམ་དྲིས་པས། བཀའ་སྩལ་པ། ང་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །སྡུག་བསྔལ་སེལ་བའི་ལྗོན་ཤིང་ངོ་། །ནད་སེལ་བའི་སྨན་པའོ། །ཞེས་གསུངས་པས་དད་དེ་འཁོར་གྱི་དང་པོར་གྱུར་ཏོ། །དེ་ནས་ཆོས་གསུངས་པར་བཞེད་ནས་འཁོར་བ་བསྡུ་བའི་གཎྜི་བརྡུངས་པའི་སྒྲ་ལས་འདི་སྐད་དུ་བྱུང་སྟེ། །བདེ་གཤེགས་སློབ་མར་གྱུར་པའི་སེམས་ཅན་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །གང་དག་མཉན་པར་འདོད་རྣམས་འདིར་འདུས་ཤིག །ཟབ་མོ་རྒྱལ་བའི་བཀའ་ལ་ཀུན་ཉོན་ཅིག །ཅེས་པའི་སྒྲ་བྱུང་བས་ཀུན་ལྦཱ་ཎཱ་སིར་འདུས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ། རྟ་ཐུལ། །རླངས་པ། མིང་ཆེན། བཟང་ལྡན་དང་ལྔ་ལ། འདི་སྐད་དུ་བཟིན་བཟང་དག འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་བའོ། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །ཞེས་རེ་རེ་ལ་ཡང་ཕྱེས་ནས་སྐད་ཅིག་མ་བཅུ་དྲུ་གོ་དོན་བསྟན་པས་མཐོང་ལམ་རྒྱུད་ལ་སྐྱེས་སོ། །ད་དུང་ལམ་གོང་མ་རྒྱུད་ལ་མ་སྐྱེས་པ་ལ་གསུམ་ཏེ། སྡུག་བསྔལ་ནི་འབྲས་བུ་སྟེ་ཤེས་པར་བྱའོ། །ཀུན་འབྱུང་ནི་རྒྱུ་སྟེ་སྤང་བར་བྱའོ། །འགོག་པ་ནི་འབྲས་བུ་སྟེ་སྔོན་དུ་བྱའོ། །ལམ་ནི་རྒྱུ་སྟེ་བསྒོམ་པར་བྱའོ། །ཞེས་གསུངས་པས་སྒོམ་ལམ་རྒྱུད་ལ་སྐྱེས་སོ། །ད་དུང་ལམ་གོང་མ་རྒྱུད་ལ་མ་སྐྱེས་པ་ལ་གསུངས་ཏེ། དོན་ལ། སྡུག་བསྔལ་ཤེས་ཟིན་པས་བྱས་ཏེ་ཤེས་ཟིན་ད་ཤེས་སུ་མེད། ལམ་ནི་བསྒོམ་པར་བྱ་སྟེ་བསྒོམ་ཟིན་ནས་བསྒོམ་རྒྱུ་མེད། འགོག་པ་སྔོན་དུ་བྱ་སྟེ་བྱས་ཟིན་སྔོན་དུ་བྱར་མེད། ཅེས་གསུངས་པས། མཐར་ཕྱིན་པའི་ལམ་རྒྱུད་ལ་སྐྱེས་ཏེ་འབྲས་བུ་ཐོབ་བོ། །དེ་ནི་བདེན་པ་རྣམ་པར་བཞག་པའི་འཁོར་ལ། བདེན་པ་རྣམ་པར་བཞག་པའི་འཁོར་གྱི་དང་པོ་ལྔ་སྡེ་བཟང་པོ་བཏུལ་བའོ། །དེའི་དུས་སུ། །སྟོན་པ་འཁོར་དྲུག་དེའི་གྱི་དང་པོ་ལྔ་སྡེ་བཟང་པོ་བཏུལ་བའོ། །དེའི་དུས་སུ། སྟོན་པ་འཁོར་དྲུག་དེའི་འཚོ་བ་ནི་བསོད་སྙོམས་ལ་བརྟེན་ཏེ་སྦྱིན་བདག་མེད་པས། ལྔ་སྡེའི་དགེ་སློང་ལ། གསུམ་ལ་ཆོས་འཆད། གཉིས་གྲོང་ཁྱེར་དུ་བསོད་སྙོམས་ལ་འཇུག །དེའི་བསོད་སྙོམས་དེས་དྲུག་ཆར་གྱི་གྲོ་འཚོ་བར་བྱེད་དོ། །དེའི་བསོད་སྙོམས་ཀྱིས་དྲུག་ཆར་གྱི་ཚ་བ་འཚོ་བར་བྱེད་དོ། །དེ་ལྟར་ཅོས་བཤད་པས་ལྔ་སྡེའྀ་དགེ་སློང་སྨིན་པ་དང་། གྲོལ་བར་གྱུ་ཏེ། དེ་ནས་སྟོན་པ་འཁོར་དྲུག་པོས་འབབ་ཆུ་ཆེན་པོ་གནོད་པ་ཅན་གྱི་འགྲམ་དུ་བྱོན་པ་དང་། ཁྱིམ་བདག་རིགས་ཀྱི་གཙོ་བོའི་བུ་ལྔ་རབ་ཏུ་བྱུང་སྟེ། གྲགས་པ། དྲི་མེད། གང་པོ། བ་ལང་བདག་ལག་བཟང་དང་ལྔའོ། །དེ་ལྔ་ལའང་ཆོས་ནི་སྔ་མ་ཁོ་ན་བཞིན་གསུངས། སྦྱིན་བདག་ནི་ཁྱིམ་བདག་གྲགས་པས་བྱས། ཁྱིམ་བདག་དེའི་འཁོར་གྱི་ཁྱིའུ་ལྔ་བཅུ་ཡག་རབ་ཏུ་བྱུང་ནས། སྨིན་ཅིང་གྲོལ་བར་གྱུར་ཏེ། དེའི་ཚེ་འཇིག་རྟེན་འདིར་དགྲ་བཅོམ་པ་དྲུག་ཅུ་དང་། གཅིག་ལ་ནི་སངས་རྒྱས་ཡིན། དེ་ནས་སྟོན་འཁོར་དྲུག་ཅུ་རྩ་གཅིག་པོ་རྣམས་ཀྱིས་མ་ག་དྷའི་གྲོང་ཁྱེར་སྟེང་རྒྱས་ཀྱི་དྲུང་དུ་བྱོན་ནས། འོད་སྲུངས་མཆེད་གསུམ་འཁོར་སྟོང་དང་བཅས་པ་ལ། སྔ་མ་ཁོ་ན་ལྟ་བུའི་ཆོས་གསུངས། ཆོ་འཕྲུལ་རྣམ་པ་གསུམ་བསྟན་ནས། དེ་རྣམས་སྨིན་པ་དང་གྲོལ་བར་མཛད། སྟོན་འཁོར་སྟོང་དང་དྲུག་ཅུ་རྩ་བཞི་པོའི་འཚོ་བ་ནི། གྲོང་སྟེང་རྒྱས་ཀྱི་སྐྱེ་བོ་དད་པ་ཅན་རྣམས་ཀྱིས་སྦྱར། དེ་ནས་སྟོན་འཁོར་དེ་རྣམས་ལྡང་འགྲམ་གྱི་ཚལ་དུ་བྱོན་ཏེ། མཆོད་རྟེན་ལེགས་པར་རབ་ཏུ་གནས་པའི་དྲུང་དུ་བཞུགས་པ་ལ། ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུཊ་ཅན་སྣིང་པོས་བསྙེན་བཀུར་ཆེན་པོ་མཛད་ནས། རྗེ་འབངས་བརྒྱ་དང་བརྒྱད་ཅུ་རྩ་བདུན་ལ་སྔ་ལ་སྔ་བཀུར་ཆེནཔོ་མཛད་ནས། རྗེ་འབངས་བརྒྱ་དང་བརྒྱད་ཅུ་རྩ་བདུན་ལ་སྔ་མ་ཁོ་ནའི་བདེན་པ་བཞིའི་ཆོས་གསུངས་ནས་སྨིན་དང་གྲོལ་བར་མཛད་དོ། །དེ་ནས་ཤཱཀྱ་པ་རྣམས་ཀྱང་རབ་ཏུ་དད་པར་གྱུར་ནས། ཚེ་དང་ལྡན་པ་ཆར་ཀས་ཡབ་དང་སྲས་ཀྱང་སྤྲད་དེ། དེའི་དུས་སུ་ཤཱཀྱའི་རིགས་ལྔ་བརྒྱ་རབ་ཏུ་བྱུང་ཟེར་རོ། །དེ་ནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ནི། ཡུལ་མ་ག་དྷ་འོད་མའི་ཚལ་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ལ་སོགས་པར། དུས་ནི་སྟོན་པའི་དགུང་ལོ་བཞི་བཅུ་རྩ་གཉིས་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་གཅིག་ནས། བདུན་ཅུ་དོན་གསུམ་གླང་གི་ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་བར་དུ། ལོ་སུམ་ཅུ་སོ་གཅིག་དང་ཞག་བཅུ་གསུམ་དུ་གསུངས་སོ། །ཁྲོ་ཕྱ་ལོ་ཙྭ་བས་སུམ་ཅུ་རང་ཟེར། མཆིམས་པས་ལོ་ཉིས་ཤུ་རྩ་བདུན་ཟེར། འཁོར་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང་། རབ་འབྱོར་ལ་སོགས་པའི་ཐེག་པ་ཆེན་པོའི་རིགས་ཅན་གྱི་ཉན་ཐོས་མང་པོ་དང་། རིགས་གསུམ་མགོན་པོ་དང་། བྱམས་པ་དང་། བརྒྱ་བྱིན་ལ་སོགས་པའི་བྱང་ཆུབ་སེམས་པའི་འཁོར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ལའོ། །ཆོས་ནི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོས་ཏེ། ཤེར་ཕྱིན་དང་། བཀའ་བར་པར་གཏོགས་པ་རྣམས་སོ། །དེ་ཡང་ཟབ་པར་སྟོན་པ་རྣམས་སོ། །དེ་ཡང་ཟབ་པར་སྟོན་པ་ཏིང་ངེ་འཛིན་རྒྱལ་པོ་འམ། རྒྱ་ཆེ་བར་སྟོན་པ་ཕལ་པོ་ཆེ་འམ། གཉིས་ཀ་སྟོན་པ་ཡུམ་རྒྱས་པོ་སྟོང་ཕྲག་བརྒྱ་པ་དང་། འབྲིང་གི་རྒྱས་པ་ཉིས་ཁྲི་ལྔ་སྟོང་པ་དང་། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ་དང་། །འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། བསྡུས་ཤེས་རབ་ཁྲི་པའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། བསྡུས་པའི་བསྡུས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའོ། །དེ་ལ་སོགས་པ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དུ་གཏན་ལ་འབེབས་བར་བྱེད་པའི་ཆོས་གསུངས་ཏེ། ཡུམ་རྒྱས་པ་ལས། བདག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། བདག་གི་འདུ་ཤེས་དང་བྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་གྲོལ་བ་དང་། ཞེས་པ་ལ་སོགས་པ་གསུངས་པ་ལྟར། བསྟན་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོ། ། དེ་ནས་བཀའ་གསུམ་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ནི། རི་མ་ལ་ཡ་དང་། གྲོང་ཁྱེར་ཡངས་པ་ཅན་དང་། བུ་མོ་ཤེས་རབ་ཅན་གྱི་རྫིང་ངམ། གྲོང་ཁྱེར་ཡངས་པ་ཅན་དང་། བུ་མོ་ཤེས་རབ་ཅན་གྱི་རྫིང་ངམ། ལང་ཀ་པུ་རི་ལ་སོགས་པ་རྣམས་སོ། །དུས་ནི། སྟོན་པ་དགུང་ལོ་བདུན་ཅུ་དོན་གསུམ་གླང་གི་ལོའི་སྟོན་ཟླ་འབྲིང་པོའི་ཉ་ནས། བརྒྱད་ཅུ་ཐམ་པ་སྤྲེའུའི་ལོ་ཡི་དབྱར་ཟླ་འབྲིང་པོའི་ཉའི་བར། ལོ་དགུ་རུ་ཟླ་བ་གསུམ་གྱིས་མ་ལོངས་པ་ཙམ་དུ་གསུངས་སོ། །མཆིམས་པས་ལོ་བཅུ་ཟེར། ཁྲོ་ཕུ་ལོ་ཙཱ་བས་ལོ་བཅུ་གཉིས་ཟེར་རོ། །འཁོར་ནི་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་པ་ལ་སོཊ་པ་འཁོར་ཐེག་པ་སྣ་ཚོཊ་ལ་མོས་པ་ཞེས་གསུངས་ཀྱང་། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ཆོས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པའི་བདེན་པ་རྣམ་པར་བཞག་པའི་ཆོས་གསུངས་ཏེ། དེ་ཡང་གང་ཞེ་ན། ཆོས་ལྔ་དག་དང་རང་བཞིན་གསུམ། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་གསུངས་པའི་ཚུལ་ཅན་ཏེ། །དེ་ནི་གྲངས་སུ་མ་ཕྱེ་བའི་ངེས་པའི་དོན་གྱི་མདོ་སྡེའོ། །དབུ་མ་པ་རྣམས་བཀའ་དང་པོ་ཐ་མ་གཉིས་དགོངས་པ་ཅན། བར་པ་ངེས་དོན་དུ་འདོད་དོ། །འཁོར་ཐུན་མོང་མ་ཡིན་པ་རྣམས་ལ། གསང་སྔགས་ཀྱང་འགའ་ཙམ་གསུངས་ཏེ། དེ་ཡག་ཤཱཀ་ཐུབ་ཀྱིས་སྔགས་ཀྲྀ་ཡ་ནི་ཆུ་བོ་ནཻར་ཉྫན་དང་། སིང་ག་ལའི་གནས་སུ་གསུངས། ཨུ་པ་ཡ་དཔུང་བཟང་གི་ཚལ་ལ་སོགས་པར་གསུངས། ཡོ་ག་ནི་མེ་རི་འབར་བའི་ཕོ་བྲང་དུ་གསུངས། གསང་སྔགས་ནང་པ་ཤས་འགའ་ནི། ཤཱཀ་ཐུབ་ལོངས་སྐུའི་ཆ་ལུགས་སུ་མཛད་ནས། བསིལ་བའི་ཚལ་དང་། ལྕང་ལོ་ཅན་ལ་སོགས་པར་གསུངས་སོ། །གསང་སྔགས་ཀྲྀ་ཡོག་ལྷ་ཡུལ་དུ་གསུངས་པ་ནི། ཀྲྀ་ཡ་ལྷའི་ཡུལ། གནས་ཆོས་བཟང་ལྷའི་ཕོ་བྲང་དུ། སྟོན་པ་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་དང་། རྒྱལ་བ་རིགས་གསུམ་གྱི་འཁོར་བྱང་ཆུབ་སེམས་དཔའ་རིགས་གསུམ་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་རྣམས་ལ་གསུངས་སོ། །ཡོ་ག་ནི་ལྷའི་གནས། རི་རབ་ཀྱི་རྩེ་མོ། །རྣམ་པར་རྒྱལ་བའི་ཁང་བཟང་དུ་འཁོར་ཉེ་བའི་སྲས་བརྒྱད་ལ་གསུངས་སོ། །ཟབ་མོའི་དོན་ལ་མོས་པ་ཨིནྡྲ་བྷཱུ་ཏི་ལ་སོགས་པ། བདེ་མཆོག་འཁོར་ལོའི་གཟུགས་སུ་སྤྲུལ་ཏེ། གསང་སྔགས་གསུངས་པའང་ཡོད་དོ། །འགའ་ཞིག་ན་རེ། གསང་སྔགས་ནི་དངོས་སུ་མ་གསུངས་པས་བཀའ་མིན་ནོ། །ཞེས་ཟེར་ཏེ། གསང་སྔགས་འཁོར་ལོ་གསུམ་པར་འཇོག་པ་ལུང་། སྤྱོད་འདུས་ནས། འདོད་ཆགས་དང་བྲལ་བའི་གཟུགས་སུ་སྤྲུལ་ནས། དམན་པ་ལ་མོས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་། འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་ཐེག་པ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ། རྣམ་ཤེས་ཚོགས་བརྒྱད་སོ་སོ་ལ། ཆོས་བདག་མེད་པར་ཞེན་པ་རྣམས་ལ། རྣམ་ཤེས་ཚོགས་བརྒྱད་སོ་སོ་ལ། ཆོས་བདག་མེད་པར་རྟོགས་པར་མཛད་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་པ་དང་། ཡང་བདེ་མཆོག་འཁོར་ལོའི་སྐུ་རུ་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ། འདོད་ཆགས་ཀྱི་སྤྱོད་པ་རྟོགས་པར་བྱ་བའི་ཕྱིར། གསང་སྔགས་ཀྱི་ཆོས་སྟོན་པར་མཛད་དོ། །ཞེས་པས་གསང་སྔགས་ནི་དངོས་སུ་གསུངས་པར་འདོད་པ་ཡང་ཡོད་ལ། ཕྱིས་འབྱུང་བར་ལུང་བསྟན་པར་འདོད་པ་ཡང་ཡོད་དོ། །གཞན་ཡང་དང་པོར་གསུངས་པ། ཤིས་པར་བརྗོད་པའི་མདོ་དང་། གྲོངས་ཁའི་བཀའ་ཆེམས་མྱ་ངན་ལས་འདས་པའི་མདོ་གཉིས། འཁོར་ལོ་གསུམ་དུ་འདུས་སམ་ཞེ་ན། དེ་ཉིད་ནི་བཀའ་ཡིན་ཀྱང་། ཚངས་པས་ཞུས་པ་མ་ཡིན་པས། འཁོར་ལོ་གསུམ་དུ་མ་འདུས་ཏེ། དེ་གཉིས་དང་ལྔ་ཡིན་ནོ། །འོ་ན་གསུམ་ཞེས་པ་དང་འགལ་ལམ་ཞེ་ན། མི་འགལ་ཏེ། ངེས་དོན་གྱི་མདོ་ཁ་ཅིག་ལས། བདེ་བར་གཤེགས་པ་རྣམས་ཀྱིས་ནི། །ཆོས་ཀྱི་འཁོར་ལོ་སྔར་གསུངས་པ། །ཞེས་པས་སོ། །དེ་ལྟར་སྟོན་པས་བཀའ་འཁོར་ལོ་སྔར་གསུངས་པ། །ཞེས་པས་སོ། །དེ་ལྟར་སྟོན་པས་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་དོ། །མཛད་པ་བཅུ་གཉིས་པ་མྱ་ངན་ལས་འདས་པ་ནི། རེ་ཞིག་འོས་སུ་གྱུར་པའི་གདུལ་བྱ་ཟད་པ་དང་། བཞུགས་པ་དོན་མེད་པ་དང་། སྐྱེས་པའི་མཐའ་བསྟན་པས་འཁོར་བ་ལས་ཡིད་འབྱུང་པ་དང་། སྐུ་གདུང་ལ་མཆོད་པ་འབུལ་བའི་ཕྱིར། སྟོན་པ་དགུང་ལོ་བརྒྱད་ཅུ་ཐམ་པ་སྤྲེའུ་ཡི་ལོ་ལ། གདུལ་བྱའི་ལྷག་མ་དྲི་ཟའི་རྒྱལ་པོ་རབ་དགའ་དང་། །ཀུན་ཏུ་རྒྱུ་ལག་བཟང་ལམ་ལ་བཀོད་ནས། དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་དེ། ཡུལ་རྒྱ་གར་ལྷོ་ཕྱོགས་གྱད་སྟོབས་པོ་ཆེ་འབྱུང་བའི་གནས། ཆུ་རླུང་ཆེན་པོ་ཧ་རི་ལ་བྷེ་ཏའི་འགྲམ། ཤིང་སཱ་ལའི་དབང་པོའི་དྲུང་དུ། དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ། འཁོར་རྣམ་བཞིས་ཞུ་བ་རྣམ་པ་བཞི་ཞུས་ཏེ། ད་ནི་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཉེ་བས། བདག་ཅག་རྣམས་ཀྱི་སྟོན་པ་ནི་གང་ལ་བགྱི། ཐེ་ཚོམ་ནི་སུས་སེལ། འདོད་ལྡན་སྡིག་ཏོ་ཅན་ལྷས་བྱིན་དང་། ཁྱིམ་པ་སུན་འབྱིན་པར་བྱེད་པའི་དྲུག་སྡེ་འདི་སུས་འདུས། བཀའ་སྡེ་སྣོད་རྣམ་པ་གསུམ་པོ་འདིའི་བསྡུ་བ་ཇི་ལྟར་བགྱི། ཞེས་ཞུས་པ་དང་། བཅོལ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་ང་ལ་ཞུས་པ་ལེགས་སོ། །ཁྱེད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ངས་བཤད་དོ། །ང་འདས་པའི་འོག་ཏུ་ཁྱེད་རྣམས་ཀྱི་སྟོན་པ་ནི། སོ་སོ་ཐར་པར་ལ་གྱིས་ཤིག །ཐེ་ཚོམ་ནི་སྡེ་སྣོད་རིན་པོ་ཆེ་རྣམས་པ་གསུམ་དང་བསྟན་ལ་སོལ་ཅིག །ལྷས་བྱིན་དང་དྲུག་སྡེ་ནི་འདུལ་མི་དགོས་ཏེ་རང་ཐུལ་ལོ། །ངའི་བཀའ་བསྡུ་བ་བྱེད་པའི་དུས་སུ་ཆོས་ཐམས་ཅད་ཀྱི་དབུར། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཞེས་བྲིས་ཞིག་གཞུག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པ་བྲིས་ཤིག །ངའི་མཛད་པ་ནི་བཅུ་གཉིས་ཀྱིས་རྫོགས་ཏེ། དེ་ལས་གཞན་པ་ནི་མེད་དོ་གསུངས་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ། བྱེ་བྲག་ཏུ་བཤད་པ་ལས་ཀྱང་། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། བྱིས་པ་བསོད་དང་ཀོའུ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉིས་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་གནས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དགའ་བ་སྤྱད་པ་ལོ་དྲུག་སྟེ། ཉི་ཤུས་རྩ་དགུ་ཁབ་ཏུ་གནས། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་བཤད་དོ། །ཕྲན་ཚེགས་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ན་ཚོད་བརྒྱད་ཅུ་ལོན་ཏེ། སྐུ་བགྲེས་ཁོགས་གཏུགས་པར་གྱུར་ཏེ། ཞེས་གསུངས་པ་དང་། གསེར་འོད་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་པས། སྐུ་ཚེ་ནི་བརྒྱད་ཅུ་ཁོ་ན་ཡིན་ལ། ཁ་ཅིག་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟར་རབ་དགའ་འདུལ་བ་ལ་ལོ་རེ་རེ་བཞུགས་པའམ། བྲམ་ཟེ་སུ་ག་ཏྲ་དང་། གསེར་འདོ་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་པས། སྐུ་ཚི་ནི་བརྒྱད་ཅུ་ཁོ་ན་ཡིན་ལ། ཁ་ཅིག་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟ་རབ་དགའ་འདུལ་བ་ལ་ལོ་རེ་རེ་བཞུགས་པའམ། བྲམ་ཟེ་སུ་ག་ཏྲ་དང་། ཁྱིམ་བདག་དཔལ་སྐྱེས་གཉིས་ཀྱིས་གསེར་གྱི་པདྨ་རེ་དང་། ཨུཏྤལ་རེ་ཕུན་ནས་གསོལ་བ་བཏབ་པའི་དོན་དུ་ལོ་གཉིས་ཏེ། བརྒྱད་ཅུ་རྩ་གཉིས་ལ་འདས་པའང་ཟེར། མྱང་འདས་ཆེན་པོའི་མདོ་ལས། དཔྱིད་ཟླ་ཐ་ཆུང་ས་གའི་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་གུང་ཐུན་ལ་འདས་པར་བཤད། ཕྲན་ཚེགས་ཀྱི་འབྲེལ་པར་སྟོན་ཟླ་ཐ་ཆུག་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་གུང་མཐུན་ལ་འདས་པར་བཞེད། སྐུ་གདུང་སྦྱངས་པས། རིང་བསྲེལ་བྲེ་བོ་ཆེ་བརྒྱད་བྱུང་སྟེ། ཆ་བརྒྱད་དུ་བགོས་ཏེ་མཆོད་པ་རྒྱས་པར་བྱས་སོ། །འདུལ་བ་ལུང་ཕྲན་ཚེགས་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པས་མཆོད་པར་ཐོབ། །སྐྱེས་མཆོག་སྐུ་གདུང་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་སོ། །མཆོད་རྟེན་གྲོང་དེ་ཉིད་ཀྱི་ནང་། ལམ་གྱི་བཞི་མདོར་དབྱིབས་ཟླུམ་པོ་བང་རིམ་བཅུ་གསུམ་པ་འཁོར་ལོ་བཅུ་གསུམ་བརྩེགས་པ་བང་རིམ་རེ་རེ་བཞིན་ཕྱོགས་ཕྱོགས་སུ་སྒོ་རེ་རེ་བཏོད་པ་བཞེངས་སོ། །འཁོར་ཕུན་སུམ་ཚོགས་པ། གསུམ་པ་འཁོར་ལ་གསུམ་སྟེ། ཉིད་ལས་མི་ཞན་པའི་འཁོར་དང་། ལྷན་ཅིག་པ་དང་། གོ་ཕྱེ་བའི་འཁོར་རོ། །ཉིད་ལས་མི་ཞན་པའི་འཁོར། དང་པོ་ནི་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་དང་། སྤངས་པ་དང་ཡེ་ཤེས་ཁྱད་པར་མེད་པའི་ཕྱིར་རོ། །ལྷན་ཅིག་པའི་འཁོར། ལྷན་ཅིག་པའི་འཁོར་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་སོ། །བྱང་ཆུབ་སེམས་དཔའ་ལ་གསུམ། ངོ་བོ། །ངེས་ཚིག །དབྱེ་བའོ། །ངོ་བོ་ནི། སྔོན་བྱུང་གི་དུས་ན། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་། བུ་མོའི་གཟུགས་སུ་གདུག་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་སེམས་ལས་རིང་དུ་གྱུར་པའི་རྟེན་གྱི་གང་ཟག་གོ །གཉིས་པ་ངེས་ཚིག་ནི། ལས་ཀྱི་སྒྲིབ་པའི་ཚོགས་བྱང་པ། ལམ་གྱི་ཡོན་ཏན་གྱིས་ཕྱག་པ། གདུལ་བྱ་གཞན་དོན་དུ་སེམས་པའོ། །གསུམ་པ་དབྱེ་བ་ལ་བཞི་སྟེ། མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ། ཐུགས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་བཞིའོ། །དང་པོ་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འགྲོ་བའི་དོན་བྱེད་པས། མོས་པས་སྤྱོད་ཅིང་མོས་པས་བསྒྲུབས་ཏེ། དེ་ཡང་བཀའ་རྒྱས་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཐེག་པ་ཆེན་པོ་ལ་དགའ་བ་དང་། མོས་པ་དང་། དད་པ་དང་། འདུན་པ་རབ་ཏུ་སྐྱེས་སོ། །ཞེས་སོ། །གཉིས་པ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། མ་འབྲེལ་ཁས་ལེན་གྱི་སེམས་མ་བསྐྱེད་པར། ཡང་དག་དོན་གྱིས་སེམས་བསྐྱེད། སྟོང་པ་དང་སྙིང་པོ་དབྱེར་མེད་རྒྱུད་ལ་སྐྱེས་ཏེ། བསྟན་པའི་རྩ་བ་བཙུགས་པའོ། །དེ་ཡང་སྡུད་པ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། ཐ་མ་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས་ཞེས་སོ། །གསུམ་པ་ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ལྔ་སྟེ། ཚོགས་ལམ་གྱི་བྱང་ཆུབ་སེམས་དཔའ། སྦྱོར་ལམ་གྱི། མཐོང་ལམ་གྱི། སྒོམ་ལམ་གྱི། མཐར་ཕྱིན་པའི་ལམ་གྱི་བྱང་ཆུབ་སེམས་དང་ལྔའོ། །བཞི་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བཅུ་སྟེ། གཉིས་པ་དྲི་མ་མེད་པའི། གསུམ་པ་འོད་འཕྲོ་བའི། བཞི་པ་འོད་བྱེད་པའི། ལྔ་པ་སྦྱང་དཀའ་བའི། དྲུག་པ་མངོན་དུ་གྱུར་པའི། བདུན་པ་རིང་དུ་གྱུར་པའི། བརྒྱད་པ་མི་གཡོ་བའི། དགུ་པ་ལེགས་པའི་བློ་གྲོས་ཀྱི། བཅུ་པ་ཆོས་ཀྱི་སྦྲིན་གྱི་བྱང་ཆུབ་སེམས་དཔའ་དང་བཅུའོ། །དེ་རྣམས་ཀྱ་བསྡུ་ན་གཉིས་སུ་འདུས་ཏེ། ས་དང་པོ་ནས་བདུན་པ་མན་ཆད་ལ། རྒྱུའི་བྱང་ཆུབ་སེམས་དཔའ་ཟེར། ས་དང་པོ་དགུ་པ་བཅུ་པ་མན་ཆད་ལ། རྒྱུའི་བྱང་ཆུབ་སེམས་དཔའ་ཟེར། བརྒྱད་པ་དགུ་པ་བཅུ་པ་གསུམ་ལ་གནས་པ་ནི། དག་པ་ས་སུམ་མམ། ས་ཆེན་པོ་ལ་རབ་ཏུ་གནས་པ་འབྲས་བུའི་བྱང་ཆུབ་སེམས་དཔའ་ཟེར་ཏེ། ས་སྙིང་ལ་སོགས་པ་བསྐལ་བཟང་གི་སེམས་དཔའ་བརྒྱད་ལྟ་བུའོ། །དེ་དག་གི་ནང་ནས་ཀྱང་རྟག་ཏུ་ཕྱི་བཞིན་འབྲེང་བའི་འཁོར་ནི་ཁྱད་པར་ཅན་གྱི་སེམས་དཔའ་བཞི་སྟེ། བྱམས་པ། འཇམ་དབྱངས། ཕྱག་རྡོར། སྤྱན་རས་གཟིགས་དབང་ཕྱུག་གོ །དེ་རྣམས་ཐུབ་པ་ཆེན་པོ་ཉིད། བཞེངས་བཞུགས་གཤེགས་གཟིམས་ཀྱི་སྤྱོད་ལམ་ཐམས་ཅད་དུ། བཞེངས་བཞུགས་གཤེགས་གཟིམས་ཀྱི་སྤྱོད་ལམ་ཐམས་ཅད་དུ། ལུས་དང་གྲིབ་མ་བཞིན་རྟག་དུ་མི་འབྲལ་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་དཔའ་བཞི་པོ་དེ། སྐུ་གང་དུ་བཞུགས་ནས་འཕྲིན་ལས་གང་དུ་མཛད་ཅེ་ན། བྱམས་པ་ནི་དགའ་ལྡན་དུ་བཞུགས་ནས་འཕྲིན་ལས་གང་དུ་མཛད་ཅེ་ན། བྱམས་པ་ནི་དགའ་ལྡན་དུ་བཞུགས་ནས་འཕྲིན་ལས་ལྷ་ཡུམ་ན་དར་རོ། །འཇམ་དབྱངས་ནི་རི་ངོ་རྩེ་ལྔར་བཞུགས་ནས་འཕྲིན་ལས་བྱང་ཕྱོགས་ཤམ་བྷ་ལར་བདེ་འཛིན་དར་རོ། །ཕྱག་ན་རྡོ་རྗེ་ནི་ལྕང་ལོ་ཅན་དུ་བཞུགས་ནས་འཕྲིན་ལས་ནུབ་ཕྱོགས་ཨུ་རྒྱན་ན་དར་རོ། །སྤྱན་རས་གཟིགས་ནི་རི་བོ་པོ་ཏ་ལར་བཞུགས་ནས་འཕྲིན་ལས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་དར་རོ། །དེ་རྣམས་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བས། སྔོན་དུ་སངས་རྒྱས་ཟིན་ཀྱང་། ལམ་དུས་འཕགས་པར་གནས་ནས། སྟོན་པའི་བྱ་བ་བྱེད་པ་ལ་འཁོར་གྱི་ཚུལ་དུ་བསྟན་པ་ཡིན་ནོ། །གཉིས་པ་ཉན་ཐོས་ལའང་། ངོ་བོ། །ངེས་ཚིག་དབྱེ་བའོ། །ངོ་བོ་ནི་སྔོན་བྱུང་གི་དུས་ན། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ། དགེ་སློང་གི་དགེ་འདུན་ལྔ་སྟོང་བཞུགས་པ་དེའོ། །དེ་ཡང་མདོ་ལས། དགེ་སློང་གི་དགེ་འདུན་ལྔ་སྟོང་དང་ཐབས་ཅིག་གོ །ཞེས་པའོ། །གཉིས་པ་ངེས་ཚིག་ནི། དུས་བསྐལ་པ་གྲངས་མེད་པར་རྐྱེན་དགེ་བའི་བཤེས་གཉེན་ལ་ཆོས་གཉན་ཞིང་ཐོས་པ་བྱེད་དགོས་པའོ། །དེ་ཡང་སྡུད་པ་ལས། བྱང་ཆུབ་སེམས་དཔའ་མི་འགའ་བསྐལ་བ་བྱེ་བ་གྲངས། །རིང་པར་འདུ་ཤེས་ཡུན་རིང་བར་དུ་སྡུག་བསྔལ་སྒྲུབ། །ཅེས་སོ། །གསུམ་པ་ཉན་ཐོས་ཀྱི་དབྱེ་བ་ལ་བཞི་སྟེ། ཚུལ་རྟགས་འཛིན་པའི་ཉན་ཐོས་དང་། ཞི་བ་འགྲོད་པའི་ཉན་ཐོས་དང་། སྤྲུལ་པའི་ཉན་ཐོས་དང་། གྲུབ་མཐའ་འཛིན་པའི་ཉན་ཐོས་སོ། །དེ་ཡང་ཚུལ་རྟགས་འཛིན་པའི་ཉན་ཐོས་ནི། ཉན་ཐོས་ཀྱི་ཚུལ་ལམ་རྟགས་ཙམ་བཟུང་ནས། དོན་ཐེག་པ་ཆེན་པོ་སྟེ། ཀུན་དགའོ་ལ་སོགས་པའོ། །ཞི་བ་བགྲོད་པའི་ཉན་ཐོས་ནི། ཉན་ཐོས་འགོག་པ་རྣམས་སོ། །སྤྲུལ་པའི་ཉན་ཐོས་ནི། རབ་འབྱོར་དང་། ཤཱ་རིའི་བུ་ལ་སོགས་པོའོ། །དེ་རྣམས་བསླབ་པའི་མཐུན་ཕྱོགས་གཙོ་བོར་གཏོགས་པའོ། །བསླབ་པ་ནི་མི་མཐུན་ཕྱོགས་གཙོ་བོར་སྟོན་པའི་སྤྲུལ་པ་ནི། དབྱེ་ན། ཉན་ཐོས་སྡེ་དྲུག་གང་ཞེ་ན། འཆར་ཀ་འདུལ་ཀ་གཉིས། དགའ་བོ་ཉེར་དགའ་གཉིས། འགྲོ་བཟང་བློ་འགྱོགས་གཉིས་ཏེ་དྲུག་གོ །གྲུབ་མཐའ་འཛིན་པའི་ཉན་ཐོས་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་གཉིས་སོ། །དེ་ཡང་མངོན་རྟོགས་ལས། རབ་རྒྱུད་ཟབ་མོའི་ཆོས་ལ་སྐྲག །སྙོམས་འཇུག་གསུམ་གྱིས་ཞི་བ་བགྲོད། །རབ་འབྱོར་ལ་སོགས་སྤྲུལ་པ་བ། །གྲུབ་མཐའ་འཛིན་པ་རྣམ་གཉིས་ཏེ། །བྱེ་བྲག་སྨྲ་དང་མདོ་སྡེ་བ། ཕྱི་རོལ་རྡུལ་ལ་རབ་ཏུ་བརྩོད། །ཅེས་སོ། །དེ་རྣམས་སྟོན་པ་བཞུགས་པའི་ཚེ། ཞལ་མཐོང་གསུང་ཐོས་ཏེ། དངོས་སུ་བཀའ་ལ་གནས་པས་ལྷན་ཅིག་པའི་འཁོར་ཅེས་སོ། །གོ་ཕྱེ་བའི་འཁོར། གསུམ་པོ་གོ་ཕྱེ་བའི་འཁོར་ནི། སྟོན་པ་སྐུ་མྱ་ངན་ལས་འདས་ནས། སྟོན་པའི་བསྟན་པ་ལ་བཞུགས་ཏེ། བཀའ་རྗེས་སུ་སྒྲུབ་ཅིང་གསུང་དང་དུ་ལེན་པ་རྣམས་སོ། །བསྟན་པ་ཕུན་སུམ་ཚོགས་པ། བཞི་པ་བསྟན་པ་ནི། རྒྱས་པར་ཉོམ་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒྲོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ལ། འབྲིང་དུ་ཉོན་མོངས་པ་ཕྲ་རགས་བཅུ་གཉིས་ལ་དགོངས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་སུ་གསུངས་ཤིང་། བསྡུས་པར་ཉོན་མོངས་པ་དུག་གསུམ་འདུལ་བའི་གཉེན་པོར། སྡེ་སྣོད་གསུམ་དུ་བསྟན་པའོ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཚོལ། དང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ནི། །ཀུན་བྱེད་ལས། འདོད་ཆཊའདུལ་བའི་གཉེན་པོར་གསུངས་པ་ནི། འདུལ་བའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་གསུངས། གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོར་ནི། །སྡེ་སྣོད་གསུམ་ལས་ཉིས་ཁྲི་ཆིག་སྟོང་གསུངས། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དུག་གསུམ་གཉེན་པོས་འདུལ་ཕྱིར་གསུངས་པ་ཡིན། །ཅེས་པ་དང་། ལྷ་མོ་བཞིས་ཞུས་པའི་མདོ་ལས་ཀྱང་། སེམས་ཅན་ཉོན་མོངས་པ་འདོད་ཆཊ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་ཡོད་པས། དེའི་གཉེན་པོར་གདུལ་བྱ་ལ་འདུལ་བས་མི་སྡུག་པ་བསྒོམ་ཐབས་ཉིས་ཁྲི་ཆིག་སྟོང་བཀའ་སྩལ། ཉོན་མོངས་པ་ཞེ་སྡང་ལ་ནང་མི་མཐུན་པ་ཉིས་ཁྲི་ཆིག་སྟོང་ལ། དེའི་གཉེན་པོར་མདོ་སྡེ་ལས་བྱམས་པ་བསྒོམ་ཐབས་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར། མངོན་པ་ལས་རྟེན་འབྲེལ་བསྒོམ་ཐབས་ཉིས་ཁྲི་ཆིང་སྟོང་བཀའ་སྩལ། དུག་གསུམ་ཆ་མཉམ་པ་ལས་གྱུར་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་ཁམས་ཀྱི་རབ་ཏུ་དབྱེ་བ་ཉིས་ཁྲི་ཆིག་སྟོང་བཀའ་སྩལ་ཏོ། །ཞེས་པ་དང་། མདོ་ལས་ཀྱང་། འདོད་ཆགས་ཤས་ཆེ་མི་སྡུག་ཤ་ཚིལ་དང་། པགས་པ་སྟེང་རུས་བལྟས་པས་རྣམ་པར་གྲོལ། །ཞེ་སྡང་མེ་ལ་བྱམས་པའི་ཆུ་ཡིས་བསད། གཏི་མུག་ལ་་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་པ་དང་། ལྷའི་མདོ་ལས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཞེས་གསུངས་སོ། །ཆོས་ཀྱི་སྒོ་མོ་འམ། ཕུང་པོ་ཞེས་བྱ་བ་ནི། ལ་ལ་ན་རེ། ས་རྡོ་རི་བྲག་ཐམས་ཅད་ལ་ཤོག་བུ་བྱས། རྩི་ཤིང་ནགས་ཚལ་ཐམས་ཅད་ལ་སྨྱ་གུ་བྱས། ཆུ་ཐམས་ཅད་ཀྱིས་སྣག་ཚ་བྱས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཡིག་མཁན་བྱས་ནས་བྲིས་པ་ཙམ་ཞིག་ལ་ཆོས་ཀྱི་ཕུང་པོ་གཅིག་ཟེར་རོ། །ཁ་ཅིག་ན་རེ། རྟ་ཁལ་བརྒྱ་ལ་གླང་ཆེན་ཁལ་གཅིག །གླང་ཅེན་གྱི་ཁལ་བརྒྱ་ལ་རབ་བརྟན་གྱི་གཅིག་དེ་ལྟ་བུ་བརྒྱ་ལ་ཆོས་ཀྱི་མོའམ་ཕུང་པོ་གཅིག་ཟེར་ཏེ། ཐོག་མཐའ་གཉིས་ནི། སྔ་མ་མངས་ལ་ཕྱི་མ་ཉུང་བས་བརྒྱད་ཁྲི་བཞི་སྟོང་གི་གྲངས་རྩིར་མ་བཏུབ་པར། སྔ་མ་མངས་ལ་ཕྱི་མ་ཉུང་བས་བརྒྱད་ཁྲི་བཞི་སྟོང་གི་གྲངས་རྩིར་མ་བཏུབ་པར། སྔ་མ་ལ་སྒོ་མོ་གཅིག་ལས་མི་འོང་། ཕྱི་མ་ལ་ཚིག་ལེའུར་བྱས་པ་བྱེ་བ་ཕྲག་བརྒྱ་དང་། འབུམ་ཕྲག་བཞི་བཅུ་ལས་མེད་པས། ཆོས་ཚོ་མི་འདུས་སོ། །དེ་བས་ན་བར་མ་ལ་བྱའོ། །ཡང་ན་ཆོས་ཀྱི་སྒོ་མོ་ནི། ཤོ་ལོ་ཀ་ལ་སོགས་བུངས་ལ་མི་བྱ་བར། ཆོས་ཀྱི་ནང་རིགས་མི་འདྲ་བ་རེ་ལ་བྱའམ་དཔྱད་དེ། ཉོན་མོངས་པ་གང་སྐྱེས་རེའི་གཉེན་པོར་གང་འགྲོ་ཞིག་ལ་ཆོས་ཀྱི་སྒོ་མོ་གཅིག་བྱ་སྐད་དོ། །གཞི་མ་གང་ལ་བཞག་ཀྱང་། དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པས་བརྒྱ་ཕྲག་བཅུ་ལ་སྟོང་། སྟོང་ཕྲག་བཅུ་ལ་ཁྲི། ཕྲི་ཕྲག་བརྒྱད་དང་སྟོང་ཕྲག་བཞི་ལ་བརྒྱད་ཁྲི་བཞི་སྟོང་ཞེས་བྱའོ། །གསུང་རབ་ཡན་ལག་བཅུ་གནིས་སུ་འདུས་ཚུལ། གཉིས་པ་ནི། བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གསུང་རབ་ཡན་ལག་བཅུ་གཉསི་སུ་འདུས་ཏེ། ཀུན་བྱེད་ལས། མདོ་སྡེ་ལ་ཡང་བཤད་ལུགས་བཅུ་དང་གཉིས་སོ་སོར་དབྱེ་བའི་དོན་དུ་བསྟན་པ་ཡིན། ཞེ་པ་དང་། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་བཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དག གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་སོ། །དེ་ལ་མདོའི་སྡེ་ནི་པའི་དོན་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པའོ། །དེ་ཅིའི་ཕྱིར་ཕྱེ་སྟེ་མ་གསུངས་ཞེ་ན། ཀུན་ལས་བཏུས་སུ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱི་ཆོས་སྟོན་ཏེ། རྣམ་པར་བཞག་སླ་བ་དང་། བཤད་སླ་བ་དང་། གཟུག་སླ་བ་དང་། ཆོས་ལ་གུས་པས་མྱུར་ཏུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་ཏུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་མདོ་སྡེ་དེ་ཉིད་དུ་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའམ། དྲངས་པའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་ནི་ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་། འབྱུང་བ་ལུང་སྟོན་པ་དམ་པའི་ཆོས་པདྨ་དཀར་པོ་ལྟ་བུའམ། ཡང་ངེས་པའི་དོན་གྱི་མདོ་སྡེ་ནི། དེས་རྣམ་པར་ཕྱེས་ནས་དགོངས་པ་ལུང་སྟོན་པའི་ཕྱིར་ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་ནི་ཚིགས་བཅད་དུ་སྦྱར་ནས་གསུངས་པ་སྟེ། དེ་ནི་བཅའ་བ་གཉིས་པ། དགེ་སློང་འདི་ནི་སྟོན་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། ཅེས་པ་ལྟ་བུ་དང་། བཅའ་བ་གསུམ་པ། འདི་ནི་བདག་གི་སེམས་ཅན་མེད། །སྲོག་ཀྱང་ཡོད་པ་མ་ཡིན་ཏེ། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་པ་ལྟ་བུ་དང་། བཅའ་བ་བཞི་པ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ལྟ་བུ་དང་། བཅའ་བ་ལྔ་པ་དང་བཅའ་བ་དྲུག་པ་འདི་དག་འཁྲུལ་པའི་སྣང་བ་སྟེ། རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་པའི་གཉིད་སད་ན། །འཁོར་བ་རྣམས་ནྱི་དམིགས་སུ་མེད། །དེ་ཡི་ཕྱིར་ན་འགའ་ཞིག་ལ། །བློ་སྐྱེ་མེད་པ་སངས་རྒྱས་ཡིན། །ཞེས་པ་ལྟ་བུའོ། །ཆེད་དུ་བརྗོད་པའི་སྡེ་ནི་རྣམ་བཤད་རིག་པར། གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། ཞེས་སོ། །གང་ཡིད་རངས་ནས་བརྗོད་པ་སྟེ། དཔེར་ན། ཐུབ་པས་སྣོད་བཅུད་ཀྱི་ཞིང་སྦྱངས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུལ་བ་ནི་ལེགས་སོ། །ཞི་བ་ནི་ལེགས་སོ། །གསུངས་པ་ལྟ་བུའོ། །གླིང་བཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་ལྟ་བུའོ། །གླེང་བཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང་། བྱུང་བ་དང་བཅས་པའི་བསླབ་པ་བཅསཔ་གསུངས་པ་དེ་ནོར་ཅན་ལ་མ་བྱིན་ལེན་གྱི་བསླབ་པ་བཅསཔ་ལྟ་བུའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་གསུངས་པ་སྟེ། དེ་དོན་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་བྱུང་བའི་སྡེ་ནི། སྔོན་གྱི་སྦྱོར་བ་དང་ལྡན་པ་སྟེ། ཀེ་མོ་གོའུ་ཏ་མའི་གཏམ་རྒྱུད་ལྟ་བུའོ། །སྐྱེས་པ་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་སྟེ། ཐམས་ཅད་སྒྲོལ་གྱི་རྣམ་ཐར་ལྟ་བུའོ། །ཤིན་ཏུ་རྒྱས་པའི་སྡེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་དང་། རྒྱས་པ་དང་། རྒྱ་ཆེ་བ་དང་། ཟབ་པའི་རྣམ་པར་ཆོས་སྟོན་པའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ཅད་རྣམ་པར་འཐག་པས་རྣམ་པར་འཐག་པ་ཞེས་བྱའོ། །གཞན་དང་མཚུངས་པ་མེད་པས་མཚུངས་བྲལ་ཞེས་བྱའོ། །ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །རྨད་དུ་བྱུང་བའི་སྡེ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི། གོང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་མདོ་ལ་སོགས་པའི་དོན་བཤད་པའོ། །སྡེ་སྣོད་གསུམ་དུ་འདུས་ཚུལ། གསུམ་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱང་སྡེ་སྣོད་གསུམ་དུ་འདུས་ཏེ། དེ་ཡང་། ཐེག་པ་ཆེན་པའི་ལུགས་དང་། ཆུང་ངུའི་བསྡུ་ལུགས་དང་། ཐུན་མོང་གི་བསྡུ་ལུགས་གསུམ་ལས། ཐ་མ་ལྟར་ན། དང་པོར་མདོ་དང་། དབྱངས་བསྙད། ལུང་བསྟན། ཚིགས་བཅད། ཆེད་བརྗོད་ལྔ་ནི་འདུལ་བ། དེ་འོག་གླེང་བཞིའི་སྡེ་དང་། རྟོགས་བརྗོད། དེ་བྱུང་སྐྱེས་པ་རབས། རྒྱས་དང་། རྨད་བྱུང་དྲུང་པོ་མདོ་སྡེ་ཐ་མ་གཏན་ལ་ཕབ་པའི་སྡེ་མངོན་པར་འདུས་པའོ། །དེས་ན་ཉོན་མོངས་པ་དུག་གསུམ་དུ་བསྟན་པས། དེ་འདུལ་བའི་གཉེན་པོར་སྡེ་སྣོད་གསུམ་དུ་བསྟན་པ་སྟེ། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་གསུམ་བྱུང་། །དེ་དག་འདུལ་བའི་གཉེན་པོར་སྡེ་སྣོད་གསུམ། །ཞེས་པས། ཉོན་མོངས་པ་དུག་གསུམ་པོ་དེ་དག་འདུལ་བའི་གཉེན་པོར་སྡེ་སྣོད་རིན་པོ་ཆེ་གསུམ་གསུངས་ཏེ། དེ་ཡང་སྡེ་ནི་བརྗོད་བྱའི་སྡེ་ལ། སྣོད་ནི་དེ་བསྡུས་པའི་ཕྱིར་ཏེ། དཔེར་ན་ནས་སྡུད་པའི་སྣོད་ལ་ནས་སྣོད་ཅེས་བརྗོད་པ་བཞིན་ནོ། །གསུམ་པ་ནི་གྲངས་ངེས་པ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོར་སྟོན་པ་འདུལ་བ་དང་། ལྷག་པ་ཏིང་ངེན་འཛིན་གྱི་བསླབ་པ་གཙོར་སྟོན་པ་མདོ་སྡེ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པ་མངོན་པའོ། །དེ་ཡང་འདུལ་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན། ལུང་དང་ངེས་པར་འབྱུང་བ་དང་། །བཅའ་བཞི་དང་ནི་རབ་འབྱེད་དང་། །དེ་ཉིད་འདུལ་བ་ཉིད་སྤྱོད་པའོ། །ཞེས་པའོ། །མདོ་སྡེ་ཞེས་ཅིའི་ཕྱིར་བྱ་ཞེ་ན། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྟོན་པས་མདོ་སྡེར་བཤད། །ཅེས་པའོ། །མངོན་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། མངོན་དུ་བྱ་ཕྱིར་ཡག་ནས་ཡང་། །ཟིལ་གནོན་རྟོགས་པས་མངོན་པའི་ཆོས། །ཞེས་པས་སྡེ་སྣོད་གསུམ་གྱི་ངེས་ཚིག་གོ །དེ་ལྟར་སྤྲུལ་སྐུའི་བསྟན་པ་འདི་ཉིད་ནི། ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་ཏེ། གསག་བ་རིག་པ་བཀོད་པ་ལས། སྤྲུལ་སྐུའི་སྡེབ་སྦྱོར་ལེགས་པར་གསུངས་པའི་ཚེ། །མཐུན་དཔེ་རང་ལ་གནས་པའི་དུས་ན་ཡིན། །ཅེས་པ་དང་། གསང་བའི་སྙིང་པོ་ལས། དཔེར་ན་དེ་བཞིན་སྦྲིད་སངས་བཞིན། གསུང་བའི་སྙིང་པོ་ལས། དཔེར་ན་དེ་བཞིན་སྦྲིད་སངས་བཞིན། གསུང་གཅིག་སྒྲ་ཡིས་སོ་སོར་གོ །ཞེས་པས། སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་གཅིག་ལས་མ་གསུངས་ཀྱང།ལྷ་དྔ་མི་དང་ལྷ་མི་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཀྱིས་རང་རང་གི་སྐད་དུ་གོ་ནས་ནི། གསུང་གཅིག་དུ་མའི་སྐད་དུ་ཆོས་སྟོན་པ། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ངོ༌། ། དུས་ཕུན་སུམ་ཚོགས་པ། ལྔ་པ་དུས་ནི་སྤྱིར་བསྐལ་པ་བཟང་པོ་འདི་ལ་དུས་བཞི་རུ་བྱུང་སྟེ། སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་དུས་སུ། སེམས་ཅན་རྣམས་ལ་མ་བསླབ་པར་དགེ་བ་བཅུ་ངང་གིས་རྫོགས་པས་ན། རྫོགས་ལྡན་གྱི་དུས་ཞེས་ཟེར་རོ། །དེ་ནས་བར་གྱི་བསྐལ་པ་གསུམ་ནས། གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས། དགེ་བ་བཅུ་ལས་ལུས་ངག་ཡིད་གསུམ་གྱི་ཆ་ཕྲ་བ་བདུན་ཡལ་ནས། ལུས་ཀྱི་ལས་སྲོག་གཅོད་པ་དང་། ངག་གི་ལས་ཚིག་རྩུབ་པ་དང་། སེམས་ཀྱི་ལས་གནོད་སེམས་རགས་པ་འདི་གསུམ་ངང་གིས་སྤོང་བས། གསུམ་ལྡན་གྱི་དུས་ཞེས་ཟེར་རོ། །དེ་ནས་རབ་གྱི་བསྐལ་པ་གསུམ་ནས། སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན། དེའི་དུས་སུ་སེམས་ཅན་གྱི་བསོད་ནསམ་བྲི་བས། ལུས་ཀྱི་སྲོག་གཅོད་པ་དང་། ངག་གི་ཚིག་རྩུབ་སྟེ་རགས་པ་འདི་གཉིས་ངག་གིས་སྤོང་བས། གཉིས་ལྡན་གྱི་དུས་ཞེས་ཟེར་རོ། །དེ་གསུམ་གྱི་དུས་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྡེ་སྣོད་གསུམ་རྒྱས་པར་གསུངས་ཏེ། དེ་དག་གི་སྒོ་ནས་བྱང་ཆུབ་ཐོབ་པར་མཛད་དོ། །དེ་ནས་བར་གྱི་བསྐལ་པ་གཅིག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན། དེའི་དུས་ཀྱི་སྣིགས་མ་ལ་སོགས་པ། སྙིགས་མ་ལྔ་དང་། མི་དགེ་བ་བཅུ་སྤྱོད་པ་བྱུང་བས་ན། རྩོད་ལྡན་གྱི་དུས་ཞེས་ཟེར་ཏེ། ཚེ་ལོ་ནི་བརྒྱད་པ། ལྔ་བརྒྱ་པ་ཕྲག་དང་པོའོ། །གསང་སྔགས་རྡོ་རྗེ་ཐེག་པ་རྣམས་ཀྱང་འདིའི་དུས་སུ་འབྱུང་བར་གསུངས་སོ། །

 

 

སྤྱི་དོན་གསུམ་པ། བསྟན་པ་རིན་པོ་ཆེ་རྒྱ་གར་དུ་རྒྱས་ཚུལ།

 

སྤྱི་དོན་གསུམ་པ་བསྟན་པ་རིན་པོ་ཆེ་རྒྱ་གར་དུ་རྒྱས་ཚུལ་ལ་གཉིས་ཏེ། མཚན་ཉིད་རྒྱུའི་ཐེག་པ་དང་། གསང་སྔགས་བུའི་ཐེག་པའོ། །མཚན་ཉིད་རྒྱུའི་ཐེག་པ། དང་པོ་ལ་གསུམ་སྟེ། དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཀའ་བསྡུ་བ་མཛད་ཚུལ་དང་། མཁས་པ་པཎྜི་ཏ་རྣམས་ཀྱིས་བསྟན་བཅོས་བརྩམས་ཚུལ། ཐེག་པ་གོང་འོག་གི་ཤན་དབྱེ་ཞིང་དེ་དག་གི་ཁྱད་པར་བསྟན་པའོ། །དང་པོ། དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཀའ་བསྡུ་བ་མཛད་ཚུལ། དང་པོ་བཀའ་བསྡུ་བ་མཛད་ཚུལ་ནི། དེ་ཡང་བཀའ་ཞེས་བྱ་བ་ནི། གོང་གང་གི་ཡང་མ་ཆོད་ཅིང་། མཐོ་ལ་གཉན་པས། སངས་རྒྱས་ཀྱིས་འཁོར་རྣམས་ལ་མར་བཀའ་གསལ་དུ་གསུངས་པའི་ཕྱིར་ན། །བཀའ་ཞེས་བྱ་སྟེ། གང་ཟག་ཆེན་པོ་ཞིག་གིས་གསུངས་པའི་ཕྱིར་ན། བཀའ་ཞེས་བྱ་སྟེ། གང་ཟག་ཆེན་པོ་ཞིག་གིས་གསུངས་པ་ཡིན་ནོ། །བཀའ་ལ་དབྱེ་ན་གསུམ་སྟེ། ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའོ། །དང་པོ་ཞལ་ནས་གསུངས་པའི་བཀའ་ནི། སྡུད་པའམ། མཚན་བརྗོད་ལྟ་བུའོ། །རྗེས་སུ་གནང་བའི་བཀའ། སངས་རྒྱས་སྐུ་ཡོངས་སུ་མྱ་ངན་ལས་འདའ་ཁར། ཀུན་དགའ་བོས་ཞུ་བ་བཞི་དྲིས་པའི་དུས་སུ། བཀའ་བསྡུ་བ་བྱེད་པའི་དུས་སུ། །འགོར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དང་། བར་དུ་དྲིས་ལན་དང་། ཐ་མར་རྗེས་སུ་ཡིད་རངས་བ་བྲིས་ཤིག་གསུངས་པ་ལྟ་བུའོ། །བྱིན་གྱིས་བརླབས་པའི་བཀའ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་བཀའོ། །དེ་ལ་སྐུས་གྱིས་བརླབས་པའི་བཀའ་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་སངས་རྒྱས་ཀྱི་ཕྱག་བཞག་པས། རྣམ་གྲོལ་ཟླ་བ་མདོ་སྡེ་ས་བཅུ་པ་བཤད་ནུས་པ་ལྟ་བུའོ། །གསུང་ནི་སངས་རྒྱས་ཀྱིས། རབ་འབྱོར་ཁྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྤོབས་པར་བྱོས་ཤིག་ཅེས་པས། འཆད་ནུས་པའམ། དངོས་སུ་མཚོན་ན་སངས་རྒྱས་ཀྱིས་མོའུ་འགལ་གྱི་བུ་ལ། ཤཱཀྱའི་རིགས་རྒྱུད་ཤོད་ཅིག་ཅེས་གསུངས་པས། མདོ་སྡེ་མངོན་པར་འཡྦུང་བ་བཤད་ནུས་པ་ལྟ་བུའོ། །ཐུགས་ཀྱི་བྱིན་གྱིས་བརླབས་པ་ནི། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྤྱན་རས་གཟིགས་བཤད་པ་པོར་བྱིན་གྱིས་བརླབས། ཤཱ་རིའི་བུ་ཐན་པ་པོར་བྱིན་གྱིས་བརླབས་ནས། ཤེས་རབ་སྙིང་པོ་བཤད་པ་ལྟ་བུའོ། །དེ་ལྟར་སྟོན་པ་མྱ་ངན་ལས་འདས་ཙམ་ན། སྡེ་སྣོད་གསུམ་དུ་བསྡུས་པ་དང་། གཞུང་ཚིག་དང་ཡི་གེར་བཀོད་པ་མེད་དེ། ཐེག་པ་ཆེན་པོའི་ཆོས་བྱིན་གྱིས་བརླབས་ནས་བཤད་པ་ཡིན་ནོ། །དེ་ནས་མྱ་ངན་ལས་འདའ་ཁར་ཀུན་དགའ་བོ་བོས་ནས། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས། ཆོས་ཐམས་ཅད་སྡེ་སྣོད་གསུམ་དུ་སྡུས་ཤིག་ཅེས་གསུངས་ཏེ། འོ་ན་ཀུན་དགའ་བོ་ལ་དེ་སྐད་གསུངས་པ་ཅི་ཞེ་ན། ཀུན་དགའ་བོ་ཐོས་པ་འཛིན་པའི་ཉེ་གནས་ཡིན་ཏེ། དེ་ཡང་སངས་རྒྱས་དགུང་ལོ་ལྔ་བཅུ་བཞེས་ནས་ཉེ་གནས་གཅིག་འདོད་ནས་ཡོད་པ་ལ། མོའུ་འགལ་གྱི་བུ་ལ་སོགས་པས། ཉེ་གནས་བདག་ཅིག་གིས་བྱའམ་ཞུས་པས་མ་གནང་སྟེ། ཀུན་དགའ་བོ་ལ་སྤྱན་ཀྱིས་གཟིགས་པས། དེར་ཐམས་ཅད་ཀྱིས་ཀུན་དགའ་བོ་ལ་ཉེ་གནས་གྱིས་བྱས་པས། བྱེ་མ་བཏུབ། ནན་ཏན་དུ་སྨྲས་ནས། རྩི་གསུམ་བཟུང་སྟེ་ཟས་ལྷག་མི་ཟ་བ། གོས་ལྷག་མི་གྱོན་པ་དང་། ཅི་དྲིས་པའི་ལན་སྟེར་བ་དང་གསུམ་རྩིས་སུ་བཟུང་ནས། ཉེ་གནས་ལོ་ཉིས་ཤུ་རྩ་གཉིས་བྱས་པའི་ཕྱིར་རོ། །བཀའ་བསྡུ་བ་དང་པོ་མཛད་ཚུལ། དེ་ལས་ཁྱད་པར་རམ། བྱེ་བྲག་ཏུ་བསྡུ་ཚུལ་བསྟན་པ་ནི། བཀའ་བསྡུ་བ་རྣམ་པ་གསུམ་ལས། བསྡུ་བ་དང་པོ་ནི། སངས་རྒྱས་འདས་བའི་ཕྱིར། བཀའ་ཡི་བསྡུ་བ་དང་པོ་མཛད་དོ། །གནས་གང་དུ་བསྡུ་ཞེས་བགྲོས་པ་ལས། དེར་ཁ་ཅིག་ན་་རེ་རྩ་མཆོག་ཏུ་བྱ་ཟེར་བ་ལ། དེར་སྔོན་སངས་རྒྱས་འདས་པའི་ཤུལ་ཡིན་ཏེ། འདས་པ་རྒྱུས་མེད་པ་ཀུན་གྱིས་དེ་ཡི་ལོ་རྒྱུས་ཐོས་ན་དེ་དག་མྱ་ངན་བྱེད་པ་དང་། སེམས་གཡེང་བ་དང་སྙིང་མི་དགའ་ཟེར། ཡང་ཁ་ཅིག་ན་རེ་རྡོ་རྗེ་གདན་གྱི་ཙ་ན་ཡུལ་ཉམས་དགའ་བྱ་བ་ཡོད་དོ། །དེ་ནི་སྟོན་པ་ཆོས་ཀྱི་སྐུ་བརྙེས་པ་དང་། བཀྲ་ཤིས་པའི་གནས་ཡིན་པས་དེར་བྱའམ། རུང་པ་དག་རྒྱལ་པོ་གསང་བའི་བྲག་ཕུག་ཏུ་རུང་པ་ཡིན་ཏེ། དེ་ན་ཡོད་བདག་མེད་བྱས་པས། འོ་ན་ཡུལ་མ་ག་དྷའི་ཐུབ་པ་ལུས་འཕགས་མོའི་གླིང་ན། སངས་རྒྱ་ཀྱི་བསྟན་པ་ལ་དད་པའི་རྒྱལ་པོ་མ་སྐྱེས་དགྲ་བྱ་བ་ཡོད་པས། དེ་ལ་སྦྱིན་བདག་བཅོལ་ལ་བཀའ་བསྡུ་བ་བྱའོ་བྱ་བ་ཡོད་པས། དེ་ལ་སྦྱིན་བདག་བཅོལ་ལ་བཀའ་བསྡུ་བ་བྱའོ་ཞེས་ཟེར་ནས། ཀུན་དགའ་བོས་ལྗོངས་རྒྱུ་བཞིན་བཞུད། འོད་སྲུངས་ཀྱིས་ལམ་དྲང་པོར་བཞུད་པས། རྒྱལ་པོ་མ་སྐྱེས་དགྲ་དང་འཕྲད་ནས། གར་འགྲོ་དྲིས་པ་དང་། སངས་རྒྱས་ནི་འདས། ད་ཆོས་ཀྱི་བསྡུ་བ་བྱེད་པ་ཡིན་ཞེས་སྨྲས་པས། དེར་རྒྱལ་པོ་གླང་པོ་ཆེའི་ཁ་ནས་ལྷུང་སྟེ་བརྒྱལ་ལོ། །དེ་ནས་བརྒྱལ་སངས་པ་དང་མ་འགགས་པས་སེམས་གསོས་ནས། སངས་རྒྱས་མྱ་ངན་ལས་འདས་བྱ་བ་མེད་དེ། ཉན་ཐོས་ལ་སོགས་པའི་སྣང་ངོ་ལ་འདའ་བའི་ཚུལ་བསྟནཔ་ཡིན་བྱས་པས། འོ་ན་འོ་སྐོལ་རྣམས་ལ་མཆོག་པའི་གནས་སམ། རྟེན་མེད་པས་ཇི་ལྟར་བྱ་ཞེས་དྲིས་པ་དང་། དེ་དེའི་བཀའ་བགྲོས་བསྡུ་བ་ཙམ་ཞིག་བྱེད་པ་ཡིན་པས། དེ་ལ་རྩ་མཆོག་ཏུ་ཡང་མ་རུང་། འོད་མའི་ཚལ་དུ་བྱ་སྙམ་པས་ཀྱང་། སྔོན་སྟོན་པས་ཆོས་གསུངས་པའི་གནས་ཡིན་པས་དེར་ཡང་སྙིང་མ་དགའ། རུང་པ་དག་ནི་ནྱ་གྲོལ་དྷ་ཞེས་པ་རྒྱལ་པོའི་ཁབ་གསང་བའི་བྲག་ཀྱང་ཟེར་ལ། ལྷ་མ་ཡིན་གྱི་ཕུག་ཀྱང་ཟེར་བ་དེར་འོས་ལ་རུང་པ་ཡིན་ཏེ། དེ་ན་ཚུལ་སྦྱོར་མཁན་མེད་པས། ད་ཡུལ་མཉམ་ཀར་འགྲོའམ་སྙམ་བྱས་པས། མ་སྐྱེས་དགྲ་ན་རེ། འོ་ན་གསང་བའི་བྲག་ཕུག་ཏུ་འདེང་ངོ༌། །ཚུལ་སྦྱོར་བའི་ཡོན་བདག་བདག་གིས་བྱ་ལ། དབྱར་ཟླ་བ་གསུམ་གྱི་འཚོ་བ་དང་གནས་མལ་སྦྱར་གྱིས་དེར་གཤེགས་པར་ཞུའོ། །ལར་སངས་རྒྱས་དང་། ཤཱ་རིའི་བུས་ཀྱང་ང་ལ་དྲིས་པར་མྱ་ངན་ལས་འདས། འཕགས་པ་འོད་སྲུངས་ལ་སོགས་པ་ཁྱེད་རྣམས་ཀྱང་། མྱ་ངན་ལས་མི་འདའ་བའི་དབང་ཡོད་པ་ཡིན་པས། རྒྱ་ལ་འདའ་མ་ཡང་ང་ལ་མ་དྲིས་པར་མི་འདའ་བར་ཞུའོ་ཞེས་པ་དང་། འདོ་སྲུངས་ཀྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ། ད་རུང་སྐུ་མ་འདས་པར་རི་བོ་བཞིའི་བར་ན་ཏིང་ངེ་འཛིན་ལ་བཞུགས་ཏེ། ལན་ཅིག་བྱམས་པ་བྱོན་ཙ་ན་ཆོས་གོས་ལ་སོཊ་པ་གསོལ་ནས། སྔར་གྱི་ཚུལ་བཞིན་དུ་བཞེངས་ནས་སེམས་ཅན་གྱི་དོན་ཡང་བྱེད་པ་ཡིན་ནོ། །དེ་ནས་བ་ལང་བདག་གྲོངས་པས་དགྲ་བཅོམ་པ་ལྔ་བརྒྱ་ཡང་མ་ཐེམས་ནས། ཡང་གྲོས་བྱས་པས། སངས་རྒྱས་ཞལ་བཞུགས་ཙ་ན་ཀུན་དགའ་བོ་ལ་སྡུད་པ་པོ་གཏད་པས། ཀུན་དགའ་བོ་འོས་སམ་ཞེས་བགྲོས་པ་དང་། ཀུན་དགའ་བོ་ནི་བསླབ་པ་རྒྱུན་དུ་ཞུགས་པ་ཡིན་པས། དགྲ་བཅོམ་པ་ཡང་མ་ཐོབ་བམ་སྙམ་ཡོད་ཙ་ནས། ཁོ་ནི་འདིར་འོང་ཡང་མི་འོང་ལ་བྱུང་ཡང་ཆོས་ཀྱི་བསྡུ་བ་མི་མཛད་པར་གཟིགས་ཏེ། དེ་ཐམས་གང་གིས་འབྲས་བུ་ཐོབ་ཏུ་གཞུག་སྙམ་ནས་མངོན་ཤེས་ཀྱིས་གཟིགས་པས་ཁོ་ལ་གསོལ་བ་བཏབ་པས་མི་ཕན་ཏེ། རྒྱ་གད་བྱས་པས་ཕན་པར་གཟིགས་ནས། འོང་སྲུངས་ལ་དེ་སྐད་ཞེས་སྨྲས་པ་དང་། དེ་ལ་འོད་སྲུངས་ཀྱིས་སྤྱོ་བ་བརྒྱད་གསུངས་པ། རྙོག་ཅན་ཆུ་བླུད་བཟའ་རྡོག་གིས་བརྫིས། ལན་ལོག་བཏབ་དང་སྐུ་བསྟན་དང་། གསང་བ་བསྟན་དང་བསྙེན་རྫོགས་ཞུས། །བཞུགས་ཞེས་གསོལ་བ་མ་བཏབ་དང་། །བག་ཡངས་མ་ཞུས་སྤྱོ་བ་བརྒྱད། །ཀུན་དགའ་བོ་ནི་ཁྱོད་ཀྱིས་ཉེས། །ཞེས་དང༌། ཉོན་མོངས་པ་ཅུང་ཟད་ཀྱང་མ་སྤངས་པའི་ཀུན་དགའ་བོ་ཁྱོད། རང་མཆོག་འདུས་པའི་ནང་དུ་མ་འདུག་པར་ལོངས་ཤིག ཅེས་དྲག་ཏུ་སླར་མ་སྨྲས་པས། དེ་ནས་མ་འགགས་པས་འོད་སྲུངས་མ་སྨྲས་པ། ཀུན་དགའ་བོ་མེད་ན། བདག་ཅག་གིས་མདོའི་དོན་ཡང་ཇི་ལྟར་འདོན། འོད་སྲུངས་ན་ཏེ། འདི་རྒྱ་ལ་མདོའི་དོན་ཤེས་པའི་ཡོན་ཏན་དང་། ལྡན་དུ་ཟིན་ཡག་འདི་ནི་འདོད་ཆགས་མ་སྤངས་པས་བསླབ་པ་རྒྱུན་དུ་ཞུགས་པ་སྟེ། སྲིད་པར་མི་འོས་སོ་ཞེས་སྨྲས་པ་དང་། དེ་ནས་ཀུན་དགའ་བོ་དགེ་འདུན་གྱི་གསེབ་ནས་མེ་དགའ་བཞིན་ཕྱིར་འགྲོ་བ་ལ། མ་འགགས་པས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཉོན་མོངས་པ་སྤོངས་དང་། ཕྱིས་འབྲས་བུ་ཐོབ་ནས་བདག་ཅག་གི་དཔོན་དུ་བྱའོ་ཞེས་སྤྲོ་བ་བསྐྱེད་ནས་ནས་བཏང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཡུལ་བྷྲི་རྫི་ཞེས་པའི་ས་ཕྱོགས་སུ་ཕྱིན་ཏེ། ཁྱིམ་བདག་སྤོང་བྱེད་ཕ་སྤད་རབ་ཏུ་བྱུང་ནས་ཆོས་བསྟནཔས། སྤོང་བྱེད་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་། སྤོང་བྱེད་ཀྱང་མཁན་པོ་ལ་རྟོག་པ་ཞུགས་ཏེ། བདག་ཅག་གི་སྟོན་པར་ཆོས་བསྟན་སྙམ་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བལྟས་པས། ཉོན་མོངས་པ་མ་སྤངས་པར་འདུག་ནས། མཁན་པོ་ལ་ཞལ་ཏ་སྨྲས་པ། མཁན་པོ་ཁྱོད་ཀྱང་བག་མེད་མ་མཛད་པར། །ཤིང་འབྲུ་མཐིབས་པོ་སྟན་ན་མྱ་ངན་འདའ། །ཐུགས་ལ་ཞོཊ་ལ་བསམ་གཏན་མཛོད་ཅིག་དང༌། །ཡུན་མི་རིང་པར་ཞི་བའི་གནས་ཐོབ་འགྱུར། །ཞེས་སྨྲས་པ་དང་། དེར་འགྱོད་དེ་ད་ནི་རང་གི་སློབ་མ་ཚུན་ཆོས་ཀྱིས་ཀྱང་འདི་སྐད་དུ་སྨྲ་བ་དེ་ བས་ན། འོད་སྲུངས་ཀྱིས་ཟེར་བ་དེ་ཡང་ཤིན་དུ་བདེན་སྙམ་ནས། སྤོང་ཁང་དུ་ཞུགས་ནས་སྤོང་ཐག་བཅིངས་ནས། ཞག་བདུན་དུ་བསམ་གཏན་མཛད་པས་དེ་ཉིད་དུ་འབྲས་བུ་ཐོབ་སྐད། དེའང་སྔོན་དུ་སྟོན་པའི་ཞབས་འབྲིང་ཡུན་རིང་པོ་བྱས་པ་དང ཐོས་པ་མང་པོས་རྒྱུད་གྲོལ་བ་དང༌། མཆེད་གྲོགས་རྣམས་ཀྱིས་སྤྱོས་པས་དུས་དེར་འགྱོད་པ་དྲག་པོ་སྐྱེས་པ་དང་། བསམ་གཏན་དྲག་པོ་རྩེ་གཅིག་ཏུ་བསྒོམ་པ་རྣམས་ཀྱིས་ཞག་བདུན་ལ་འབྲས་བུ་ཐོས་པའོ། །དེར་འོད་སྲུངས་འདི་བདག་དགེ་འདུན་ནང་ནས་འབྱིན་པ་དེ། །སྡང་སེམས་སམ་འོན་ཏེ་བྱམས་པའི་སེམས་ཀྱིས་ཕྱུང་སྙམ་ནས། ས་མ་ཏིས་བལྟས་པས། སེམས་བརྩེ་སེམས་སུ་འདུག་ནས། འོད་སྲུངས་ལ་ཡང་དད་འདུན་སྐྱེས་སོ། །དེ་ལྟར་འབྲས་བུ་ཐོབ་ནས། སངས་བའི་བྲག་ཏུ་ཕྱིན་ནས་སྒོ་ཕྱེ་ཞེས་སྨྲས་པ་དང༌། ནང་དུ་འོང་བའི་རྫུ་འཕྲུལ་ཅན་ཡིན་ན་ནང་དུ་ཤོག སྒོ་དབྱེ་ཅི་འཚལ། རྫུ་འཕྲུལ་ཅན་མ་ཡིན་པ་ན་ནང་དུ་མི་གཏོང་ཞེས་པ་དང་། རྫུ་འཕྲུལ་གྱིས་ནང་དུ་འོངས་པས། ཐམས་ཅད་ཀྱིས་ཀུན་དགའ་བོ་ཡིན་པ་ཁོང་དུ་མ་ཆུད་པས་ངོ་མ་ཤེས་ཏེ་རྟོག་པ་གསུམ་ཞུགས་སྐད། དེ་ཡང་སྟོན་པ་སུ་ཡིན་སྙམ་པ་དང་། བདུད་ལ་སོགས་པའི་བར་ཆད་མ་ཡིན་ནམ་སྙམ་པ་དང་། གལ་ཏེ་ཀུན་དགའ་པོ་རང་ཡིན་ནམ་སྙམ་པ་སྟེ་རྟོག་པར་གསུམ་སྐྱེས་པ་དང་། དེར་བར་སྣང་གི་ལྷ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྐད་སྨྲས་པ། གང་ལ་ཆོས་རྣམས་ཡང་དག་གནས། །འཇིག་རྟེན་གསུམ་པོས་རྟག་ཏུ་མཆོད། །འཕགས་པ་འདི་ནི་དོགས་མེད་པར། །སེདྒེ་བཞིན་དུ་ཆོས་རྣམས་སྒྲོགས། །ཀྱི་མ་ཞི་བ་དེ་བཤད་པས། །ཁྱེད་རྣམས་བདེ་བར་ འདོད་པ་ཡི། །ངེས་པའི་སྙིང་པོ་སྙིང་པོ་མཆོག །དེ་ཉིད་ལ་ནི་གུས་པས་ཉོན། །ཞེས་པ་དང་། དགེ་སློང་རྣམས་ཀྱིས་སེདྒེ་ཁྲི་ལ་བླ་གོས་ལྔ་བརྒྱ་གཡོགས་ནས་བཞག་པ་དང་། དེའི་སྟེང་དུ་བྱོན་ཏེ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ན་གང་ཟག་གཅིག་མ་རྟོགས་པ་ནི་བདག་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པ་དང་ངོ་ཤེས་ཏེ། དེ་ནས་འོད་སྲུངས་ལ་སོགས་པས་གསོལ་བ་བཏབ་ནས་ཆོས་རྣམས་བསྡུས་པའོ། །དེ་ལྟར་ན་བསྡུ་བའི་གནས་གང་དུ་བསྡུས་ན་གསང་བའི་བྲག་ཏུ་བསྡུས་པའོ། །སྡུད་པ་པོ་ནི། ཉེ་བ་འཁོར་དང་ཀུན་དགའ་པོ་ལ་འོད་སྲུངས་ཀྱིས་གསོལ་བ་བཏབ་པ། སྟོན་པ་འཇིག་རྟེན་ཕན་བཞེད་པས། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱིས། །རྣམ་པ་མཆོག་ནི་གང་བསྟན་པས། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱིས། །རྣམ་པ་མཆོག་ནི་གང་བསྟན་པ། །ཚེ་དང་ལྡནཔས་འདུལ་བ་གསུངས། །ཞེས་ཞུས་སོ། །དེ་བཞིན་དུ་ཀུན་དགའ་བོ་ལ་མདོ་སྡེ་གསུངས་ཞེས་ཞུས་སོ། །ཆོས་སྡེ་སྣོད་གསུམ་གང་ཟག་གི་བློ་ལ་བསྡུས་ཏེ་གསུངས་ཞེས་ཞུས་སོ། །ཆོས་སྡེ་སྣོད་གསུམ་གང་ཟག་གི་བློ་ལ་བསྡུས་ཏེ་གཞུང་དུ་མ་བཀོད་དོ། །ཡོན་བདག་རྒྱལ་པོ་མ་སྐྱེས་དགྲས་བྱས་སོ། །འདུས་པ་དགྲ་བཅོམ་པ་ལྔ་བརྒྱའོ། །བཀའ་བསྡུ་བ་གཉིས་པ་མཛད་ཚུལ། དེ་ནས་བསྡུ་བ་གཉིས་པ་ནི། སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་བྱའི་ལོ། །ཡུལ་ཡངས་པ་ཅན་གྱི་རྩྭ་ཅན་གྱི་ལྗོངས། གྲོང་ཁྱེར་སྐུ་སྨ་རིའི་གཙུག་ལག་ཁང་དུ། སྡེ་པ་བཅོ་བརྒྱད་པོ་ལྟ་སྤྱོད་མ་མཐུན་པའི་དོན་གཏན་ལ་དབབ་པའི་ཆེད་དུ། དགྲ་བཅོམ་པ་ཟླ་བ་རྒུར་པོ་དང་། གྲགས་པ་སོགས་མི་དགུས་མཛད་དོ། །གསོལ་བ་ འདེབས་པ་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་ཉེར་སྦས་སོ། །གང་བསྡུས་པའི་ཆོས་ནི་སྡེ་སྣོད་གསུམ་པོ་ཉིད་དོ་ཟེར་ཡང་། བཙུན་པ་ལྷ་ཆེན་པོས་གསུངས་པའི་མི་རུང་པ་བཞི་བཅུ་བོར་ནས། རྩ་བ་སྡེ་བཞིར་བསྡུས་ཏེ་དེ་ཡང་ལྷ་ཆེན་པོའམ། ཡངས་པ་ཅན་གྱི་དགེ་སློག་རྒན་གཞོན་མེད་པ་ན་རེ། ཧུ་ལུ་ཧུ་ལུ་ཡི་རངས་དང་། །ཀུན་སྤྱོད་གནོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུག་དང་གདིང་། གསེར་གྱི་རུང་པ་བྱས་པ་ནི། །འདི་ནི་མི་རུང་བཞི་བཅུ་ཡིན། །ཞེས་པས་ལོག་པ་དེ་དག་བསལ་ནས། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་དང་། གནས་བརྟན་པ་དང་། ཕལ་ཆེན་པའི་སྡེ་པའོ། །འདུས་པའི་ཚད་ནི་དགྲ་བཅོམ་པ་བདུན་བརྒྱ་སྟེ། དེ་ཡང་གཅིག་མ་ཚང་པ་ནི་ཟླ་རྒུར་གྱིས་གསོས་སོ། །ལུང་ཕྲན་ཚེགས་ལས་ཟླ་རྒུར་གྱིས་མ་ཚོར་བ་དང་དད་པའི་ལྷས་སྦྲན་ཏེ། ཁོས་རྫུ་འཕྲུལ་གྱིས་འོངས་ནས་སྒོ་བརྡུངས་པ་དང་། སུ་ཡིན་ཞེས་པས་དེའི་ལན་དུ། གང་དག་སྤར་བུ་ཅན་ནས་འོངས་པ་ཡི། །དགེ་སློང་མང་དུ་ཐོས་པའི་འདུལ་བ་འཛིན། །དེ་དག་ལས་ནི་གང་ཞིག་འདིར་འོངས་ཏེ། །དབང་པོ་ཞེ་ཞེས་བྱ་བ་སྒོ་ན་སྡོད། །ཅེས་པ་དང་། ནང་པས་གང་ཡིན་ངོ་མ་ཤེས་ནང་གི་མཚན་སྟོན་པ། །ཅེས་པ་དང་། ནང་པས་གང་ཡིན་ངོ་མ་ཤེས་ནང་གི་མཚན་སྟོན་པ། གང་དག་སྤར་བྱ་བ་སྒོ་སྲུང་པ་མཛད་དེ་སྡོད་ཅེས་སྨྲས་པས་ངོ་ཤེས་ཏེ་འབྲས་བུ་ཐོབ་པར་ཤེས་ནས་ནང་དུ་བཏང་བས་བདུན་བརྒྱར་ཐེམས་ཏེ། དེའི་དུས་སུ་ཡང་ཐམས་ཅད་ལྷག་ཆད་མེད་པར་སྨྲ་བ་འདུག་ནས། གཞུང་དུ་མ་བཀོད་དེ་བློ་ལ་བསྡུས་སོ། །དེ་ལྟར་དགྲ་བཅོམ་པ་བདུན་བརྒྱ་ཚོགས་པའི་སྦྱིན་བདག་རྒྱལ་པོ་དྷ་རྨ་ཨ་ཤོ་ཀ་ཞེས་ཀྱང་བྱ།  མདོ་མཛངས་བླུན་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཆོས་རྒྱལ་མྱ་ངན་མེད་ཅེས་ལུང་བསྟན་པ་དེས་མཛད་ནས། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་དོན་བསྡུས་ཤིང་གཏན་པ་ཕབ་པ་ཡིན་ནོ། །བཀའ་བསྡུ་བ་གསུམ་པ་མཛད་ཚུལ། དེ་ནས་བསྡུ་བ་གསུམ་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་པ་ལུག་གི་ལོ་ལ། ཁ་ཆེའི་ཡུལ་བྱ་ལག་གི་ཀུན་དགའ་ར་བའི་གྲོང་ཁྱེར་ཛ་ལན་དྷ་རའི་དགོན་པ་སྟེ། དེའི་གྲོང་གི་བྱེ་བྲག་ཀུ་ན་བི་ནར་རོ། །སྡུད་པ་པོ་ནི། སྐྱེ་བོ་ཐ་མལ་གྱི་བྱང་ཆུབ་སེམས་དཔའ་བཱ་སུ་མི་ཏྲ་དང་། དགེ་འདུན་འདུས་པའི་ཚད་ནི། བྱམས་མའི་བུ་གང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པུར་ཎི་ཀ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཉིས་བརྒྱ་ལྔ་བཅུའམ། ཁྲི་དྲུག་སྟོང་། ཚུལ་སྦྱོར་བའི་ཡོན་བདག་དང་གསོལ་བ་འདེབས་པ་གཉིས་ཀ་ཛ་ལན་དྷ་རའི་དྲྭ་བ་འཛིན་རྒྱལ་པོ་ཀ་ནི་ཀས་གསེར་ཅན་བྱས་ཏེ། དེས་དབྱར་ཟླ་གསུམ་དུ་འཚོ་བ་དང་གནས་མལ་སྦྱར། རྒྱལ་པོ་དེ་ཡང་བློ་དང་ཤེས་རབ་དང་ལྡན་པ་དད་པ་ཆེ་བ། ཆོས་ལ་མོས་པ་ཞིག་སྟེ། དེས་སངས་རྒྱས་ཀྱི་ཆོས་བཀའ་འདི་རྣམས་ལ་ལྷད་ཞུགས་སམ་མ་ཞུགས་གཟིགས་པས་སྔ་མ་བས་གཞུང་ཉམས་པར་མཐོང་ནས། བསྡུ་བ་བྱས་པས། སོ་སོའི་སྐྱེ་བོ་མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ལྷག་ཆད་དུ་འདོན་པར་འདུག་ནས། དུས་དེར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བ་དང་། མ་འོངས་པའི་སེམས་ཅན་རྣམས་ ལ་ཕན་གདགས་པའི་ཕྱིར། བཀའ་སྡེ་སྣོད་རྣམས་གཞུང་ཚིག་ཡི་གེར་བསྡུས་ཏེ། པོ་ཏི་དང་གླེགས་བམ་དུ་བྲིས་པས། དེ་ལ་པོད་ཀྱི་གླང་པོ་ཆེའི་ཁལ་ལྔ་བརྒྱ་བྱུང་ནས་དེ་དག་ལ་རབ་གནས་བྱས་ནས་བཞག་གོ །དེའི་དུས་སུ་བསྡུས་པའི་ཆོས་ནི་གྱེས་པའི་སྡེ་པ་བཅོ་བརྒྱད། རྩ་བའི་སྡེ་བཞིར་བསྡུས་ཏེ། དེ་ཡང༌། ཡུལ་དུས་སློབ་དཔོན་བྱེ་བྲག་གི །ཐ་དད་རྣམས་ལ་བཅོ་བརྒྱད་འདོད། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་པ་དང་། ཡང་དེ་སྐད་དུའང་། ཤཱཀྱ་སེདྒེའི་བསྟན་པ་འདི། །དེ་ལྟར་རྣམ་པ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་དབང་གིས་ན། །ཞེས་ཏེ། རྩ་བ་བཞི་ལས་དང་པོ་ཐམས་ཅད་ཡོད་པར་སྨྲ་བ་ལས། བདུན་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། འོད་སྲུངས་སྡེ། ཆོས་སྲུངས་སྡེ། མང་ཐོས་སྡེ། གོས་དམར་ཅན་གྱི་སྡེ། རྣམ་པར་འབྱེད་དེ་སྨྲ་བའི་སྡེ། གོས་དམར་ཅན་གྱི་སྡེ། རྣམ་པར་འབྱེད་དེ་སྨྲ་བའི་སྡེ། ས་སྲུངས་ཀྱི་སྡེའོ། །དགེ་འདུན་ཕལ་ཆེན་པའི་སྡེ་ལྔ་ནི། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། འཇིག་རྟེན་འདས་པར་སྨྲ་བའི་སྡེ། རྟག་པར་སྨྲ་བའི་སྡེའོ། །དགེ་འདུན་གནས་བརྟན་པའི་སྡེ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་སྡེ། འཇིག་མེད་རི་གནས་སྡེ། གཙུག་ལས་ཁང་གནས་སྡེའོ། །དགེ་འདུན་མང་པོས་བཀུར་བའི་སྡེ་གསུམ་སྟེ། ས་སྒྲོགས་རིགས་ཀྱི་སྡེ། སྲུངས་བའི་སྡེ། གནས་མ་བུའི་སྡེའོ། །དེ་ལྟར་བཅོ་བརྒྱད་པོ་དེ་སྡེ་བཞིར་བསྡུས་པའོ། །དགྲ་བཅོམ་པ་སེདྒེའི་གདོང་ཅན་བྱ་བས། ཡི་གེའམ་གླེགས་བམ་དུ་བཀོད་ནས་གང་ཟག་ཐ་དད་ལ་གཉེར་དུ་གཏད་དེ། འབུམ་ཞལ་ ཆེམས་ཡིན་པས་ཀླུ་ལ་གཏད། ཉིས་ཁྲི་ལྔ་སྟོང་པ་བརྒྱ་བྱིན་ལ། ཁྲི་བརྒྱད་སྟོང་པ་དང་ཁྲི་པ་ལ་སོགསཔའི་ཤེས་རབ་ཕྲ་འདུས་རྣམས་བྱམས་པའི་ཕ་ལྷ་ལག་བརྒྱད་པོ་ལ་གཏད། བརྒྱད་སྟོང་པ་དང་། སྡུད་པ་རྣམ་ཐོས་སྲས་ལ་གཏད། གསང་སྔགས་ཐམས་ཅད་མཁའ་འགྲོ་མ་ལ་གཏད། མདོ་ཕྱོགས་ལ་སོགས་པའི་གསུང་རབ་ཕལ་ཆེར་རྡོ་རྗེ་གདན་གྱི་གེའུ་ཚང་དུ་བཞུགས། དེ་ཙ་ན་མི་རྣམས་དད་པ་དང་བརྩོན་འགྲུས་དང་རྫུ་འཕྲུལ་ཆུང་བས་གླེགས་བམ་མ་ཐོབ་སྟེ། འོན་ཀྱང་རྒྱལ་པོ་མ་སྐྱེས་དགྲས་གླང་པོ་ཆེའི་རྒྱབ་ཁལ་གཅིག་ཙམ་གདན་དྲངས་ཞེས་གྲགས། དར་ཅིག་མི་ཡུལ་དུ་ཆོས་གཅིག་ཀྱང་མ་ཐོབ་སྟེ། ཆོས་ནུབ་པ་ཙམ་དུ་གྱུར་ཀྱང་ཟེར་རོ། །དེ་ནི་ཁྱད་པར་རམ་ཐེག་ཆུང་གིས་བསྡུ་ལུགས་སོ། །ཐེག་ཆེན་དང་ཐུན་མོང་གི་བཞེད་ཚུལ། ཐེག་ཆེན་གྱི་བཞེད་པས། མདོ་སྡེ་ཕྱག་རྡོར་གྱིས་བསྡུས། འདུལ་བ་བྱམས་པས་བསྡུས། མངོན་པ་འཇམ་དཔལ་གྱིས་བསྡུས་ཟེར་རོ། །ཐེག་པ་ཐུན་མོང་གི་བཞེད་པས་གསང་བའི་བྲག་ཕུག་ཏུ་ཚོགས་པའི་དུས་སུ། ཀུན་དགའ་བོ་ལ་གསོལ་བ་བཏབ་སྟེ། ཚེ་དང་ལྡན་པ་མདོ་སྡེ་གསུངས་ཞེས་ཞུས་པས། སྔ་གྲོ་མདོ་སྡེ་བསྡུས། ཉེ་བར་འཁོར་ལ་གསོལ་བ་བཏབ་ནས། ཚེ་དང་ལྡ་པ་འདུལ་བ་གསུངས། ཞེས་ཞུས་པས། ཉི་མ་ཕྱེད་ལ་འདུལ་བ་བསྡུས། ཡང་འོད་སྲུངས་ལ་གསོལ་བ་བཏབ་ནས། ཚེ་དང་ལྡན་པ་མངོན་པ་གསུངས་ཞེས་ཞུས་པས། འོད་སྲུངས་ཀྱིས་དགོང་ཁ་མངོན་པ་བསྡུད་ཞེས་གྲགས་སོ། །དེ་ཡང་འདི་སྐད་དུ། རྒྱལ་བའི་བཀའ་ལུང་འཁོར་ལོ་རྣམ་གསུམ་ལ། །བསྡུ་བ་ རྣམ་གསུམ་མཛད་པ་དེ་ཡི་ཚུལ། །སངས་རྒྱས་འདས་པ་དེ་ཡི་ཕྱི་དེའི་དབྱར། །ཨ་སུ་ར་བཅུད་མེད་ཞེས་གསང་བའི་བྲག་ཕུག་ཏུ། །སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་ཡིས་བྱས། །དགྲ་བཅོམ་ལྔ་བརྒྱས་བསྡུས་བ་དང་པོ་མཛད། །མདོ་སྡེ་ཐམས་ཅད་ཀུན་དགའ་བོ་ཡིས་བསྡུས། །འདུལ་བ་ཐམས་ཅད་ཉེ་བར་འཁོར་གྱིས་བསྡུས། མངོན་པ་ཐམས་ཅད་འོད་སྲུངས་ཆེན་པོས་བསྡུས། །སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་ན། །ཡངས་པ་ཅན་གྱི་རྩྭ་གནས་ལྗོངས་མཆོག་ཏུ། གྲགས་པ་དང་ནི་ཟླ་རྒུར་ལ་སོགས་པའི། །དགྲ་བཅོམ་བདུན་བརྒྱས་བསྡུ་བ་གཉིས་པ་མཛད། །སངས་རྒྱས་འདས་ནས་ལོ་ནི་སུམ་བརྒྱ་ན། །ཁ་ཆེའི་བྱ་ལག་ཀུན་དགའ་ར་བ་རུ། །དགྲ་བཅོམ་ལྔ་བརྒྱ་བྲང་སེམས་ལྔ་བརྒྱ་དང་། །སོ་སོ་སྐྱེ་བོ་ཁྲི་དང་དྲུག་སྟོང་ཚོགས། །དེ་དུས་བསྡུ་བ་གསུམ་པ་མཛད་པ་ཡིན། །ཅེས་གསུངས་སོ། །གཉིས་པ། བཀའི་དགོངས་འགྲེལ་ལ་མཁས་པ་པཎྞི་ཏ་རྣམས་ཀྱིས་བསྟན་བཅོས་བརྩམས་ཚུལ། གཉིས་པ་བཀའི་དགོངས་འགྲེལ་མཁས་པ་པཎྜི་ཏ་རྣམས་ཀྱིས་བསྟན་བཅོས་བརྩམས་ཚུལ་ནི། དེ་ལྟར་བསྟན་པ་རང་བཞིན་གྱིས་རྒྱན་དང་ལྡན་ཡང་། ཕལ་གྱིས་རྟོགས་པར་དཀའ་བ་ལ། གཟུགས་མཛེས་པའི་སྐྱེས་བུ་ལ་མེ་ལོང་བསྟན་པ་ལྟ་བུ། དེ་དག་གསལ་བར་བྱེད་པའི་བསྟན་བཅོས་བརྩམས་ཚུལ་བརྗོད་དོ། །  བདེན་བཞིའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས། དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས་ནི། སྟོན་པ་མྱ་ངན་ལས་འདས་པའི་ལོའི་ཕྱིས་ཏེ་དབྱར་བྱའི་ལོ་ལ། གསང་བའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་བ་ལ་ཚོགས་པས། བཀའ་བསྡུ་མ་དགོས་ཏེ་གཞུང་དུ་མ་བཀོད། བཀའ་རྣམས་ཀྱིས་དོན་འགྲེལ་པའི་ཚུལ་དུ། བསྟན་བཅོས་འགའ་བརྩམས་པ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འོད་སྲུངས་དང་། ཉེ་བ་འཁོར་དང་། ཀ་ཏ་ཡན་ལ་སོགས་པའི་དགྲ་བཅོམ་པ་ཐམས་ཅད་དགོངས་པ་བསྡུར་ནས། བྱེ་བྲག་ཏུ་བཤད་པ་མཛོད་ཆེན་མོ་ཞེས་བྱ་བ། རྩ་བའི་སྡེ་བཞི་ཡན་ལག་དང་བཅས་པ་མཛད། དེ་ནས་དགྲ་བཅོམ་པ་བདུན་གྱིས་དེའི་དོན་འགྲེལ་ལམ། མངོན་པའི་ཕྱོགས་སུ་འགྲོ་བའི་མངོན་པ་སྡེ་བདུན་མཛད་དེ། ཇི་སྐད་དུ། ཆོས་ཀྱི་པུང་པོ་ཤཱ་རིའི་བུས། གདགས་པའི་བསྟན་བཅོས་མིའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་དྷའི་བུས། །རབ་ཏུ་བྱེད་པ་དབྱིག་ཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། གསུང་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་པ་ལྟར་རོ། །སྟོན་པ་འདས་ནས་ལོ་སུམ་བརྒྱ་ན། ཡུལ་དབུས་ཀྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་ཆོས་རྒྱལ་མྱ་ངན་མེད་སྐུ་དྲིན་ལ། སློབ་དཔོན་བྷུ་བ་ཀ་བྱོན་ནས། སྒྲའི་བསྟན་བཅོས་སྒྲ་པཱ་ཎི་བྱ་བ་བརྩམས། བྲམ་ ཟེ་ཧོ་ཧ་ནས་སྒྲ་ཚིག་གི་སྒྲོན་མ་བྱ་བ་བརྩམས། སློབ་དཔོན་ཙནྡྲ་གོ་མིས་བྱཱ་ཀ་ར་ཎ་བརྡ་སྤྲོད་པ་སྡེ་བརྒྱད་བརྩམ། དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་དཀོན་མཆོག་བརྩེགས་པ་ལ་བརྟེན་ནས་མངོན་སུམ་གྱི་ཚད་མ་བཞི་དང་། རྗེས་དཔག་གི་ཚད་མ་གསུམ་མཛད། དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་དམིགས་པ་ལ་བརྟགས་པ་ལ་སོགས་པ་རབ་ཏུ་བྱེད་པ་བརྒྱ་ཐམ་པ་སྔར་བརྩམས་པས་བག་ཙམ་འཐོར་ཏེ་མ་འདུས་པར་མཁྱེན་ནས། ཆོས་སྐྱབས་ཀྱི་ལུང་ལ་བརྟེན་ནས། ལུང་བརྒྱ་དང་ལྡན་པའི་ཚད་མ་ཀུན་ལས་བཏུས་པ་བརྩམས། དེས་དབང་ཕྱུག་སྡེ་ལ་གོང་མ་བཤད་དེ། དབང་ཕྱུག་སྡེས་དོན་དེ་དྷརྨ་ཀཱིར་ཏི་ཆོས་ཀྱི་གྲགས་པ་ལ་བཤད། དྷརྨ་ཀཱིར་ཏིས་གདམས་པ་དེ་ལ་བརྟེན་ནས་ཚད་མ་སྡེ་བདུན་བརྩམས་ཏེ། རྩ་བའི་རབ་ཏུ་བྱེད་པ་གསུམ་དང་། ཡན་ལག་གི་རབ་ཏུ་བྱེད་པ་བཞི་མཛད། དེ་ལ་རྩ་བའི་གསུམ་ནི། དབང་པོ་རབ་ཀྱི་དོན་དུ་རིགས་ཐིགས་ལེའུ་གསུམ་གྱི་བདག་ཉིད་ཅན་བརྩམས། འདི་ཡི་འགྲེལ་པ་རུ་སློབ་དཔོན་ཆོས་མཆོག་གིས་ཆོས་མཆོག་ཆེན་མོ་མཛད། འབྲིང་གི་དོན་དུ་རྣམ་ངེས་ལེའུ་གསུམ་གྱི་བདག་ཉིད་བརྩམས། འདིའི་འགྲེལ་གི་དོན་དུ་རྣམ་ངེས་ལེའུ་གསུམ་གྱི་བདག་ཉིད་བརྩམས། འདིའི་འགྲེལ་པ་རུ་ཤེས་རབ་འབྱུང་གནས་སྦས་པས་ཚད་མ་རྒྱན་མཛད། དབང་པ་ཐ་མའི་དོན་དུ་རྣམ་འགྲེལ་ལེའུ་བཞི་པ་བརྩམས་སོ། །ཡན་ལག་གི་བཞི་ལ། གཏན་ཚིག་དཀའ་བར་དགོངས་ནས་གཏན་ཚིགས་ཀྱི་ཐིགས་པ། འགྲེལ་པ་དཀའ་བར་དགོངས་ནས་འགྱེལ་པ་བརྟགས་པ། རིག་བྱེད་གསང་བར་སྨྲ་བ་སུན་འབྱིན་པ་ལ་རྒྱུད་གཞན་སྒྲུབ་པ། རྩོད་པ་དཀའ་བར་དགོངས་ནས་རྩོད་པའི་རིགས་པ་མཛད། ཕྱིས་དབྱིག་གཉེན་གྱིས་ ཚད་མ་སྨྲ་བ་སྒྲོན་མ་མཛད། དེ་ཚད་མའི་བསྟན་བཅོས་བརྩམས་ཚུལ་ལོ། །དེ་ནས་འདུལ་བའི་བསྟན་བཅོས་བརྩམས་ཚུལ་ནི། འདུལ་བ་ལུང་སྡེ་བཞི་ལ་བརྟེན་ནས། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་བམ་པོ་དགུ་པ་མཛད། ལས་ཀྱི་གཞིའི་ལག་ལེན་ཀརྨ་ཤ་ཏམ་བམ་པོ་དགུ་པ་བརྩམས། མདོ་རྩ་བའི་འགྲེལ་པ་བམ་པོ་བཅུ་བདུན་པ་བརྩམས། སློབ་དཔོན་ཤཱཀྱ་འོད་ཀྱིས་དགེ་ཚུལ་གྱི་དོན་དུ་ཤློ་ཀ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་བམ་པོ་བརྒྱད་པ་བརྩམས། ཁ་ཆེ་དགེ་འདུན་བཟང་པོས་ཀཱ་རི་ཀ་ལྔ་བཅུ་པ་དང་། དགེ་སློང་དང་དགེ་འདུན་གྱི་ལོ་དྲི་བ་ཡང་མཛད་དོ། །སྟོན་པ་འདས་ན་སུམ་བརྒྱ་དང་བཅུ་ན་བཙུན་པ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། དེས་འཁོར་རྣམས་ལ་ཆོས་ལོག་ཚིགས་བཅད་སྨྲ་པ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལས་ནི་སྒྲ་ཡི་རྒྱུན་ལས་བྱུང་། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལས་ནི་སྒྲ་ཡི་རྒྱུན་ལས་བྱུང་། །ཐེ་ཚོམ་ཅན་རྣམས་གཞན་གྱི་འཇུག །འདི་ནི་སངས་རྒྱས་བསྟན་པ་འོ། །ཞེས་ཆོས་མ་ཡིན་པ་ལྔ་གླེངས་པས། གནས་དེ་ན་ཐོས་པ་དང་ཤེས་རབ་ཏན་ཡོད་པས། དེ་རྣམས་ཀྱིས་ཚིག་དེ་ལ་བརྟགས་པས། ཚིག་དེ་བཀའ་ལས་ཀྱང་འགལ། དོན་ལས་ཀྱང་མཛེས་པར་མི་སྣང་ནས་སྨྲས་པ། ལྷ་ཆེན་པོ་ཁྱེད་ཀྱི་ཚིག་འདི་ལྟ་བུ་ཕྱིས་མ་སྨྲ་ཞིག་འདི་ནི་སངས་རྒྱས་ཀྱི་བསྟན་པ་འདུལ་བའི་ཆོས་མ་ཡིན་ནོ་ཞེས་སྨྲས་པས། དེར་ཚིག་དེ་ལ་གླེང་ལངས་ནས་ཚན་མཐོག་ཐག་རྩོད་དེ། རྒྱལ་བློན་ལ་སོགསཔ་བསྡུམས་ཀྱང་མ་བསྡུམས་ཏེ། སྔོན་སངས་རྒྱས་ཀྱི་རྩོད་པ་ཞི་བའི་ཆོས་འགའ་ཡང་མ་གསུངས་སམ་ཟེར་བས། ཁ་ཅིག་ན་རེ་དེ་ ནི་གསུངས་སོ་ཟེར་ན། འོ་ན་གནས་བརྟན་པ་ལྟར་མེད་ཟེར་བ་རྣམས་ཕྱོགས་གཅིག་ཏུ་འཁོད། ལྷ་ཆེན་པོ་ལྟར་མེད་ཟེར་བ་ཡག་ཕྱོགས་གཅིག་ཏུ་འཁོད་དེ། ལྷ་ཆེན་པོའི་ཕྱོགས་སུ་གཞོན་ཕྱོགས་དྲན་པ་ཅན་མང་། གནས་བརྟན་པའི་ཕྱོགས་སུ་རྒན་རིགས་ཉུང་ཤས་ལུས་ཏེ་རིགས་གཉིས་སུ་འཆད་དོ། །དེ་ལྟར་ལོ་སུམ་བརྒྱ་ནས་བཞི་བརྒྱའི་བར་ཚུན་ཆད་དུ་ཆོས་ཀྱི་ལྟ་བུ་ལ་མ་མཐུན་ཞིང་། རྩོད་པའང་ལན་བདུན་དུ་བྱུང་ངོ༌། །དགེ་འདུན་ཡང་གོང་བཞིན་དུ་རྩ་བ་དང་ཡན་ལག་ཏུ་བཅས་ནས་བཅོ་བརྒྱད་དམ་ཉིས་ཤུ་རྩ་གཉིས་སུ་གྱེས་ཏེ། སོ་སོར་སྡེ་བའི་སློབ་དཔོན་རྣམས་ཀྱིས་བསྟན་བཅོས་ཀྱང་མང་དུ་མཛད་དོ། །ཚུལ་ཇི་ལྟར་མཛད་པའི་ཚུལ་ཡང་། མུ་སྟེགས་ཀུན་བརྟག་པའི་བློ་ཅན་ལ་གང་ཟག་བདག་མེད་པ་ལ་སོགས་འདི་དག་ཀྱང་མེད་པ་མ་ཡིན་ཏེ། ཡོད་པར་བསྟནཔས་གང་ཟག་རྣམས་ཀྱང་། ཅུད་ཟད་ཡོད་པར་ལྟ་བ་ཤས་ཆེ་བར་གྱུར་ཏོ། །དེ་སྐད་དུ་ཡང་ལང་ཀར་གཤེགས་པ་ལས། བཅོ་བརྒྱད་དམ་ནི་ཉིས་ཤུ་གཉིས། །ཐམས་ཅད་ཐེག་པ་གཅིག་ལས་བྱུང་། །ཡོད་པ་མ་ཡིན་མེད་པ་མིན། །མ་འོངས་འབྱུང་བར་ང་སྨྲ་འོ། །ཞེས་གསུངས་པས། རྒྱས་པར་ནི་རྟོག་གེ་འབར་བ་ནས་འབྱུང་བར་ཤེས་པར་བྱའོ། །འདི་རྣམས་ཀྱིས་ལྟ་བ་དང་འདོད་ལུགས། སློབ་དཔོན་དུལ་བའི་ལྷས་མཛད་པའི་གཞུང་ལུགས་ཀྱི་བསྟན་བཅོས། ལྟ་བུ་གསུམ་པ་ཞེས་བྱ་བ་ནས་ཀྱང་བཅོམ་པ་གོ་མི་ཏྲ་ཞེས་པས་ཀྱང་འདུལ་བའི་བསྟན་བཅོས་བརྩམས་པ་ཡོད་ དོ། །དེ་དག་གིས་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གཏན་ལ་འབེབས་པ་དབག་པོ་ཐ་མའི་དོན་དུ་བརྩམས་པའོ། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས། བཀའ་གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས་ནི། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་བྱོན་པ་ཡིན་ཏེ། མདོ་སྡེ་སྤྲིན་ཆེན་པོ་ལས་འདི་སྐད་དུ། ཀུན་དགའ་བོ་ལི་ཙཱ་བྱི་གཞོན་ནུ་སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བ་འདི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ཀླུ་ཞེས་བྱ་བ་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་བྱེད་དེ། མཐར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་ནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་པར་གྱུར་པ་དེ་བྱོན་ནས། ཡུམ་ཆེན་མོའི་གླེགས་བམ་ཡག་ཀླུའི་ཡུལ་ནས་ཡུལ་དབུས་མ་ག་དྷར་སྤྱན་དྲངས། བདག་མེད་སེདྒེའི་ང་རོས་ཤེས་བྱ་ཐམས་ཅད་ཚུལ་གཅིག་ཏུ་སྟོན་པའི་བསྟན་བཅོས་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་བརྩམས་ཏེ། དབུ་མ་རྩ་བའི་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་འཕྲེང་བ། གང་ལ་འཇིགས་མེད་ལ་སོགས་པ་མཛད། ཨཱརྱ་དེ་བས་བཞི་བརྒྱ་པ་མཛད། ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ཀྱི་པ་དབུ་མ་ཚིག་གསལ་ ཞེས་རྩ་ཤེའི་འགྲེལ་པ་བཞི་བརྒྱ་པའི་ཊཱིཀ་དང་འཇུག་པའི་འགྲེལ་པ་རིཊ་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རིན་པོ་ཆེའི་འཕྲེང་བ། དེ་རྣམས་ཀྱི་འགྲེལ་པ་མཛད། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་རྩ་ཤེའི་འགྲེལ་པ་མཛད། བྷ་བྱས་ཀྱང་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད། དེའི་འགྲེལ་པ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་མཛད། བྷ་བྱས་རྟོག་གེ་འབར་བ་མཛད་དེ། དེ་རྣམས་ནི་རིགས་པའི་ཚོགས་སམ། གཞུང་ཕྱི་མོ་ཞེས་བྱའོ། །དེ་ནས་བྷ་བྱའི་རྗེས་སུ་འབྲངས་པའི་ཡེ་ཤེས་སྙིང་པོས་བདེན་གཉིས་མཛད། ཐོགས་མེད་ཀྱི་རྗེས་སུ་འབྲངས་པའི་ཞི་བ་འཚོས་དབུ་མ་རྒྱན་མཛད། ཀཱ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་དེ། དེ་གསུམ་ལ་དབུ་མ་ཤར་པ་གསུམ་ཞེས་བྱ་སྟེ། རང་རྒྱུད་པ་ཞེས་བྱའོ། །དེ་རྣམས་ནི་ཕར་ཕྱིན་དང་ལྟ་བ་མཐུན་པས་དབུ་མའི་བསྟན་བཅོས་སོ། །ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞུང་ཆེ་ཕྲ་ཉིས་ཤུ་ལ་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པ། ནག་ཁྲིད་བཅུ་དགུ་ལ་སློབ་དཔོན་དིཥྟ་སེ་ནས་འབུམ་ཊཱིཀ་མཛད། ཕྱོགས་ཀྱི་གླང་པོས་དོན་བསྡུས་བྱམས་པས་མངོན་རྟོགས་རྒྱན་མཛད། ཐོགས་མེད་ཀྱིས་བྱེབྲག་བཤད་པ་དང་སྐབས་བསྡུས། ཀླུ་སྒྲུབ་ཀྱིས་དོན་བསྡུས། ཨཱརྱ་དེ་བས་ཀྱང་དོན་བསྡུས། དབྱིག་གཉེན་གྱིས་ཉིས་ཁྲི་གཞུང་འགྲེལ། འཕགས་པ་རྣམ་གྲོལ་སྡེས་ཉིས་ཁྲི་སྣང་བ། སོ་སོ་སྐྱེ་བོ་རྣམ་གྲོལ་སྡེས་སྙིང་པོ་མཆོག་སེདྒེ་བཟང་པོས་འགྲེལ་པ་དོན་གསལ་དེ་ཉིད་སྣང་བ། བརྒྱད་སྟོང་འགྲེལ་ཆེན། འགྲེལ་ཆུང་། ཤཱདྟི་པས་དག་ལྡན། ཡེ་ཤེས་ཞབས་ཀྱིས་པན་ཙིག །ཀཱ་མ་ལ་ཤཱི་ལས་ཡེ་ཤེས་སྙིང་ལ་འགྲེལ་ཆུང་། བཱི་མ་ལ་ མི་ཏྲས་ཤེར་སྙིང་ལ་རྒྱ་ཆེར་འགྲེལ། ཁ་ཆེ་ཛྙན་ཤྲཱིས་ཀྱང་མངོན་རྟོགས་རྒྱན་ལ་འགྲེལ་པ་མཛད། གཞན་ཡང་ཀླུ་སྒྲུབ་ཀྱིས་བཟོ་རིག་པའི་བསྟན་བཅོས་བཟོའི་གནས་སུམ་ཅུ་པ་ལ་སོགས་པའམ། བློན་པོའི་དོན་དུ་ཤེས་རབ་བརྒྱ་པའམ། བཙུན་མོའི་དོན་དུ་སྤོས་ཡིག་ལ་སོགས་པ་མཛད། གསོ་བ་རིག་པའི་བསྟན་བཅོས་ཀྱང་སོ་མ་རྭ་ཙ་དང་། འཚོ་བའི་མདོ་དང་ཡན་ལག་བརྒྱད་པ་དང་། འདྲ་བ་ཏའི་རྩ་འགྲེལ་ལ་སོགས་པ་མཛད་དེ། དེ་དག་ནི་བསྟན་བཅོས་ཤིང་རྟ་ཆེན་པོའི་སྲོལ་གཅིག་གོ །དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས། བཀའ་གསུམ་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་གསལ་བར་བྱེད་པའི་བསྟན་བཅོས་ནི། སྟོན་པ་ཞི་བར་གཤེགས་ནས་ལོ་དགུ་བརྒྱ་ལྷག་ཙམ་སྟོང་དུ་ཉེ་བ་ན། སངས་རྒྱས་ཀྱི་བསྟན་པ་ལ་སྤྲང་པོ་ཉི་མའི་དངོས་གྲུབ་ལ་སོགས་པ་དགྲ་ལན་གསུམ་བྱུང་སྟེ། དང་པོ་ནོི་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་མ། འགེམས་ཞེས་པ་ཞིག་སྣང་སྟེ། འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཞེས་ཟེར་ནས་བརྟགས་པས། འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཞེས་ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །མུ་སྟེགས་འཆལ་པའི་ཀླད་པ་རྣམ་པར་འགེམས། །ཞེས་པར་རིགས་ནས་དམག་དྲངས་ནས་བསྣུབས་སོ། །དེ་ནས་ཅུང་ཙད་འཕེལ་ནས་ཡོད་པའི་ཚེ། དབུས་ཀྱི་རྒྱལ་པོས། སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ ཞིག་སྐྱེས་སུ་བསྐུར་ཏེ་དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས། ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཀྱང་ཅུང་ཟད་པའི་འཕེལ་ནས་ཡོད་པའི་ཚེ། ནང་པའི་གཙུག་ལག་ཁང་ཞི་ཏུ། ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ་བཀྲུས་ཆུ་གཏོར་བས་ཁྲོས་ཏེ། ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ། །དེ་ལྟར་བསྟན་པ་ཉམས་དམས་པའི་དུས་སུ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་དགེ་སློང་མ་ཞིག་ཡོད་པ་ལ། དེའི་རྨི་ལམ་དུ། ཚུལ་ཁྲིམས་སྲུང་པ་ལས་ཁྱིམ་ཐབ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་པ་ཡོད་དེ་ཟེར་བ་ཞིག་བྱུང་ནས། བྲམ་ཟེར་མོ་དེས་རྒྱལ་བོ་གཅིག་དང་ཁྱིམ་ཐབ་བྱས་པ་ལས། འཕགས་པ་ཐོགས་མེད་བྱོན། དེ་ནས་བྲམ་ཟེར་གཅིག་དང་ཁྱིམ་ཐབས་བྱས་པ་ལས། སློབ་དཔོན་དབྱིག་གཉེན་བྱོན་ནས། གཅེན་པོས་མགོན་པོ་བྱམས་པ་བསྒྲུབས་ཏེ། གྲུབ་པ་དང་རྫུ་འཕྲུལ་གཞན་སྟོན་མཛད་ནས། དགའ་ལྡན་དུ་བྱོན་ནས་བྱམས་པ་དངོས་ལ་མི་ལོ་ལྔ་བཅུའི་བར་དུ་ཆོས་གསན་ནས། ཕྱིས་མི་ཡུལ་དུ་བྱོན་ཏེ། བྱམས་པའི་ཆོས་ལྔ་མཛད་དེ། རྒྱན་རྣམ་གཉིས། འབྱེད་རྣམ་གཉིས། ཐེག་པ་ཆེན་པོ་རྒྱུད་བླ་མ་དག་ལྔའོ། །དེ་ལྟ་བུའི་ཆོས་ལྔ་པོ་འདིས་ཀྱང་སྡེ་སྣོད་གསུམ་གཏན་ལ་དབབ་པའི་ཕྱིར་གསུངས་ཏེ། མདོ་སྡེའི་སྡེ་སྣོད་གཏན་ལ་དབབ་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་མཛད། འདུལ་བའི་སྡེ་སྣོད་གཏན་ལ་འབེབས་པ་ལ། མངོན་རྟོགས་རྒྱན། མངོན་པ་ལ་ཆོས་དང་ཆོས་ཉིད་དབུ་མ་དང་མཐའ་གཉིས་མཛད། དེ་ལྟ་བུའི་ཆོས་ལྔ་པོ་ དེ་བྱམས་པས་ཐོགས་མེད་ལ་གནང་སྟེ། ཐོགས་མེད་ཀྱིས་ཀྱང་སྡེ་སྣོད་མཐའ་དག་གི་དོན་གསལ་བར་བྱ་བའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་དང་། སྡོམ་རྣམ་པ་གཉིས་མཛད་དེ། དེ་ལ་སའི་དངོས་གཞི་ནི་རྦ་བ་ལྟ་བུ་ཡིན་ལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ནི། དེའི་ཚིག་གི་འགྲེལ་པ་ཡིན་ཞིང་། གཞི་བསྡུ་བ་ནི་དེའི་དོན་གྱི་ཆ་སྡེ། དེ་བསྟནཔར་བྱ་བ་རྣམས་སྤྱོད་པར་བསྡུ་བས། དེའི་དོན་སློབ་མ་ལ་ཇི་ལྟར་བཤད་ཐམས་སྟོན་པར་བརྩིས་པའོ། །དེ་ཡག་ལྔ་པོ་བསྡུས་པས་ས་བཅུ་བདུན་དུ་བཞག་སྟེ། དང་པོ་དགུ་ནི་འཁོར་བར་འཇུག་ཕྱོགས་ཀྱི་ས་ལ་འཁོར་བ་ལས་ལྡོག་པའི་ཕྱོགས་ནས་འོག་མ་བརྒྱད་བཞག་གོ །སྡོམ་པ་རྣམས་གཉིས་ནི། ཐེག་པ་ཐུན་མོང་གི་སྡོམ་པ་མངོན་པ་ཀུན་ལས་བཏུས་པ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་ཐེག་པ་བསྡུས་པའོ། །དེ་ཡང་མངོན་པ་ཀུན་ལས་བཏུས་པ་ཕུང་པོ་ལྔའི་རང་བཞིན་དུ་བཞག་ཅིང་། ཐེག་པ་བསྡུས་པ་ནི་ཤེས་བྱའི་གནས་ལ་སོག་སཔ་བཅུས་ཐེག་པ་ཆེན་པོ་མཐའ་དག་གི་དོན་བསྡུས་པར་བརྩམས་སོ། །དེ་ནས་སློབ་དཔོན་དབྱིག་གཉེན་གྱིས་ཁ་ཆེ་འདུལ་བ་བཟང་པོ་ལ་སོགས་པོ་པཎྜི་ཏ་ཆེན་པོ་མི་ཡི་བླ་མ་མཉེས་པར་མཛད་ནས་སྡེ་སྣོད་མང་པོ་གསན་ཅིང་། ཁོ་རང་ཡང་སྐྱེ་བ་མཉེས་པར་མཛད་ནས་སྡེ་སྣོད་མང་པོ་གསན་ཅིང་། ཁོ་རང་ཡག་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་བརྒྱུད་ནས་སྐུ་འཁྲུངས་པ་ཡིན་པས། བསྟན་བཅོས་རྩོམ་པའི་སྤོབས་པ་ཐོགས་པ་མི་མངའ་བ་དང་ལྡན་པ་ཡིན་པས། བསྟན་བཅོས་རྩོམ་པའི་སྤོབས་པ་ཐོགས་པ་མི་མངའ་བ་དང་ལྡན་པས། མངོན་པ་མཛོད་རྩ་འགྲེལ་དང་བཅས་པ་མཛད་པ་ཡིན་ཏེ། གཅེན་ལ་གསན་ནས། ཐེག་པ་ཆེན་པོ་སེམས་ཅན་གྱི་དོན་གསལ་བར་བྱ་བའི་ཕྱིར། རབ་ ཏུ་བྱེད་པ་པྲ་ཀ་ར་ན་སྡེ་བརྒྱད་མཛད་དེ། འདི་ལྟར་ཕུང་པོ་ལྔའི་བ་ཏུ་བྱེད་པ་དང་། ཉིས་ཤུ་པ་དང་། སུམ་ཅུ་པ་དང་། ལས་གྲུབ་པ། རྣམ་བཤད་རིགས་པ། དབུས་མཐའི་འགྲེལ་བ། མདོ་སྡེ་རྒྱན་གྱི་འགྲེལ་པ། རྟེན་འབྲེལ་ཆེན་པོའི་ཊཱིཀ་རྣམས་བརྩམས། དབྱིག་གཉེན་གྱིས་ཚེ་རབས་སུ་ཁམས་བརྟས་པར་བྱས་པ། བློ་གྲོས་བསྟན་པས་ཀྱང་ཕུང་པོ་ལྔའི་འགྲེལ་པ་བྱེ་བྲག་བཤད་པ་དང་། སུམ་ཅུ་པའི་རྣམ་བཤད་དང་། དབུས་མཐའི་འགྲེལ་བཤད་དག་མཛད། བྲམ་ཟེའི་བཙུན་པོ་ཡོན་ཏན་འོད་ཀྱིས་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་མཛད། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པར་སྨྲ་བས་ཀྱང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་དང་། །དེ་ལྟར་ཐོགས་མེད་མཆེད་གཉིས་སློབ་བརྒྱུད་དང་བཅས་པས་བསྟན་བཅོས་མང་དུ་མཛད་དེ། དམ་པའི་ཆོས་མངོན་པ་ལ་དྒ་ལན་གསུམ་དུ་དར་ནས་ནུབ་པ་དེ་དར་བར་བྱས་སོ། །དེ་རྣམས་ཀྱང་ཤིང་རྟའི་སྲོལ་གཅིག་ཡིན་ནོ། །གསང་སྔགས་འཁོར་ལོ་གསུམ་པར་བྱས་པའི་རྒྱུད་སྡེ་རྣམས་གསལ་བར་བྱེད་པའི་བསྟན་བཅོས། གསང་སྔགས་འཁོར་གསུམ་པར་བྱས་པའི་རྒྱུད་སྡེ་རྣམས་གསལ་བར་བྱེད་པའི་བསྟན་བཅོས་བརྩམས་ཚུལ་ནི། གསང་འདུས་འགྲེལ་བྱེད་འཕགས་པ་ཡབ་སྲས་དང་། པདྨ་ཀུ་ལ་ལ་སོགས་པས་མཛད་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་སྨིན་པ་རྣམས་སྨིན་པར་བྱེད་པའི་ཆོ་ག་ཉིས་ཤུ་པ།  དེ་གྲོལ་བར་བྱེད་པའི་བསྐྱེད་རིམ་ལ་མདོར་བྱས་དང་མདོར་བསྲེས་གཉིས། རྫོགས་རིམ་ལ་ལམ་རིམ་པ་ལྔ་དང་། བྱང་ཆུབ་སེམས་འགྲེལ་ལ་སོགས་པ་མཛད། དེ་ལ་རྒྱ་དང་བསྟུན་པ་ཕྱག་རྒྱ་བཞི་མཛད། །ཨཱརྱ་དེ་བས་དེའི་དོན་འགྲེལ་བའི་ཆེད་དུ་སྤྱོད་བསྡུས། བག་ཆགས་སྦྱོང་པ་ལ་སེམས་ཀྱི་སྒྲིབ་སྦྱོང་། སྒྱུ་ལུས་ཕལ་པ་དག་པར་བྱེད་པ་རང་བྱིན་གྱིས་བརླབས་པ་མཛད། ཟླ་གྲགས་ཀྱིས་སྒྲོན་གསལ་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་མཛད། ཕྱིས་སློབ་དཔོན་གྱིས་སྒྲ་སྦྱང་དད་པ་དང་། སྦྱོར་བ་ཡན་ལག་དྲུག་དང་བདུད་རྩི་གསང་བའི་སྒྲུབ་ཐབས་མཛད། ཤཱཀྱ་བཤེས་གཉིན་གྱིས་རིམ་པ་གཉིས་པ་དང་། སེམས་དམིགས་མཛད། ནཱག་བོ་དྷེས་རྣམ་བཞག་དང་། མངོན་པར་བྱང་ཆུབ་པ་དང་། རིམ་པ་ཁོངས་སུ་བསྡུས་པ་དང་། རྡོ་རྗེ་སེམས་དཔའི་མཆོད་ཐབས་མཛད། སློབ་དཔོན་གཞན་གྱིས་ཀྱང་གསང་འདུས་ལ་བརྟེན་པ་ཨནྡྲི་བྷཱུ་ཏིས་ཡེ་ཤེས་གྲུབ་པ། པདྨ་བཛྲས་གསང་བ་སྒྲུབ་པ། ལེགས་སྨིན་ཀཱ་རས་གཉིས་མེད་གྲུབ་པ། ཡན་ལག་མེད་པའི་རྡོ་རྗེས་ཐབས་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་མཛད། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇིག་རྟེན་སྣང་བྱེད་ཀྱི་དལ་དང་། སྒྲུབ་ཐབས་ཀུན་ཏུ་བཟང་པོ་མཛད། དེའི་སློབ་མ་བཞི་ལ་ཐ་ཁ་ནས་ཁ་ཆེ་ཆུང་། ཛ་ཡན་དད་ཏས་ཛ་ཡ་ཛྙཱ་ན། ཤང་ཀར་ན་ནས་ཀུན་ཏུ་བཟང་པོའི་འགྲེལ་པ་རྡོ་རྗེ་ནོར་བུ། དྲི་མེད་འབྱུང་ནས་གནས་ཀྱིས་ལེའུ་བཅུ་བདུན་གྱི་འགྲེལ་པ་རྒྱན་མཛད། ཤཱིདྟི་པས་སྙིམ་པའི་མེ་ཏོག་མཛད། ངག་དབང་གྲགས་པས་གཞི་སྣང་ཡན་ལག་བདུནཔ་མཛད། གཞན་ཡང་ཀུན་དགའ་སྙིང་པོ་དང༌། བཱི་ མི་ཏྲ་དང་། ཤཱཀྱ་མི་ཏྲ་དང་། བཞད་པའི་རྡོ་རྗེ། ཆོས་ཀྱི་མྱུ་གུ །མགྲིན་པ་གསུམ་པ། དབྱངས་སྙན་བྷུདྡྷ། བྷ་ལིང་ཏ་ལ་སོགས་པས་གསང་བ་འདུས་ཀྱི་བསྟན་བཅོས་མང་དུ་མཛད། དེ་ཉིད་འདུས་པ་སློབ་དཔོན་གསུམ་གྱི་གཞུང་ཞེས་པ་ཤཱཀྱ་བཤེས་གཉེན་གྱིས་འགྲེལ་པ་ཀ་ས་ལ་མཛད། སངས་རྒྱས་གསང་བ་དང་ཀུན་དགའ་སྙིང་པོ་སྟོད་འགྲེལ་སྨད་འགྲེལ་སྒྲུབ་ཐབས་གསུམ། བཤད་རྒྱུད་བཞི་དང་ངན་སོང་སྦྱོང་པ་ལ་སོགས་པའི་འགྲེལ་པ་མང་དུ་མཛད། ཕ་རྒྱུད་འགྲེལ་བྱེད་དེ་སོགས་ཞེས་པ་ནི། གཤིན་རྗེ་དམར་ནག་འཇིག་བྱེད་གསུམ་གྱི་རྒྱུད་ལ་དཔལ་འཛིན་དང་། ནི་ལ་བཛྲ་མི་ཕྱེད་གྲགས་པ། ནག་པོ་ཞབས། མར་མེ་མཛད་དང་། ཀུ་མཱ་ར་ཙནྡྲ་དང་། ཤཱནྟི་པས་ཀྱང་འགྲེལ་པ་མཛད། མའི་རྒྱུད་སྡེ་བཅུ་བཞིའི་དོན་འགྲེལ་ཞེས་པ། གུར་ལས་མ་རྒྱུད་བཅུ་བཞིར་བཞག་སྟེ། དེ་དག་གི་སྒྲུབ་འགྲེལ་ལས། བདེ་མཆོག་ལ་ཕྱག་ན་རྡོ་རྗེའི་སྟོད་འགྲེལ་དང་། ཀ་མ་ལའི་འགྲེལ་པ་དང་། ཀོང་ཀ་ནའི་འགྲེལ་པ་དང་། ལུ་ཧི་པ་དང་ནག་པོ་རྡོ་རྗེ་ལ་རྡོ་རྗེ་སྙིང་པོའི་འགྲེལ་པ་དང་། མཚོ་སྐྱེས་ཀྱི་སྒྲུབ་ཐབས་དང་འགྲེལ་པ་མཚོ་སྐྱེས་མ། མི་ཐུབ་ཟླ་བས་ཡན་ལག་དྲུག་པ་དང་འགྲེལ་པ་ཀུ་མུ་ཏ། ཤཱདྟི་པས་སྒྲུབ་ཐབས་འཁྲིལ་སྤོང་དང་འགྲེལ་པ་མུ་ཏིག་འཕྲེང་བ། སློབ་དཔོན་ནག་པོ་བས་དེ་ཉིད་གསལ་བའི་སྒྲུབ་ཐབས་དང་ནག་པོ་པའི་དགོངས་འགྲེལ། ཌོམ་བྷི་ཧེ་རུ་ཀས་བདག་མེད་མ་གསལ་བ་དང་། ལྷ་མོ་བཅོ་ལྔ་མ་མཛད་གཞན་ཡང་མཻ་ཏྲི་པས་ཀྱང་མཛད་པ་ཡོད་དོ། །མ་ཧཱ་མ་ཡ་ལ་ཀུ་ཀུ་རི།  དང་། རྒྱན་པ་དང་། ཤཱནྟི་པ་དང་། ནག་པོའི་གཞུང་ལ་སོགས་པའོ། །ནག་པོ་པ་ལ་སོགས་པའི་འགྲེལ་སྒྲུབ་མང་དུ་ཡོད་དོ། །གདན་བཞི་ལ་འཕགས་པའི་ལྷའི་གཞུག་ལ་སོགས་པའོ། །རྒྱུད་ཐམས་ཀྱི། ཐུན་མོང་ངམ་ཁྱད་པར་གྱུར་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་ལ་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གཞུང་ལ་སོགས་པ་མང་དུ་ཡོད་དོ། །དེ་བཞིན་བྱ་སྤྱོད་ལ་སོགས་པའི་རྟོག་པ་ཕྲ་མོ་རྣམས་ལ་ཡང་སློབ་དཔོན་ནཱ་ག་རྫུ་ནའི་ཀླུ་སྒྲུབ་རྒྱུད་ཀུན་ལས་བཏུས་པ་དང་། རིག་པ་འཛིན་པའི་སྡེ་སྣོད་ལ་སོགས་པ་གཞུང་དུ་མ་བརྩམས་སོ། །གཞན་ཡང་བྲམ་ཟེ་ཆེན་པོ་ས་ར་ཧ་པས་ཕྱག་རྒྱ་ཆེན་པོ་དོ་ཧ་ཆེ་འབྲིང་རྣམས་དང་། སྔགས་དང་མཚན་ཉིད་ཀྱི་བསྟན་བཅོས་འགའ་ཟུང་བརྩམས། སློབ་དཔོན་གཞན་དག་གིས་མཛད་པའང་དུ་མ་ཞིག་བཞུགས་སོ། །གསུམ་པ། ཐེག་པའི་ཁྱད་པར་བསྟན་པ། གསུམ་པ་ཐེག་པའི་ཁྱད་པར་བསྟན་པ་ནི། རྒྱུ་མཚན་ཉིད་ལུགས་ཀྱི་བཀའ་དང་བསྟན་བཅོས་དེ་རྣམས་ཀྱང་ཉན་རང་ཐེག་ཆུང་དང་། བྱང་སེམས་ཐེག་ཆེན་གཉིས་སུ་འདུས་པར་གསུངས། དེ་གཉིས་ཀྱི་ཁྱད་པར་ཡང་ཤེས་རབ་དང་སྙིང་རྗེ་ཆེ་བ་ལ་ཐེག་ཆེན། ཤེས་རབ་དང་སྙིང་རྗེ་ཆུང་བ་ལ་ཐེག་ཆུང་ངོ་། །དེ་སྐད་དུ་ཡང་། ཡེ་ཤེས་རྣམཔར་བཀོད་པའི་རྒྱུད་ལས། སྙིང་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བྱར་བཤད། །ཐེག་ ཆུང་དེ་ལས་ལྡོག་པའོ། །ཞེས་པས། དེ་གཉིས་ཀྱི་ཁྱད་པར་ལ་བརྒྱད་དོ། །རང་གི་ངོ་བོའི་སྒོ་ནས་ཤེས་རབ་དང་སྙིང་རྗེ་ཆེ་ཆུང་གི་ཁྱད་པར་དང་། འཇུག་སྒོའི་སྒོ་ནས་བདེན་པ་མང་ཉུང་གི་ཁྱད་པར་དང་། ལྟ་བའི་སྒོ་ནས་རྟོགས་པ་ཆེ་ཆུང་གི་ཁྱད་པར་དང་། བསྲུང་མཚམས་ཀྱི་སྒོ་ནས་གནད་བཀག་ཡོད་མེད་ཀྱི་ཁྱད་པར་དང་། སྒོམ་པའི་སྒོ་ནས་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའི་ཁྱད་པར་དང་། སྤྱོད་པའི་སྒོ་ནས་གཞན་དོན་བྱེད་པ་དང་མི་བྱེད་པའི་ཁྱད་པར་དང་། སྒྲུབ་པའི་སྒོ་ནས་ཐབས་དང་ཤེས་རབ་བྲལ་མ་བྲལ་གྱི་ཁྱད་པར་དང་། འབྲས་བུའི་སྒོ་ནས་སེམས་ཅན་ལ་ཐུགས་རྗེ་འབྱུང་བ་དང་མི་འབྱུང་བའི་ཁྱད་པར་དང་བརྒྱད་དོ། །དང་པོ་ཐེག་པའི་ཁྱད་པར་གྱི་དང་པོ་རང་གི་ངོ་བོའི་ཁྱད་པར་ནི། ནང་པ་སངས་རྒྱས་པའི་ཐེག་པ་མཚན་ཉིད་དང་ལྡན་པ་ལ། ཤེས་རབ་དང་སྙིང་རྗེ་ཆུང་བ་ཞིག་ཐེག་པ་ཆུང་དུ། དེ་ལ་ཤེས་རབ་བྱུང་སྟེ་བདག་མེད་གཉིས་ཀྱི་དོན་མ་རྟོགས། ཉན་ཐོས་ཀྱི་གང་ཟག་གིས་བདག་མེད་ཙམ། རང་རྒྱལ་གྱིས་ཆོས་ཀྱི་བདག་མེད་ཙམ་ལས་མ་རྟོགས་པའོ། །དེ་ཡང་སྡུད་པ་ལས། སེམས་བསྐྱེད་དེས་ནི་ཕས་པས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །ནང་པ་སངས་རྒྱས་པའི་ཐེག་པ་མཚན་ཉིད་དང་ལྡན་པ་ལ། ཤེས་རབ་དང་སྙིང་རྗེ་ཆུང་བ་ཞིག་ཐེག་པ་ཆུང་དུ། དེ་ལ་ཤེས་རབ་བྱུང་སྟེ་བདག་མེད་གཉིས་ཀྱི་དོན་མ་རྟོགས། ཉན་ཐོས་ཀྱི་གང་ཟག་གིས་བདག་མེད་ཙམ། རང་རྒྱལ་གྱིས་ཆོས་ཀྱི་བདག་མེད་ཙམ་ལས་མ་རྟོགས་པའོ། །དེ་ཡང་སྡུད་པ་ལས། སེམས་བསྐྱེད་དེས་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །ནང་པ་སངས་རྒྱས་ཐེག་པ་མཚན་ཉིད་དང་ལྡ་པ་ལ། ཤེས་རབ་དང་སྙིང་རྗེ་དང་ལྡན་པ་ཞིག་ཐེག་པ་ཆེན་པོ་སྟེ། དེ་ལ་ཤེས་རབ་ཆེ་སྟེ། བདག་མེད་གཉིས་ལེགས་པར་རྟོགས་ཏེ། སྡུད་པ་ལས་ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་པ་དང་། ཡང༌། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཞེས་པས་སོ། །  སྙིང་རྗེ་ཆེ་སྟེ་རང་དོན་ཡལ་བར་དོར་ནས་གཞན་དོན་གཙོར་བྱེད་པའོ། །དེ་སྐད་དུ་ཡང་། ཐབས་མེད་ཤེས་རབ་དམན་པས་གཞཉ་དོན་བྱེད་མི་ནུས། གཞན་དོན་གཙོར་བྱེད་ཐེག་པ་ཆེན་པོའི་ལམ། །ཞེས་པ་དང་། མཚན་བརྗོད་ལས། སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་དང་། སྡུད་པ་ལས། མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། ཕན་དང་སྙིང་རྗེར་ལྡན་པའི་བྱིན་གྱིས་བརླབས་ཀྱིས་ཞི། ཞེས་སོ། །གཉིས་པ་འཇུག་སྒོའི་ཁྱད་པར་ནི། དང་པོ་ཐེག་པ་ཆུང་དུ་པ་རྒྱུ་བདེན་པ་བཞིའམ་རྟེན་ཅིང་འབྲེལ་པའི་སྒོ་ནས་འཇུག །དེ་ཡང་མཚན་བརྗོད་ལས། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་པ་དང་། ཡན་ལག་བཅུ་གཉིས་སྲིད་རྩ་སྟོན། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ནི། རྒྱུ་བདེན་པ་གཉིས་ཀྱི་སྒོ་ནས་འཇུག །ཐེག་ཆུང་བཞིན་སྤང་བྱ་སྤོང་བྱེད། རྟེན་འབྲེལ་གྱི་རྟོག་སྤྱོད་བྱ་མི་དགོས། དོན་དམ་པའི་བདེན་པ་སྟོང་ཞིང་སྤྲོས་པ་དང་བྲལ་བའི་སྒོ་ནས་འཇུག །ཀུན་རྫོབ་ཀྱི་བདེན་པ་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་སྒོ་ནས་འཇུག་གོ །དེ་ཡང་མཚན་བརྗོད་ལས། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །བདེན་པ་གཉིས་ཀྱི་ཚུལ་གྱི་མཆོག །ཅེས་སོ། །གསུམ་པ་ལྟ་བའི་ཁྱད་པར་ནི། དང་པོ་ཐེག་པ་ཆུང་བས་བདག་མེད་གཉིས་ཀ་མ་རྟོགས་ཏེ། ཆོས་ལ་བདག་ཏུ་འཛིན་པའོ། །དེའང་གསང་སྙིང་ལས། བདག་དང་བདག་གིར་སོ་སོར་འཛིན། །ཞེས་པ་དང་། སྡུད་པ་ལས། བདག་ཏུ་གནས་པ་ལེ་ལོར་གྱུར་འཛིན་དང་། སྡུད་པ་ལས། བདག་ཏུ་གནས་པ་ལེ་ལོར་གྱུར་པ་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །ཞེས་སོ། །གཉིས་ ཐེག་པ་ཆེན་པོའི་ལྟ་བ་བདག་མེད་པ་གཉིས་མེད་ཀྱི་དོན་རྟོགས་པའོ། །དེ་ཡང་མཚན་བརྗོད་ལས། བདག་མེད་སེདྒེའི་སྒྲ་དག་ལྡན། །ཞེས་པ་དང་། སྡུད་པ་ལས། བདག་དང་བདག་གིར་མི་དམིགས་དུས་གསུམ་དག་པ་སྟེ། །ཞེས་སོ། །བཞི་པ་བསྲུང་མཚམས་ཀྱི་ཁྱད་པར་ནི། ཉན་ཐོས་པ་གནོད་པ་བཞི་དང་བཅས་པ་ལུས་དང་སྲོག་ལ་བབ་ཀྱག་བསྲུང་བ་ལ་རློམ་སེམས་སུ་མི་བྱེད་དོ། །སྡུད་པ་ལས། བདག་ནི་ཚུལ་ཁྲིམས་ལྡན་པ་གཞན་ནི་ཚུལ་ཁྲིམས་འཆལ། །ཞེས་སོ། །ཚུལ་ཁྲིམས་བསྲུང་ཞིང་ཡོངས་དག་དེ་ལ་ཚུལ་ཁྲིམས་མེད། །ཅེས་སོ། །ཐེག་པ་ཆེན་པོ་ནི་གཞན་ལ་ཕན་པ་བཞི་དང་བཅས་པ་སྒྲུབ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་ལ་བ་ནག་པོ་བསད་པའམ། ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་མ་བསད་པ་ལྟ་བུའོ། །དེ་ཡང་སྡུད་པ་ལས། བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་བརྩོན་འགྲུས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། མི་གང་བྱང་ཆུབ་སེམས་བཏང་ཡང་། །དེ་དག་ཐར་པར་བྱེད་འདོད་པས། །དེ་ནི་ཕན་ཡོན་དཔག་མེད་དག །བྱམས་མགོན་བློ་དང་ལྡན་པ་ཡིས། །ནོར་བཟང་དག་ལ་དེ་ལྟར་བཤད། །ཅེས་སོ། །ལྔ་པ་སྒོམ་པའི་ཁྱད་པར་ནི། དང་པོ་ཐེག་ཆུང་པ་དམིགས་པ།  དང་བཅས་པའི་བ་མ་གཏན། ཉན་ཐོས་ཀྱི་སྙོམ་འཇུག་གསུམ། རང་རྒྱལ་ལུགས་འགག་གམ་ཤེས་པ་སྐད་ཅིག་མ་དམིགས་པས་སྒོམ་པའོ། །དེ་ཡག་སྡུད་པ་ལས། དཔེར་ན། དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་རྒྱལ་བས་དེ་འདྲར་གསུངས། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ནི། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སྒོམ་པའོ། །དེ་ཡང་སྡུད་པ་ལས། བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །ཞེས་སོ། །དྲུག་པ་སྤྱོད་པའི་ཁྱད་པར་ནི། དང་པོ་ཐེག་པ་ཆུང་བ་ནི། བསྐལ་པ་བྱེ་བར་དགེ་བའི་ལས་སྤྱོད་ཀྱག་རང་འཁོར་བ་ལས་ཐར་བར་བྱ་བའི་དོན་དུ་སྤྱོད་པའོ། །དེ་ཡང་སྡུད་པ་ལས། བསྐལ་པ་བྱེ་བར་དགེ་བའི་ལས་བཅུ་སྤྱད་གྱུར་ཀྱང་། །རང་སངས་རྒྱས་དང་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ནི། ལྷག་པའི་བསམ་པ་རྣམ་པར་དག་པས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པའོ། །དེ་ཡང་སྡུད་པ་ལས། འགྲོ་དོན་མངོན་དོན་དུ་སྤྱོད་པའོ། །དེ་ཡང་སྡུད་པ་ལས། འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། །ཞེས་པ་དང་། དེ་ཡང་། དཔའ་རྣམས་སེམས་ཅན་ཐམས་ཅད་ཀུན་གྱི་དབང་གིས་འགྲོ། །ཞེས་སོ། །བདུན་པ་སྒྲུབ་པའི་ཁྱད་པར་ནི། དང་པོ་ཐེག་ཆུང་པ་ཐབས་དང་ཤེས་རབ་པ་བྲལ་བས། མཚན་མ་ཕྱོགས་གཅིག་ཏུ་སྒྲུབ་པའོ། །དེ་ཡང་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟང༌།  ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ནི། ཐབས་ཤེས་རབ་གཉིས་སུ་མེད་པས་སྒྲུབ་པའོ། །དེ་ཡང་སྡུད་པ་ལས། ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་བཟུང་ནས། །ས་གཉིས་མི་གནས་བླ་མེད་བྱང་ཆུབ་མཆོག་རེག་འགྱུར། །ཞེས་སོ། །བརྒྱདཔ་འབྲས་བུ་ཐོབ་པའི་ཁྱད་པར་ནི། དང་པོ་ཐེག་པ་ཆུང་བ་ཕུག་པོ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དགྲ་བཅོམ་པ་དང་། བསེ་རུ་ལྟ་བུའི་ཡེ་ཤེས་ཞི་བ་ཆོས་ཀྱི་སྐུ་ལ་གཞན་དོན་དུ་ཐུགས་རྗེ་འབྱུང་མི་སྲིད་དོ། །དེ་ཡང་སྡུད་པ་ལས། དགྲ་བཅོམ་པ་དག་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཁམས་གསུམ་དག་ནི་རྨི་ལམ་དག་ན་མི་འདོད་བཞིན། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ནི། མི་གནས་པ་མྱ་ངན་ལས་འདས་ཐོབ་སྟེ། ཤེས་རབ་ཆེན་པོ་ས་འཁོར་བའི་མཐའ་ལ་མི་གནས་པ་ཆོས་ཀྱི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །དེ་ཡང་དུ་སྡུད་པ་ལས། གནས་མེད་གནས་མིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་པ་དང་། མཚན་བརྗོད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་སོ། །སྙིང་རྗེ་ཆེན་པོ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་ཏེ། གཟུགས་སྐུ་གཉིས་ཀྱིས་ལ་དག་པ་དང་མ་དག་པ་སྣ་ཚོགས་ཀྱི་དོན་བྱེད་པའོ། །དེ་ཡང་མཚན་བརྗོད་ལས། ལོངས་སྦྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །སངས་རྒྱས་སྤྲུལ་པ་སྣ་ཚོགས་བགྱིད། །ཇི་བཞི་འགྲོ་བའི་དོན་བྱེད་པ། །ཞེས་སོ། །གསང་སྔགས་འབྲས་བུའི་ཐེག་པ། གཉིས་པ་གསང་སྔགས་འབྲས་བུའི་ཐེག་པ་ལ་གཉིས་ཏེ། རྒྱ་མཚན་ ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་བཤད་དང་། སྔགས་ཀྱི་ཐེག་པ་བྱུང་ཚུལ་དངོས་སོ། །དང་པོ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་བཤད་པ། དང་པོ་ནི་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་རུ་འདོད་ཅིང་། དོན་དམ་བསྒྲུབ་བྱ་བྱས་ནས། ཀུན་རྫོབ་སྤང་བྱ་བྱེད་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ། སེམས་ཉིད་སངས་རྒྱས་ཀྱི་འབྲས་བུར་འདོད་ཅིང་། ཀུན་རྫོབ་ཀྱང་མི་སྤོང་པར་ལམ་དུ་བྱེད་པ་ནི། འབྲས་བུ་སྔགས་ཀྱི་ཐེག་པའོ། །དེ་དག་གི་ཁྱད་པར་བྱེ་བྲག་ཏུ་བཤད་ན་དགུ་སྟེ། རང་གི་ངོ་བོའི་ཁྱད་པར་དང་། ལམ་དུ་འཁྱེར་ལུགས་ཀྱི་ཁྱད་པར་དང་། འཇུག་སྒོའི་ཁྱད་པར་དང་། རྟོགས་པའི་ཁྱད་པར་དང་། སྤྱོད་པའི་འཕྲིན་ལས་ཀྱི་ཁྱད་པར་དང་། སྒྲུབ་ཐབས་ཀྱི་ཁྱད་པར་དང་། འབྲས་བུའི་ཁྱད་པར་དང་དགུའོ། །དེ་ལ་རང་གི་ངོ་བོའི་ཁྱད་པར་ནི་ལྔ་སྟེ། དང་པོ་ནི་ཀྲྀ་ཡ་སི་ཏི་ཀ་ར་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པས། དོན་གཅིག་ཅེས་པ། མཚན་ཉིད་པ་ནི་དོན་དམ་པ་དེ་ལྟ་བུའི་སྤྱོད་ཡུལ་མིན། འཕགས་པ་ས་ལ་གནས་པའི་སྤྱོད་ཡུལ་ཡིན་ཟེར་ཏེ། དོན་གཅིག་ལ་རྨོངས་པའོ། །གསང་ སྔགས་ལ་ནི་དོན་དམ་པའི་བདེན་པ། བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས་ད་ལྟར་གྱི་དུས་སྐད་ཅིག་མ་ལས་རྟོགས་པར་བྱེད་དེ། དོན་གཅིག་ལ་མ་རྨོངས་པའོ། །གཉིས་པ་ཐབས་མང་ཉུང་གི་ཁྱད་པར་ནི་མཚན་ཉིད་པ་ནི་སེམས་ཅན་འཁོར་བ་ལས་སྒྲོལ་བའི་ཐབས་ཉུང་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ལས་མེད་པའོ། །གསངས་སྔགས་པ་ནི་ཐབས་མང་སྟེ། ཐབས་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་ཀྱིས་སེམས་ཅན་སྒྲོལ་བའོ། །དེ་ཡང་མཚན་བརྗོད་ལས། ནམ་མཁའི་བདག་པོས་སྣ་ཚོགས་སྟོན། །དེ་ཡང་མཚན་བརྗོད་ལས། ནམ་མཁའི་བདག་པོས་སྣ་ཚོགས་སྟོན། །ཞེས་སོ། །གསུམ་པ་ཐབས་དཀའ་སླའི་ཁྱད་པར་ནི། མཚན་ནིད་པ་སངས་རྒྱས་པའི་ཐབས་དཀའ་སླའི་ཁྱད་པར་ནི། མཚན་ཉིད་པ་སངས་རྒྱས་པའི་ཐབས་དཀའ་བ་སྟེ། དཀའ་ཐུབ་དང་། སྡོམ་པ་ལ་སངས་རྒྱས་པའི་ཐབས་དཀའ་བ་སྟེ། དཀའ་ཐུབ་དང་། སྡོམ་པ་ལ་བརྟེན་དགོས་པའོ། །གསང་སྔགས་པ་ནི་དཀའ་ཐུབ་དང་། ཚུལ་ཁྲིམས་ལ་བརྟེན་མི་དགོས་པ་སྟེ། མཚན་བརྗོད་ལས། མཁས་པ་ཆེན་ཆེན་པོ་ཐབས་ཆེ་བ། །ཞེས་པ་དང་། འཇ།་དཔལ་བཤད་རྒྱུད་ལས། ཐབས་མང་བ་དང་ཐབས་ཆེ་བ། །དེ་བཞིན་སླ་དང་མྱུར་བ་ཡི། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །བཞི་པ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ནི། མཚན་ཉིད་པ་དབང་པོ་རྟུལ་པོ་ཡིན་ལ། གསང་སྔགས་པ་དབང་པོ་རྣོན་པོ་ཡིན་ཏེ། མཚན་བརྗོད་ལས། ཤེས་རབ་མཚོན་ཆེན་འཆང་བ་པོ། །ཞེས་སོ། །ལྔ་པ་དབང་གི་ཁྱད་པར་ནི། །མཚན་ཉིད་པ་ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ་དཀྱིལ་འཁོར་མཆོག་དང་བཅས་པ་མེད་པའོ། །གསང་སྔགས་པ་ནི་དབང་དམ་པ་ཐོབ་པས་དོན་པོ་དང་ལྡན་པའོ། །མཚན་བརྗོད་ལས། དབང་གི་དམ་པ་མཆོག་གི་གནས། །ཞེས་པ་དང་། གསང་སྙིང་ལས། སློབ་དཔོན་ མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །དེ་རྣམས་ཀྱི་རང་གི་ངོ་བོའི་ཁྱད་པར་རོ། །གཉིས་པ་ལམ་དུ་འཁྱེར་ལུགས་ཀྱི་ཁྱད་པར་ནི། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཞེས་པ། དེ་ལ་རྒྱུ་ནི་རྒྱུ་ཚོགས་གནིས་བསོག་པའམ། བདེ་སྡུག་གི་རྒྱུ་མི་དགེ་བ་སྤོང་། དགེ་བ་སྒྲུབ་པ་ལམ་དུ་བྱེད་པའོ། །རྩ་རྒྱུད་ལས། དགེ་སྡིག་ལས་ཀྱི་སྒོར་ཞུགས་ནས། །འབྲས་བུ་བདེ་དང་སྡུག་བསྔལ་མྱོང་། །མཚན་ཉིད་ཡུ་ཡང་མཚོན་པའི་ཕྱིར། །མཚན་ཉིད་རྒྱུ་ཞེས་བཤད་པ་ཡིན། །ཞེས་སོ། །པདྨ་དཀར་པོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་བཞིན་དུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ཞིག །དུས་མཚན་ཕྱི་མ་མྱོང་བར་འགྱུར། །ཞེས་སོ། །མཚན་ཉདི་ཅེས་པ་ནི། མཚན་གཞི་དུ་མ་ལ། མཚོན་བྱ་དུ་མས་མཚན་ཉིད་དུ་མར་མཚོན་པའོ། །གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི། འབྲས་བུ་ཉིད་ལ་ངེས་པའི་ལམ་དུ་བྱེད་པའི། །ཞེས་སོ། །ཡང་བང་མཛོད་ལས། ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །དབྱེར་མེད་རྡོ་རྗེ་སྒོམ་པའི་ཕྱིར། །འབྲས་བུ་ལམ་དུ་གྱུར་པས་ནས། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་སོ། །དེ་ཡང་འབྲས་བུ་ཞེས་བྱ་བ་ནི། །རྒྱུ་ཚོགས་གཉིས་བསགས་པའི་འབྲས་བུ་སྒྲིབ་པ་གཉིས་ཟད། དོན་དམ་ཀུན་རྫོབ་དབྱེར་མེད་པ་དེ། བླ་མ་དམ་པའི་གདམས་ངག་གིས་རང་ ལ་རྗེན་ཆེར་གྱིས་བསྟན་ནས་ལམ་དུ་བྱེད་པའོ། །དེ་ལ་འབྲས་བུ་མཚན་ཉིད་དང་ལྡན་པ་ཞིག་ལམ་དུ་བྱེད་དམ། མི་ལྡན་པ་ཞིག་ལམ་དུ་བྱེད་ཅེ་ན། འབྲས་བུ་མཚན་ཉིད་ནར་སོན་པ་ཞིག་ལམ་དུ་བྱེད་པའོ། །དེ་ལམ་དུ་བྱས་པ་ལ་དགོས་པ་མེད་དོ་ཞེ་ན། །འབྲས་བུ་རང་གི་ངོ་བོ་ལ་ཁྱད་མེད་ཀྱང་། གསལ་བ་གོང་ནས་གོང་དུ་བསྐྱེད་འདོན་པའི་དགོས་པ་ཡོད་དོ། །དེ་ཡང་རིམ་དྲུག་ལས། རང་བཞིན་རྐྱེན་གྱིས་མངོན་བྱས་པས། །འབྲས་བུ་རྒྱུ་ལ་མིང་བཏགས་ཀྱང་། གསལ་ཞིང་གསལ་བ་གསུམ་དུ་འགྱུར། །ཞེས་སོ། །འོ་ན་འབྲས་བུ་ཐུག་པ་མེད་པར་འགྱུར་རོ་ཞེ་ན། བུ་ཆུང་འདི་མི་ཡི་མཚན་ཉིད་ནར་སོན་པ་ཡིན་ནམ་མིན་བྱའོ། །དེ་ལམ་དུ་བྱེད་ལུགས་ཀྱི་ཁྱད་པར་རོ། །གསུམ་པ་འཇུག་སྒོའི་ཁྱད་པར་ནི། མཚན་ཉིད་པ་བདེན་པ་གཉིས་ཡ་བྲལ་དུ་འཇུག་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །གསང་སྔགས་པ་ནི་བདེན་པ་དབྱེར་མེད་ཀྱི་སྒོ་ནས་འཇགུ་སྟེ། དོན་དམ་ཀུན་རྫོབ་དབྱེར་མེད་པ། །ཞེས་སོ། །བཞི་པ་ལྟ་བའི་ཁྱད་པར་ནི། མཚན་ཉིད་པས་དོན་སྤྱིའི་མཚན་ཉིད་ལས་མ་རྟོགས། གསང་སྔགས་པས་དོན་རང་གི་མཚན་ཉིད་རྟོགས་པའོ། །དེ་ཡང་། རང་བཞིན་གྱིས་ནི་རྟོགས་གྱུར་པ། །ཞེས་སོ། །ལྔ་པ་བསྲུང་མཚམས་ཀྱི་ཁྱད་པར་ནི། །མཚན་ཉིད་པ་ནི། ཉན་ཐོས་ཀྱི་འདུལ་ཁྲིམས་སྒོ་ང་གྲུམ་པའམ། རྫའི་བེའུ་ཆག་པ་དང་འདྲ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། རྫ་ཆག་པ་དག་འདྲ་སྟེ། སླར་གསོ་བར་དཀའོ། །གསང་སྔགས་ཀྱི་དམ་ཚིག་ནི། གསེར་དངུལ་ཞོམ་ དང་འདྲ་སྟེ་སླར་གསོ་བ་སླའོ། །དྲུག་པ་སྒོམ་པའི་ཁྱད་པར་ནི། མཚན་ཉིད་པ་བདེན་པ་འབྲས་བུ་ཡ་བྲལ་དུ་སྒོམ་ལ། གསང་སྔགས་པ་བསྐྱེད་རྫོགས་གཉིས་བདེན་པ་དབྱེར་མེད་དུ་སྒོམ་པའོ། །བདུན་པ་སྤྱོད་པའི་འཕྲིན་ལས་ཀྱི་ཁྱད་པར་ནི། མཚན་ཉིད་པ་ལུས་དང་སྲོག་ལ་བབས་ཀྱང་། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པའོ། །དེ་ཡང་སྡུད་པ་ལས། མགོ་དང་རྐང་ལག་གཏོང་ཞིང་རྟག་ཏུ་ཞུམ་བའི་སེམས་ཀྱང་མེད། །ཅེས་སོ། །གསང་སྔགས་པས་འཕྲིན་ལས་རྣམ་པར་བཞིས་སེམས་ཅན་གྱི་དོན་བྱེད་དོ། །དེ་ཡང་མཚན་བརྗོད་ལས། སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ཞེས་སོ། །བརྒྱད་པ་སྒྲུབ་པའི་ཁྱད་པར་ནི། མཚན་ཉིད་པ་ཐབས་རྐྱང་པས་སྒྲུབ་སྟེ། སྒྲུབ་ཐག་རིང་བའོ། །གསང་སྔགས་པ་ནི་ཐབས་ཤེས་རབ་ཟུང་དུ་སྦྲེལ་ནས་སྒྲུབ་སྟེ། སྒྲུབ་ཐག་ཉེ་བའོ། །ནོར་བ་ཐབས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་འི་བློ། །ཞེས་སོ། །དགུ་པ་འབྲས་བུའི་ཁྱད་པར་ནི། དུས་ཉེ་རིང་དང་སྐུ་མང་ཉུང་གི་ཁྱད་པར་རོ། །མཚན་ཉིད་པ་དུས་བསྐལ་པ་གྲངས་མེད་པ་གསུམ་ནས་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་ཐོབ་ལ། གསང་སྔགས་པ་ནི་དུས་བསྐལ་པ་གྲངས་མེད་པར་སྒྲུབ་མི་དགོས་ཏེ། མི་ཚེ་བདུན་ནམ། མི་ཚེ་ལྔའམ། མི་ཚེ་གསུམ་མམ། མི་ཚེ་གཉིས་སམ། སྐད་ཅིག་མ་གཅིག་གིས་རྡོ་རྗེ་འཛིན་པའམ། སྟུག་པོ་བཀོད་པའམ། པདྨ་ཅན་ནམ། རྡོ་ རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའམ། ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ས་ཐོབ་པའོ། །སྐུ་མང་ཉུང་གི་ཁྱད་པར་ནི། མཚན་ཉིད་པ་སྐུ་གསུམ་ལ། གསང་སྔགས་པ་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་འདོད་དེ། སྐུ་ལྔ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའ་སྐུ་དང་། སྤྲུལ་པའི་སྐུ་དང་། དབྱེར་མེད་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའོ། །ཡེ་ཤེས་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སོ། །དེ་རྣམས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཁྱད་པར་རྣམ་པར་བཤད་པའོ། །གཉིས་པ། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་བྱུང་ཚུལ་དངོས་བཤད་པ། གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་བྱུང་ཚུལ་དངོས་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་ཀྲྀ་ཡོག་སྡེ་གསུམ་དང་། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲྀ་ཡོག་སྡེ་གསུམ། དང་པོ་ལ་གསུམ་སྟེ། བྱ་རྒྱུད་ཀྲྀ་ཡ་དང་། སྤྱོད་རྒྱུད་ཨུ་པ་ཡ་དང་། གཉིས་མེད་ཡོ་ག་གསུམ་མོ། །དང་པོ་ཀྲྀ་ཡའི་ཅོས་ཐབས་ཅད་གྲོང་ཁྱེར་ཝཱ་ར་ཎཱ་སིར་བྲམ་ཟེའི་ རིགས་ལ་བཀའ་བབས་པ་ཡིན་ནོ། །དེར་འབབ་པའི་རྒྱུ་མཚན་ནི། གྲོང་ཁྱེར་དེ་ན་མི་རིགས་ཀྱང་བྲམ་ཟེའི་རིགས་ཁྲུས་དང་གཙང་སྦྲ་ལ་གནས་པ། ཟས་དཀར་གསུམ་དག་མངར་གསུམ་ཟ་བ། རས་ཁ་ཚར་མ་ཉམས་པ་དང་བཅས་པ་གོས་གྱོན་པ་ཡོད་དེ། ཆོས་ཀྱང་དེ་བཞིན་དུ་བབས་པ་ཡིན་ནོ། །ཀྲྀ་ཡའི་སྟོན་པ་ནི་དེ་བ་ཞལ། འཁོར་ནི་འདོད་ཁམས་ཀྱི་ལྷ་དང་ཀླུ་རྣམས་སོ། །གནས་ནི་འདོད་ཁམས། སྡུད་པ་པོ་ནི་སྤྱན་རས་གཟིགས་ཀྱིས་བསྡུས། ཞེས་འབྱུང་ངོ་། །ཆོས་སྡེ་ངོས་བཟུང་པ་ནི། ཀྲྀ་ཡ་ལ་རྒྱུད་སྡེ་ཆེན་པོ་སུམ་བརྒྱ་ཡོད་པར་བཞེད་པ་ལ། འདོད་ཁམས་ཀྱི་ལྷའི་ཡུལ་དུ་ལུས་ནས། མི་ཡུལ་དུ་དར་བ་དྲུག་ལ། ཐམས་ཅད་འབྱུང་བའི་རྒྱུད། འབྱུང་བ་ཆེན་པོའི་རྒྱུད། འདུས་པ་འབྱུང་བའི་རྒྱུད། སུ་སི་ཏི་ཀ་ར་ན་སྒྲུབ་པའི་རྒྱུད། ཕྱག་ན་རྡོ་རྗེས་དབང་བསྐུར་བའྀ་རྒྱུད། ཀྲྀ་ཡ་དཔུང་བཟང་གི་རྒྱུད་དོ། །ཀྲྀ་ཡ་སྤྲུལ་པའི་རྒྱུད་བདུན་ལ། རྡོ་རྗེ་འཆང་གི་སྤྱི་བོའི་གཙུག་ནས་རྡོ་རྗེ་རྣམ་པར་རྒྱལ་བའི་རྒྱུད། ཞལ་ནས་ཨ་མོ་གྷ་པ་ཤའི་རྒྱུད། དཔུང་པ་གཡས་ནས་དཔུང་བཟང་གི་རྒྱུད། གཡོན་པ་ནས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཐུགས་ཀ་ནས་རིག་པ་མཆོག་གི་རྒྱུད། ལྟེ་པ་ནས་རྩ་བ་བྱེ་བྲག་གི་རྒྱུད། །བོལ་གོང་ནས་ཀྲྀ་ཡ་བཟང་པོའི་རྒྱུད་དོ། །གཉིས་པ་ཨུ་པ་ཡའི་ཆོས་ཐམས་ཅད་རི་རབ་ཁོང་གསེང་འདུས་པའི་རྩེ་མོར། བློན་པོའི་རིགས་ལ་བཀའ་བབས་ཡིན་ནོ། །དེར་བབས་པའི་རྒྱུ་མཚན་ནི། རི་དེའི་རྩེ་མོ་འདུས་པས་ཁོང་གསེང་དུ་ཡོད་པ། རྩེ་མོ་འདུས་པ་ན་ཆོས་ཀྱང་དེ་བཞིན་དུ་བབས་པ་ཡིན་ནོ། །སྟོན་པ་ནི་ཨུ་ ཡ་ཡི་དེ་བ་ཞལ་ཆེན་པོ། འཁོར་ནི་གཟུགས་ཁམས་ཀྱི་ལྷ་དང་ཀླུ་རྣམས་སོ། །གནས་ནི་གཟུགས་ཁམས་སོ། །སྡུད་པ་པོ་དཔལ་རྟ་མགྲིན་གྱིས་བསྡུས་ཞེས་གྲགས་སོ། །ཆོས་སྡེ་ངོས་བཟུང་བ་ནི། ཨུ་པ་ཡ་ལ་རྒྱུད་སྡེ་བདུན་ཡོད་པ་ལས། བཞི་གཟུགས་ཁམས་ལྟ་ཡུལ་དུ་ལུས་ནས། མི་ཡུལ་དུ་དར་བ་གསུམ་ལ། དཔལ་ཉི་མ་གཟི་བརྗིད། རིག་འཛིན་གྱི་སྡེ་སྣོད། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བའི་སྒྲོན་མེ་དང་གསུམ་མོ། །གསུམ་པ་རྣལ་འབྱོར་ཡོ་གའི་ཆོས་ཐམས་ཅད་ནི། མེ་རི་འབར་བའི་རྩེ་མོར་རྗེ་རིགས་ལ་བཀའ་བབས་པ་ཡིན་ནོ། །དེར་བབས་པའི་རྒྱུ་མཚན་ནི། རི་དེ་ཤིན་ཏུ་ཚན་ཆེ་བ། མཐུག་གྲག་པ། ལྷུན་སྟུག་པ། བག་དྲོ་བ་དང་ལྡན་པས་ན་ཆོས་ཀྱང་དེ་ལྟ་བཞིན་དུ་བབས་པ་ཡིན་ནོ། །རྣལ་འབྱོར་ཡོ་གའི་སྟོན་པ་ནི། དེ་བ་ཞལ་ཆེན་པོའོ། །འཁོར་ནི་ཁམས་གསུམ་གྱི་ལྷ་དང་ཀླུ་རྣམས་སོ། །གནས་ནི་ཁམས་གསུམ་ཀར་ངོ་། །སྡུད་པ་པོ་ནི་གསང་བདག་ཕྱག་ན་རྡོ་རྗེས་བསྡུས་ཞེས་གྲགས་སོ། །ཡོ་གའི་ཆོས་སྡེ་ངོས་པ་ལ། ཁམས་གསུམ་ཀའི་ལྟ་ཡུལ་དུ་ལུས། མི་ཡུལ་དུ་དར་བ་དྲུག་ལས། ཀ་ས་མུ་ཏ་རྟོགས་པ་ཡོངས་སུ་རྒྱས་པའི་རྒྱུད། བཛྲ་རྡོ་རྗེ་ཤ་ཀ་རའི་རྒྱུད་དང་། འདུས་པ་ཤ་ཀ་རའི་རྒྱུད། ཏ་ཐ་སང་ཏྲ་ཧའི་རྒྱུད། ངཉ་སོང་སྦྱོང་བའི་རྒྱུད། འཁོར་ལོ་བརྩེགས་པའི་རྒྱུད་དང་དྲུག་གོ །དེ་ལྟར་གསང་སྔགས་ཕྱི་རྒྱུད་སྡེ་གསུམ་པོ་དེ་ཉིད་ནི། སྟོན་པ་ སྤྲུལ་པའི་སྐུ་ཉིད་ཀྱིས་དངོས་སུ་གསུངས་པའང་མང་དུ་ཡོད་ལ། གཞན་ཡང་དཔལ་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས་གསུངས་པ་དང་། གསང་བའི་བདག་པོ་ལ་སོགས་བྱང་ཆུབ་སེམས་དཔའི་ཆ་ལུགས་འཛིན་པ་ཀུན་གྱིས་གསུངས་པ་སྟོན་པ་མྱ་ངན་ལས་ལ་འདས་ཀྱི་གོང་རོལ་ཏུ་མི་ཡུལ་དུ་བྱུང་བ་དང་། སྔ་ཕྱིའི་རིམ་པ་མང་དུ་བྱུང་བས། དུས་འདི་ཙམ་ཞིག་ན་བྱུང་བྱ་བའི་དུས་ཚིགས་ཀྱི་ངེས་པ་བཞག་ཐུ་མེད་དོ། །ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ། གཉིས་པ་ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་བྱུང་ཚུལ་ལ་གཉིས་ཏེ། གསང་སྔགས་ཕྱི་ནང་གི་ཁྱད་པར་བསྟནཔ་དང་། བྱུང་ཚུལ་དངོས་སོ། །གསང་སྔགས་ཕྱི་ནང་གི་ཁྱད་པར་བསྟན་པ། དང་པོ་གསང་སྔགས་ཕྱི་པ་གསུམ་གྱི་ནི། ལྟ་བས་ཕྱིར་གྱུར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་སུ་སྨྲ་མ་ནུས། སྒོམ་པས་ཕྱིར་གྱུར་ཏེ། བདག་དམ་ཚིག་པ་དང་། ཡེ་ཤེས་པ་བཟང་དུ་སྒོམ་པའོ། །སྤྱོད་པས་པྱིར་གྱུར་ཏེ། དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད་མ་ནུས། དབང་གིས་པྱིར་གྱུར་ཏེ། ཟབ་མོའི་དོན་གྱི་དབང་གསུམ་པ་སྟོན་མི་ནུས་པའོ། །དེ་དག་གི་ཁྱད་པར། རྒྱས་པར་བསད་ན་བདུན་ཏེ། འཇུག་སྒོའི་སྒོ་ནས་ཐབས་དང་ཤེས་རབ་ཡ་བྲལ་མ་བྲལ་གྱི་ཁྱད་པར་དང་། ལྟ་བའི་སྒོ་ནས་བདེན་པ་དབྱེར་མེད་དུ་རྟོགས་མ་རྟོགས་ཀྱི་ཁྱད་ པར་དང་། བསྲུང་མཚམས་ཀྱི་སྒོ་ནས་སྤང་བླང་དགག་སྒྲུབ་ཡོད་མེད་ཀྱི་ཁྱད་པར་དང་། སྒོམ་པའི་སྒོ་ནས་ཏིང་ངེ་འཛིན་ལ་བློ་སྦྱོང་ཚབས་ཆེ་ཆུང་གི་ཁྱད་པར་དང་། སྤྱོད་པའི་སྒོ་ནས་དམ་རྫས་བདུད་རྩི་ལྔ་ལ་སྤྱོད་ནུས་མི་ནུས་ཀྱི་ཁྱད་པར་དང་། སྒྲུབ་པའི་སྒོ་ནས་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་དཔའ་གཉིས་མེད་གཅིག་ཏུ་ཤེས་མི་ཤེས་ཀྱི་ཁྱད་པར་དང་། འབྲས་བུའི་སྒོ་ནས་ནས་དུས་ཉེ་རིང་དང་། སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་སྟོན་མི་སྟོན་གྱི་ཁྱད་པར་རོ། །དེ་ལ་དག་པོ་ནི། ཀྲྀ་ཡ་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག་ཡོ་ག་བྱང་ཆུབ་ལྔའི་སྒོ་ནས་འཇུག་སྟེ། ཐབས་ཤེས་རབ་ཟུང་དུ་མ་འབྲེལ་བའོ། །གསང་སྔགས་ནང་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། གསང་སྙིང་ལས། སྒྲུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །ཐབས་དང་ཤེས་རབས་ལྡན་གྱུར་ཏེ། །ཞེས་པ་དང་ཡང་། ཐབས་དང་ཤེས་རབ་མཉམ་སྦྱར་ནས། །ཞེས་སོ། །གཉིས་པ་ནི་གསང་སྔགས་ཕྱི་པ་ལྟ་བ་བདེན་པ་དབྱེར་མེད་དུ་མ་རྟོགས། དོན་དམ་པཇའི་བདེན་པ་སྟོང་པ་ཉིད་དག་པའི་མཐའ་བཞིའམ་མམ། རིགས་བཞིའམ། རིགས་ལྔ་འདོད་པའོ། །གསང་སྔགས་ནང་པ་ནི་དོན་དམ་རང་རིག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཀུན་རྡོབ་ཀྱི་བདེན་པ་རྟོག་ཚོགས་ཐམས་ཅད་སྐུ་དང་ཤེས་སུ་སྣང་ལ། དེ་གཉིས་ཀྱང་། སེམས་ཀྱི་སྟེང་ན་དབྱེར་མེད་པར་འདོད་དེ། སྔགས་ཞེས་རབ་ཏུ་གྲགས་པ་ནི། །དོན་དམ་ཀུན་རྫོབ་དབྱེར་མེད་པ། །ཞེས་ སོ། །གསུམ་པ་གསང་སྔགས་ཕྱི་པའི་དམ་ཚིག་ཀྱང་སླར་དགག་སྒྲུབ་ཅན་དུ་བསྲུང་ཞི་སྒྲུབ། གསང་སྔགས་ནང་པ་ནི། དམ་ཚིག་སྤང་བླང་དགག་སྒྲུབ་མེད་པ་བསྲུང་བའོ། །དེ་ཡང་གསལ་བཀྲ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོམ་མི་སྤོང་ངོ༌། །ཞེས་པའོ། །བཞི་པ་སྒོམ་པ་ནི། གསང་སྔགས་པྱི་པ་ཏིང་ངེ་འཛིན་ལ་བློ་སྦྱོར་ཚབས་ཆུང་སྟེ། བྱང་ཆུབ་ལྔ་སྒོམ་པའོ། །གསང་སྔགས་ནང་པ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་དང་། གསང་ཆེན་རིགས་གཅིག་དང་། དེ་ཉིད་རིགས་གཅིག་དང་། དམ་པ་རིགས་བརྒྱད་དང་། སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་སྒོམ་པའོ། །ལྔ་པ་སྤྱོད་པ་ནི། གསང་སྔགས་ཕྱི་པ་དམ་རྫས་བདུད་རྩི་ལྔ་ལ་སྤྱོད་མི་ནུས་ལ། གསང་སྔགས་ནང་པ་ནི་དམ་རྫས་བདུད་རྩི་ལྔ་ལ་སྤྱོད་པའོ། །དེ་ཡང་། བདུད་རྩི་རྣམ་པ་ལྔ་ཡི་ལོངས་སྤྱོད་དང་། །ཞེས་སོ། །དྲུག་པ་སྒྲུབ་པ་ནི། གསང་སྔགས་ཕྱི་པ་ཕྱིའི་མཆོད་པ་རྣམ་པ་ལྔས། བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡི་ཤེས་སེམས་དཔའ་གཉིས་ཐ་དད་དུ་སྒྲུབ་སྟེ། ཀྲྀ་ཡ་བ་རིགས་གསུམ་དམ་ཚིག་པ་ཆོ་ག་ཡན་ལག་བཅུ་གཅི་གིས་བསྐྱེད་དེ། ཡེ་ཤེས་པ་ཅི་འདྲ་བ་འོག་མིན་ནས་སྤྱན་དྲངས། མཆོད་པ་འབུལ་ཏེ། ལྷ་དང་བདག་རྗེ་འབངས་ ཐ་དད་དུ་བསྒོམས་ནས་དངོས་སྒྲུབ་ཡེ་ཤེས་པ་ལ་རེ་བའོ། །ཨུ་པ་ཡ་ནི་དམ་ཚིག་པ་དེ་ཉིད་བཞི་ལྡན་དུ་སྒོམ། ཡེ་ཤེས་པ་དེ་ཉིད་ཅི་འདྲ་བ་འོག་མིན་ནས་སྤྱན་དྲངས་ལ་མཆོད་པ་འབུལ། དངོས་གྲུབ་རེ་བ་དང་བཅས་ཏེ་བསྒོམས་ཏེ། ལྷ་དང་བདག་དཔོན་གཡོ་གི་ཚུལ་དུ་ཐ་དད་དུ་འདོད་པའོ། །རྣལ་འབྱོར་ཡོ་ག་ནི། བློ་ཆུང་བས་བཚན་བཅས་ལྷ་བསྒོམས་ཏེ། བདག་དམ་ཚིག་པ་ལྷ་སུམ་ཅུ་རྩ་བདུན་བྱང་སེམས་ལྔས་བསྐྱེད། ཡེ་ཤེས་པ་དེ་ཅི་འདྲ་བ་འོག་མིན་ནས་སྤྱན་དྲངས་ནས་ལྷ་བདག་སྤུན་ཟླའམ། གྲོགས་པོ་ལྟ་བུར་བཟང་ངན་ཐ་དད་མེད། སྔོ་གྲུབ་དེས་སྟེར་བར་སྒོམ་མོ། །བློ་ཆེན་བ་ནི་མཚན་མེད་མི་རྟོག་པར་སྒོམ་པའོ། །གསང་སྔགས་ནང་པ་ནི། དམ་རྫས་བདུད་རྩི་ལྔའི་མཆོད་པས་བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་གཉིས་སུ་མེད་དེ་མཆོད་པ་འབུལ་བའི་ཡུལ་དང་། འབུལ་བའི་མཁན་པོ་གཉིས་མེད་པར། རང་ཉིད་ལ་རང་ཉིད་ཀྱིས་མཆོད་ཅིང་སྒྲུབ་པའོ། །དེ་ཡང་། བདག་ཆོས་ཀུན་མཉེས་ཐམས་ཅད་ཚིམས། །ཞེས་སོ། །བདུན་པ་འབྲས་བུའི་ཁྱད་པར་ནི། གསང་སྔགས་ཕྱི་པ་ནི། མི་ཚེ་བདུན་ནམ་ལྔ་ལ། རིགས་གསུམ་མམ། རིགས་བཞིའམ།རིགས་ལྔ་རྡོ་རྗེ་འཛིན་པའི་ས་ཐོབ་པའོ། །གསང་སྔགས་ནང་པ་ནི། དབང་བསྐུར་གདམས་ངག་བསྟན་པ་ཙམ་གྱིས་ནི། ས་དང་པོའི་བདེན་པ་མཐོང་། བསྐྱེད་རིམ་བསྒོམས་པས་ས་བརྒྱད་པ་ནོན། རྫོགས་རིམ་ངག་དབེན་གྱིས་ས་བཅུ་པ་ནོན། འོད་ གསལ་གྱིས་ས་བཅུ་གཉིས་པ་ནོན། ཟུང་འཇུག་གིས་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ནོན་པའོ། །དེ་སྐད་དུ་ཡང་། གསང་འདུས་ལས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པ་མཐོང་བ་ནི། །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། གཙང་མའི་ས་ནོན་དེ་ནས་ནི། །སངས་རྒྱས་ས་ལ་གནས་པར་འགྱུར། །ཚེ་འདི་ལ་ནི་ཐམས་ཅད་མཁྱེན། །ཞེས་པ་དང་། དུས་འཁོར་ལས་ཀྱང་། རྡོ་རྗེ་ཐེག་པའི་འབྲས་བུ་ནི། །སངས་རྒྱས་དྲུག་པ་རྡོ་རྗེ་འཆང་། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །ཚེ་འདི་ལ་ནི་མཉམ་སྦྱོར་བས། །དེ་གཉིས་གཉིས་སུ་མི་ཤེས་པས། །ཡང་དག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་པ་དང་། དུས་འཁོར་ཞབས་ཀྱིས། དེས་ན་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་དྲུག །སྟོབས་སོགས་ཡོན་ཏན་ཀུན་རྫོགས་པ། །ཚེ་འདིར་ངེས་པར་ཐོབ་པར་འགྱུར། །ཞེས་སོ། །ཚེ་འདི་ལ་གནས་སྐབས་ཀྱི་འབྲས་བུ། རིག་འཛིན་གྱི་ས་ཐོབ་ནས། འཛམ་བུའིགླིང་བྱེ་བ་ཕྲག་ལྔ་བརྒྱར། སྤྲུལ་པ་བྱེ་བ་ཕྲག་ལྔ་བརྒྱར་བཀྱེ་ནས། སེམས་ཅན་ཀྱི་དོན་བྱེད་ནུས་པའོ། །དེ་ཡག་གསང་བ་སྙིང་པོ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །མཐར་ཐུག་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉིས་ཤུ་རྩ་ལྔར་ཤར་ནས། སེམས་ཅན་ཐམས་ཅད་ལ་མཐའ་མེད་པའི་དོན་བྱེད་པའོ། །དེ་རྣམས་ཀྱིས་གསང་སྔགས་ཕྱི་ནང་གི་ཁྱད་པར་བཤད་པའོ། །  ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་བྱུང་ཚུལ་དངོས། གཉིས་པ་ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་བྱུང་ཚུལ་དངོས་ནི། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། །ཐབས་ཤེས་རབ་བཟང་མོའི་ལམ་ལ་བརྟེན་ནས། གང་ཟག་གི་རྒྱུད་ལ་འབྲས་བུ་དངོས་སུ་སྟོན་པར་བྱེད་པའི་ཆོས། ནང་པ་བསྐྱེད་རྫོགས་གསུམ་གྱི་ཐེག་པ་ནི། སྟོན་པར་བྱེད་པའི་ཆོས། ནང་པ་བསྐྱེད་རྫོགས་གསུམ་གྱི་ཐེག་པ་ནི། སྟོན་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་འབྱུང་བར་ལུང་བསྟན་པ་ཡིན་ཏེ། དེ་ཡང་། ལོ་དུས་ཅི་ཙམ་ཞིག་ནས་བྱུང་བ་ཡིན་ཞེ་ན། མདོ་སྒྱུ་འཕྲུལ་གཉིས་ཀྱི་ཐེག་པ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉིས་ཤུ་རྩ་བརྒྱད་ན་འབྱུང་བར་གསུངས་ཏེ། དེ་ཡང་འདི་ལྟར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་བར་གསུངས་ཏེ། དེ་ཡང་འདི་ལྟར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་བར་བཞེད་པའི་ཚེ། འཁོར་རྣམས་ཀྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་པའི་མོའུ་འགལ་གྱི་བུ་ལ། ཁྱོད་ཀྱི་འཁོར་རྣམས་སྡུས་ཤིག །ང་ལ་ངེས་པ་བཞག་རྒྱུ་ཡོད་དོ། །གསུངས་ནས་དེར་མོའུ་འགལ་གྱི་བུས་ཀྱང་རྫུ་འཕྲུལ་འདུ་བྱ་བ་ཤེས་པའི་མངོན་པར་ཤེས་པས། འཁོར་རྣམས་སྐད་ཅིག་ལ་བསྡུས་ནས། སྟོན་པའི་ཞབས་དྲུང་དུ་འཁོད་པ་དང་། འཁོར་རྣམས་ལ་སྟོན་པའི་ཞལ་ནས། ངས་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཟམ་པ་དང་སྟེགས་ནི་བཙུགས། ལམ་དང་སྲོལ་ག་ནི་བཏོད། །ཆོས་ཀྱི་འཁོར་ལོ་ནི་ལེགས་པར་བསྐོར། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱས། མ་གྲོལ་བ་དག་ནི་གྲོལ་བར་བྱས། དེ་ལྟར་མཛད་པ་ཐམས་ད་ཡོངས་སུ་རྫོགས་པར་བྱས་པ་ཡིན་པས། ད་ང་ནི་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་པས། ཁྱེད་རང་རྣམས་ཐེ་ཚོམ་མ་ཆོད་ པའི་དྲི་བ་ལྷག་མ་དག་ཡོད་ན་ད་ལྟ་དྲིས་ཤིག དེ་ནས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག །ངས་འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ་ཡིན་ནོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ་ཡིན་ནོ། །འབྱོར་པ་ཐམས་ཅད་རྒུད་པ་ཡིན་ནོ། །དངོས་པོ་ཐམས་ད་ནི་ངེས་པར་འཇིག་པ་ཡིན་ནོ། །འབྱོར་པ་ཐམས་ཅད་རྒུད་པ་ཡིན་ནོ། །གང་ཟག་ཀུན་གྱི་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་འགགས་པ་ཡིན་ནོ། །ཞེས་ཡང་དང་ཡང་དུ་བསྟན་པ་ཡིན་ནོ། །ཞེས་གསུངས་པ་དང་། འཁོར་རྣམས་ཀྱིས་སྟོན་པ་མྱ་ངན་ལས་འདའ་བར་རིག་ནས། ཡིད་རབ་ཏུ་མ་དགའ་སྟེ། མྱ་ངན་གྱི་གདུང་བ་ནོན་ནས་མིག་མཆི་མས་འགགས་ཤིང་། དྲི་བའི་སྤོབས་པ་མ་བྱུང་བ་ལས། དེ་རྣམས་ཀྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་རས་སྟན་ལས་ལངས་ཏེ། སྟོན་པའི་མདུན་དུ་སེདྒེའི་ལྟ་སྟངས་ཀྱིས་མིག་མི་འཛུམ་པར་བལྟ་ཞིང་། འདི་སྐད་ཅེས་གསོལ་ཏོ། །མཉམ་ཉིད་བླང་དོར་མེད་སྤྱོད་ཅིང་། །ཐབས་མཆོག་དཔག་གིས་མི་ལང་ཡང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་དྲིས་ཏེ། དོན་བཅོམ་ལྡན་འདས་ཀྱི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་བར་བྱས་སོ་གསུངས་མོད་ཀྱང་། བསྟན་པའི་སྙིང་པོ་ཟབ་མོའི་ལམ་གསང་བ་བླ་ན་མེད་པའི་ཐེག་པ་དག་མ་གསུངས་པར་ཞེས་དྲིས་པ་ཡིན་ནོ། །དེའི་ལན་དུ་འདི་སྐད་ལུང་བསྟན་པ་ཡིན་ཏེ། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམཔ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་སུ། །མི་ལས་སྐལ་ལྡན་དྲ་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་སྣང་གྱུར་ཏེ། །དྲག་ཤུལ་ ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོར་གསུངས་པ་དང་། གསང་བ་ལུང་བསྟན་པ་ལས་ཀྱང་། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་པ་ན་འབྱུང་བར་འགྱུར། །ཞེས་པ་དང་། དཔལ་སྡོམ་པ་འབྱུང་བའི་རྒྱུད་ཕྱི་མ་ལས། བདེ་བར་གཤེགས་པ་ཁྱོད་ཀྱི་བསྟན་པ་འདི་ཁོ་ནར་འདུས་སམ་ཞེས་པའི་ལན་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་དང་བཅུ་གཉིས་ནས། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གསན་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །དཔལ་ཞེས་བྱ་བའི་རི་བོ་ལ། །ལག་ན་རྡོ་རྗེ་མཐུ་ལྡན་འགྱུར། །མི་ལས་སྐལ་ལྡན་དམ་པ་ཞིག །ཐེག་ཆེན་གསང་སྔགས་རྒྱས་པར་བྱེད། །དེ་ལ་རིམ་གྲོ་རྟག་ཏུ་གྱིས། །ཐེག་ཆེན་གསང་སྔགས་རྒྱས་པར་བྱེད། །དེ་ལ་རིམ་གྲོ་རྟག་ཏུ་གྱིས། །ཞེས་སོ། །དེ་ལྟར་ལུང་བསྟན་པ་རྣམས་དང་། རྗེས་སུ་མཐུན་པར་དབང་བསྒྱུར་ཐབས་ཀྱི་ཐེག་པ་མདོ་སྒྱུ་འཕྲུལ་གཉིས་བྱུང་ཚུལ་ནི། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། གང་ལ་ཐུག་གི་བར་དུའོ། །ཞེས་པས་གསུམ་སྟེ། རྒྱལ་བ་དགོངས་པར་བརྒྱུད་པ་ནི་རྒྱལ་བ་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་སེམས་དཔའ་ལ་སོག་སཔ་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །རིག་འཛིན་རིག་པར་བརྒྱུད་པ་ནི། མི་མ་ཡིན་པ་ལ་རྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། །  དང་པོ་ནི། ཐུབ་བའི་དབང་པོ་འདས་ནས་ལོ་ཉིས་ཤུ་རྩ་བརྒྱད་ཀྱི་བར་དུ། རྒྱལ་བ་རིགས་གསུམ་གྱིས་བརྒྱུད་པ། འཇམ་དཔལ་གྱིས་ལྟ་བ། སྤྱན་རས་གཟིགས་ཀྱིས་སྒྲུབ་པ་དང་། ཕྱག་རྡོར་གྱིས་སྤྱོད་པ་བསྟན་ཟེར་ཀྱང་། གསང་སྔགས་ཀྱི་ལྟ་སྤྱོད་སྒྲུབ་པ་གསུམ་ཀའི་དོན། འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དག་ལྡན་པ་དེས། ལྷ་རྣམས་ཀྱིས་ལུས་དང་བསམཔ་དང་མཐུན་པར་ཆོས་བསྟན་ཏེ། འཇམ་དཔལ་རྡོ་རྗེ་རྣོན་པོས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་རིན་པོ་ཆེ་འོད་འབར་བ་ལ་བཤད། དེས་སྐྱེ་དགུའི་བདག་པ་ཚངས་པ་ལ་བཤད། དེས་ཚངས་པ་ཀུན་གྲོལ་ལ་བཤད། དེས་ཚངས་པ་གཙུག་ཕུད་འཛིན་ལ་བཤད། དེས་དབང་པོ་བརྒྱ་བྱིན་ལ་བཤད། དེས་ལྷ་རིག་འཛིན་ལ་ཚོམ་བུ་འབུམ་སྡེ་ལའོ། །དེ་ལྟར་གྱུར་བའི་ལྷ་རྣམས་ཀྱི་གདུང་གསབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་གདུག་ཅན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར། ཀླུ་རྒྱལ་གྷྲི་ཧ་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེ་ཀླུ་ཡིད་འོང་དགའ་བ་ལ། དེས་འཇོག་པོ་ལ། དེས་ཀླུ་མོ་འདུལ་ཚངས་མ་ལ། དེས་ཀླུ་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་ཀླུ་རྣམས་ཀྱང་གོང་ལྟར་དུ་གྱུར་པའོ། །ཕྱག་ན་རྡོ་རྗེ་འཇིགས་ཚུལ་སྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར། གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་ སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གནོད་སྦྱིན་རྣམས་ཀྱང་གོང་ལྟར་གྱུར་ཏོ། །མ་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། གསང་བའི་བདག་པོས། ལྷ་གྲགས་ལྡན་མཆོག་སྐྱོང་། དེས་ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལང་ཀ་མགྲིན་བཅུ། མི་ལས་སྐལ་ལྡན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་སོགས་པ་རིག་པ་འཛིན་པ་འདུས་པའི་འཁོར་ལ་མ་ལ་ཡའི་རྩེར་གསུངས་ཤིང་བརྒྱུད་དོ། །གང་ཟག་རྣ་བར་བརྒྱུད་པ་ནི། ཐུབ་པ་འདས་ནས་ལོ་ཉིས་ཤུ་རྩ་བརྒྱད་ན་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་ཛ་ཞེས་བྱ་བ་བྱོན་ཏེ། དེས་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པ་ལ། རྨིས་ལྟས་བདུན་ཤར་ཞིང་། དངོས་སུ་པོ་ཏི་དང་གླེགས་བམ་གིཡ་ཆར་བབས་ནས། ཕྱག་ན་རྡོ་རྗེས་གསུངས་པའོ། །དེ་ལ་རི་མ་ལ་ཡ་ནི། སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་སྟོན་པའི་གནས་ཡིན་ཏེ། རི་དེ་ནི་ཤིན་ཏུ་བཀྲ་ཤིས་ཤིང་བྱིན་ཆེ་བ་མཐོང་སྣང་དུ་མ་ཡོད་དེ། དག་པ་ལ་ལས་རིན་པ་ཆེ་སྣ་ཚོགས་ལས་གྲུབ་པར་མཐོང་ལ། ལ་ལས་ནི་བྲག་རི་ཤིན་ཏུ་ན་ཞིང་གཟེངས་མཐོ་བར་མཐོང་བ་དང་། ལ་ལས་ནི་གནམ་ལྕགས་འབར་བ་གང་གིས་ཀྱང་བགྲོད་མི་ནུས་པར་སྣང་བའོ། །རི་དེའི་ཤར་ལྷོ་ན། ཏྲི་ཤི་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ། ཕུག་རིན་པོ་ཆེ་ཟུར་བརྒྱད་དུ་ཡོད་པ། ལོགས་ལ་ངོ་མཚར་བའི་རི་མོ་རང་བྱུང་པ། ལོགས་བྲག་སེདྒེ་དཀར་པོ་ཁྱི་ཚུགས་ལྟ་བུ་ཡོད་པ། མཁར་ཡང་ཐོག་སུམ་རིམ་དང་བཅས་པ།  སྟེང་ན་བྱ་ཀ་ལན་ཏ་ཀའི་ཚང་བཅས་ནས་ཆོས་ཐམས་ཅད་ཐིག་ལེ་ཉག་ཅིག་ཏུ་སྒྲ་སྒྲོགས་པ་ཡོད་དོ། །རྩ་བ་ན་བདུད་རྩིའི་ཆུ་མིག་རང་རྡོལ་དུ་ཡོད་པ། མདུན་ན་མེ་ཏོག་གི་སྣམ་བུ་ཡོད་པ། ཤིང་ཡལ་ག་ཕྱོགས་བཞིར་གྱེས་པས་དུས་བཞིའི་དགྲ་ལས་སྐྱོབ་པ་ལྟར་དུ་ཡོད་པ། ཤིང་དེའི་མེ་ཏོག་དང་འབྲས་བུ་ཐམས་ཅད་སྨན་དུ་གྱུར་ཏེ། ཟོས་པས་ནད་སྣ་ཚོགས་སེལ་བ། དེ་ལྟ་བུའི་ཉམས་དགའ་བའི་གནས་དེར། ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་ནི་བགྲོད་དུ་ཐར་ལ། ལས་དང་སྐལ་བར་མི་དན་པ་རྣམས་ཀྱིས་ནི་མི་ཐར་བའི་བར་ཁང་ན་སྐལ་ལྡན་རྒྱལ་པོ་ཛ་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མདད་ཀྱིན་བཞུགས་པ་ལས། རྨི་ལྟས་བདུན་ཞག་རེ་རེ་ལ་རྨིས་ཀྱང་སྐད། ཞག་གཅིག་ལ་རྨིས་ཀྱང་སྐད། རྨི་ལྟས་དང་པོ་ནི། གསང་བདག་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ནས་འོད་ཟེར་འཕྲོས་ཏེ་གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲ་བསྒྲགས་པས་གདུལ་བྱ་ཐམས་ཅད་ཀྱིས་གོ་བར་མཛད། ཐུགས་ཀྱི་གནས་ནས་རྡོ་རཇེ་འོད་འབར་བ་བྱུང་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་བྱུང་ནས་རྒྱལ་པོའི་སྤྱི་གཙུག་ཏུ་ཐིམ་པ་རྨིས་སོ། །དེ་ཡང་དགོངས་འདུས་ཀྱི་འགྲེལ་པ་ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་གཉིས་པ་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཉི་མ་དང་ཟླ་བ་ལ་ཆིབས། ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ནས། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་རྨིས་སོ། །དེ་ཡང་ ཆོས་ཀྱི་བགྲོ་བ་མཛད་པ་དང་། །ཞེས་བའི་དོན་ནོ། །རྨི་ལྟས་གསུམ་པ་ལ། ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་ཆགས། སྣང་སྲིད་གསལ་བའི་གློག་འཁྱུག ཆོ་འཕྲུལ་གྱི་འབྲུག་སྒྲ་དམ་པ་ཆོས་ཀྱི་སྒྲ་འུར་དི་རི་རི་སྒྲོག་པ་རྨིས་ཏེ། དེ་ཡང་། ཆོས་སྒྲ་ཆེན་པོ་སྒྲོག་པ་དང་། ཞེས་པའི་དོན་ནོ། །རྨི་ལྟས་བཞི་པ། ནམ་མཁའི་སྤྲིན་གསེབ་ནས་བདུད་རྩིའི་ཆུ་རྒྱུན་བབས་ཏེ། ས་ཕྱོགས་ཐམས་ཅད་ཆག་ཆག་བཏབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས། སྔགས་གྱི་སྒྲ་དི་རི་རི་སྒྲོ་པ་ཞིག་རྨིས་སོ། །དེ་ཡང་། བདུ་རྩིའི་ཆོས་ཆར་བབས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་ལྔ་པ་ལ། ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་ན་རིན་པོ་ཆེ་མཐིང་གི་ཤོག་བུ་ལ་གསེར་གྱིས་རྒྱ་རང་མནན་དུ་བྲིས་པའི་པོ་ཏི་དང་གླེགས་བམ་སྐར་མདའ་ཐང་ལ་བབས་པ་ཙམ་དུ་ལྷུང་བ་རྨིས་སོ། །དེ་ཡང་། རིན་ཆེན་ཆར་དུ་བབས་པ་དང་། །ཞེས་བའི་དོན་ནོ། །རྨི་ལྟས་དྲུག་པ་ལ། པོ་ཏི་གླེགས་བམ་དེ་རྣམས་ལ་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལ་ནི་མཆོད་པ་འབུལ། ལ་ལ་ནི་སྐོར་བ་བྱེ། ལ་ལ་ནི་བསྟོད་པ་བྱེད་བའི་སྒྲ་སྒྲོག་པ་ཞིག་རྨིས་སོ། །དེ་ཡང་། མཆོད་པ་རྒྱ་ཆེན་བྱས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་བདུན་པ་ལ། ནམ་མཁའི་མཐོངས་ནས་གཟུགས་སུ་མ་གྲུབ་པའི་ལུང་སྟོན་པའི་སྒྲ། ལས་དང་སྐལ་བ་རབ་ལྡན་ཞིང་། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟ་ལུག་བསྟན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱེད་ ལ་སྒྲོག་པར་བྱའོ། །ཞེས་པ་རྨིས་པས་དེར་རྒྱལ་པོ་མནལ་སད་དེ། མཁར་གྱི་ཡང་ཐོག་ཏུ་སྐུ་འཆག་ཏུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ་རྒྱུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ་ཁྲུ་གང་པ་ཞིག་བཞུགས་ཀྱིན་གདའ་སྐད། དེ་ལ་ཕྱག་ལན་གསུམ་བཙལ། བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལེགས་གང་། །མོས་པའི་ཡིད་ཡིས་ལྷ་མཆོག་ཁྱོད། །སྔོན་ཚེ་གོང་ནས་བསྒྲུབས་པ་ཡི །ལས་འབྲེལ་ལྷ་མཆོག་ཁྱོད་ཉིད་ནི། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །གསུངས་ཏེ་ཡིད་དམ་གྱི་ལྟར་བཟུང་ནས་ཟླ་བ་བདུན་དུ་སྒྲུབ་པ་མཛད་པས། པོ་ཏི་དང་གླེགས་བམ་རྨི་ལམ་དུ་བྱུང་བ་དེ་རྣམས་མངོན་སུམ་དུ་བབས་ཤིང་དེའི་བྱིན་གྱིས་བརླབས་ཀྱིས་སྣང་བ་ཐམས་ཅད་དཔེ་ཆར་ཤར་བ་ཡིན་སྐད། དེར་རྒྱལ་པོས་པོ་ཏི་དང་གླེགས་བམ་དེ་རྣམས་ལ་བརྟགས་པས་རྟོགས་པར་འདུག་ཀྱང་། གདུལ་བྱ་གཟུ་ལུམ་ཅན་དང་རས་གཅོད་ཅན་རྣམས་དགག་པར་བྱ་བའི་ཕྱིར་དུ་མ་རྟོགས་པ་ལྟར་གནང་ནས། འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཞེས་དྲིས་པས། ཟ་ཧོར་གྱི་ཡུལ་ན་སིང་ང་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་པ་རྒྱ་ཆེའོ་ཞེས་ཟེར་ཏེ། སྤྱན་འདྲེན་དུ་བཏག་བས། ཁོང་ཉིད་ཀྱིས་ཀྱང་རྒྱལ་པོའི་ཐུགས་ཀྱི་རྟོག་པ་མ་སེལ་གྱི་དོགས་ནས་འབྱོན་དུ་མ་བཞེད་སྐད། པོ་ཏི་དང་གླེགས་བམ་རྣམས་རྟ་དང་ཀླང་པོ་ལ་ཁོལ་ལ་ཐོངས་ཤིག ངས་བརྟག་གི་གསུངས་ནས། པོ་ཏི་དང་གླང་པོ་ལ་ཁོལ་ལ་ཐོངས་ཤིག ངས་བརྟག་གི་གསུངས་ནས། པོ་ཏི་དང་གླེགས་བམ་རྣམས་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་སྤོས་སྣ་ཚོགས་དང་། གདུགས་དང་ རྒྱལ་མཚན་ལ་སོགས་པའི་མཆོད་པ་སྣ་ཚོགས་དང་བཅས་པས་སྤྱན་དྲངས་ཏེ། ཁོང་གིས་བརྟགས་པས་ཚིག་གཅིག་ཀྱང་བརྡའ་མ་མཇལ་སྐད། སློབ་དཔོན་གྱི་སྔོན་གྱི་མཚན་རྟགས་དང་སྦྱར་ན། རྒྱལ་པོ་ཉིད་རང་གི་རྟོགས་པར་འགྱུར་རོ་གསུངས་ནས། ཚུར་སྤྱན་དྲངས་སྐད་དོ། །ཡང་རྒྱལ་པོ་ཉིད་ཀྱིས་བརྟགས་པས་རྟོགས་པར་འདུག་ཀྱང་། མ་རྟོགས་པ་ལྟར་གནང་ནས། ཡང་འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ་ཞེས་དྲིས་པས། སངས་རྒྱས་རིན་ཆེན་མང་གི་སྤྲུལ་པ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་མཁྱེན་པ་རྒྱ་ཆེའོ་ཟེར་ནས་སྤྱན་འདྲེན་དུ་བཏང་པས། རྒྱལ་པོའི་ཐུཊ་ཀྱི་རྟོག་པ་མ་ཆོད་ཀྱི་དོཊ་ནས་འབྱོན་དུ་མ་གནང་པར། པོ་ཏི་དང་གླེཊ་བམ་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཙན་ལ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་དང་བཅས་པས་སྤྱན་དྲངས་ཏེ། དགེ་སློང་ཀུན་ཀུ་རཱ་ཛ་ཉིད་ཀྱིས་བརྟག་པས། སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བ་དེའི་ནང་ནས། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའ་ལེའུའམ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ། ཟླ་བ་བདུན་དུ་སྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱི་ངང་ལ་ཡེར་གྱིས་བྱོན་ཏེ་རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལས། སློབ་དཔོན་གྱིས་བསྟན་པ་དང་ཐེག་པ་མཐའ་དག་རྟོགས་པའི་དངོས་གྲུབ་ཞུའོ་ཞེས་ཞུས་པས། ཕྱག་ན་རྡོ་རྗེས་ལུང་སྟོན་པར་འགྱུར་གྱི་གསུངས་ན་མི་སྣང་བར་སོང་སྐད། ཡང་ཟླ་བ་བདུན་སྒྲུབ་པ་མཛད་པས་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རྡོ་རྗེ་ལན་གསུམ་སྤར་ཏེ། སྤོང་ལེན་བརྟུལ་ཞུགས་སྤྱོད་ པའི་དབང་། །དགེ་བས་བསྐུར་ནས་སྡིག་པ་མེད། །ཅེས་གསུངས་ནས་རྩོལ་དང་བཅས་པའི་མཚན་ཉིད་ཀྱི་ཐེག་པ་སྤངས་ཏེ། རྩོལ་བ་མེད་པ་གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ། དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། །ཚིག་གིས་བསྟན་པ་དེ་དག་དགེ་བསྙེན་ལི་ཙ་དྲི་མ་མེད་པ་ལ་ཞུས་ཤེག ཅེས་ལུང་བསྟན་ནོ། །ཀུ་ཀ་རཱ་ཛས་གསང་བའི་བདག་པོའི་བཀའ་བཞིན་བསྒྲུབས་ཤིང་། སྒྱུ་འཕྲུལ་དྲཱ་བ་སྟོག་ཕྲག་བརྒྱ་བའི་རྒྱུད་ལ། ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ནས། སྐལ་ལྡན་རྒྱལ་པོ་ཛ་ལ་གསུངས། ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ནས། སྐལ་ལྡན་རྒྱལ་པོ་ཛ་ལ་གསུངས། ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ནས། སྐལ་ལྡན་རྒྱལ་པོ་ཛ་ལ་གསུངས། ཏན་ཏྲ་སྡེ་ཆེན་པོ་བཅོ་བརྒྱད་གང་ཞེ་ན་སྐུའི་རྒྱུད་གསུམ་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་ཆེ་རབ་འབོག གླང་པོ་ཆེ་ཆུར་ཞུགས་སོ། །གསུང་གི་རྒྱུད་གསུམ་ནི། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་འཕྲོས་པའོ། །ཐུགས་ཀྱི་རྒྱུད་གསུམ་ནི། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པའོ། །ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད་དོ། །འཕྲིན་ལས་ཀྱི་རྒྱུད་གསུམ་ནི། སྐར་མ་མ་ལེ། སྒོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་་རྒྱུད་དོ། །སྤྱིའི་རྒྱུད་གསུམ་ནི། དེ་ཐམས་ཅད་ཀྱི་རྒྱུད་སྒྱུ་འཕྲུལ་དྲཱ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུ་དོ། །དེ་ལྟར་ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད། རྒྱལ་པོ་ཛས་སིང་ང་རཱ་ཛ་ལ། དེས་སྲས་མོ་ག་མ་ས་ལ། དེས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་རོ་ལངས་བདེ་བའི་དངོས་གྲུབ། དེས་རྡོ་རྗེ་བཞད་པ་ལ། དེས་ཟ་ཧོར་གྱི་རྒྱལ་པོ་་ཕྲ་ཧ་ཏི། དེས་སློབ་ དཔོན་སངས་རྒྱས་གསང་བ་ལ། དེས་སློབ་དཔོན་བཱི་མ་ལ་མི་ཏྲི་ལ་སོགས་པ་པཎྜི་ཏ་ལྔ་བརྒྱ་ལགསུངས། དེ་སྐད་དུ་ལམ་རིམ་ཆེན་པོ་ལས གསང་བའི་བདག་པོ་མགོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་པོའི་རིགས་ཅན་ལྟས་ཤར་བ། །འབྲེལ་པས་སྣང་ལ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་འགྲུབ། །བསྟན་པའི་དངོས་གྲུབ་དེ་དེ་ནས་ཟོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་རུ་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །ཞེས་སོ། །དེ་ནས་དེའི་རྗེས་སུ་ཞུགས་པའི་དགེ་སློང་ཀུ་ཀུ་རཱ་ཛ་དང་། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་། ཟ་བོར་གྱི་རྒྱལ་པོ་སིང་ཧ་ཨུ་པ་རཱ་ཛ་དང་། སྲས་མོ་གོ་མ་དེ་ལ་སོགས་པས། ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་བརྟེན་ནས་རིམ་པ་བཞིན་དུ་ཚེམ་བུ་འབུམ་དང་། ཁྲི་དང་། སྟོང་དང་། བརྒྱ་དང་ཅས་ཏེ་རིག་འཛིན་གྱི་ས་ལ་དངོས་སུ་གཤེགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། གསང་སྔགས་ཀྱི་བསྟནཔ་རྒྱསཔར་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་། ལམ་རིམ་ལ། དེ་ནས་རྡོ་རྗེ་གདན་སྟེངས་ཀྱི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱིས། །ཕོ་བྲང་དམ་པ་རིན་ཆེན་ན། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛ་ཤིནྡྲ་བྷཱུ་ཏི་དག། །སིང་ཧ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས་སྒྱུ་འཕྲུལ་དྲཱ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ནི། སྟོན་པ་ཐུབ་པའི་དབང་པོ་འདས་ པའི་དུས། དེའི་ཉེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཡིད་དུ་མི་འོང་པར་གྱུར། ནང་བཅུད་ཀྱི་སེམས་ཅན་རྣམས་ནི་བཞིན་གྱི་དཀྱིལ་འཁོར་མོག་མོག་པོར་གྱུར། ནང་པ་སངས་རྒྱས་པའི་བསྟན་པ་ནི་ཤི་ལ་ཐུག་པར་གྱུར། ཕྱི་རོལ་མུ་སྟེགས་པ་རྣམས་ནི་ཅལ་ཀའི་སྒྲ་སྒོགས་ཏེ། གོའུ་ཏ་མའི་བསྟན་པ་ནི་མེ་ཤི་བའི་དུད་པ་བཞིན་དུ་སོང་ཟེར་བའི་ཚེ། དམ་པའི་རིགས་ཅན་དྲ་མ་ལྔས་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས་སྟོན་པ་མྱ་ངན་ལས་འདས་པ་མ་ཚོར་རོ། །དེ་ནས་ལོ་ཉིས་ཤུ་རྩ་བརྒྱད་ནས་ཏིང་ངེ་འཛིན་ལ་ཞུགས་པ་དེ་ལས་ལངས་པ་དང་། སྟོན་པ་འདས་པའི་ཉེས་པ་བཞི་པོ་མཐོང་ནས་རང་གི་གནས་སུ་ཐག་ཆད་པར་དུ་ཏེ། རྫུ་འཕྲུལ་གྱི་བྱ་བ་ཤེས་པའི་མངོནཔར་ཤེས་པས། དྲག་ཤུལ་ཅན་ཞེས་བྱ་བའི་རི་མ་ལ་ཡ་གནམ་ལྕགས་ཡོད་སའི་རྩེར་འདུས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱི་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་ཀྱི་གདུང་ཚིག་ཉིས་ཤུ་རྩ་གསུམ་བཏོན་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསན་ནས་ལྕང་ལོ་ཅན་གྱི་གནས་སུ་འདུས་ཏེ། གསང་བའི་བདག་པོ་ལ་ཁྱོད་ཀྱིས་མི་མཇེད་འཇིག་རྟེན་གྱི་གདུང་བ་སེལ་ཅིག་པར་བསྐུལ་བས། གསང་བདག་རབ་ཏུ་དགྱེས་ཏེ་རང་གི་སྟན་ལས་ལངས་ཏེ་འཁོར་ལུང་བསྟན་པ་ཡག་མཛད་ནས། དམ་པའི་རིགས་ཅན་དྲ་མ་ལྔའི་དྲུང་དུ་མངོན་གསུམ་དུ་བྱོན་པས། ངོ་མ་ཤེས་ཏེ། ཨེ་མ་ཧོ། སྐྱེས་བུ་ཁྱེད་སུ་ཞིག གང་ནས་བྱོན། གང་དུ་བཞུད། དོན་གྱི་ཆེད་ཀ་ཅི་ཞིག་ཅེས་དྲིས་པས། ང་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་ འཁྲུག་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེས་གཡོ་ཞིང་བསྐྱོད་པ་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པོ། །ཞེས་གསུངས་པས་ན་ངོས་ཏེ། དགའ་མགུ་རངས་པའི་བསམ་པས་ཞུས་ནས། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར། དམ་པའི་རིགས་ཅན་དྲ་མ་ལྔ་ལ་མདོ་དགོངས་པ་འདུས་པ་སོགསཔ་ལུང་ཨ་ནུ་ཡོ་གའི་ཆོས་སྡེ་རྣམས་དང་། གཞན་ཡང་ཕུར་པ་དང་མ་མོ་ལ་སོགས་པ་སྒྲུབ་སྡེ་འགའ་ནི། དུར་ཁྲོད་ཆེན་མོ་བསིལ་བའི་ཚུལ་དུ་བབས་པ་ཡིན་ལ། ཨ་ནུ་ཡོ་ག་བབས་ལུགས་སྤྱིའི་རྣམ་བཞག་དེ་ལྟར་ཡིན་ཅིང་། ཁྱད་པར་ཆོས་ཚན་སྒྲུབ་གཞུང་རེ་ལ་ལོ་རྒྱུས་བབས་ཚུལ་རེ་འདུག་པ་ཡི་གེ་མངས་བས་རང་གཞུང་ལོ་རྒྱུས་རྣམས་ན་གསལ་ལོ། །གསུམ་པ་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་རྨད་དུ་བྱུང་བ། རྡོ་རྗེ་ཐེག་པ་ལྟ་བའི་ཞེ་ཕུགས། དུས་གསུམ་སངས་རྒྱས་ཐབས་ཅད་ཀྱི་ཐུགས་ཀྱི་ཉིང་ཁུ། དངོས་པོའི་གནས་ལུགས་རང་གྲོལ་མངོན་སུམ་ཆིག་ཆོད་དུ་སྟོན་པ། རྩོལ་མེད་རྫོགས་པ་ཆེནཔོའི་བསྟན་བའི་བྱུང་ཚུལ་ནི། རྒྱལ་བ་དགོངས་པས་བརྒྱུད་པ་དང་། རིག་འཛིན་རིག་པས་བརྒྱུད་པ་དག། གང་ཟག་སྙན་ཁུང་བརྒྱུད་པ་དང་། ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་ཚུལ་ལོ། །དང་པོ་རྒྱལ་བ་དགོངས་པས་བརྒྱུད་པ་ནི། འོག་མིན་ལ་སོགས་པར་རྒྱལ་བ་སྐུ་བཞིའི་བསྟནཔ་བྱུང་ཚུལ་ནི། སྟོན་པ་ངོ་བོ་ཉིད་ཀྱི་སྐུས་རང་གསལ་ངོ་བོ་ཉིད་ཀྱིས་གསུངས་ཚུལ་དང་། སྟོན་པ་ངོ་ཉིད་ཀྱི་སྐུས་རང་གསལ་ངོ་བོ་ཉིད་ཀྱིས་རང་གྲོལ་མངོན་སུམ་དུ་གསུངས་ཚུལ་དང་། ལོངས་ སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོས་གསུངས་ཚུལ་དང་། གསང་བའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་པ་དེ་རྣམས་སོ། །སྟོན་པ་གསང་བའི་བདག་པོས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་བསྟན་པའི་བདག་པོར་དབང་བསྐུར་ནས། ལྷ་དང་མིའི་ཡུལ་དུ་གྲགས་པ་ཡིན་ཏེ། དེ་ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་དང་། དེ་ཇི་ལྟར་གྲགས་ཤིང་བརྒྱུད་པའི་ལོ་རྒྱུས་ནི་རྒྱས་པར་འདྲ་འབག་ཆེན་མོ་ན་གསལ་ཏེ། དེ་ཡང་དང་པོ་གསང་སྔགས་འབྱུང་བའི་དུས་དྲུག་ལ་བབ་པའི་ཚེ། རྩོལ་མེད་ཨ་ཏིའི་བསྟན་པ་བྱུང་བ་ཡིན་ཏེ། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། །ལས་ཀྱི་ཚེ་ཐུང་བཀའ་དོན་སྟོར། །བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར། གཉེན་པོས་མི་ནོན་སྒྲུབ་རྩོལ་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་པས། ཉོན་མོངས་པ་རྒྱུད་དྲག་པོའི་དུས་དང་། དད་པ་མེད་ཅིང་མོས་མཐུ་ཞན་པའི་དུས་དང་། ལས་ཀྱི་ཚེ་ཐུང་བའི་དུས་དང་། བཀའི་དོན་ཚིག་ཙམ་ལ་དོན་དུ་འཛིན་པའི་དུས་དང་། །བསྟན་པའི་སྙིགས་མ་གྲུབ་མཐའ་ངན་པའི་དུས་དང་། གཉེན་པོས་མི་ནོན་རྩོལ་སྒྲུབ་ཞན་པའི་དུས་སུ། ཤན་འབྱེད་ལ་ཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་ཨ་ཏི་འབྱུང་བའི་དུས་སུ། ཤན་འབྱེད་ལ་ཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་ཨ་ཏི་འབྱུང་བའི་དུས་ཡིན་ཏེ། དུས་དེ་ཙ་ན་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་བདེ་བ་བཟང་སྐྱོང་ལ་བུ་ལྔ་བརྒྱ་རྩ་གཅིག་ཡོད་པའི་གཅེན་པོ་ཀུན་དགའ་སྙིང་པོ་ཞེས་བྱ་བ། སྐྱེས་ཟླ་ན་ཚོད་གཞན་བས་སྒྱུ་རྩལ་དང་བློ་གྲོས་ཁྱད་པར་འཕགས་པ་ཞིག་བྱུང་། ལྷའི་བུ་གཞན་རྣམས་ནི་དགའ་བའི་ཚལ་ལ་སོགས་ན་གླུ་གར་དང་། རོལ་མོ་དང་། །རྩེད་འཇོ་དང་། ཁྲུས་དང་། ཚིགས་སུ་བཅད་པ་ལ་དགའ་བ་ལས།  ཀུན་དགའ་སྙིང་པོ་ནི། བསམ་གཏན་གྱི་འབུར་ཁང་ན་གཅིག་པུར་སྡོད་ཅིང་། རྡོ་རྗེའི་བཟླས་པ་ལ་དགའ་བས། ལྷའི་དབག་པོས་མིག་ཡང་སེམས་ལྷག་ཅན་ཞེས་བྱ་བར་བཏགས་སོ། །ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་མོའི་ཟླ་བ་ལ། རྨི་ལྟས་བཞི་རྨིས་ཏེ། དང་པོ་ནི། །སངས་རྒྱས་ཐམས་ཅད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། ཐུབ་པ་དྲུག་གིས་སེམས་ལྷག་ཅན་ལ་བསྐོར་བ་བྱས་ནས་དབུའི་གཙུག་ཏུ་ཐིམ་པ་ཞིག་རྨིས་སོ། །གཉིས་པ་ལ་ཚངས་པ་དང་ཁྱབ་འཇུག་དང་གུ་ལང་གསུམ་ཁྱུར་མིད་དུ་ཟོས་པ་རྨིས་སོ། །གསུམ་པ་ནི་ནམ་མཁའ་ལ་ཉི་ཟླ་གཉིས་ཤར་ནས། ཉི་ཟླ་སེམས་ལྷག་ཅན་གྱི་ལག་ཏུ་བྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བར་བྱས་པ་ཞིག་རྨིས་སོ། །བཟི་པ་ནམ་མཁའ་སྤྲིན་གྱི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་པས་རྩི་ཐོག་དང་ནགས་ཚལ་ཐམས་ཅད་རྒྱས་ནས་རིན་པོ་ཆེའི་མྱུ་གུ་དང་། མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ཏུ་རྒྱས་པ་རྨིས་སོ། །དེ་རྣམས་རྨིས་པ་དང་ནང་པར་ལྷའི་དབང་པོ་ལ་བཟླས་པས། རབ་ཏུ་དགྱེས་ནས་ལྷའི་དབང་པོས་བསྟོད་པ། ཨེ་མ་ཧོ། བསྟན་པའི་སྙིང་པོ་རྣལ་མ་འབྱུང་བའི་དུས། །ཡང་སྤྲུལ་གནང་དུས་གསུམ་བྱང་ཆུབ་རྫོགས། །འཇིག་རྟེན་མུན་སེལ་དུས་མཐའི་ནོན་པའ། །ཐུགས་སྲས་འཛམ་གླིང་དཔལ་གྱུར་ངོ་མཚར་ཨང་། །ཞེས་གསུངས་ནས་ཁྱེད་ཀྱི་དང་པོའི་རྨི་ལྟས་དེ་སངསར་གཡས་ཀྱི་དགོངས་པ་ཐུགས་སུ་ལོན་ནས། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན། གཉིས་པ་བདུད་ཐམས་ཅད་དབང་དུ་བསྡུས་ཤིང་དུག་གསུམ་མ་སྤངས་པར་རྩད་ནས་བཅད་དེ། མངོན་པར་ རྫོགས་པར་སངས་རྒྱ་བའི་རྟགས་ཡིན། གསུམ་པ་དེ་འབྲས་ལས་འདས་པའི་ཐེག་པས་གདུལ་བྱའི་མུན་པ་སེལ་ཞིང་། བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་ཡིན། བཞི་པ་ནི། མན་ངག་རང་བྱུང་བདུད་རྩིའི་ཆུས། ཉོན་མོངས་པའི་གདུང་བ་གཏན་ནས་བསལ་ཏེ། རྩོལ་མེད་ཀྱི་འབྲས་བུ་ལྷུན་གྱིས་གྲུབ་པའི་རྟགས་ཡིན་གསུངས་ནས་ཤིན་ཏུ་དགྱེས་ཏེ། ཞལ་ཕྱོགས་བཞིར་གཟིགས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་པའི་ཐེག་པ་མཐའ་སྟོན་ནས། །སྩོལ་མེད་ཐེག་པ་མི་གསུངས་པར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འདུས་ནས། སངས་རྒྱས་ཐམས་ཅད་མགྲིན་གཅིག་ཏུ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བསྐུལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་ཤར། གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །བདེ་གཤེགས་མ་ལུས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དང་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །ཚིག་གཅིག་དོན་མང་ཚོགས་པའི་བདག །ཞེས་སྐུ་གསུང་ཐུགས་ཐོན་ཏན་འཕྲིན་ལས་ལྔའི་སྒོ་ནས་བསྟོད་དེ་བསྐུལ་བའོ། །དེ་ཡང་བློ་དང་མཐུན་པའི་སྒོ་ནས། རྩོལ་མེད་ཀྱི་ཐེག་པ་བསྟན་དུ་གསོལ། ཞེས་བསྐུལ་ བ། རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། གང་འདོད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིག་དང་འཕྲད་པར་གྱིས། །ཞེས་བསྐུལ་བས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ནས། རིན་པོ་ཆེ་རང་འབར་གྱི་འཀོར་ལོ་ལག་ཏུ་གཏད་དེ། འདི་སྐད་ཅེས་བསྐུལ་ལོ། །གཉིས་མེད་ཡེ་ཤེས་གསང་བའི་དོན། །དབྱེར་མེད་རྩོལ་མེད་ཡེ་སངས་རྒྱས། །དབུ་མ་ཆེན་པོ་དྲང་བའི་ལམ། །འདུས་པའི་ཚོཊ་ལ་བསྟནཔར་གྱིས། །ཞེས་བསྐུལ་བས། སེམས་དཔའ་རྡོ་རྗེས་བཤད་པར་ཞལ་གྱིས་བཞེས་པ་འདི་སྐད་ཅེས་ཞུས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གི་བགྲོ་བར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་བགྲོད། །ཅེས་གསུངས་པར་ཁས་བླངས་ནས། ཕྱག་ན་རྡོ་རྗེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལས། གཞི་འབྲས་ཀྱི་དོན་འདི་ཐེ་ཚོམ་བཅད་དེ་དོན་འདི་ཞུས་སོ། །ཤར་ཕྱོགས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་ནས། དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ་མི་ཕྱེད་འཁོར་དང་བཅས་པ་ལ། འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་འགག་འབྱུང་བ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསང་བས་བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་དང་འགག་པ་ཡོད་མ་ཡིན། །རྣམ་རྟོག་བློ་ལ་སྐྱེ་འགག་བྱུང།  ཞེས་གསུངས་སོ། །དེ་ནས་ལྷོ་ཕྱོགས་ལོ་གའི་ཁམས་རཏྣ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རཏྣ་ཞབས་ཞེས་བྱ་བ། རིན་པོ་ཆེ་རང་འབར་སྣང་བའི་ཁྲི་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལས། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབས་པར། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཀྱིས་བཀའ་སྩལ་པ། དག་ཤ་ཀ་ཡི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་ཏེ་ནས་རྫོགས། །ཐམས་ཅད་རང་བཞིན་སྙིང་པོ་མཆོག གསང་བ་ཐམས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་གསུངས་སོ། །དེ་ནས་ཡང་། ནུབ་ཕྱོགས་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ན། བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ་དྲི་མ་མེད་པདྨའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་ཏེ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་པདྨ་ལྟར་དག་ལ། གཟུང་འཛིན་དྲི་མ་ཇི་ལྟར་བྱུང་།ཞེས་གསོལ་པས། བཅོམ་ལྡན་འདས་པདྨའི་འོད་ཀྱིས་འདི་སྐད་བཀའ་སྩལ་པ། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་འགོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལས་འཁོར་བ་བྱུང་། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལས་འཁོར་བ་བྱུང་། །ཞེས་གསུངས་སོ། །དེ་ནས་བྱང་ཕྱོགས་རྣམ་དག་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་གྲུབ་པར་སྣང་བ་ཞེས་བྱ་བ་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རྩོལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་འབྱུང་། །ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་གྲུབ་པར་སྣང་བས་བཀའ་སྩལ་པ། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པའི་བྱིན་བརླབས་རང་ལ་འཆར། །ཞེས་གསུངས་སོ། །དེ་ནས་དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། ཕྱག་ན་རྡོ་རྗེ་མདུན་དུ་འཁོད་མ་ཐག །སྟོན་པས་མདུན་བསུས་ཏེ་གསུངས་པ། འདུས་པའི་འཁོར་ཚོགས་ཁྱེད་ཀྱིས་ནི། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་ཁྱེད་ཀྱིས་ནི། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་གྱིས། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེ་ཉིད་རང་གི་སྟན་ལས་ལངས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་ཞུས་སོ། །ཁྱེད་ནི་གསུང་གི་སེདྒེ་སྟེ། །ཡེ་ཤེས་གསང་བ་བསྟན་དུ་གསོལ། །ཞེས་ཞུས་པས། རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་དེ་ཉོན་ཅིག །ཡེ་སེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་ལམ་དུ་གཅིག །ཡེས་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། གཞི་བཞག་རག་ལུགས་རིན་ཆེན་མཛོད། །རང་བྱུང་མ་བཙལ་གདོད་ནས་དག །ཡེ་ཤེས་གསང་བའི་རྣམ་པ་ནི། སྣ་ཚོགས་སྣང་ལ་ངོས་བཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་ཏུ་གསལ་ན་ལྟ་བ་ཡིན། །ཞེས་གསུངས་སོ། །  དེ་བཞིན་དུ་རྨད་བྱུང་བསྟན་པའི་སྙིག་པོ་རྩོལ་མེད་ཨ་ཏི་རང་བྱུང་གིས་དགོངས་པ། རྒྱུ་འབྲས་ལས་འདས་པའི་ཆོས། ཨ་ཏི་ཡོ་གའི་ཆོས་རྣམས་བྷུ་དྡྷ་ཐམས་ཅད་ལ་དགོངས་པའི་བཅུད་བླངས་ནས། སུམ་བཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ་སྲོག་ཤིང་གི་རྡོ་རྗེ་དགུ་པ་དང་བཅས་པའི་འབུར་ཁང་ན། ལྷའི་བུ་སེམས་ལྷག་ཅན་ཡོད་པའི་དྲུང་དུ་བྱོན། དེར་སྲོག་ཤིང་རྡོ་རྗེ་རྩེ་དགུ་པའི་སྟེང་དུ། རིན་པོ་ཆེ་འབར་བའི་ཁྲི་བཤམས་རཏྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། །དེར་ཕྱག་ན་རྡོ་རྗེ་བཞུགས་ནས་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག་ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུམ་ཐུགས་ཕྲད་ཀྱི་མན་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས། སྤྱོད་ལམ་རིག་པའི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས། ཡེ་ཤེས་ངོས་འཛིན་གྱི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས། ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། རྒྱལ་ཚབ་སྒོམ་པའི་མན་ངག་བྱིན། གཞན་ཡང་དབང་དང་མན་ངག་རྒྱུད་སྡེ་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་རོ། །དེ་ཡང་། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱོས། །ཞེས་གསུངས་ཏེ། བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་མཛད་དོ། །  དེ་ནས་རྩོལ་མེད་ཀྱི་བསྟན་པ་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི། སྙིཊ་མ་རྩོད་ལྡན་གྱི་དུས་འདིར་ཤཱཀྱ་ཐུབ་པ་བྱོན་ཏེ། དེ་ལ་སྐུ་ཡིས་འདུལ་བ། གསང་གིས་འདུལ་བ། ཐུགས་ཀྱིས་འདུལ་བ་ལས། སྐུ་ནི་བཅོམ་ལྡན་འདས་ཉིད་བཞུགས་པའི་དུས་ཉིད་ལ། གསུང་ནི་ཀུན་དགའ་བོ་ལ་སོགས་པས་ཚིག་དང་ཡི་གེར་བྲིས་པ་ཡིན་ལ། ཐུགས་ནི་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལཧག་ཙམ་ན་རྩོལ་མེད་ཨ་ཏི་ཡོ་གའི་བསྟན་པ་བྱུང་བར་མངོན་ཏེ། དེ་ཉིད་ཅིའི་ཕྱིར་ཞེ་ན། སྤྲུལ་པའི་སྟོན་པ་དགའ་རབ་རྡོ་རྗེ་མ་བྱོན་པའི་སྔོན་རོལ་ཏུ་མན་ངག་རྫོགས་པ་ཆེན་པའི་ཆོས་ཀྱང་མིའི་ཡུལ་དུ་བྱུང་བ་མེད་ལ། སློབ་དཔོན་དགའ་རབ་རྡོ་རྗེའི་ཡུལ་ཡང་རྒྱལ་པོ་དྷརམའཨ་ཤོ་ཀའི་སྲས་མོ་ཡིན་ཞིང་། རྒྱལ་པོ་དྷརམའཨ་ཤཽ་ཀ་ནི་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ན། རྒུར་པོ་དང་། ཞི་ལྡན་ལ་སོགས་པ་དགྲ་བཅོམཔ་བདུན་བརྒྱ་ཚོགས་ནས་བཀའ་བསྡུ་བ་གཉིས་པ་མཛད། དུས་དེར་ཆོས་ཐམས་ཅད་ཚིག་དང་ཡི་གེར་ཡང་བཀོད་པ་ཡིན་ལ། དེ་དག་གི་ཡོན་བདག་རྒྱལཻཾ་་དེས་མཛད་པ་ཡིན་པའི་ཕྱིར་དང་། མདོ་སྡེ་ལས་ཀྱང་། རྒྱལ་པོ་འདི་ནི་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་སྟོན་པ་འདས་ནས་ལོ་བརྒྱ་ནས་འབྱུང་བར། མཛངས་བླུན་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་གཉིས་ལས་ལུང་བསྟན་པའི་ཕྱིར་རོ། །དེ་ཡང་། སློབ་དཔོན་དགའ་རབ་རྡོ་རྗེ་ཇི་ལྟར་བྱོན་པའི་ཚུལ་ནི། རྒྱ་གར་ནུབ་ཕྱོཊ་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་སྦྱིན་པའི་མཛོ་གླིང་། མཚོ་ཀུ་ཀྲའི་འགྲམ། རྡོ་རྗེ་གླིང་ཕུག་གི་གི་གནས་སུ་ཡོན་ཏན་ལག་ན་འཆར་བའི་རིཊ། ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཡིན། སྲས་ཐུ་བོ་རཱ་ཛ་ཧ་ཧི་ཏི་ཡིན། རྒྱལ་པོ་ ལ་སྲས་མོ་པར་ནི་ཞེས་བྱ་བ་ཤིན་ཏུ་མཚན་དང་ལྡན་པ། དགེ་བའི་སེམས་དང་བྱང་ཆུབ་ཀྱི་སེམས་ལྷག་པར་ཆེ་བ་སྐྱོན་བྲལ་གཡོ་སྒྱུ་སྤངས་ཏེ། རབ་ཏུ་བྱུང་ནས་དགེ་སློང་མའི་ཁྲིམས་རྣམ་པར་དག་པ་བསྲུངས་བ། འཁོར་སྐྱེས་པ་ཕོ་སྤངས་ཏེ། དགེ་སློང་མ་ལྔ་བརྒྱས་བསྐོར་ཏེ་གནས་པ་ལས། ཤིང་མོ་གླང་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཐོ་རངས་ཀྱི་རྨི་ལམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་འགྱུར་ནས། ཉི་མ་སྤྱི་བོ་ནས་མར་ཐིམ་ཞིང་། ཟླ་བ་རྐང་མཐིལ་ནས་ཡར་ཐིམ་པ་རྨིས་སོ། །ནང་པར་རྟོགས་པ་སྐྱེས་ཏེ། མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ཏེ་ཁ་ཤར་དུ་བལྟས་ནས་ཡོད་པ་ལ། ཕྱག་ན་རྡོ་རྗེས་བྱ་ཡི་རྒྱལ་པོ་གསེར་གྱི་ངང་པ་གཅིག་ཏུ་སྤྲུལ་ནས། སེམས་ལྷག་ཅན་ཡི་གེ་ཧཱུཾ་གཅིག་ཏུ་བསྡུས་ཏེ་སྤྲུལ་པའི་བྱང་ངང་པ་བཞི་དང་བཅས་ཏེ་བྱ་ལྔ་པོ་ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་སྤྲུལ་པ་བཞི་ནམ་མཁའ་ལ་འཕུར། གསང་བདག་སྤྲུལ་པའི་བྱ་སྲས་མོའི་ཐུགས་ཀར་ཆགས་ཏེ། མཆུ་ལན་གསུམ་དུ་གཏུགས་ནས་ཧཱུཾ་འོད་འརབ་བ་གཅིག་བསྟིམས་ཏེ་འཕུར་ནས་སོང་ངོ་། །དེར་སྲས་མོ་ཡ་མཚན་སྐྱེས་ཏེ། ཡབ་དང་འཁོར་རྣམས་ལ་རྨི་ལམ་དང་། བྱ་ངང་པའི་ལོ་རྒྱུས་བསྙད་པས། ཡབ་ཡ་མཚན་ནས་དགྱེས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་ཞིག་འབྱུང་ངེས་གསུངས་ནས་བྱ་དགའ་དང་རིམ་གྲོ་ཡང་མང་དུ་མཛད་དོ། །ལོ་དུས་ནས་སྲས་མོའི་ཐུག་ཀ་ནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་ཞིག་བྱུང་བ་ལས་ཐམས་ཅད་ཡ་མཚན་དུ་གྱུ་ཏོ། །དེར་རྡོ་རྗེ་དེ་རང་ཞིག་པ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་ན་རྡོ་རྗེ་ཐོགས་པ། གཡོན་པ་ ན་རཏྣའི་ཕྱག་ཤིང་ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པའི་ཞལ་ཏོན་འདོན་དུ་མཛད་པ་ཞིག་བྱུང་ངོ་། །དེར་ཐམས་ཅད་དགྱེས་ཏེ་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས་བྲམ་ཟེ་ཤིན་ཏུ་ངོ་མཚར་ཏེ། སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་གོ་གསུངས་ཏེ། མཚན་ཡང་དགའ་རབ་རྡོ་རྗེར་བཏགས་སོ། །དེ་གཞོན་ནུ་ནས་རོལ་རྩེད་ལ་སོགས་པ་ཐམས་ཅད་མཆོག་ཏུ་གྱུར་པ། མཛད་པ་ཐམས་ཅད་རྫོགས་ཏེ་རྒྱལ་སྲིད་བཟུང་བ་ལ། དེར་ཕྱག་ན་རྡོ་རྗེ་སྐུ་མངོན་སུམ་དུ་བྱོན་ནས། རྒྱལ་ཐབས་སྤྱི་བླུགས་ལ་སོགས་པའི་དབང་རྣམས་རྫོགས་པར་བསྐུར། ལྷོ་ནུབ་འདམ་ཤོད་གླིང་གི་དུར་ཁྲོད་ནས། པུ་ཏྲ་རྣམ་པ་གསུམ་བཀུག་དབང་བསྐུར་དམ་ལ་བཏགས་ནས། ཀློང་དགུ་བམ་པོ་ཉིས་ཁྲི་ལ་སོགས་པ་རྒྱུད། དབང༌། མན་ངག་ལ་སོགས་དུས་མཐའི་སྐད་ཅིག་ཉིད་ལ་རྫོགས་པར་གཏད་དོ། །དགའ་རབ་ཉིད་བསྟན་པའི་སྒྲོན་མེར་དབང་བསྐུར། དམ་ཅན་རྣམས་ནི་རྣལ་འབྱོར་གྱི་གྲོགས་མཛད་ཅིང་བསྟནཔ་བསྲུང་བར་གཉེར་གཏད་དོ། །དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད་དུས་མཐའི་སྐད་ཅིག་ཉིད་ལ་རྩོལ་མེད་རྫོཊ་པ་ཆེན་པོའི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར་ནས། སྤྱིར་རྒྱུ་འབྲས་ཀྱི་བསྟན་པ་ཐམས་ཅད་ལྷག་མ་མེད་པར་ཐུགས་སུ་ཆུད། ཁྱད་པར་དུ་རྩོལ་མེད་རྫོགས་ཅད་ལྷག་མེད་པར་ཐུགས་སུ་ཆུད། ཀུན་བཟང་གིས་གསུངས་པ་ཀློང་དགུ་བམ་པོ་ཉིས་ཁྲི། ཡན་ལག་གི་རྒྱུད་རྒྱལ་བ་རིགས་ལྔ་དང་གསང་བདག་གིས་གསུངས་པ། བཤད་པའི་རྒྱུད་དང་ཡན་ལག་  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ། རྩོལ་བ་མེད་པར་སྐད་ཅིག་ལ་སངས་རྒྱ་བ་ཡོད་པས། དེ་ལོང་ལ་སྤྲུལ་པའི་སྡུད་པ་པོ་གྱིས་ཤིག་པར་ལུང་བསྟན་ནོ། ། །པཎྜི་ཏ་གཞན་རྣམས་ནི་རྒྱུ་འབྲས་ཀྱི་ཆོས་འདི་ལས་ལྷག་པ་ཡོད་དོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་པས་སུན་དབྱུང་བར་གྲོས་སོ། །དེར་བྲམ་ཟེ་སྙིང་པོ་གྲུབ་པས་ཀྱང་མཀྱེན་བཞིན་དུ་སྤྲུལ་པའི་བ་འདོན་པའི་ཕྱིར་སུན་དབྱུང་དུ་འགྲོ་བགྲོས་སོ། །དེ་ནས་པཎྜི་ཏ་རྣམས་ཀྱིས་སུ་འགྲོ་ཞེས་བཀའ་བགྲོས་པས། ཨུ་རྒྱན་གྱི་ཡུལ་ཐག་རིང་པ་དང་བགྲོད་པར་དཀའ་བས། གཞན་རྣམས་ཀྱིས་མི་བགྲོད་པས་སྙིང་པོ་གྲུབ་པ་དང་། ཐུ་བོ་རཱ་ཛ་ཧས་ཏི་ལ་སོགས་པ་བདུན་བཏག་ངོ་། །བདུན་པོས་རྡོ་རྗེ་གླིང་ཕུག་ཏུ་ཕྱིན་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་མཇལ་ཏེ། ཉམས་སད་པའི་ཕྱིར་དུ་རྒྱུ་འབྲས་ཀྱི་ཐེག་པའི་ཆེ་བ་བརྗོད་དེ་ཆོས་ཀྱི་བགྲོ་བ་གྱ་པས། དང་པོར་རྒྱུའི་ཆོས་སྡེ་སྣོད་གསུམ་ལ་བགྲོ་པར་བྱས་པས་ཀྱང་དགའ་རབ་མ་ཐུབ། འབྲས་བུའི་ཆོས་སྔགས་ཕྱི་ནང་གཉིས་ལ་བགྲོ་བ་བྱས་ཀྱང་མ་ཐུབ། དེར་པཎྜི་ཏ་རྣམས་ཀྱིས་རྒྱུ་འབྲས་ཀྱི་ཐེག་པའི་ཕྱོགས་བཟུང་། སྤྲུལ་པའི་དགའ་རབ་རྡོ་རྗེ་རྒྱུ་འབྲས་ལས་འདས་པ་ཨ་ཏིའི་ཕྱོགས་བཟུང་ནས་ཆོས་ཀྱི་བགྲོ་བ་མཛད་པས། པཎྜི་ཏ་བདུན་གྱིས་མ་ཐུབ་སྟེ། བདེ་མཆོག་སྙིང་པོ་ནི་མཁྱེན་བཞིན་དུ་སྤྲུལ་པའ་སྐུ་དགའ་རབ་རྡོ་རྗེ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་ཞུའམ་མི་ཞུ་ཞེས་པཎྜི་ཏ་གཞན་རྣམས་ལ་གྲོས་བྱེད་པའི་ཚུལ་བསྟན་ནོ། །པཎྜི་ཏ་ལ་ལ་ནི་འོ་ཅག་རྣམས་ནི་ཉེས་པར་གྱུར་ཏོ་ཟེར། ཐུ་བོ་རཱ་ཛ་ཧས་ཏི་ལ་སོགས་ ནི་ཞུ་བར་དགོངས་ཀྱང་། འོ་ཅག་རྣམས་ཀྱིས་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཟེར་རོ། །དེར་སྤྲུལ་པའི་སྐུ་དགའ་རབ་ལ་བདེ་མཆོག་ཤིང་པོ་ལ་སོགས་པས་བཤགས་པ་བྱ་བར་གྲོས་བྱས་ཏེ། ལ་ལས་ཕྱག་དང་བསྐོར་བ་བྱས། ལ་ལས་དུས་ནས་མཆི་མ་ཕྱུང་། འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་མཆི་མ་ཕྱུང་སྟེ། རང་གི་ལྕེ་བཅད་ལ་བཤགས་པ་བྱ་བར་དགོངས་ལ། སྤྲུལ་པའི་སྐུ་དགའ་རབ་ཀྱིས་མཁྱེན་ཏེ། ཚངས་པའི་དབྱངས་སུ་ཚིག་འདི་སྐད་གསུངས་སོ། །ཨེ་མ་ཧོ། མཉམ་ཉིད་ཕྱོགས་བྲལ་ལྷུན་རྫོགས་བདེ་བ་ཆེ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །འགྲོ་དྲུག་རང་ལ་ཡུལ་ཟུང་ཞེན་པས་བཅིངས། །མུ་སྟེགས་མཐར་འཛིན་རྟག་ཆད་ལོག་པར་ཞུགས། །ཐེག་བརྒྱད་རང་ལ་གཉིས་བཟུང་ཡིན་མིན་གྱི། །ཞེན་འདོད་ཕྱོགས་རིས་རང་འདོད་དབྱིངས་ལ་ཞེན། །མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད། །རང་ལ་ཡོད་བཞག་མེད་པ་གཞཉ་དུ་འཚོལ། །ལྷུན་གནས་བདེ་བར་རྩོལ་བ་དང་དུ་ལེན། །རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས། །མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་ལ། །འདི་ཡིན་ཐང་ཆད་ཡུས་རྒྱལ་སྙིང་རེ་རྗེ། །དེ་བས་ཕྱོགས་འཛིན་ཞེན་པའི་རཱ་ཆོག་ལ། །མཉམ་ཉིད་ཕྱོགས་བྲལ་བདེ་བའི་ལམ་ལ་ཞུགས། །ཞེས་གསུངས་ནས། སྙིང་པོ་གྲུབ་པ་ལ་ཁྱོད་ཀྱི་ལྕེ་བཅད་པས་སྡིག་པ་མི་འདག་པས། རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྩོམས་ཤིག དེས་འདག་པར་འགྱུར་རོ། །ཞེས་གསུངས་སོ། །དེར་ལས་དང་སྐལ་བར་མི་ལྡན་པ་དག་ནི་ལོག་གོ །འཇམ་དཔལ་བཤེས་གཉེན་ནི་བརྡའ་བསྟན་པ་ཙམ་ལ་སྐད་ཅིག་མ་ལ་ རྟོགས་པ་ཁོང་དུ་ཆུད་དོ། །དེར་རྟོགས་པ་ཁོང་དུ་ཆུད་ཀྱང་། བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབག་བསྐུར། ཀློང་དགུ་བམ་པོ་ཉིས་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་རྫོཊ་པར་གཏད་ནས། འཇམ་དཔལ་བཤེས་གཉེན་ཞེས་བྱ་བར་མིང་མཏགས་སོ། །དེར་དགའ་རབ་ཀྱིས་དོན་ནས་ཚངས་པའི་དབྱངས་སུ་གསུངས་པ། སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ། །ཞེས་གདམས་སོ། །དེར་འཇམ་དཔལ་བཤེས་གཉེན་གྱིས་རྟོགས་པའི་དོན་དུ་ཁོང་དུ་ཆུད། བསྟན་པའི་སྙིང་པོ་རྫོགས་ནས་རྟོགས་པ་བརྗོད་པ། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། གཤིན་རྗེའི་གཤེད་ཀྱི་དངོས་གྲུབ་ཐོབ། །འཁོར་འདས་མཉམ་པ་ཆེན་པོར་རྟོགས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། །ཞེས་གསུངས་ནས། བྱང་སེམས་རྡོ་རྗེ་ལ་གསེར་ཞུན་བཤགས་པར་བརྩམས་ཏེ་སྡུད་པ་པོ་མཛད། རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་། སྲས་ཐུ་བོ་རཱ་ཛ་ཧས་ཏི་དང་། སྲས་མོ་པ་ར་ནི་དང་། ཀླུ་རྒྱལ་པོ་དང་། གནོད་སྦྱིན་མོ་བྱང་ཆུབ་དང་། ཀུ་ཀུ་རཱ་ཛ་སྔ་མ་ལ་སོགས་པ་རྣམས་ནི། དགའ་རབ་རྡོ་རྗེའི་ཞལ་མཐོང་གསུང་ཐོས་ནས་ཉེ་བར་འཁོར་ན་འཁོད་དོ། །འཇམ་དཔལ་བཤེས་གཉེན་དང་། རྒྱལ་པོ་དྷ་ཧེ་ན་ལོ་དང་། །སངས་རྒྱས་གསང་བ་དང་། ཤྲཱི་སིདྷ་དང་། པདྨ་འབྱུང་གནས་དང་། སྒེག་པ་རྡོ་རྗེ་དང་། བཱི་མ་ལ་ཡན་ཆད་དུ་གདུང་རབས་ཉིས་ཤུ་རྩ་ལྔ་ལ་བརྒྱུད་པ་དང་། རྩ་གསུམ་ལ་བརྒྱུད་པ་དང་། རྩ་གཅིག་ལ་བརྒྱུད་པ་ དང་། ཐུགས་སྲས་བདུན་ལ་བརྒྱུད་པ་དང་། ལྔ་ལ་བརྒྱུད་པ་དང་། གསུམ་ལ་བརྒྱུད་པ་དང་། གཅིག་ལ་བརྒྱུད་པ་ལ་སོགས་པ་མང་དུ་ཡོད་ཅིང་། གདུང་རབས་ཚོ་ལ་གོ་རིམ་ངེས་པ་མེད་དེ། བརྒྱུད་པའི་བཀའ་བབས་རེ་ལ་བརྒྱུད་ལུགས་རེ་ཡོད་དོ། །དེ་ནས་བོད་དུ་འགྱུར་ནས་ད་ལྟ་ཡན་ཆོད་དུ་སོ་སོ་རང་རང་གི་བརྒྱུད་ཚུལ་མང་དུ་ཡོད་དེ། དེ་དག་ཀྱང་བརྒྱུད་པ་གསུམ་དང་བཤད་ཚུལ་བཞི་ཡིན་ནོ། །དེ་ལ་བརྒྱུད་པ་གསུམ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའོ། །དེ་དག་གི་བཤད་སྲོལ་གསུམ་ནི། བྱིན་གྱིས་བརླབས་ཀྱིས་བཤད་པ་དང་། རང་གི་ངོ་བོས་བཤད་པ་དང་། ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་དང་གསུམ་ལས། བྱིན་གྱིས་བརླབས་ཀྱིས་བརྒྱུད་པ། བརྡའི་བརྒྱུད་པ། དོན་གྱི་བརྒྱུད་པ། ཚིག་གི་བརྒྱུད་པ་དང་བཞི་ཡིན་ཅིང་། དེ་ལྟར་བརྒྱུད་པ་བཞི་ལྡན་གྱིས་བབས་ཏེ། ད་ལྟ་ཡན་ཆད་དུ་ཟམ་མ་ཆད་པར་ཆུ་བོའི་གཞུང་དང་འདྲ་བ་ཡིན་ནོ། །དེ་ཡན་ཆད་ནི་རྒྱ་གར་གྱིབརྒྱུད་ཚུལ་ལམ། བབས་ལུགས་ཟུར་ཙམ་སྨོས་པ་ཡིན་ནོ། །

 

སྤྱི་དོན་བཞི་པ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཆོས་ཇི་ལྟར་འགྱུར་ཚུལ།

 

སྤྱིན་དོན་བཞི་པ་བོད་གངས་ནཅ་གྱི་ཁྲོད་དུ་ཇི་ལྟར་འགྱུར་ཚུལ་ལ་བཞི་སྟེ། ཡུལ་གྲུ་དང་ས་བཅད་ཀྱིས་རྒྱལ་ཁམས་གཏན་ལ་དབབ་པ་དང་། བོད་ཡུལ་གངས་རིའི་ཁྲོད་འདིར་བོད་མི་ཇི་ལྟར་བྱུང་བའི་ཚུལ་དང་། རྗེའི་བྱོན་རབས་དང་། ཆོས་དང་མཐུན་པའི་རྒྱལ་པོའི་རིང་ལ་དམ་པའི་ཆོས་བོད་དུ་བྱུང་ཚུལ། དང་པོ། ཡུལ་གྲུ་དང་ས་བཅད་ཀྱིས་རྒྱལ་ཁམས་གཏན་ལ་དབབ་ཚུལ། དང་པོ་ནི་འཛམ་བུའི་གླིང་ན་རྒྱལ་ཁམས་ཆེན་པོ་བཅུ་གསུམ་ཡོད་དོ། །ཨོག་བྲན་མིག་གཅིག་པའི་རྒྱལ་ཁམས། ཀེ་ཀེ་རྨེ་ཤ་ཅན་གྱི་རྒྱལ་ཁམས། རྐང་གཅིག་ཨ་ཁི་རའི་རྒྱལ་ཁམས། སོག་པོ་སྤྲེལ་ལག་ཅན་གྱི་རྒྱལ་ཁམས། རྒྱལ་མོ་ཁྱི་ཅན་གྱི་རྒྱལ་ཁམས། རྣ་བོ་ཆེ་བོག་བུའི་རྒྱལ་ཁམས། ཚེ་ཚེ་རའི་རྒྱལ་ཁམས། རྩེར་རྩེར་རྟ་མགོ་ཅན་གྱི་རྒྱལ་ཁམས། དེ་རྣམས་སྲིན་པོ་ཡིན་སྐད། དེ་ནས་མི་ལ་རྒྱལ་ཁམས་ཆེན་པོ་ལྔ། རྒྱ་དཀར་པོའི་རྒྱལ་ཁམས། རྒྱ་ནག་རྒྱལ་ཁམས། སྟག་གཟིག་ནོར་གྱི་རྒྱལ་ ཁམས། ཁྲོམ་གེ་སར་དམག་གི་རྒྱལ་ཁམས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང་ལྔ་སྡེ། རྒྱལ་ཁམས་བཅུ་གསུམ་པོ་དེའི་ནང་ནས། འོ་སྐོལ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་ས་བཅད་ཀྱི་རྡོ་རིང་ཆེན་པོ་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང་བོད་ཀྱི་ས་མཚམས་ཤམ་བུ་གངས་དཀར་ལྷའི་ཡུལ་དུ་འགྲོན་བུ་དང་གི་རྡོ་རིང་བཙུགས་པ་ཚུན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང་བོད་ཀྱི་ས་མཚམས་སེ་སྙུག་མ་བུ་ཁུར་གྱི་ཡུལ་དུ་མཐིང་ཤུན་གཡུ་ཡི་རྡོ་རིང་བཙུགས་པ་ཚུན་ཆད། ནུབ་གླང་མ་རྐང་གཅིག་ཀླུའི་ཡུལ་དུ་བཤའ་རྩེ་དངུལ་གྱི་རྡོ་རིང་བཙུགས་པ་ཚུན་ཆད། བྱང་ཕྱོགས་མ་རྨའི་ལ་རྒྱུད་སྨན་གྱི་ཡུལ་དུ་ར་གན་གསེར་གྱི་རྡོ་རིང་བཙུགས་པ་ཚུན་ཆད་པོ་དེ་མངའ་རིས་བོད་ཀྱི་རྒྱལ་ཀམས་སུ་གཏོགས་པ་ཡིན། བོད་ལ་ཡུལ་གྲུ་ཆེན་པོ་གསུམ་ཡོད་པ་ལས། སྟོད་མངའ་རིས་སྐོར་གསུམ་གངས་དང་གཡའ་ཡི་རཱ་བས་བསྐོར་བ་རྫིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག་སྨད་ལྷ་རིས་ཕྱུགས་དྲུག་ནགས་དང་ན་ཡི་ལྗོངས་ཀྱིས་བསྐོར་བ་ཞིང་དང་འདྲ་བ་ལ་ཡུལ་་གྱི་གྲུ་གཅིག །བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ་བྲག་དང་ཆུ་འཐབ་ཀྱིས་བསྐོར་བ་ལ་ཡུལ་གྱི་གྲུ་གཅིག་དང་གསུམ་པོ་དེ་ལ་ཡུལ་གྲུ་ཆེན་པོ་གསུམ་ཟེར་བ་ཡིན་ནོ། །གཉིས་པ། བོད་ཡུལ་གངས་རིའི་ཁྲོད་འདིར་བོད་མི་ཇི་ལྟར་བྱུང་ཚུལ། གཉིས་པ་བོད་ཡུལ་གངས་རིའི་ཁྲོད་འདིར། བོད་ཀྱི་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་ཤཱཀྱ་ཐུབ་པ་མ་བྱོན་པ་རྩོད་དུས་ཀྱི་འགོ་འཛིན་ པའི་ཚེ། རྒྱ་གར་དུ་རྒྱལ་པོ་དྲང་སྲོང་རྒྱལ་བ་ཞེས་བྱ་བ་ལ། བུ་ཡུལ་འཁོར་སྐྱོང་དང་། སྐྱ་སེང་གཉིས་ཀྱི་དང་པོ་ལ་བུ་དགྲ་ངན་དང་། འཐབ་དཀའ་དང་། རྣ་བ་ཅན་ལ་སོགས་པ་བརྒྱ་ཐམ་པ་བྱུང་ལ། གཉིས་པ་ལ་སྲིད་སྒྲུབ་དང་། ཡུལ་འཁོར་བསྟན་པ་དང་། འཇིགས་སྡེ་དང་། རིཊ་མེད་པ་དང་། ལྷག་བཅས་དང་ལྔ་བྱུང་སྟེ། དེ་དག་འཁྲུག་པ་ཆེན་པོ་བྱས་སོ། །དེའི་ཚེ་མུ་སྟེགས་ཁྱབ་འཇུག་ཆེན་པོས་སྲིད་སྒྲུབ་ཀྱི་ཁ་ལོ་བ་བྱས་ཏེ། དགྲ་ངན་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་བྱས་སོ། །རུ་པ་ཏེ་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་དང་བཅས་པ་གཡུལ་གྱིས་འཇིགས་ཏེ། བུད་མེད་ཀྱི་ཆས་སུ་བྱས་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་ཏེ་གནས་པའི་རིགས་ལས་དིང་སང་བོད་ཅེས་བྱ་བར་གྲགས་པ་ཡིན། ཞེས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་བྱས་པས་ལས་བཤད་དོ། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཡུལ་ངན་ཤོས་ཀྱང་ཡིན། དེར་སྐྱེས་འི་མི་རྣམས་ནི་ངན་འགྲོ་ནས་ངན་འགྲོར་སྐྱེས་པས། སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་པས། ས་ཕྱོགས་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡང་མེད། དེ་བཞིན་གཤེགས་པའི་ཞབས་ཀྱིས་ཀྱང་མ་བཅགས། གསུང་གི་འོད་ཟེར་གྱིས་ཀྱང་མ་ཁྱབ་པས། མཚན་མོ་མུན་ནག་གི་མུན་པའི་སྨག་དང་འདྲ་བར་ནག་ཐིབས་སེ་འདུག་པར་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་སྤྲེའུ་ཞིག་ཡོད་པ་ལ། ཁྱེད་ཀྱིས་ཁ་བ་ཅན་གྱི་རྒྱལ་ཁམས་མ་གིར་སྒོམ་ནུས་ སམ་གསུངས་པ་དང་། སྤྲེའུ་ན་རེ། སྒོམ་ནུས་ཟེར་བ་ལ། དེ་ལ་གཏན་ཁྲིམས་ལྔ་ཕོག་མི་སྡུག་པའི་སྒོམ་བསླབས་ནས་བཏང་ངོ་། །སྤྲེའུ་དེས་ཀྱང་ཁ་བ་ཅན་གྱི་ཡུལ་དུ་ཡོང་ནས། བྲག་གི་ཕུག་པ་ཞིག་ཏུ་སྒོམ་ཞིང་ཡོད་པ་དང་། ཉིན་ཞིག་བྲག་སྲིན་མོ་གཅིག་སྤྲང་མོའི་ཆ་བྱད་དུ་བྱས་ཏེ། སྤྲེའུའི་དྲུང་དུ་ཡོང་ནས། འདོམས་བསྟན་ས་གཏོར། འདོད་སྤྱོད་པའི་བརྡའ་ལ་སོགས་པ་ཞག་བདུན་བྱས་ཀྱང་། སྤྲེའུས་མི་སྡུག་པ་ལ་མཉམ་པར་བཞག་པས་སེམས་མཛེས་མ་རྒྱན་གྱིས་བརྒྱན་པ་ཞིག་ཏུ་བྱས་ནས། ནུ་མ་དང་འདོམས་བསྟན་ཏེ་འུ་ཅག་གཉིས་ཁྱིམ་ཐབ་བྱའོ་ཟེར། སྤྲེའུས་ང་ཐུགས་རྗེ་ཆེན་པོའི་དགེ་བསྙེན་ཡིན་པས་བྱར་མི་རུང་བྱས་པས། མོ་ན་རེ་འོ་ན་ང་ཞེ་སྡང་སྐྱེས་ནས་ཁྱོད་ལ་མ་དད་པ་སྐྱེ་ཏེ་ངན་སོང་དུ་འགྲོའོ་ཟེར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སྤྲེའུ་སྙིང་རྗེ་སྐྱེས་ཏེ། བྲག་སྲིན་མོའི་གདོང་ལ་མིག་འབྲུག་ཚུགས་སུ་ཞག་བདུན་གྱི་བར་དུ་བལྟས་ཏེ། ག་རེ་འདི་དང་ཁྱིམ་ཐབ་བྱས་ནས་ནི་སྡོམ་པ་ཉམས་གྱི་བར་དུ་བལྟས་ཏེ། ག་རེ་འདི་དང་ཁྱིམ་ཐབ་བྱས་ན་ནི་སྡོམ་པ་ཉམས་འགྲོ་བར་འདུག་མ་བྱས་ན་མོ་འཆི་བར་འདུག་པས་དེ་བས་ཀྱང་ཉེས་པ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་ཉམས་འགྲོ་བར་འདུག་པས། འདི་ཨཱརྱ་པ་ལོ་ཞུ་དགོས་སྙམ་ནས། རྫུ་འཕྲུལ་གྱིས་པོ་ཊ་ལར་ཕྱིན་ཏེ། འཕགས་པ་ལ་ཕྱག་བྱས་ནས་འདི་སྐད་ཞུས་སོ། །སྤྱན་རས་གཟིགས་བདག་གི་ཁ་བ་ཅན་གྱི་བྲག་ཅིག་ལ་སྒོམ་བའི་སར། བྲག་སྲིན་མོ་ཞིག་ཡོང་ནས་ཁྱོད་ཁྱིམ་ཐབ་བྱ་དགོས། དེ་མི་བྱེད་ནས་མོ་འཆི་ཟེར་བས། ད་དེ་ལྟ་བུ་བྱར་རུང་ ངམ་མི་རུང་ཞུས་པས། འཕགས་པའི་ཞལ་ནས། ཁྱད་དེ་དང་ཁྱིམ་ཐབ་གྱིས་ཤིག་དེ་ལེགས་སོ། །ཞེས་གསུངས་སོ། །ཇོ་མོ་སྒྲོལ་མའི་ཞལ་ནས་ཀྱང་། དེ་འགྲོ་བ་མི་རུ་འཕེལ་བས། ཆོས་ཀྱི་རྟེན་དུ་འགྱུར་ཏེ་ཤིན་ཏུ་ལེགས་སོ་གསུངས་སོ། །དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས། བྲག་སྲིན་མོ་ཤི་ཡིས་དོགས་ནས་རྫུ་འཕྲུལ་གྱིས་མྱུར་བར་མོའི་རྩེར་ཕྱིན་ཏེ། །ཁྱིམ་ཐབ་ཏུ་ཁས་བླངས་པ་དང་། དེ་ནས་ཟླ་བ་བཅུ་ནས་འགྲོ་བ་རིགས་དྲུག་ལས་ཚེ་འཕོས་པའི་བུ་དྲུག་བྱུང་སྟེ། དེ་ཡང་ཕ་སྤྲེའུ་ཡིན་པས་ལུས་པོ་སྤུ་ཡིས་ཁེངས་པ། མ་བྲག་སྲིན་མོ་ཡིན་པས་མཇུག་མ་མེད་པ། གདོང་དམར་བ། བཞིན་མི་སྡུག་པར་བྱུང་ངོ་། །དེ་ཡང་གཅིག་ལྷ་ལས་ཚེ་འཕོས་པས་ཁོང་ཁྲོ་ཆེ་ཞིང་རྩུབ་པ་འཐབ་མོ་ལ་དགའ་བ་ཞིག་བྱུང་། གཅིག་མི་ལས་ཚེ་འཕོས་པས་འདོད་ཆགས་ཆེ་ལ་མི་ནོར་ལ་དགའ་བ་ཞིག་བྱུང་། ཚིག་དུམ་འདི་སྒྲིག་པོས་བསྣན། གཅིག་བྱོལ་སོང་ལས་ཚེ་འཕོས་པས་ལུས་བྱད་ངན་པ་ལྟོ་ལ་བརྣན་པ་སེར་སྣ་ཆེ་བ་ཞིག་བྱུང་། གཅིག་དམྱལ་བ་ལས་ཚེ་འཕོས་པས། ཞེ་སྡང་ཅན་ཁྲོ་གཏུམ་ཆེ་བ་ཞིག་བྱུང་ངོ་། །བུ་དེ་རྣམས་ཀྱང་སྐྲ་ཡོད་པ་སྨྲ་ཤེས་པ། ཤ་དམར་པོ་དང་། ཁྲག་དྲོན་མོ་ལ་དགའ་བ་བྱས་པ་རྣམས་བྱུང་སྟེ། མ་བྲག་སྲིན་མོ་ལྟོགས་ནས་ཕྲུ་གུ་དེ་རྣམས་ཟ་བར་འདུག་པས། ཕས་ལྷོ་ཕྱོགས་ཀྱི་ནགས་མ་བྱ་ཚོགས་ཅན་བྱ་བ་ན། སྤྲེའུའི་ཁྱུ་ཡོད་པ་དེའི་ཟླ་ལ་བསྐྱལ་བས། དེ་རྣམས་སྤྲེལ་མོ་དང་ལྷན་ཅིག་ཏུ་ཚོགས་པ་ལས། ཟླ་བ་དགུ་ངོ་དང་བཅུ་ན་སྤྲེའུ་ཡང་མིན། མི་ཡང་མིན་པ་བཞི་བརྒྱར་འཕེལ་ལོ། །དེ་ནས་ལོ་ གཅིག་ལོན་པ་དང་། སྤྲེའུ་བྱང་སེམས་ཀྱིས་བུ་དེ་རྣམས་ཅི་འདྲ་འདུག་བལྟར་ཕྱིན་པ་ལས། ཚ་བོ་རྣམས་བཀྲེས་ཤིང་རིད་པ་མཐོང་ནས་ཤིང་ཐོག་གིས་གསོས་པས། སྤྲེའུ་བྱང་སེམས་དེའི་ལུས་ཀྱི་སྤུ་ཐམས་ཅད་བྱི། རྐག་ལག་གས། མཇུག་མ་སྐྱ་བ་བཞིན་དུ་སོང་ནས། སྤྲེའུ་རྣམས་མ་འཁྱོང་པར་སྡུག་བསྔལ་ལོ། །དེར་འདི་ཅི་ལས་བྱུང་སྙམ་དུ་བསམས་པས། དེ་ཡང་འཕགས་པ་དང་རྗེ་བཙུན་མའི་གསུང་བཞིན་བསྒྲུབས་པ་ལས་བྱུང་སྟེ། ཁོང་པ་ལ་ནི་འཁྲུལ་པ་མི་མངའ། ང་རང་གི་སྡོན་གྱི་ལས་ངན་པ་ཡིན་པས་འཕགས་པ་ལ་ཞུའོ་སྙམ་ནས། རྫུ་འཕྲུལ་གྱིས་པོ་ཊ་ལར་བྱོན་ནས་ཕྱག་བྱས་པས། འཕགས་པས་མཁྱེན་ནས་དགྱེས་ཏེ། རིགས་ཀྱི་བུ་བདེ་བར་འོངས་སམ་ཞེས་གསུངས་པ་དང་། སྤྲེའུས་སྔར་བཞིན་རྒྱས་པར་བསྙད་པས། འཕགས་བའི་ཞལ་ནས་ཤིན་ཏུ་ལེགས་པས། ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱང་གི དེ་ཡང་ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ནི། རིགས་རྣམ་པ་གཉིས་སུ་འགྱུར་ཏེ། གཅིག་ནི་ཕའི་རིགས་སུ་འགྱུར། གཅིག་ནི་མའི་རིགས་སུ་འགྱུར་རོ། །ཕའི་རིགས་སུ་འགྱུར་བ་རྣམས་ནི། དད་པ་དང་ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ཆེ་བ། ཆོས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ལྷག་པར་མོས་པ། དགེ་བའི་རྩ་བ་ཆུང་དུས་མི་ངོམས་པ། བློ་རྒྱ་ཆེ་བ་ལ་དགའ་བ། མིག་དང་ལག་པ་བྱ་བྱེད་མང་ཞིང་། ཅུང་ཟད་བྱད་བཞིན་མི་སྡུག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བློ་ཆེན་ཞེས་བྱ་བའི་རིགས་སུ་འགྱུར་རོ། །མི་རིགས་སུ་གྱུར་པ་དེ་རྣམས་ནི། ཤ་དམར་པོ་ཟ་ཞིང་ཁྲག་དམར་པོ་འཐུང་། ཚོང་དང་ ཁེ་སྤོགས་ལ་དགའ་བ། སྐད་རྒྱང་ཆེན་པོ་གཏོང་བ། མཛའ་བོ་དང་བདག་གི་བར་སེམས་པ་གཞན་གྱི་སྐོན་ཐོས་པ་ལ་དགའ་བ། གདོལ་པ་དང་ཤ་ཟའི་རིགས་སུ་འགྱུར་ཏེ་དེ་རྣམས་གསོལ་ལ་སྐྱོངས་ཤིག དེ་རྣམས་ཀྱི་ཟས་སྐལ་འདི་ལ་གྱིས་གསུངས་ནས། ནས། གྲོ། སྲན་མ། སྲན་ཆུང་། སོ་བ་ལ་སོགསཔ་རྣམས་གནང་ནས་འདི་རྣམས་ཁ་བ་ཅན་གྱི་ཡུལ་དབུས་ཤིག་ཏུ་ཐོབ་ཅིག འབྲུ་སྨིན་ཅིང་འཕེལ་བར་འགྱུར་རོ་གསུངས་ནས། སྤྲེའུས་ཁ་བ་ཅན་དུ་ཆས་པ་དང་། འཕགས་པས་བྲག་སྲིན་མོ་དང་ཁྱིམ་ཐབ་བྱས་པའི་བྱ་དགའ་ལས་གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་ཕྱེ་འབྱུང་ཁུངས་སུ་བྱིན་གྱིས་བརླབས་ཏེ། ཁ་བ་ཅན་དུ་གུ་ལང་ལ་སོགས་པ་རིན་པོ་ཆེའི་གཏེར་ཁ་དུས་སུ་དབྱེ་བ་དང་། ཡང་ལྗགས་ཀྱི་རྩེ་མོ་ལས་ཞལ་ཆབ་ཐིགས་པ་གཅིག་ཁ་བ་ཅན་དུ་སྟོར་བས། དུས་དུས་སུ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཐོད་རྒལ་བ་རེ་རེ་འབྱུང་བ་དང་། ཡིད་བཞིན་གྱི་ནོར་བུ་ངོ་མཚར་ཅན་ཐམས་ཅད་འབྱུང་བ་དང་། ཕྱོགས་མཚམས་ཀྱི་ལས་སྒོ་ཐམས་ཅད་ཁ་བྱེ་བ་དང་། ཆོས་དང་ཟང་ཟིང་གི་ལོངས་སྐྱོད་ཐམས་ཅད་འབྱུང་བར་བྱ་ཡི། མཐར་ཡང་ཁྱོད་ཀྱི་རིགས་རྒྱུད་ཐམས་ཅད་གསེར་གྱིས་འཚོ་བར་འགྱུར་རོ་གསུངས་སོ། །དེ་ནས་བྱང་སེམས་སྤྲེའུ་དེས་ཁ་བ་ཅན་གྱི་དབུས་ཕྱོགས་ས་ཕྱོགས་ཉམས་དགའ་ལ་འབྲུ་སྣ་སྨིན་པ། ཡུལ་དབུས་ཀྱི་ཆ་ལ་བརྟེན་པ། བཞེད་སྣ་དགུ་ཚང་པ། རང་བཞིན་གྱིས་ཡོན་ཏན་ཐམས་ཅད་འབྱུང་བ། ཁ་བ་ཅན་གྱི་སྙིང་པོ་ལྟ་བུ་ཞིག་ཏུ་ འབྲུ་ནས་ལྔ་བཏབ་སྟེ། དབྱར་གྱི་དུས་ནགས་མ་བྱ་ཚོགས་ཅན་དུ་ཚ་བོ་རྣམས་བསྐྱངས། སྟོན་ཀ་འབྲུ་བཏབ་སར་བལྟར་ཕྱིན་པས་འབྲུ་རྣམས་ཤིན་དུ་རྒྱས་པ་མཐོང་ནས། དེར་སྤྲེལ་ཕྲུག་ཚ་བོ་རྣམ་བཀུག་ནས་བསྟན་ཏེ། འདི་རྣམས་ཁྱོད་རྣམས་ཁྱེར་ལ། ཨཱརྱ་པ་ལོས་ཟས་སྐལ་དུ་གནང་བ་ཡིན་པས། འདི་ལས་གཅིག་ཟོ་དང་། ཞེས་སྨྲས་པས། སྤྲེལ་ཕྲུག་བཞི་བརྒྱ་པོ་རྣམས་འདི་ལ་ལྟོས་ལས་ཟོ་དང་ཞེས་ཟེར་ཏེ། མིང་ཡང་ཡར་ལུང་ཟོ་དང་གྲགས་སོ། །ཡུལ་ལ་སྔ་བ་དེ་ཡིན་ནོ། །དེ་རྣམས་ནི་ཟང་ཟིང་གིས་བསྡུས་པའི་ཚུལ་བསྟན་པའོ། །ད་ནི་ཆོས་ཀྱིས་བསྡུས་བར་དགོངས་ཏེ། བྱང་སེམས་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པའ་མཐིལ་ནས་འོད་ཟེར་གཅིག་སྤྲོས་ཏེ། དེའི་སྣ་ལ་ཁྱེའུ་མཚན་དང་དཔེ་བྱད་དུ་ལྡན་པ་གཅིག་ཏུ་སྤྲུལ་ནས་ཁ་བ་ཅན་གྱི་སྤྲེའུ་ཡང་མིན། མི་ཡང་མིན་པའི་མཇུག་རྡུལ་ལུས་པོ་སྤུས་གང་པ་དེ་རྣམས་ཀྱི་གསེབ་ཏུ་ཕྱིན་པས། དེ་རྣམས་ན་རེ། ཁྱེད་ཀྱི་ལུས་ལེགས་པོ་དེ་ཅི་ལས་བྱུང་བྱས་པ་དང་། སྤྲུལ་པའི་ཁྱེའུས་སྨྲས་པ། ངས་མི་དགེ་བ་བཅུ་སྤངས་ཤིང་། དགེ་བ་བཅུ་བསྒྲུབས། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལས་བྱུང་བྱས་པ་དང་། སྤྲེལ་ཕྲུག་རྣམས་ན་རེ། འོ་ན་དེ་རྣམས་ངེད་ལའང་སློབས་དང་ཟེར་ནས་སྤྲུལ་བའི་ཁྱེའུས་དེ་རྣམས་ལ་མི་དགེ་བ་བཅུ་སྤོང་ཞིང་། དགེ་བ་བཅུ་སྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་ཆོས་བཤད་པས། །སྤྲེའུ་ཕྲུག་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པས་གཟུགས་བྱད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ལྟར་སྤྲུལ་པའི་ཁྱེའུ་དེས་དགེ་བ་བཅུའི་ཁྲིམས་ལ་བཀོད་པས། སེམས་དང་ ཆོས་སུ་འདྲེས་ནས། ཆོས་ལ་རང་དགར་བྱར་ཡོད་དེ། དེ་ནི་བཀའ་དྲིན་ཤིན་ཏུ་ཆེའོ། །དེ་ལ་ཡང་སྤྱིར་འཛམ་བུའི་གླིང་འདི་ན་མི་རིགས་མི་མཐུན་པ་སུམ་བརྒྱ་དང་དྲུག་ཅུ། སྐད་རིགས་མི་མཐུན་པ་བདུན་བརྒྱ་དང་ཉིས་ཤུ། ལུས་ཀྱི་རྣལ་འབྱོར་འགྱུར་མི་འདྲ་བ་བཅུ་བདུན། རུས་པ་ལྕེས་འགྱུར་ཚད། མིང་ཁ་ནས་ཐོན་ཚད་ཡོད་སྐད་ནའང་། རུས་ཀྱི་ཕྱི་མོ་བཅུ་གཉིས་ཙམ་ལ་བསྡུ། དེ་ལ་རྒྱལ་རིགས་སུ་གཏོགས་པས་ཆེ་བ་དང་། རྗེའུ་རིགས་སུ་གཏོགས་པས་བཙུན་པ་དང་། བྲམ་ཟེའི་རིགས་སུ་གཏོགས་པས་གཙང་བ་དང་། དམངས་ཀྱི་རིགས་སུ་གཏོགས་པས་མང་བ་དང་། བཞི་པོ་དེ་རུ་འཛམ་གླིང་གི་མི་རིགས་ཐམས་ཅད་འདུ་བ་ཡིན་པས། སྤྱིའི་རིགས་ཀྱི་ཕྱི་མོ་བཞི་ཡང་ཟེར་ལ། ཕྱིའི་རིགས་ཀྱི་ཕྱི་མོ་བཞི་ཡང་ཟེར་བ་ཡིན་སྐད། རྒྱ་དཀར་པོ་ལྷ་ནས་ཆད་པས་སམ་སྐྲྀ་ཏ། ལེགས་པར་སྦྱར་བ། ལྷའི་སྐད་དུ་སྨྲ་བ། རྒྱ་ནག་པོ་ཀླུ་ནས་ཆད་པས་ནཱ་ག་ཏྲི་ཏ་ཀླུའི་སྐད་དུ་སྨྲ་བ། ཧོར་སྤྲེའུ་མ་ཡིན་ལས་ཆད་པས་ཨ་སུ་ཏྲི་ཏ་ལྷ་མ་ཡིན་གྱི་སྐད་དུ་སྨྲ་བ། བོད་སྤྲེའུ་དང་བྲག་སྲིན་ལས་ཆད་པས་ཨ་བ་པྲི་ཏི་ཏ་ཟུར་ཆག་གི་སྐད། འདྲེའི་སྐད་དུ་སྨྲ་བ་དང་བཞི་ལ་རབ་གྱི་རུས་ཀྱི་ཕྱི་མོ་གཉིས་ཏེ་བཞི་ལས། བོད་ཕམ་ཆེར་གྱི་རུས་གྱེས་པར་འདོད་པས་ནང་གི་རིགས་ཕྱི་མོ་བཞི་ཟེར། དེ་ལ་རུས་ཀྱི་ཕྱི་མོ་བཅུ་གཉིས་ཟེར་བ་ཡིན་ནོ། །  གསུམ་པ། རྗེའི་བྱོན་རབས། གསུམ་པ་རྗེའི་བྱོན་རབས་ཀྱི་དབང་དུ་བྱས་ན། རྗེ་རྒྱལ་རིགས་ལ་དབྱེ་ན་སུམ་བརྒྱ་དང་དྲུག་ཅུ་ཡོད་ཀྱང་། བསྡུ་ན་རྣམ་པ་གཉིས་སུ་འདུས་ཏེ། དག་པ་སངས་རྒྱས་ཀྱི་རྗེ་དང་། མ་དག་པ་སེམས་ཅན་གྱི་རྗེ་འདི་སྐད་རྣམ་པ་གཉིས་སུ་འདུས། དེ་ལ་དག་པ་སངས་རྒྱས་ཀྱི་རྗེ་ནི་གསུམ་ཡིན་ཏེ། ཐེག་པ་ཆེན་པོ་མདོ་སྡེ་ཟླ་བའི་སྒྲོན་མེ་ལས། འདི་སྐད་དུ། ཁྱབ་གདལ་བཞི་སྙིང་མི་མཇེད་འཇིག་རྟེན་ན། །འགྲོ་བའི་དོན་མཛད་རྗེར་གྱུར་རྒྱལ་པོ་ལ། །སངས་རྒྱས་སྐུ་གསུམ་རྣམ་པ་དེར་བསྟན་ཏེ། འགྲོ་ལ་ཕན་པའི་རྒྱལ་པོ་རྣམ་པ་གསུམ། །ཞེས་པས། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་གསུམ་མོ། །གཉིས་པ་མ་དག་པ་སེམས་ཅན་གྱི་རྗེ་ལ། བསྡུ་ན་རྣམ་པ་ལྔ་ཡིན་ཏེ། དེ་ཡང་བུ་མོ་བློ་གྲོས་གཞོན་ནུས་ཞུས་པའི་མདོ་ལས། འདི་སྐད་དུ། སྤྱི་ཕུད་ས་འཛིན་བྱེ་བྲག་ཕྱོགས་སྐྱོང་དང་། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམ་པ་ལྔ། །འགྲོ་བའི་དོན་མཛད་ལམ་གནས་བྱང་ཆུབ་སེམས། །བཅུ་གཅིག་ཡོན་ཏན་སྐུ་ལ་རབ་ཏུ་བརྒྱན། །བྱང་ཆུབ་སེམས་དཔའི་རྒྱལ་པོ་ཡིན་པར་གྲགས། །ཞེས་གསུངས་སོ། །དེ་ཡང་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པ་དང་། ས་འཛིན་ནི་བརྒྱ་བྱིན། བྱེ་བྲག་ནི་འགྲོ་བ་རིགས་དྲུག་པོ་སོའི་རྒྱལ་པོ། ཕྱོགས་སྐྱོང་ནི་ཡུལ་འཁོར་སྲུང་ལ་སོགས་པ་བཞི། འཁོར་ལོས་བསྒྱུར་བ་ནི་རིན་པོ་ཆེ་བཞིའི་འཁོར་ལོ་ལ་དབང་བསྒྱུར་བའི་རྒྱལ་པོ་རྣམས་སོ། །བྱང་ཆུབ་སེམས་དཔའི་རྒྱལ་པོ་དེ་རྣམས་ ཀྱི་འོག་ཏུ། འོ་ཅག་འཛམ་བུའི་གླིང་པ་ལ་རྒྱལ་པོ་རྣམ་པ་གསུམ་བྱུང་བ་ནི། གདུང་རྒྱུད་བསྐོས་དང་གློ་བུར་གསུམ་ལགས་ཏེ། དེ་ལ་གདུང་རྒྱུད་ཀྱི་རྒྱལ་པོ་ནི། དང་པོ་རྗེ་མང་པོས་བཀུར་བ་ནས་གདུང་རབས་ལྔ་ན་རྒྱལ་པོ་སྤྱི་བོ་སྐྱེས་བྱོན་ནས། གསེར་གྱི་འཁོར་བསྒྱུར་ནས་གླིང་བཞི་ལ་མངའ་དབང་ཇི་ལྟར་མཛད་པ་དང་། དེ་ནས་མང་ཞིག་ན། རྒྱལ་པོ་ཚངས་པས་བྱིན་ཅེས་བྱ་བའི་རིང་ལ་བདེ་བར་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་ཇི་ལྟར་བྱུང་བ་དང་། དེ་ནས་གདུང་རབས་མང་ཞིག །རྒྱལ་པོ་ཨུ་པ་ལའི་གདོང་ཞེས་བྱ་བའི་སྐུ་རིང་ལ། བདེ་བར་གཤེགས་པ་གསེར་ཐུབ་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང་། དེ་ནས་གདུང་རབས་མང་ཞིག་ན། རྒྱལ་པོ་ཀྲྀ་ཀྲྀ་ཞེས་བྱ་བའི་རིང་ལ། སངས་རྒྱས་འོད་སྲིངས་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང དེ་ནས་གདུང་རབས་མང་ཞིག་ན། གྲོང་ཁྱེར་སེར་སྐྱ་རུ་རྒྱ་པོ་ཟས་གཙང་མའི་སྐུ་རིང་ལ། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང་། དེ་དག་ལ་སོགས་ཏེ་ཐོག་མར་རྒྱལ་པོར་གང་གིས་ལས་ཅི་མཆད་པ་དང་། ཐ་མ་གདུང་རབས་ཇི་ཙམ་ཐལ་ན་རྗེ་མང་པོས་བཀུར་གཉིས། ཁྲི་ཕྲག་ལྔ་བརྒྱ་ཕྲག་གཉིས། དགུ་བཅུ་རྩ་བཞི། སངས་རྒྱས་ཉིད་དང་དགུ་བཅུ་རྩ་ལྔ་བྱུང་ངོ་། །ལུགས་གཅིག་ཏུ་གདུང་རབས་འབུམ་དང་། ལྔ་ཁྲི། སྟོང་བརྒྱ་བཞི་བཅུ་ཞེ་བརྒྱད་འདས་པར་མདོ་སྡེ་ལས་བཤད། སྟོང་ཁྲི་འབུམ་དང་། ས་ཡ་དྲུག་ཅུ་རྩ་གཅིག་ འདས་པར་འདུལ་བ་ལས་བཤད། ས་ཡ་བདུན་ཁྱི་ལྔ་སྟོང་ལྔ་བརྒྱ་ཉིས་ཤུ་རྩ་བདུན་འདས་པར་མངོན་པ་ལས་བཤད་ཟེར་ཏེ། འདི་དག་ལ་བརྟགས་པར་བྱའོ། །ཤཱཀྱའི་རིགས་རབ་ཏུ་བྱུང་པས་གདུང་ཆད་པར་སྡེ་སྣོད་གསུམ་ཀ་མཐུན་ནོ། །བསྐོས་པའི་རྒྱལ་པོ་སྡེ་བཞི་ནི། གདུང་རྒྱུད་གློ་བུར་གཉིས་ཀྱི་བར་སྐབས་སུ། ཕྱོགས་བཞིར་བསྐོས་པའི་རྒྱལ་པོ་སྡེ་བཞི་བྱུང་། ཤར་ཕྱོགས་རྒྱ་ནག་གཙུག་ལག་རྒྱལ་པོ་དེ། མར་ཁུའི་གཞོང་བུས་བསྐོས་ཤིང་ལེགས་ཉེས་སྟོན། ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ་དེ། བདུད་རྩི་བུམ་པས་བསྐོས་ནས་མ་རིག་སེལ། ནུབ་ཕྱོགས་སྟག་གཟིག་ནོར་གྱི་རྒྱལ་པོ་དེ། ཡིད་བཞིན་ནོར་བུས་བསྐོས་ཤིང་དབུལ་བ་སེལ། བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་དེ། དཔག་ཆེན་མདའ་ཡིས་བསྐོས་ཤིང་དགྲ་དཔུང་འདུལ། ཅེས་སོ། །གསུམ་པ་འོ་སྐོལ་བོད་ཀྱི་རྒྱལ་པོ་གློ་བུར་དུ་བྱུང་བ་འདིའི་དབང་དུ་བྱས་ན། བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ཏེ། ཁ་ཅིག་ན་རེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུཊ་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིཊ་ཡིན་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་སྣྲེལ་བའི་དུས་སུ། ཀོ་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་ཡིན་ཟེར། དངོས་ནི་ཤཱཀྱ་རི་བྲག་པའི་རྒྱུད་ཡིན་ཏེ། ཤཱཀྱ་རི་བྲག་པའི་རྒྱུད་པ་ནི་འཕགས་རྒྱལ་ན་གནས་ཏེ། འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཞེས་བྱའོ། །དེའི་བུ་གཏུམ་པོ་རབ་སྣང་། དེའི་བུ་ཤར་པ་ལ་སྲས་གཉིས་ཏེ། སྐྱབས་སེང་དང་དམག་བརྒྱ་པ་གཉིས་ཏེ། དེ་གཉིས་རྒྱལ་སྲིད་ལ་མ་འཆམ་པས་ སྐྱབས་སེང་གི་བུ་ལྔ་དམག་བརྒྱ་པས་མ་ཐུབ་སྟེ། རྩིས་བྱས་པས་ཁྱོད་ཀྱི་བཙུན་མོ་དམ་པ་གཅིག་ལ་བུ་བཙས་པར་འགྱུར་ཏེ། དེས་ཡང་ན་རྒྱལ་སྲིད་འཛིན་པར་བྱེད། ཡང་ན་བརླག་པར་བྱེད་དོ་ཟེར། དེ་ནས་བཙུན་མོ་དམ་པ་ལ་སྲས་གཅིག་བཙས་པ་དེ། མི་བྱ་ངང་པ་ལྟར་མས་ནས་འགེབས་པ། གཡུའི་སྨིན་མ་ཡོད་པ། ལག་པ་བྱའི་རྒྱལ་པོ་ལྟར་དྲྭ་བས་འབྲེལ་བ། སོ་དུང་འཁོར་མ་ཡོད་པ་ཞིག་བྱུང་བས། དེ་ཡབ་རྒྱལ་པོ་ལ་སྙན་དུ་གསོལ་བས། དེ་ལྟས་ངན་གཅིག་ཡོད་པར་འདུག་པས་སོད་ཅིག་ཟེར་རོ། །བློན་པོ་རྣམས་ཀྱིས་མཚོན་གྱིས་གསོད་མ་ཕོད་པར། ཟངས་ཁ་སྦྱར་དུ་བཅུག་སྟེ་གཟེར་བཏབ་ནས་ཆུ་བོ་གདྒ་ལ་བསྐྱུར་བས། ཡངས་པ་ཅན་པའི་རྒྱལ་པོ་ཡིན་པས། བྱ་དང་རི་དྭགས་ཐམས་ཅད་ཀྱིས་རྩེད་ཟླ་བྱས། གཅན་གཟན་ཐམས་ཅད་ཀྱིས་ཟས་བསྐྱལ། ཤིང་ཐམས་ཅད་ཀྱིས་མགོ་བཏུད། །དེ་ནས་རྒྱལ་བུ་ན་རེ། ང་བསོད་ནམས་ཆེ་བར་འདུག་པ་ལ། ངའི་ཕ་མེས་གང་ཡིན་ཟེར་བ་ལ། རྒྱལ་པོ་དམག་བརྒྱ་པས་ལྟས་ངན་དུ་བྱས་ཏེ་ཆུ་ལ་བོར་བ་དེ། ངེད་ཀྱིས་རྙེད་པའི་གཏམ་བརྗོད་པས། རྒྱལ་བུ་ཡིད་མ་དགའ་ནས་གངས་དབྲག་ཏུ་བྲོས་པས། ལྷ་རི་གྱང་མ་གྱང་མཐོའི་ཁར་བྱུང༌། དེ་ནས་བལྟས་ཕས་ཁ་བ་ཅན་གྱི་རྒྱལ་ཁམས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ཤམ་པོ་བདེ་འབྱུང་མཐོང་ཁམས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལྷ་ཤམ་པོ་བདེ་འབྱུང་མཐོང་ནས། དེར་བྱོན་པས་ལྷ་རི་སྤོ་མཐོའི་ཁར་བྱུང་ངོ་། །དེ་ནས་དམུ་སྐས་ལས་བངས་ནས་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་པས།  གམ་ལྷའི་སྲས་དང་། ཐོག་ལྷ་བོན་པོ་དང་། སེ་སེན་པོ་དང་། ཞང་ཞུང་བོན་པོ་དང་། ཤེས་པ་མཁན་བཅུ་གཉིས་ཕྱུགས་སྐྱོང་པའི་རྩར་བྱོན་པས། དེ་དག་གིས་ཁྱེད་སུ་ཡིན་བྱས་པས་བཙན་པོ་ཡིན་ཟེར། གང་ནས་བྱོན་བྱས་པས། མཛུབ་མོ་གནམ་ལ་སྒྲེང་ཞིང་ནམ་མཁའ་ལ་བལྟའོ། །དེའི་སྐད་མ་གོ་ནས་འདི་གནམ་ནས་བྱོན་པའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་པས། ཁྱིམ་གྱི་མི་རྣམས་ལ་སྟོན་ཟེར་ཏེ། ཤིང་ཁྲི་བྱས་པའི་སྟེང་དུ་བཞུགས་ནས། མི་བཞིས་གཉའ་བ་ལ་ཁུར་ཏེ། གྲོང་ཁྱེར་གྱི་མི་རྣམས་ལ་བསྟན་ནས། འདི་གནམ་ནས་བྱོན་ཇཔའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་སྟེ། འོ་ཅག་གི་ཇོ་བོ་བྱའོ་ཟེར་ནས། མིང་ཡང་གཉའ་ཁྲི་བཙན་པོར་གྲགས་ཏེ། བོད་ཀྱི་བཙན་པོ་ལ་སྔ་བ་དེ་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡེ་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་སྲིབས་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཏེ། ཐ་མ་དེ་རྣམས་ཀྱི་རིང་ལ་རྡོལ་བོན་དར་རོ། །བཙན་པོ་དེ་རྣམས་ཀྱི་དབུ་ལ་འོད་ཀྱི་ལྷ་ཐག་ཡོད་པས། སྲས་ཀྱི་ཆིབས་ཁ་ཐུབ་ཙ་ན། ཡབ་འོད་ལུས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པ་ལ། གྲི་གུམ་བཙན་པོས་བོན་བྱས་པས་མ་རུང་སྟེ། རལ་གྲི་གླང་པོ་སྣ་བྱ་བ་ཀླད་ལ་སྐོར་བས་འོད་ཀྱི་ལྷ་ཐག་ཆད། འདྲེ་སྲིན་ཐམས་ཅད་ཅད་འཁྲུག་པས་རྗེ་འབངས་རྣམས་ལོ་ངམ་གྱིས་བཀྲོངས། སྲས་གསུམ་ཡོད་པ་ལ། ཤ་ཁྲི་ཀོང་པོར་སྤྱུགས་པས་ཀོང་རྗེ་དཀར་པོ་ཡིན། ཉ་ཁྲི་ཉང་པོར་སྤྱུགས་པས་ཉང་བཙུན་རྒྱལ་པོ་ཡིན། བྱ་ཁྲི་སྤུ་བོར་སྤྱུགས་པས་སླད་ཀྱིས་བྱ་ཁྲི་སྦུ་བོ་ནས་སྤྱན་དྲངས་ནས་མཚན་ཡང་སྤུ་དེ་གུང་རྒྱལ་ དུ་གྲགས་སོ། །སྤུ་དེ་གུང་རྒྱལ་གྱི་དུས་སུ་མངའ་ཐང་འགྲིབས་པས་བར་གྱི་ལྡིང་གཅིག་ཟེར་རོ། །དེའི་སྲས་ཨ་ཤེ་ལེགས། དེའི་སྲས་ཨི་ཨོ་ལེགས། དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུབ་ལེགས། དེའི་སྲས་ཐེ་ཤོ་ལེགས། དེའི་སྲས་སྲོང་རྗེ་ལེགས་ཏེ་སའི་ལེགས་དྲུག་ཟེར། དེ་རྣམས་ཀྱི་ཕོ་བྲང་འཆིང་ང་སྟག་རྩེར་བཏབ་སྟེ། བོད་ཀྱི་མཁར་ལ་སྔ་བ་དེ་ཡིན་ནོ། །ཆེ་བའི་ལྡེ་བརྒྱད་ལ། ལྡེ་འཕྲུལ་པོ། ལྡེ་ནོལ་ནམ། ལྡེ་ནོལ་པོ། སེ་ནོལ་ནམ། སེ་ནོལ་པོ། ལྡེ་རྒྱལ་པོ། ལྡེ་གཞུང་བཙན། ལྡེ་སྲིད་བཙན་དང་བརྒྱད་དོ། །ཚིགས་ཀྱི་བཙན་ལྔ་ལ། རྒྱལ་ཐོ་ཐོ་ལོང་བཙན། ཁྲི་བཙན་ནམ་དང་། ཁྲི་གུང་བཙན། ཁྲི་ཐོག་རྗེ་བཙན། ཁྲི་ཐོག་བཙན་དང་ལྔས་ཕོ་བྲང་དུར་པ་ཐང་དུ་མཛད་དོ། །བཞི་པ། དམ་པའི་ཆོས་བོད་དུ་བྱུང་ཚུལ། བཞི་པ་ཆོས་མཐུན་བའི་རྒྱལ་པོའི་རིང་ལ་དམ་པའི་ཆོས་བོད་དུ་བྱུང་ཚུལ་ནི། དེ་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་གར་ལ་སོགས་པ་ཀུན་ཏུ་རྒྱས་པར་གྱུར་མོད་ཀྱང་། བོད་ཀྱི་ཡུལ་རི་བྲག་ཁ་བ་ཅན་གྱི་ལྗོངས་འདི་དག་སྟོན་པས་ཞབས་ཀྱིས་མ་བཅགས་པས་མཆོད་རྟེན་དུ་མ་གྱུར་ཞིང་། བདག་ཉིད་ཆེན་པོ་གཞན་གྱིས་ཀྱང་བཏང་སྙོམས་སུ་གྱུར་པའི། སྐལ་བ་དམན་པར་གྱུར་པ་དེ་ཡུན་རིང་དཀོན་མཆོག་གི་སྨྲ་མི་གྲགས་པར་གྱུར་ཏེ་གནས་པ་ལ། དུས་ནམ་ཞིག་ན་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་དབང་གིས་སའི་བདག་པོ་དང་། རྒྱལ་པོའི་བློན་པོ་ ཆེན་པོ་དང་། པཎྜི་ཏ་དང་། ལོ་ཙཱ་བ་ཆེན་པོ་དེ་དག་ཏུ་བལྟུམས་ནས་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །དེ་ཡང་བྱང་ཕྱོགས་ཀྱི་རྒྱུད་འདིར་ཕྱི་མའི་དུས་ཀྱི་ཚེ་བསྟན་པ་རྒྱས་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། ང་ཡི་འདུལ་བའི་བསྟན་པ་ལ། །ལོ་ནི་ལྔ་བརྒྱ་ཕྲག་བཅུར་གནས། །དྲུག་བརྒྱ་དག་གི་གནས་པ་ལས། །ཉིས་སྟོང་བདུན་བརྒྱ་ཙམ་ན་ནི། །མཐའ་ཁོབ་ཡུལ་དུ་དར་བར་འགྱུར། །ཞེས་པ་དང་། ཡང་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པའི་གླེགས་བམ་བརྒྱད་སྟོང་པ་ལས། ཤཱ་རིའི་བུ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞི་གཤེགས་པ་འདས་ནས་དམ་པའི་ཆོས་ནུབ་པའི་དུས་ན་ལྷོ་ཕྱོགས་སུ་འབྱུང་། ལྷོ་ཕྱོགས་ནས་ཀྱང་མཐའ་ཁོབ་ཏུ་འབྱུང་། མཐའ་ཁོབ་ནས་ཀྱང་བྱང་ཕྱོགས་སུ་འབྱུང་སྟེ། ཆོས་འདུལ་བའི་གཉེན་པོར་གྱུར་པ་ནི་མ་ཡིན་ནོ། །ཟེས་དང་། ཡང་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཕྱི་མའི་དུས། ཕྱི་མའི་ཚེ་ན་བྱང་ཕྱོགས་ཀྱི་གནས་སུ་རྒྱས་པར་འགྱུར་རོ། །ཞེས་དང་། ཡང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། གདོང་དམར་གྱི་ཡུལ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དུ་མ་ནས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ནས་མངའ་བདག་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ་དམ་པའི་ཆོས་བོད་ཡུལ་དུ་བྱུང་བ་ཡིན་ཏེ། དེ་ཡང་འདི་ལྟར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། མེས་སྲོང་བཙན་གྱི་སྐུ་རིང་ལ་སྲོལ་བཏོད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་ ཞིང་རྒྱས་པར་མཛད་པ་ཡིན་ནོ། །ཐོག་མར་དམ་པའི་ཆོས་དབུ་བརྙེས་ཚུལ། དེ་ལ་དང་པོ་ནི། རྗེ་གཉའ་ཁྲི་བཙན་པོ་ནས་གདུང་རབས་ཉིས་ཤུ་རྩ་དྲུག་ན་ཡུལ་ཡར་ལུང་གི་ཕོ་བྲང་ཡུམ་བུ་བུ་བླ་ཁང་བྱ་བ་རྒྱལ་པོ་ཐོག་རྗེ་ཐོག་བཙན་ཞེས་བྱ་བ་ལ། སྲས་རྒྱལ་བུ་ཞིག་འཁྲུངས་ནས། བྱད་ལ་མཐོ་དོ་ཡོད་པ། རྣ་བ་བུང་བུའི་རྣ་བ་ཙམ་ཡོད་པ་ཞིག་བྱུང་སྐད། རྒྱལ་པོ་ན་རེ། འདི་ལྟས་ངན་ཡིན་ནམ། བཟང་པོའི་ལྟས་ཡིན་མི་ཤེས་པས། ཕྱི་ཡི་མི་རྣམས་ལ་མ་བཤད་ཅིག་ཟེར་བ་ལ། བློན་པོ་གཅིག་བཤད་ནི་འདོད། བཤད་དུ་མེད་པས་མ་བདེ་སྟེ། རོ་སྟོད་རྒྱངས་ཤིང་ནི་འདོད། བཤད་དུ་མེད་པས་མ་བདེ་སྟེ། རོ་སྟོད་རྒྱངས་ཤིང་ན་བས། ཁོས་བྱི་ཁུང་གི་བུག་པ་ཞིག་ན་ཕར་ཁ་བཙུགས་ནས། ངེད་ཀྱི་རྒྱལ་པོ་ལ་སྲས་རྒྱལ་བུ་བྱད་མཐོ་དོ་ཡོད་པ། རྣ་བ་བུང་བུའི་རྣ་བ་ཙམ་ཡོད་པ་ཞིག་ཡོད་དོ་ཞེས་སྨྲས་པས། ཐམས་ཅད་ཀྱིས་ཐོསྀཾ་་གླེང་བ་ཞིག་བྱུང་བས། བྱི་ཁུང་དུ་སྨྲས་པའི་རྣམ་ཐར་ཡན་པ་ཞེས་ཀྱང་གྲགས་ལ། མཚན་རང་ལྷ་མཐོ་དོ་རི་སྙན་ཤལ་བྱ་བ་ཡིན་ནོ། །རྒྱལ་པོ་དེ་ཡི་རིང་ལ་བདེ་བར་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྤང་སྐོང་ཕྱག་རྒྱ་པ་དང་། གསེར་གྱི་མཆོད་རྟེན་བང་རིམ་ལྔ་པ་དར་ཚོན་སྣ་ལྔས་དྲིལ་ཏེ་ཕོ་བྲང་གི་ཡང་ཐོག་ན་བྱོན་ནས་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ་ཆོས་དང་བོན་དུ་མ་ཤེས། ངོ་མཚར་ཅན་ཞིག་ཡིན་སྙམ་དུ་དགོངས་ནས་མཚན་ཡང་གཉན་པོ་གསང་བའི་དབྱངས་ཞེས་བྱ་བར་བཏགས་ནས་མཆོད་པ་ཕུལ་ཞིང་གསོལ་བ་བཏབས་པས། རྗེ་སྐུ་ཚེ་རིང་ ཞིང་འབངས་བཀྲ་ཤིས་པ་དང་། ཆབ་སྲིད་མངའ་ཐང་རྒྱས་པར་གྱུར་ཏོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། གཞན་རྣམས་དེ་ལྟར་ཡིན་མོད་ཀྱི། ཆོས་བྱོན་ལུགས་ཀྱི་ལོ་རྒྱུས་སུམ་ཟུར་བཞི་སྟེངས་རྙིང་པ་ལས། རྒྱལ་པོ་དེའི་རིང་ལ་ཐོ་དཀར་དང་། ལིའི་ལོ་ཙཱ་བ་གཉིས་ཀྱིས་རྒྱ་ནག་གི་མཁན་པོ་ལི་བྱིན་གསན་དྲངས་ཏེ་བྱོན་ནས། རྒྱལ་པོ་ལ་ཆོས་བཤད་ཀྱང་། བོད་ལ་ཡི་གེ་མེད་པས། བསླབ་ཏུ་མ་བཏུབ་ཅིང་དར་བར་མ་ནུས་ནས། སྐུའི་རྟེན་དུ་རིགས་ལྔའི་ལུགས་སྐུ་ཚར་གཅིག་གསུང་གི་རྟེན་དུ་སྤང་ཀོང་དང་གཙུག་ཏོར་དྲི་མེད། ཐུགས་ཀྱི་རྟེན་དུ་གསེར་གྱི་མཆོད་བང་རིམ་ལྔ་པ་དང་། དེ་རྣམས་ལ་རིགས་ལྔའི་ཕྱག་རྒྱས་བཏབ་ནས་འདི་ལ་མཆོད་པ་གྱིས་གསུངས་ནས་མཁན་པོ་རྒྱ་ནག་ཏུ་བཞུད། རྒྱ་ནག་ཏུ་ཕལ་ཆེན་དང་། དགོངས་འགྲེལ་དང་། རྫོགས་ཆེན་ལ་སོགས་པ་མང་དུ་བསྒྱུར་ནས་དར་ཞིང་རྒྱས་པར་མཛད་སྐད། བོད་ཀྱི་རྒྱལ་པོས་དཀོན་མཆོག་གི་མཆོད་རྟེན་ལ་མཆོད་ཅིང་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས་ཆབ་སྲིད་དང་མངའ་ཐང་རྒྱས། རྒྱལ་པོ་ཡང་ཚེ་གཅིག་ལ་སྐུ་ལུས་གཉིས་བཞེས། རྒྱ་གར་ནས་ཆོས་བྱོན། རྒྱ་ནག་ནས་ཧ་ཤང་བྱོན་ཏེ་དབུ་བརྙེས་པར་གྱུར་ཏོ་ཞེས་ཟེར་རོ། །དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །དེའི་རྨི་ལམ་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཟེར་བ་ལུང་བསྟན་ནོ། །དེའི་སྲས་ཁྲི་གཉན་གཟུགས་བཙན། དེའི་སྲས་འབྲོང་གཉན་ལྡེ་རུ། དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ། གཉན་ པོ་གསང་བ་ལ་མཆོད་པས་སྤྱན་བྱེ་སྟེ། སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །བར་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་ཚུལ། དེའི་སྲས་གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་སྤོང་བཟའ་འབྲི་ཟ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ། དབུ་ལ་ཨ་མི་ཏཱ་བྷ་འོད་དཔག་མེད་དམ་སྣང་བ་མཐའ་ཡས། བཞུགས་པ་ཞིག་མེ་མོ་གླང་ལ་བལྟམས་ནས་ཁྲི་ལྡེ་སྲོང་བཙན་ཏུ་བཏགས་ཏེ། དབུའི་འོད་དཔག་མེད་དར་ལེབ་རྒག་གྱིས་དཀྲིས་ནས་ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན་ཏེ། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ་སྐྱེ་འབུལ་འཕྲིན་ཡིག་ཀློག་གོ །དེའི་ཚེ་བོད་ལ་ཡི་གེ་མེད་པས། ཐོན་མི་ཨ་ནུའི་བུ་ཐོན་མི་སམྦྷོ་ཊ་བོད་ཡང་དག་པ་དང་། སྟག་ལོ་དེ་ཁྲོང་གཉིས་ལ་སོགས་པ་མི་བཅུ་དྲུག་ཙམ་ཡི་གེ་སློབ་ཏུ་བཏང་བ་མང་ཡུལ་དུ་བྱོན་ནས་ཡི་གེ་མཁན་ལི་བྱིན་ཀ་ར་ཞེས་བྱ་བ་ལ་སྒྲ་དང་ཡི་གེར་བཅས་པ་བསླབས་ནས། རྒྱ་གར་གྱི་ཡི་གེ་ལྔ་བཅུ་ལས་བོཡ་ཀྱི་ཀ་ཁ་སུམ་བུར་བསྒྱུར་ཞིང་། ཀ་ཁའི་བསྟ་བཅོས་ཞེས་བྱ་བ་དང་། སུམ་ཅུ་པ་དང་རྟགས་འཇུག་མཛད་དེ་སྒྲའི་སྡེབ་སྦྱོར་རྣམས་ལེགས་པར་མཛད་ནས་ཡིག་ཀློག་གི་གྲྭ་བཙུགས། རྒྱའི་ལོ་ཙཱ་བ་ཁ་ཆེ་ཨ་མོ་གྷ་ཞེས་བྱ་བས་སྒྲ་རང་འགྱུར་དུ་མཛད་དེ། མདོ་སྡེ་དཀོན་མཆོག་སྤྲིན་དང་། ལང་ཀར་གཤེགས་པ་དང་། གསེར་འོད་དམ་པ་དང་། གཟུངས་ཙིན་ཏ་མ་ཎི་དང་། མདོ་སྡེ་པདྨ་དཀར་པོ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་། གཟུངས་གྲྭ་ ལྔ་རྣམས་བསྒྱུར། གཞན་ཡང་ཆོད་དགེ་བ་བཅུ་ལ་བརྟེན་པའི་ཁྲིམས་དང་། ཁྱད་པར་སོ་སོ་ཐར་པ་རྩ་བ་བཞིའི་ཁྲིམས་བཅས། བསྙེན་གནས་ཀྱི་ཁྲིམས་ཡན་ལག་བརྒྱད་པ་ཡང་སྲུང་བ་ལ་བཀོད་ཅིང་། དེ་ལྟར་ཆོས་ཁྲིམས་ལེཊ་པར་བཅས་ནས་བདེ་བ་ལ་བཀོད། མིང་ཡང་སྲོང་བཙན་སྒམ་པོར་གྲགས་སོ། །སྤྲུལ་པའི་རྒྱལ་པོ་དེའི་སྐུ་རིང་ལ་རྒྱ་གར་ལྷོ་ཕྱོགས་ནས། ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གདན་དྲངས། ཐོན་མི་སམྦྷོ་ཊ་དང་། བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་བལ་པོའི་ཡུལ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ། །ཁྲི་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང་། ལྷ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། །ཙན་དན་གྱི་ཇོ་མོ་སྒྲོལ་མ་རྣམས་སྤྱན་དྲངས། རྒྱ་ནག་པོའི་ཡུལ་ནས། རྒྱའི་རྒྱལ་པོ་སེདྒེ་ཁྱད་པར་ཅན་བཅོམ་ལྡན་འདས་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་གདན་དྲངས། དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་རྐྱལ་བསྒྱེལ་འདྲ་བ་འདི་མནན་དགོས་པར་གཟིགས་ཏེ། དཔུང་མགོ་གཡས་པ་ལ་ཀ་ཚལ། གཡོན་པ་ཁྲ་འབྲུག་བརླ་གཡས་པ་ལ་གཙང་འགྲམ། གཡོན་པ་ལ་གྲོམ་པ་རྒྱངས་ཏེ་རུ་བཞིའི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་པས་ཀྱང་ཞིག །ཡང་སྲིན་མོའི་ཡན་ལག་བཞི་གནོན་དགོས་པར་མཁྱེན་ནས་གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ལྷ་ཁང་། གཡོན་པ་ལ་ལྷོ་བྲག་མཁོ་མཐིང་། པུས་མོ་གཡས་པ་ལ་ཀ་བྲག །གཡོན་པ་ལ་པྲ་དུམ་ རྩེ། མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་ཏེ་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས། ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བསྐྱལ་ནས་བདལ་ཏེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། གློ་བུར་བྱང་མར་བཟོ་རྒྱུ་སྤུངས་པ་ལས་རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སོ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱལ་མོ་ཨོང་ཇོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་མཱ་ར་དང་། བྲམ་ཟེར་ཤང་ཀཱ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་དཱ་བ་ཚོ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཞིང་གཏན་ལ་ཕབ་བོ། །རྒྱལ་པོ་དེ་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་། ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཡོད། རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ། བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །དེ་དང་མཉམ་དུ་ཨོང་ཇོའི་ཞལ་ནས་ལྷ་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ། འཁྲུལ་སྣང་གི་གློ་འབུར་དུ་སྦོས་ལ་སྒོ་ལ་ཞལ་གྱིས་ལ་འཇམ་དབྱངས་བྲིས་ཤིག་གསུངས་ཏེ། ཁྲི་བཙུན་དང་གཉིས་ཀ་རྒྱལ་པོ་དང་མཉམ་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་མོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ་ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་ བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་བློ་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བཙན། དེས་ལྷ་ས། མཁར་བྲག་མཆིམས་ཕུར་ནམ་ར། དར་འཕུར་མཁར་སྡག་མདོ་སྨད་དུ་རྨ་ཆུ་ཁྲི་རྩེ། བྲག་དམར་དུ་སྒ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང་། བྲག་དམར་མགྲིན་བཟང་ལ་སོགས་པ་བཞེངས་སོ། །བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙཱན་ཀུ་མཱ་རས་མདོ་སྡེ་ལས་བརྒྱ་པ་དང་། གསེར་འོད་དམ་པ་གཉིས། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེ་ལ་བཞུགས་པའི་ཞལ་ངག་ནས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ་ཅོས་སྲོལ་ཆེ་བར་མཛད། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱའི་པོའི་སྲས་མོ་གྱིམ་ཤིང་ཨོང་ཇོ་བླངས་པས་བུ་ཤི་སྟེ། མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནེ་ར་སའི་ལྷོ་ཕྱོགས་གློ་འབུར་ལ་སྦས་པ་བཙལ་ཏེ་མཆོད་པ་བྱས་སོ། །དམ་པའི་ཆོད་དར་ཞིང་རྒྱས་པར་མཛད་ཚུལ། བར་དུ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་ཏེ། དེ་ཡང་མཁྱེན་རབ་གྱི་བདག་པོ་འཕགས་པ་འཇམ་དཔལ་དེས་བཞུགས་ས་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་ཀྱང་། ཞལ་བོད་དུ་བསྟན་ནས་ཐུགས་ཀྱིས་བོད་ཁ་བ་ཅན་རྣམས་འདུལ་བར་དགོངས་སོ། །བོན་པོ་དང་སངས་རྒྱས་ཆོས་པ་གཉིས་བར་གྱི་འཐབ་ཟིངས། དེ་ཡང་། རྒྱལ་པོ་དབང་ཆེ་བ་ཞིག་ཏུ་སྤྲུལ་ནས་མངའ་འོག་ཏུ་སྡུད་ པར་དགོངས་ནས། རྒྱ་ནག་རི་བོ་རྩེ་ལྔ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་བས་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་བྱ་བའི་མངའ་འོག་ན་འདུག་པར་མཁྱེན་ནས། རྒྱལ་པོ་ཁྲི་ལྡེ་གཙུག་བཙན་དང་། ཡུམ་རྒྱ་མོ་གྱིམ་ཤིང་ཨོང་ཇོ་གཉིས་ཕོ་བྲང་བྲག་དམར་ན་རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ། འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་ལྔའི་རྩེ་མོ་ལ་གསེར་གྱི་ཁྱེའུ་ཆུང་མཚོན་གང་པ་ཞིག་གྱིམ་ཤིང་ཨོང་ཇོ་ཡི་མངལ་དུ་འཕྲོས་པའི་སྤྲུལ་པ་བཀྱེའོ། །དེའི་ཡུལ་གྱི་རྨི་ལམ་ན་འོད་ཟེར་ཉི་མ་ཉར་བ་འདྲ་བ་ཞིག་བྱུང་ནས་མངལ་གྱི་ནང་དུ་འོད་ཀྱི་ཁྱེའུ་ཇོ་ཞིག་ཞུགས་པ་རྨིས་ནས། ཡབ་རྒྱལ་པོ་ལ་བཟླས་པས་བར་སྣང་གི་ལྷ་བྲན་ཞིག་ངེད་རང་གི་བུར་འོངས་པ་ཡིན་ཏེ་ཡོང་བས། རྨི་ལམ་དེ་རབ་ཏུ་བཟང་ངོ་གསུངས་ནས་རྒྱལ་པོ་ཤིན་ཏུ་དགྱེས་སོ། །དེ་ནས་ཡུམ་ལུས་མ་བདེ་བ་མེད་པར་འགུལ་འཕར་ལ་སོགས་པ་བྱུང་བ་དང་། ཤེས་པ་གསལ་བ་དང་། ལུས་ཡང་བ་དང་། བདེ་བ་དང་། ཉོམ་མོངས་པ་མི་སྐྱེ་བར་གྱུར་ཏེ། དེ་ནས་ཟླ་དགུ་ངོ་བཅུ་ནས་ཕོ་བྲང་བྲག་དམར་དུ་ཡུམ་ལ་ན་ཚ་མེད་པར་བལྟམས་སོ། །སོ་དུང་སོ་འཁོར་མ་ཡོད་པ། སྐྲ་མཐོན་མཐིང་གཙུག་གཡས་སུ་འཁྱིལ་བ། མཛེས་པ་ལྷའི་བུ་ལྟ་བུ་ཞིག་བྱུང་སྟེ། ས་རྟའི་ལོ་དཔྱིད་ཟླ་ར་བ། སྐར་མ་རྒྱལ་གྱི་ནམ་ལངས་ཉི་མ་ཤར་བ་ལ་སྐུ་འཁྲུངས་ཏེ། རྒྱལ་པོ་ལ་ཕོ་བྲང་འཕང་ཐང་དུ་བསྟན་པར་ཆས་པ་ན། བུ་ཆེན་མ་སྣ་ནམ་མཟས་ཕྲོགས་ཏེ། རྒྱ་མོ་ན་རེ། ཡིན་པ་དང་ངའི་ཡིན་ཏེ། དྲི་མོ་ཁྱོད་ཁྱེར་ཟེར་ནས་བཏང་། སྣ་ནམ་གྱི་བུར་བྱས་ནས་མཚན་ཁྲི་སྲོང་ལྡེ་བཙན་དུ་བཏགས་ སོ། །བུ་ཨོང་ཇོའི་ཡིན་པར་མི་ཀུན་གྱིས་ཤེས། དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་འཚོལ་དུ་བཏང་ངོ་། །དེའི་དུས་སུ་ཧ་ཤང་མངོན་ཤེས་ཅན་གྱིས་བོད་ཀྱི་ཕོ་ཉ་བ་འཕགས་པ་བྱང་སེམས་ཀྱི་སྤྲུལ་པ་ཞིག་འོང་སྟེ། འདི་འདྲའོ་ཞེས་འདྲ་འབག་བྱས་སོ། །སླེབས་པ་དང་རྒྱའི་རྒྱལ་པོས་བསྙེན་བཀུར། ཆོས་མང་པོ་བསྐུར། ཧ་ཤང་ཞིག་དང་བཅས་པ་བརྫངས་ཏེ་བོད་དུ་སླེབས་པ་ན། ཡབ་རྒྱལ་པོ་ཡར་འབྲོག་རྦ་བ་ཚལ་དུ་ཆིབས་སྒྲོན་པར་གྲོངས། རྒྱལ་བུ་ནར་མ་སོན་པས། ཞང་མ་ཞང་ཁྲོན་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་ཐུང་པ་ཆོས་བྱས་པས་ལན། བཀྲ་མི་ཤིས། ཚེ་ཕྱི་མ་མི་བདེན། ཚེ་འདིའི་རྐྱེན་བཟློག་ལ་བོན་བྱ། སུས་ཆོས་བྱེད་པ་དེ་ཕོ་རེང་དུ་གཏང་ལ་མཐར་སྤྱུགས། དེ་ཕྱིན་ཆད་བོད་ལ་ཚེ་ཚུང་བ་མི་ཡོང་། ར་མོ་ཆེའི་ལྷ་ཤཱཀྱ་མུ་ནེ་ཡང་སླར་རྒྱ་ནག་ཏུ་སྐྱེལ་ཟེར་ནས། འབྲེང་བའི་དྲྭ་བར་བཅུག་སྟེ་མི་སུམ་བརྒྱས་དྲུད་པར་བརྩམས་པས། བསྒྲུལ་བར་མ་ནུས་པར་བྱེ་ཐེམས་སུ་སྦས། ལྷ་སའི་དཀོན་གཉེར་ཧ་ཤང་རྒད་པོ་རྒྱལ་ཡུལ་དུ་བསྐྲད་དོ། །དེའི་ལྷམ་པ་གཅིག་བོད་དུ་ལུས་པས་དེ་ན་རེ། ད་དུང་ཆོས་མེ་སྟག་ཙམ་ཞིག་མྱུར་དུ་ཡོང་ཟེར་ནས་སོང་། མཁར་བྲག་དང་། མགྲིན་བཟང་རྨང་ནས་བཤིག །དེའི་ཅོང་མཆིམས་ཕུའི་རྫ་ལ་བསྐྱལ། ར་སར་བཟོ་གྲྭ་བཙུགས། བཤས་བྱས་ནས་ལྡེར་ཆོས་ལ་ལག་པ་དམར་པོས་འཇུས། ཕྱག་ལ་ནང་ཆ་བཀལ་ལོ། །བློན་པོ་མང་དར་དང་། ལྷ་ལ་གཉིས་ཆོས་ལ་དགའ་ཟེར་ནས་ཆད་པ་བཅད་དོ། །བོད་ནག་པོར་བཏག་བས་མ་རུང་སྟེ། དུས་དེར་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་བྱ་བ་བརྒྱལ་ནས་ཨ་ལ་ལ་ཟེར་ཞིང་། རྒྱབ་གས་ནས་ཤི། ལྕོག་རོ་ སྐྱེ་པ་རྒྱལ་གོང་མགོ་དང་། ལྕེ་དང་། རྐན་དང་། རྐང་ལག་ཐམས་ཅད་བསྐམས་ཏེ་གུམ་པས། བླ་འོག་གི་མི་དང་ལྟས་མཁན་ཀུན་མཐུན་པར། རྒྱའི་ལྷ་ཁྲོས་ཏེ་བྱེ་ཐེམས་སུ་བཅུག་པས་ལན། ལྷའི་ཁུངས་དང་པོ་རྒྱ་གར་ནས་ཡོང་བ་ཡིན་པས། ད་ཡང་སྐྱེལ་ལོ་ཟེར་ནས་བྱེ་ཐེམས་ནས་བཏོན། དྲེའུ་གཉིས་ལ་འགྱོགས་བགྱིས་ནས་མང་ཡུལ་དུ་བསྐྱལ་ལོ། །དེའི་དུས་ཡུལ་ངན་ཆེན་པོ་བྱུང་། འབངས་གུམ་པ་ལ་དགེ་རྩ་བགྱིར་མི་གནང་བའི་ཁྲིམས་བུ་ཆུང་བཅས། དེའི་ཚེ་སྦ་གླང་ཀླག་གི་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་ཡོད་པ་དུས་གཅིག་ཏུ་གུམ་པས། ཧ་ཤང་གིས་ཆོ་ག་བྱས་པས། བུ་ལྷར་སྐྱེས། བུ་མོ་ལོ་དུས་ན་རང་གི་བུར་སྐྱེས་ཏེ་སྐྱེ་བ་དྲན་པ་ཞིག་བྱུང་སྟེ། ཆོས་ལ་ཡིད་ཆེས་སྐྱེས་ནས། སྦ་གསལ་སྣང་མང་ཡུལ་གྱི་ཁ་བློན་ལ་བཏང་བ་ལྟར་མཛད་དེ་ལོ་ཙཱ་བསླབས་སོ། །དེའི་ཚེ་སང་ཤི་བོད་དུ་སླེབས་ཏེ་ཆོས་བྲག་ལ་སྦས་སོ། །དེ་ནས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སར་བཏོན་ཏེ་ཇོ་མོ་གསུམ་ཁབ་ཏུ་བཞེས་ཏེ། ཚེ་སྤོང་བཟའ་དམར་རྒྱན། འབྲོ་བཟའ་བྱང་ཆུབ་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་ནོ། །ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན་ཆོས་ཀྱི་གཏམ་བྱས་ཏེ་ཆོས་སྦས་པ་བླངས་ཏེ་སྙན་དུ་གསོལ་བས་དད་པར་གྱུར་ཏེ། རྒྱལ་མོ་མགོ་དང་པཎྜི་ཏ་ཨ་ནན་ཏ་དང་གསུམ་གྱིས་སྒྱུར་ཅིག་གསུངས་ཏེ་བསྒྱུར་བར་བརྩམས་པས་བློ་ནམ་ཞང་ཁྲོན་པ་སྐྱེས་ལ་སོགས་པས་བཀག་གོ །དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་རྒྱ་ཡུལ་དུ་བརྫངས་སོ། །རྒྱལ་པོས་ལོ་བདུན་དུ་འབངས་རྣམས་དང་ཕྱིའི་སོ་ཁ་བསྲུང་བ་དང་། ནང་གི་སོ་ ཚིགས་མཛད་པས་རྒྱལ་ཁྲིམས་བསྐྱངས་སོ། །གསལ་སྣང་གེས་མང་ཡུལ་དུ་མ་བསྡད་པར་རྒྱ་གར་དུ་ཕྱིན་ནས། མ་ཧ་བྷོ་དྷི་དང་། ཤྲཱི་ན་ལེན་དྲ་ལ་མཆོད་པ་བྱས། བལ་ཏུལ་དུ་མཁན་པོ་བོ་དྷི་སཏཱ་མཇལ་ཏེ། མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་ཏེ་སེམས་བསྐྱེད་སྡོམ་པ་མནོས་ཡེ་ཤེས་དབང་པོ་ཞེས་མིང་བཏགས་སོ། །སློབ་དཔོན་བོད་དུ་འབྱོན་པར་ཞུས་པས། ལུང་བསྟན་ཅིང་ཞལ་གྱིས་བཞེས་ཏེ་བལ་པོར་གཤེགས་སོ། །སྦས་ཆོས་བསླབས་ཏེ་ཕོ་བྲང་རླུང་ཚུགས་སུ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་གླེང་མཆིད་བྱས། པོ་དྷི་སཏྭའི་ལོ་རྒྱུས་བསྙད་པས། ཁྱོད་ཡིབ་ཅིག། ངས་ཞང་ཉང་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་ཟེར་ནས། ཞང་ཉང་བཟང་དང་། མགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་གསོལ་བ་བཏབ་པས། ཉང་བཟང་ན་རེ། མ་ཞང་དབང་ཆེ་ཆོས་ལ་གནག་པས་མི་འགྲུབ་མཆི་ཟེར་ནས། མགོས་ན་རེ་ཐབས་བགྱི་བར་རྔོ་ཐོགས། ཁོ་བོའི་གཏིང་གནོན་སླད་ཀྱིས་མཛོད་ཅིག་ཅེས་ཟེར་རོ། །རྒྱལ་བློན་ཆད་བྱས་ཏེ་མགོས་ཀྱིས་བློ་བཏོན་ནས། མ་ཞང་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེ་ཁ་ཕ་བོང་གིས་བཅད་དོ། །དེ་ནས་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེང་ཁ་པ་བོང་གིས་བཅད་དོ། །དེ་ནས་ལོ་ཉིས་ཤུ་ཐུམ་པ་གླང་གི་ལོ་ལ་དམ་པའི་ཆོས་བྱ་བའི་ཐུགས་དགོངས་སྐྱེས་ཏེ། སྔ་མའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་བོད་མོན་རུམ་དང་འདྲ་བ་ལ། གཙུག་ལག་ཁང་བཞེངས། དམ་པའི་ཆོས་བསྒྱུར། བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བར་མཛད་འདུག་བདག་གིས་ཀྱག་དམ་པའི་ཆོས་དར་ཞིང་རྒྱས་པར་བྱ་དགོས་སྙམ་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས། སྔོན་ལ་དཀོན་མཆོག་གསུམ་གྱི་རྟེན་ འགྲོ་བ་མི་རྣམས་ཀྱིས་མོས་པ་བྱེད་པའི་ས། བདག་རང་གི་གཡར་དམ་བྲག་དམར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པར་དགོངས་ཏེ། བློ་ཉེ་བའི་འབངས་བློན་འགའ་བསགས་ནས། བདག་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་གཙུག་ལག་ཁང་ཞིག་བཞེངས་སུ་གསོལ་བའི་གྲོས་བྱས་པས། བློན་པོ་དེ་རྣམས་ཀྱི་མཆིད་ནས། དེ་སྐད་བྱས་ན་རྗེའི་ཐུགས་དགོངས་དེ་རང་མི་འབྱོངས་པས། བློན་འབངས་རྣམས་བསག་ལ་འདི་སྐད་གསུངས་ཤིག་པར་བགྲོས་སོ། །ཡང་ན་ཧས་པོ་རི་ཟངས་ཀྱི་སྦུགས་སུ་འཇུག་གམ། ཡང་ན་དགེ་རྒྱས་བྱེ་མའི་གླིང་གསེར་ཕྱེས་འགེངས་སམ། ཡང་ན་གཡས་རུའི་གཙང་པོ་ཟངས་ཀྱི་སྦུགས་སུ་འཇུག་གམ། ཡང་ན་ཧས་བོ་རི་ཡི་རྩེ་མོ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱའི་ཡུལ་ནས་མཐོང་བ་ཞིག་བརྩིག་གམ་ཞེས་གསུང་ཤིག དེའི་དུས་ན་བདག་ལ་ལས་དེ་ཙམ་མི་འགྲུབ་བོ་ཞེས་བཀའ་གཅོག་པའི་ཚུལ་བགྱིད། ལ་ལས་གཙུག་ལག་ཁང་བཞེངས་སོ་བའི་ཚུལ་བགྱིད། ལ་ལས་རྗེ་ཡི་དབང་ཟ་བའི་ཚུལ་བགྱི་ཡིས་ཞེས་ཟེར་རོ། །རྗེས་འབངས་བློན་རྣམས་བསགས་ཏེ་གོང་གི་འདམ་ཀ་ཀུན་བོར་ནས། འབངས་རྣམས་དེ་ཙམ་མི་འགྲུབ་བོ་ཞེས་གླེངས། བློན་པོ་ཀུན་གྱིས་གོང་གི་གྲོས་བྱས་པ་ལྟར་གླེངས་སོ། །དེར་མཇུག་ཏུ་གཙུག་ལག་ཁང་བཞེངས་པར་གྲོས་འཆམ་མོ། །དེར་རྒྱལ་པོས་དགུང་ལོ་ཉིས་ཤུས་རྩ་གཅིག་སྟག་གི་ལོ་ལ་རྨང་འདིང་པར་བཞེད་ནས། རྒྱ་གར་གྱི་ཡུལ་ནས་སློབ་དཔོན་བོ་དྷི་སཏཱ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མཁྱེན་པ་ཆེ་བཞིག་བཞུགས་པར་གྲགས་ནས། སྦ་གསལ་སྣང་ལ་སོགས་པའི་བང་ཆེན་མི་གསུམ་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་ དུ་བསྐུར་ནས་སྤྱན་འདྲེན་དུ་བཏག་བས། བོད་ཀྱི་བཙན་པོ་དང་། ངེད་གཉིས་ཚེ་སྔོན་གྱི་ལས་འབྲེལ་ཡོད་པས་འགྲོ་དགོས་གསུངས་ཏེ་བོད་དུ་ཀྱོན་ནས། རྒྱལ་པོས་ཞུ་བ་ཕུལ་བ། སློབ་དཔོན་ཆེན་པོ་ལགས། བདག་རང་གི་གཡར་དམ་དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན་འགྲོ་བ་མི་རྣམས་ཀྱིས་མོས་པ་བྱེད་པའི་ས། གཙུག་ལག་ཁང་ཞིག་བཞེངས་པ་ལགས་པས། སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུ་བ་ཕུལ་བ་དང་། སློབ་དཔོན་གྱིས་གསུངས་པ། བོད་ཀྱི་ལྷ་འདྲེ་མི་མ་ཡིན་རྩུབ་མོར་འདུག་པས། ངས་བྱང་ཆུབ་ཀྱི་སེམས་ཀྱིས་འདུལ་བ་ཡིན་ཏེ། ཐུལ་ལམ་མི་ཐུལ་མི་ཤེས་པས། རྒྱལ་པོ་རང་རྨང་ཐིངས་ཤིག་གསུངས་ནས། སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབས། མངའ་བདག་ཉིད་ཀྱི་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ། ཕྱག་ཏུ་གསེར་གྱི་འཇོར་ཐོགས་ཏེ་རྨང་བརྐོས་པ་དང་། །ས་ཁྲུ་གང་ཙམ་གྱི་འོག་ནས་འབྲས་དཀར་མོ་ཁལ་གཅིག་དང་། ས་ཞག་རོ་ཀ་ར་ལྟར་བྲོ་བ་མང་པོ་བྱུང་ནས། རྒྱལ་པོ་ཉིད་ཀྱི་ཞལ་དུ་གསོལ། །དབུ་ལའང་བྱུགས། འོ་ང་ཡི་བསམ་པ་འགྲུབ་ནས་ཡོང་། བོད་ཡུལ་དུ་ཆོས་ཀྱི་བསྟན་པ་དར་ནས་འོང་གསུངས་སོ། །དེ་ནས་རྨང་བཏིང་ནས་བརྩིགས་པ་དང་། དགེ་བསྙེན་ཉིས་ཤུ་རྩ་གཅིག་ལ་སོགས་པ་བོད་ཀྱི་གནོད་སྦྱིན་མཐུ་བོ་ཆེ་དང་། མཐུ་མོ་ཆེ་རྣམས་ཀྱིས་བར་གཅོད་བྱས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིག ར་རྡོ་་ཀླུངས་སུ་ཕབ། ཀླུང་རྡོ་རི་ལ་བསྐྱལ། རྩིག་ཏུ་མ་བཏུབ་བོ། །དེར་རྒྱལ་པོ་ཐུགས་མུག་སྟེ། བདག་བསོད་ནམས་ཆུང་ངམ། སློབ་དཔོན་བྱིན་ བརླབས་ཆུང་ངམ། བོད་ཀྱི་ལྷ་འདྲེ་གདུག་པ་ཆེའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་བསོད་ནམས་མི་ཆུང་། ང་བྱིན་བརླབས་མི་ཆུང་སྟེ། བདག་གིས་རྒྱུ་མཚན་ཉིད་ཀྱི་ཆོས་གཅིག་ཀྱང་མ་ལུས་པ་ཞིག་ཤེས། བྱང་ཆུབ་ཀྱི་སེམས་འབྱོངས་པ་ཡིན་ཏེ། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདི་རྣམས་མི་ཐུལ་བར་འདུག་པས། ད་དྲག་པོའི་འཕྲིན་ལས་ཀྱིས་འདུལ་བའི་དུས་ལ་བབ་འདུག་པས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན། སློབ་དཔོན་པདྨ་གནས་ཞེས་བྱ་བ་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ། ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ། མཐུ་ཆེ་ལ་རྩ་དྲག་པ། གསང་སྔགས་ཀྱི་སྤྱོད་པ་མཛད་པ་སྤྱན་དྲངས་ན་མངའ་བདག་གི་དགོངས་པ་འགྲུབ་ཅིང་མི་མ་ཡིན་གདུག་པ་ཅན་རྣམས་ཀྱང་ཐུལ་བར་འགྱུར་རོ། །ཞེས་གསུངས་པས། རྗེས་དེ་སྤྱན་མི་འདྲོངས་ལས་ཆེ་བྱས་པས། དེ་སྤྱན་འདྲོངས་པའི་རྒྱུ་མཚན་གསུམ་ཡོད་པས་འདྲོངས་ནས་འོང་གསུངས། དེ་ཡང་ད་ལྟ་བལ་ཡུལ་ཡང་ལེ་ཤོད་ན་བཞུགས་ཡོད་པས་ཐག་ཉེ་བ་དང་། བོད་འདུལ་བའི་དུས་ལ་བབ་པར་མཁྱེན་པ་དང་། འོ་ཅག་གསུམ་ཚེ་སྔོན་འབྲེལ་བ་ཡོད་པ་དང་གསུམ་གྱིས་སྤྱན་འདྲོངས་ནས་ཡོང་གསུངས་སོ། །སློབ་དཔོན་པདྨའི་སྐུ་ཆེ་བའི་ལོ་རྒྱུས་མདོར་བསྡུས། དེ་ཡང་སློབ་དཔོན་པདྨའི་སྐུ་ཆེ་བའི་ལོ་རྒྱུས་དང་། རྣམ་པར་ཐར་པ་ནི་ནམ་མཁའི་མཐའ་དང་མཚུངས་ཤིང་ཚིག་ཏུ་བརྗོད་ཀྱིས་མི་ལང་ཡང་། འཁྲུངས་རབས་རྣམ་ཐར་མདོར་བསྡུས་བརྗོད་པ་ནི། དེ་ཡང་རྒྱ་ གར་གྱི་ཡུལ་ན་ནུབ་ཕྱོགས། དཔལ་ཨུ་རྒྱན་ཞེས་བྱ་བའི་ཡུལ་རིན་པོ་ཆེ་འབར་བའི་གྲོང་ཁྱེར་ན། རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྱོར་པའི་དབང་པོ་ཞེས་བྱ་བ་ཆོས་སྐྱོང་བའི་རྒྱལ་པོ་ཨུ་རྒྱན་གྱི་རྒྱལ་ཁམས་ལ་མངའ་མཛད་པ། བཻཌཱུ་རྱའི་ཤིན་ཏུ་དྭངས་པ་ཕོ་བྲང་རིནཔོ་ཆེ་འོད་འབར་བ། ཕྱི་ནང་མེད་པ་མ་བསྒྲིགས་པར་གསལ་བའི་ནང་ན། བཙུན་མོ་བརྒྱ་རྩ་དང་། ཕྱི་བློན་དང་ནང་བློན་དང་བར་བློན་ལ་སོགས་པའི་འཁོར་དཔག་ཏུ་མེད་པའི་ཚོགས་དང་བཅས་ནས་བཞུགས་པ་ལས། རྒྱལ་པོ་ལ་སྲས་མི་མངའ་ནས། དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། ཆོས་ཀྱི་སྤྲིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞར་གཅིག་བཏོན་ནས་འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་མཛད་དམ་བཅས་ཏེ། དཀོར་མཛོད་ཀྱི་ནོར་ཐམས་ཅད་སྦྱིན་པར་བཏང་བས། ལོ་མང་བར་མ་ལོན་པ་དང་དཀོར་མཛོད་ཀྱི་ནོར་ཐམས་ཅད་ཟད་ཅིང་སྟོངས་སུ་ཉེ་བ་ལ། སྦྱིན་པའི་འཕྲོ་བཅད་པས། སློང་མོ་མ་འཕྲོ་མ་ཆད་ནས། ད་ནི་བང་མཛོད་ཐམས་ཅད་སྟོངས་ནས་མེད་དོ་ཞེས་སྨྲས་པ་དང་། འོ་ན་ངེད་རྣམས་ལ་མ་བྱིན་ན་སྔར་བྱིན་པ་ཐམས་ཅད་དོན་མེད་དོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ཕྱིའི་རྒྱ་མཚོའི་གླིང་ལ་ཀླུའི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་ཟད་མི་ཤེས་པ་ཞིག་ཡོད་པར་འདུག །དེ་ཆོས་ཀྱི་སྦྱིན་པ་གཏོང་བའི་བྱང་ཆུབ་སེམས་དཔའ་ཞིག་གིས་བསླངས་ན་སྟེར་བ་ཡིན་འདུག་པས། དེ་བསླང་དགོས་སྙམ་ནས་རྒྱ་མཚོ་ལ་རྫིངས་བཅས་ནས། ཕྱིའི་རྒྱ་མཚོ་ལ་ནོརབུ་རིན་པོ་ཆེ་ཐེངས་མང་དུ་བླངས་པའི་དེད་དཔོན་ཞིག་ཡོད་ ལ་བཀའ་བསྒོ་མཛད་ནས། འཁོར་དང་བཅས་ཏེ་ཆད་པ་ལས། རྒྱལ་པོ་ལ་འཀོར་རྣམས་ཀྱིས་མ་བཞུད་ཅེས་ཞུ་བ་ཕུལ་ཀྱང་མ་གནང་སྟེ། རྫིངས་ཀྱི་ནང་དུ་བཞུད་ནས་ཕྱོགས་བཟིར་དར་པོ་ཆེ་བཞི་ཕྱར། མཐུན་པའི་རླུང་བྱུང་བ་དང་འགྲོ །མི་འདོད་པའི་རླུང་བྱུང་བ་དང་ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞི་རྔ་མའི་ཟག་པ་ལ་འཕྱང་དུ་བཅུག་ནས། རྫིངས་སྡོད་པ་དང་བཅས་ཏེ་རྒྱལ་པོ་འཀོར་བཅས་ཕྱིའི་རྒྱ་མཚོ་ལ་ཉག་ཐག་བཅད་ནས་བཞུད་དོ། །དེ་ནས་རྫིངས་ཀྱི་དར་པོ་ཆེ་ཕྱར་ཏེ། རླུང་ཕྱོགས་སུ་བཏང་བས་དཔག་ཆེན་གྱི་མདའ་འཕངས་པ་བཞིན་སོང་ངོ་། །དེ་ནས་རིན་པོ་ཆེའྀ་གླིང་དུ་ཕྱིན་པ་དང་། འཁོར་གཞན་རྣམས་རིན་པོ་ཆེའི་གླིང་དུ་བཞག་ནས། རྒྱལ་པོ་དང་དེད་དཔོན་གྲུ་ཆུང་ཞིག་ཏུ་ཞུགས་ནས་སོང་བས། རི་དཀར་པོ་ཞིག་སྣང་ནས། ཕ་གི་ཅི་ཡིན་ཞེས་རྒྱལ་པོས་དྲིས་པ་དང་། ཕ་གི་རིན་པོ་ཆེ་དངུལ་གྱི་རི་ཡིན་ཟེར་རོ། །དེ་ནས་ཡང་ཕྱིན་པ་དང་རི་སྔོན་པོ་ཞིག་སྣང་ནས། ཕ་གི་ཅི་ཡིན་དྲིས་པས། རིན་པོ་ཆེ་བཻཌཱུ་རྱའི་རི་ཡིན་ཞེས་ཟེར་རོ། །དེ་ནས་བྱོན་པ་དང་རི་སེར་པོ་ཞིག་སྣང་ནས་དྲིས་པས། དེ་ནི་གསེར་གྱི་རི་ཡིན་ནོ། །ཕ་གི་རྩ་རུ་འགྲོ་བ་ཡིན་ཟེར་ནས་གསེར་གྱི་རི་དེའི་རྩར་ཕྱིན་པ་དང་། གསེར་གྱི་བྱེ་མའི་ས་གཞིར་སྣང་ངོ་། །དེའི་མདུན་ན་རིན་པོ་ཆེ་སྣ་ཚོགས་པའི་མཁར་ཞིག་སྣང་ངོ་། །དེད་དཔོན་གྱིས་རྒྱལ་པོ་ལ་སྨྲས་པ། མཁར་པ་གིའི་མདུན་རྡོ་རྗེའི་གཏུན་ཞིག་ཡོད་ཀྱི་དེས་མཁར་དེའི་སྒོ་རྡུངས་ཤིག་དེའི་ནང་ནས་ལྷ་མོ་བརྒྱས་རིན་པོ་ཆེ་ཁྱེར་ནས་འབུལ་དུ་འོང་གི་དེ་རྣམས་ལ་གཏབསམ་མ་སྨྲས་ཞིག །དེ་ནས་ཡང་སྒོ་བརྡུངས་པས། ནང་གི་ མཇུག་ལ་ཀླུའི་བུ་མོ་མཛེས་ལྡན་བ་བྱ་བ་བུ་མོ་སྔོན་པོ་མཛེས་པ་གཅིག་གིས་ནོར་བུ་རིན་པོ་ཆེ་སྔོན་པོ་འོད་ཁ་དོག་ལྔར་འབར་བ་ཞིག་འབུལ་དུ་འོང་གི་དེ་མྱུར་དུ་ལོངས་ལ་མ་ཤོར་བར་གོས་ཀྱི་ཐ་མར་ཕུར་བ་གྱིས་ཤིག་དེ་ནོར་བུ་རིན་པོ་ཆེ་བསམ་འཕེལ་དུ་འོང་བ་ཡིན་ནོ། །ཞེས་དེད་དཔོན་གྱིས་རྒྱལ་པོ་ལ་བསླབས་ནས་བཏང་བ་དང་། རྒྱལ་པོས་ཀྱང་དེ་ལྟར་བྱས་པས་ལྷ་མོ་དང་ཀླུ་མོ་རྣམས་ཀྱིས་རྒྱལ་པོ་ལ་ནོར་བུ་རིན་པོ་ཆེ་ཕུལ་ནས། བསམ་པའི་དོན་ཐམས་ཅད་འགྲུབ་བོ། །དེད་དཔོན་དྲིན་ཆེའོ་ཞེས་སྨྲས་ཏེ་འཁོར་རྣམས་ཡོད་ས་དེར་བྱོན་ནོ། །དེད་དཔོན་རིན་པོ་ཆེ་བརྟག་པ་ལ་མཁས་པ་དེས་རིན་པོ་ཆེ་འཆིང་བུ་ལ་སོགས་པ་ཐོབ་ནས་རིན་པོ་ཆེའི་ཆ་བགོས་ཏེ་བྱོན་ནོ། །མང་ན་རྫིངས་ཆུར་བྱིངས་ནས་སྲོག་འདོར་བར་བྱེད་ད། །ཆོག་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་རྫིངས་ཁ་ལོ་བསྒྱུར་ནས་རྒྱལ་པོ་འཁོར་དང་བཅས་པས་ཡུལ་ཕྱོགས་སུ་འོངས་པ་དང་། ཕྱིའི་རྒྱ་མཚོའི་གླིང་ཞིག་ན། པདྨའི་སྡོང་པོ་ཞིག་སྐྱེས་པའི་ཁ་ན་ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཞིག་ལྟ་ན་སྡུག་པ་བྱད་བཞིན་ལེགས་པ་ཤིན་ཏུ་ངོ་མཚར་བ་ཞིག་འཁྲུངས་ནས་འདུག་པ་དང་། རྒྱལ་པོས་ཁྱེའུ་དེ་ལ་སྨྲས་པ། ཁྱེའུ་ཁྱོད་ཀྱི་ཕ་ནི་གང་ཡིན༌། མ་ནི་གང་ཡིན༌། རིགས་ནི་གང་དུ་གཏོགས། ཡུལ་ནི་གང་དུ་བཟུང་། ཟས་སྐལ་ནི་གང་ལ་བརྟེན༌། འདི་ན་དོན་ཅི་བྱེད་ཡེ་ཤེས་ཡིན་ནོ། །མ་ནི་དབྱིངས་ཀུན་ཏུ་བཟང་མོ་ཡིན་ནོ། །རིགས་ནི་དབྱིངས་དང་རིག་པ་གཉིས་སུ་མེད་པར་གཏོགས་སོ། །ཡུལ་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པར་བཟུང་ངོ༌། །ཟས་སྐལ་དུ་ གཉིས་སྣང་གི་རྟོག་པ་ཟའོ། །འདི་ན་ཉོན་མོངས་པ་གསོད་པའི་སྤྱོད་པ་བྱེད། ཅེས་སྨྲས་པ་དང་། དེར་རྒྱལ་པོ་ངོ་མཚར་སྐྱེས་ཏེ། འདི་ནི་སྤྲུལ་པའི་སྐུ་ཞིག་འདུག་པས་ངའི་བུ་སྐལ་དང་མཆོག་གནས་བྱའོ་གསུངས་ནས་པདྨའི་སྡོང་པོ་དེ་ཡང་བཅད། ཁྱེའུ་དེ་ཡང་གདན་དྲངས་ཏེ་རྒྱལ་པོ་ཉིད་ཀྱི་ཡུལ་དུ་ཕྱིན་པར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་རབ་ཏུ་དགའ་ནས་རྒྱལ་པོ་ལ་བསུ་བ་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོས་སྨོན་ལམ་འདི་སྐད་བཏབ་བོ། །ངས་རྙེད་པའི་ནོར་བུ་རིན་ཆེན་འདི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཡིན་ན། ང་ཡི་ཁྱེའུ་འདི་བཞུགས་སའི་རིན་པོ་ཆེ་སྣ་བདུན་གྱི་ཁྲིར་གྱུར་ལ། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཀྱང་ཡོད་པར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་གདུགས་བྱུང་སྟེ། དེ་ལ་ཁྱེའུ་བཞུགས་ཏེ་རྒྱལ་པོར་མངའ་གསོལ་ནས་རྒྱལ་བུའི་མཚན་ཡང་མཚོ་སྐྱེས་རྡོ་རྗེར་བཏགས་སོ། །དེ་ནས་ཡང་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན་བདག་གིས་སྔོན་ཆད་སྦྱིན་པ་བཏང་བའི་བང་མཛོད་སྟོངས་པ་ཐམས་ཅད་གང་ངར་ཤོག་ཅིག་ཅེས་བརྗོད་མ་ཐག་ཏུ་སྔོན་གྱི་བང་མཛོད་སྟོངས་པ་ཐམས་ཅད་སྔོན་ཅི་ཡོད་པས་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དེས། རྔ་བོ་ཆེ་བརྡུངས་ནས་ཕྱོགས་ཐམས་ཅད་དུ་སྒྲ་བསྒྲགས་ཏེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་ཀྱི་ཆར་འབེབས་པས། སུ་ཅིའདོད་པ་གང་ལ་གང་པོས་ནོར་བུ་རིན་པོ་ཆེ་ལ་སྨན་དང་དྲི་ཡིས་ཁྲུས་ཆབ་གསོལ།  རྒྱལ་མཚན་གྱི་རྩེ་ལ་བཏགས། ཙན་དན་དང་ཨ་ག་རུ་ལ་སོགས་པའི་དྲི་ཡིས་བདུགས། རྒྱལ་པོས་ཁྲུས་བྱས། གོས་གཙང་མ་བགོས་ནས། ཕྱོགས་བཞིར་ལྷ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞིག་ཡིན་ངེས་ན། མི་དང་སེམས་ཅན་ཅི་འདོད་པ་རྣམས་ལ་གང་འདོད་ཀྱི་ཆར་ཕོབ་ཅིག་ཅེས་བརྗོད་པ་ཙམ་གྱིས་ཕྱོགས་བཞི་ནས་རླུང་ལངས་ནས་མི་གཙང་བ་ཐམས་ཅད་ཕྱདག་ནས་ཆར་ཟིམ་བུ་བབས་ཏེ་རྡུལ་མི་ལྡང་བར་བྱས་སོ། །དང་པོ་ཁ་ཟས་རོ་བརྒྱ་པའི་ཆར་བབས། དེས་ལྟོགས་པ་ཐམས་ཅད་ཚིམ་པར་བྱས་སོ། །དེ་ནས་གོས་ཀྱི་ཆར་ཕབ། འཁྱགས་པ་ཐམས་ཅད་དྲོ་བར་བྱས་སོ། །དེ་ནས་ནོར་གྱི་ཆར་བབས། གང་ལ་གང་འདོད་པས་ཚིམ་པར་བྱས་སོ། །དེར་རྒྱལ་པོ་མངའ་འོག་ཏུ་འདུས་པ་ཐམས་ཅད་ལྟོགས་པ་འཕོགས་པ་ཐམས་ཅད་དང་བྲལ་བར་བྱས་ནས། ད་ནི་ཁྱོད་ཅག་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་ཅིག་ཅེས་བཀའ་བསྒོས་ནས་དེ་རྣམས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཆོས་ལ་སྤྱད་པས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེ་ནས་རྒྱལ་བུ་སྤྲུལ་པའི་སྐུ་དེས་རྒྱལ་ས་བཟུང་བས། འགྲོ་བའི་དོན་མི་འོང་བར་ཐུགས་ཀྱིས་དགོངས་ནས། རྒྱལ་པོ་དང་། བློན་པོ་རྣམས་སུན་འདོན་པའི་ཕྱིར། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གསོལ། ཕྱག་ན་དུག་གསུམ་རྩད་ནས་གཅོད་པའི་ཁ་ཊཾ་ག་ནས་མཁའི་དབྱུག་པ་རྩེ་གསུམ་པ་ཞིག་ཐོགས་ཏེ་གར་མཛད་པས། ཕོ་བྲང་གི་རྩེར་རྒྱལ་བུས་གར་མཛད་པ་ལ་བལྟ་བའི་མི་ མང་ཚོགས་པས། ཁ་ཊཾ་ག་ཕྱག་ནས་ཤོར་བའི་ཚུལ་མཛད་ནས། བློན་པོ་དབང་ཆེ་བ་ཀ་མ་ཏ་བྱ་བའི་བུའི་མགོ་ལ་བརྒྱབ་པས། བློན་པོའི་བུ་ཤི་བར་གྱུར་ཏོ། །དེ་ཡང་རྒྱལ་ཁྲིམས་གང་གིས་ཉམས་པ་དེ་ལ་ཆད་པ་གཅོད་པས་བློན་པོ་རྣམས་ཚོགས་ནས་རྒྱལ་པོ་ལ་གསོལ་བ། རྒྱལ་བུར་མངའ་གསོལ་ཡང་ཚུལ་མ་ཡིན་པའི་སྤྱོད་པ་བྱས་ནས་བློན་པོའི་བུ་བསད་པས། ད་རྒྱལ་བུ་རང་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་ཆད་པས་བཅད་འཚལ་ཞེས་ཞུས་པ་དང་། རྒྱལ་པོ་ན་རེ་འདི་མི་མ་ཡིན་གྱི་བུ་ཡིན་ནམ་སྤྲུལ་པ་ཡིན་མི་ཤེས་པས། བློན་པོ་རྣམས་ཀྱིས་སྤྱུགས་པར་བྱས་སོ། །དེ་ནས་ཡབ་རྒྱལ་པོ་ཤིན་ཏུ་ཐུགས་ལ་གཅགས་ནས་མ་མགུ་སྟེ། རྒྱལ་ཁྲིམས་བཙན་པའི་དབང་གིས་མི་སྤྱུགས་པའི་དབང་མེད་ནས། རྒྱལ་བུ་ལ་གསུངས་པ། རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལ། །ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ། །སྲས་ཀྱིས་འཕོངས་ནས་རྒྱལ་པོར་དབང་བསྐུར་ཡང་། །རྒྱལ་བུའི་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམ། །བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད། །བསད་པས་སྤྱུགས་པར་གནང་གི་ད་ནི་གང་དགར་བཞུད། །ཅེས་གསུངས་པ་དང་། རྒྱལ་བུས་སྨྲས་པ། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་། །ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་པོར་བྱུང་། །ལས་ཀྱིས་ལན་ཆགས་བློན་པོའི་བུ་ཡང་བསད། །ཡབ་གྱི་རྒྱལ་ཁྲིམས་ཉམས་པས་སྤྱུགས་པར་ལེགས། །སེམས་ལ་སྐྱེ་ཤི་མེད་པས་བསད་ཀྱང་འཇིགས་པ་མེད། །ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་མི་དགའ་མེད། །ཡབ་དང་ཡུམ་ཡང་ཡུན་དུ་བདེ་བར་བཞུགས། །ལས་ ཀྱིས་འབྲེལ་བས་ཕྱི་མར་མཇལ་ཏེ་མཆིས། །ཞེས་སྨྲས་ཏེ་ཡབ་ཡུམ་ལ་ཕྱག་བྱས་སོ། །ཡབ་ཡུམ་ཡང་འདི་སྤྲུལ་པ་ཞིག་ཡིན་སྙམ་ནས་ཤིན་ཏུ་མ་དགྱེས་སོ། །དེར་བློན་པོ་རྣམས་ཀྱིས་རྒྱལ་བུདྀཾ་་ཁྲིད་དེ། ཨུ་རྒྱན་གྱི་ཡུལ་གྱི་ལྷོ་ཕྱོགས་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་བྱ་བ་ན། མི་མ་ཡིན་དང་གཅན་གཟན་གཏུམ་པོ་ཡོད་པ། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་དུར་ཁྲོད་ཆེན་པོ་དེར་བསྐྱལ་ལོ། །ཡུལ་དེའི་ཆོས་ལུགས་ཀྱིས་མི་ཤི་ཚད་དུར་ཁྲོད་དེར་སྐྱེལ་བས། རོ་གོས་རས་ཡུག་རེས་བཏུམས་ནས། རོ་ཟན་འབྲས་ཆན་ཁལ་རེ་སྔས་སུ་བཅུག་ནས་འཇོག་པས། རྒྱལ་བུ་དེ་ཡང་སྔགས་སྤྱོད་རྣལ་འབྱོར་པ་བྱས་ནས། ཟས་སུ་རོ་ཟས་ཟོས། གོས་སུ་རོ་གོས་གྱོན། ཤིན་ཏུ་ལོངས་སྤྱོད་དང་ལྡན་པར་ཡོད་པ་ལ། དུས་ཕྱི་མ་ལན་ཅིག་ཡུལ་དེར་མུ་གེ་བྱུང་ནས་མི་ཕལ་ཆེར་ཤི་ནས། རོ་གོས་རས་ཡུག་རེས་དྲིལ་ནས་སྐྱེལ་བ་ལས། རོ་ཟན་འབྲས་ཆན་སྐྱེལ་བ་མེད་ནས། དེ་ནས་ཟས་སྐལ་དུ་རོ་ལ་ལོངས་སྤྱད་པས་དུར་ཁྲོད་ན་གནས་པའི་ལས་ཀྱི་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས། མི་ཀུན་གྱིས་སྲིན་པོ་ཤཱདྟ་རཀྴི་ཏ་བྱ་བར་མཚན་བཏགས་སོ། །དེ་ནས་ཟ་ཧོར་གྱི་ཡུལ་དུར་ཁྲོད་དགའ་བའི་ཚལ་དུ་སྤྱོད་པ་མཛད་ནས་རོ་ལ་ལོངས་སྤྱད་པས། མཁའ་འགྲོ་མ་བདུད་འདུལ་མ་བྱ་བས་དབང་བསྐུར་བྱིན་གྱིས་བརླབས་སོ། །དེ་ནས་ཨུ་རྒྱན་གྱི་ལྷོ་ཕྱོགས་དུར་ཁྲོད་སོ་སའི་གླིང་དུ་བྱོན་ནས། བརྟུལ་ཞུཊ་ཀྱི་སྤྱོད་པ་མཛད་པས། མཁའ་འགྲོ་མ་ཞི་འཚོས་དབང་བསྐུར་བྱིན་གྱིས་བརླབས་སོ། །དེ་ནས་སྔར་པདྨ་ལ་སྐུ་འཁྲུངས་པའི་རྒྱ་མཚོའི་གླིང་དེར་བྱོན་ནས་གསང་སྔགས་མཁའ་འགྲོ་བའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་ གི་མཁའ་འགྲོ་བཞི་དབང་དུ་འདུས། རྡོ་རྗེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་ཏེ་རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་བྲན་ལ་སོགས་པ་རྣམས་བྲན་དུ་ཁས་བླངས་དབང་དུ་བསྡུས་སོ། །མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས། ཆོས་བཤད་དེ། དེར་ནུས་པ་དང་ལྡན་པའི་རྣལ་འབྱོར་པར་གྱུར་ཏོ། །མཁའ་འགྲོ་མ་རྣམས་ཀྱིས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས་སོ། །དེ་ནས་རྒྱ་གར་གྱི་སློབ་དཔོན་མཁས་པ་རྣམས་ལ་གསང་སྔགས་ཕྱི་ནང་གི་ཅོས་ཐམས་ཅད་རྩད་གཅད་སྙམ་ནས། ཟ་ཧོར་པྲེ་ཏ་རའི་ལམ་དུ་དགེ་སློང་ཤཱཀྱ་མི་ཏྲའམ་ཤཱཀྱ་བཤེས་གཉེན་བྱ་བ། སློབ་དཔོན་པྲ་ཧ་ཏི་བྱ་བ་ལ་ཆོས་ཉན་དུ་འགྲོ་བ་དང་འཕྲད་ནས། ཁྱེད་གནས་གང་དུ་འགྲོ་དྲིས་པས། ངེད་བྲག་དམར་བྱ་ཁྱུང་བྱ་བ་ན་སློབ་དཔོན་པྲ་ཧ་ཏི་བཞུགས་པས་དེ་ལ་ཆོས་ཞུ་རུ་འགྲོ་ཟེར། འོ་ན་ཡ་ཡང་འགྲོ་ཟེར་ནས་ཁོ་དང་འགྲོགས་ཏེ་ཡོངས་པས། སློབ་དཔོན་པྲ་ཧ་རི་དང་མཇལ་ནས། ཆོས་ཞུས་རབ་ཏུ་བྱུང་སྟེ་མཚན་ཡང་ཤཱཀྱ་སེདྒེ་ཞེས་བྱ་བར་བཏགས་སོ། །ཡོ་གའི་ཆོས་མུན་ཏ་ཛ་ཡ་དང་། ཡོ་གའི་ཆོས་རྩ་བརྒྱད་དང་། ཧ་ཐ་སང་ཀྲ་ཧ་དང་། ཡོ་གའི་རྒྱུད་སྡེ་ཆེན་པོ་གསུམ་བཤད་པས་ཚར་རེས་ཤེས་པ་དང་། སྒྲིབ་པ་སྦྱང་བའི་ཕྱིར་ཚར་བརྒྱད་ཉན་པ་དང་། མ་བསྒྲུབས་པར་དུ་དེ་ཉིད་དུ་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་ཞལ་མཐོང་ངོ་། །དེ་ནས་ཤཱཀྱ་སེདྒེ་དེའི་ཐུགས་ལ་རྣལ་འབྱོར་མ་ཧཱ་ཡོ་གའི་ཆོས་ཤིག་བསྒྲུབ་ལ་རྣལ་འབྱོར་ཚེའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པར་དགོངས་ནས། རི་མ་ལ་ཡ་ན་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་ གཉེན་བཞུགས་པའི་སྤྱན་སྔར་ཕྱིན་ཏེ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ངས་སྐྱོད་འདུལ་བའི་དུས་ལ་མ་བབ་པས། དགེ་སློང་མ་ཀུན་དགའ་བྱ་བ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་བ་མཁས་པ་ཞིག་ཡོད་པས་དེར་སོང་ལ་དབང་ཞུས་ཤིག་ཅེས་ལུང་བསྟན་ཏོ། །དེ་ནས་ཤཱཀྱ་སེདྒེ་དགེ་སློང་མའི་སྤྱན་སྔར་ཕྱིན་ཏེ། གཡོག་མོ་ཀུ་ཀུ་མ་ལ་འཕྲིན་བརྫངས་པས་མ་བྱོན་ནས། བརྗེད་དམ་བྱས་པས་ཤེལ་དཀར་གྱི་གྲི་གུས་མོ་རང་གི་བྲང་གཤགས་ཏེ་བསྟན་པ་དང་ཞི་བའི་ལྷ་བུདྡྷ་རྩ་གཉིས་བཀྲ་ལམ་པ་མཐོང་བ་དང་། དེ་ཉིད་དགེ་སློང་མ་ཡིན་ནམ་སྙམ་ནས་ཕྱག་བཙལ་བསྐོར་བ་བྱས་པ་དང་། ང་གཡོག་མོ་ཡིན་ནང་དུ་འདོང་ཟེར་བས་ཕྱིན་པ་དང་། དགེ་སློང་མ་དང་མཇལ་ཏེ་ཕྱག་བཙལ་སྐོར་བ་བྱས་ནས་ཕྱི་ནང་གསང་གསུམ་གྱི་དབང་ཞུ་བྱས་པས། དགེ་སློང་མས་ཤཱཀྱ་སེདྒེ་ཡི་གེ་ཧུཾ་ཞིག་ཏུ་བྱས་ནས། ཞལ་དུ་མིད་པས་ཁོང་པའི་ནང་དུ་བདང་བསྐུར་ཏེ་གསང་བའི་པདྨར་བཏོན་ཏེ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ནས། ཞལ་དུ་མིད་པས་ཁོང་པའི་ནང་དུ་དབང་བསྐུར་ཏེ་གསང་བའི་པདྨར་བཏོན་ཏེ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ནས། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ཏེ་ཚེའི་རིག་འཛིན་ཐོབ་པར་དབང་བསྐུར་རོ། །ནང་འཕགས་པ་སྤྱན་རས་གཟིགས་སུ་དབང་བསྐུར་ཏེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་དབང་བསྐུར་རོ། །གསང་བ་དཔལ་རྟ་མགྲིན་དུ་དབང་བཀྶུར་ཏེ་དྲེགས་པ་ཅན་ཐམས་ཅད་དབང་དུ་དུ་སྡུད་པར་དབང་བསྐུར་རོ། །དེ་ནས་ཤཱཀྱ་སེདྒེས་སླར་འཇམ་དཔལ་བཤེས་གཉེན་ཅན་དུ་ཕྱིན་ཏེ། འཇམ་དཔལ་ལ་ཕྱི་ནང་གི་ཅོས་མང་པོ་གསན། ཚར་རེས་ཤེས་པ་བྱུང་ནས་འཇམ་དཔལ་གྱི་ཞལ་མཐོང་པ་བྱུང་གསུངས་སོ། །དེ་ ནས་སློབ་དཔོན་ཧུཾ་ཀ་རའི་དྲུང་དུ་བྱོན་ཏེ། དཔལ་ཡང་དག་གྲུབ་པ་དང་། སྒྲུབ་པ་རྣམ་གསུམ་གྱི་ཚོ་ག་གསན། སློབ་དཔོན་སོག་སྐྱ་དྷེ་བའི་དྲུང་དུ་ཕྱིན་ཏེ་རྡོ་རྗེ་ཕུར་པའི་ཆོ་ག་གསན། ཕུར་པའི་ལྷ་ཚོགས་ཀྱི་ཞལ་མཐོང་། སློབ་དཔོན་ནཱ་ག་རྫུ་ནའི་སྤྱན་སྔར་བྱོན་ཏེ་པདྨ་གསུང་གི་ཆོ་ག་གསན། པདྨ་དབང་གི་ཞལ་མཐོང་། སློབ་དཔོན་སངས་རྒྱས་གསང་བའི་སྤྱན་སྔར་བྱོན་ཏེ། ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་གསན། སློབ་དཔོན་རྡོ་རྗེ་མི་འགྱུར་བཱི་མ་ལའི་སྤྱན་སྔར་བྱོན་ཏེ། བདུད་རྩི་ཡོན་ཏན་གྱི་ཆོས་གསན། སློབ་དཔོན་རོམ་བུ་གུ་ཧྱ་དེ་བའི་སྤྱན་སྔར་བྱོན་ཏེ་བསྟན་པ་བསྲུང་བའི་ངན་སྔགས་དང་དྲག་སྔགས་མང་པོ་གསན། སྤོན་དཔོན་ཤྲཱི་སིང་ཧའི་སྤྱན་སྔར་བྱོན་ཏེ། བཀའ་རྫོགས་པ་ཆེན་པོའི་སེམས་ཕྱོགས་ཐམས་ཅད་བསྟན་ཏེ། ཆོས་ཐམས་ཅད་ཚར་རེས་ཤེས་ཤིང་ལྷའི་ཞལ་མཐོང་། མཚན་ཡང་བློ་ལྡན་མཆོག་སྲེད་དུ་བཏགས་སོ། །དེ་ནས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་དགོངས་ལ། ད་ངས་གསང་སྔགས་ཀྱི་དོན་ལ་མངའ་བརྙེས། སྐྱེ་ཤི་མེད་པ་ཚེའི་རིག་འཛིན་བསྒྲུབ་ལ། སྔོན་གྱི་ཟ་ཧོར་གྱི་རྒྱལ་བློན་རྣམས་ཆོས་ལ་འཛུད་དགོས་སྙམ་སྟེ། ཟ་ཧོར་གྱི་ཡུལ་དུ་བྱོན་ནས། ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མེ་ཏོག་མན་དྷ་ར་བ་ཞེས་བྱ་བ་མཚན་དང་ལྡན་པ་ཞིག་དབང་དུ་བསྡུས་ནས། སྒྲུབ་སྡེ་མོ་གཟུངས་མར་ཁྲིད་ནས་རི་པོ་ཏ་ལ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་གི་ལྷོ་ཕྱོགས་ན་བྲག་ཕུག་མཱ་ར་ཡི་ཀ་ཞེས་བྱ་བ། ཁ་ལྷོ་ཕྱོགས་ལ་བལྟས་པ།  དུས་གསུམ་དུ་མེ་ཏོག་གི་ཆར་འབབ་པ། ཙན་དན་གྱི་ནགས་ཚལ་ཡོད་པ། རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་ཚེ་བསྒྲུབས་པས། ཟླ་བ་གསུམ་ན་སངས་རྒྱས་སྣང་བ་མཐའ་ཡས་ཚེ་དཔག་མེད་ཀྱི་ཞལ་མཐོང་སྟེ། འཆི་མེད་ཚེའི་བདུད་རྩིའི་བུམ་པ་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བཞག ཞལ་དུ་བླུད་པས་སྐུ་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏེ། ཡོ་ག་ཚེའི་རིག་འཛིན་ཐོབ་བོ། །དེ་ནས་ཟ་ཧོར་གྱི་ཡུལ་མི་རྣམས་ཆོས་ལ་འཛུད་པའི་ཕྱིར། གྲོང་ཁྱེར་ན་མར་ལ་བསོད་སྙོམས་ལ་བྱོན་པས། རྒྱལ་པོ་དང་ཡུལ་མི་རྣམས་ཀྱིས་ཕྲག་དོག་བྱས་ཏེ། མཐའི་བན་དྷེ་འཁྱམས་པོ་ཞིག་གིས་སྔོན་ཡང་ངེད་ཀྱི་མི་བསད། བུད་མེད་ཐམས་ཅད་ལ་སྤྱད། དེ་ནས་རྒྱལ་པོའི་བུ་མོ་ཁྲིད་ནས་རྒྱལ་སྲིད་བསླད། ད་དུང་འདིས་ངེད་ལ་གནོད་པ་སྐྱེལ་བས་འདི་ལ་སྐྱོན་དབབ་དགོས་ཟེར་ནས། སྡིག་འདིས་ངེད་ལ་གནོད་པ་སྐྱེལ་བས་འདི་ལ་སྐྱོན་དབབ་དགོས་ཟེར་ནས། སྡིག་པའི་སྤྱི་ཁུར་བྱས་མེ་ལ་བསྲེག་དགོས་ཟེར་ཏེ། མི་རེས་ཙན་དན་ཁུར་པོ་རེ་དང་། ཏིལ་མར་བྲེ་རེ་བསྡུས་ཏེ་བསྲེགས་པས། གཞན་བསྲེགས་པ་ཀུན་ཞག་གསུམ་ནས་དུ་བ་ཆད་པ་ཡིན་པས། ཞག་དགུ་རུ་དུ་བ་མ་ཆད་པས་བལྟས་ཙ་ན། མེ་ལྕེ་ཐམས་ཅད་ཕྱི་རུ་འབར་ནས་རྒྱལ་པོའི་ཕོ་བྲང་ཐམས་ཅད་པས་བལྟས་ཙ་ན། མེ་ལྕེ་ཐམས་ཅད་ཕྱི་རུ་འབར་ནས་རྒྱལ་པོའི་ཕོ་བྲང་ཐམས་ཅད་ཀྱང་འཚིག་ལ་ཉེ། ཏིལ་མར་རྒྱ་མཚོར་འཁྱིལ་ནས། ནང་ཐམས་ཅད་པདྨར་འཚིག་ལ་ཉེ། ཏིལ་མར་རྒྱ་མཚོར་འཁྱིལ་ནས། ནང་ཐམས་ཅ་པདྨར་ཆགས་ཏེ། པདྨའི་སྡོང་པོ་ཆེན་པོ་ཞིག་གི་ཁ་ན་ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ལྟར་འདུག་པས། རྒྱལ་པོ་ལ་སོགས་པ་ཡ་མཚན་སྐྱེས་ནས་བསྟོད་པ་ཕུལ་བ། སྐུ་ནི་མི་འགྱུར་རྡོ་རྗེའི་སྐུ། གསུང་ནི་མི་འགག་རྡོ།  རྗེའི་གསུང་། །ཐུགས་ནི་མི་འགྱུར་རྡོ་རྗེའི་ཐུགས། །སྐུ་གསུང་ཐུགས་ལ་འཆི་མེད་རྡོ་རྗེ་ལྟར། །མཚོ་སྐྱེས་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །བདག་ཅག་མ་རིག་རྨོངས་པས་མཐོལ་ལོ་བཤགས། །བདག་ཅག་ཡུལ་ཁམས་བདེ་ལ་འགོད་དུ་གསོལ། །ཞེས་གསོལ་བ་བཏབ་པས་གྲོང་ཁྱེར་གྱི་མེ་ཤི་སྟེ་སྔར་ལྟར་མཛེས་ལ་ཉམས་དགའ་བར་འགྱུར་རོ། །མཚན་ཡང་པདྨ་འབྱུང་གནས་དང་། པདྨ་སཾ་བྷ་བར་པདྨ་འབྱུང་གནས་བཏགས་ཏེ། ཟ་ཧོར་གྱི་རྒྱལ་ཁམས་ཆོས་ལ་བཙུད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ་ད་ནི་ཨུ་རྒྱན་གྱི་རྒྱལ་ཁམས་ཆོས་ལ་འཛུད་པར་དགོངས་ནས། ཨུ་རྒྱན་གྱི་ཡུལ་ན་ཕར་ཡབ་ཡུམ་གཉིས་ལ་བསོད་སྙོམས་སུ་བྱོན་པ་དང་། ཡུལ་པ་རྣམས་ཀྱིས་ངོ་ཤེས་ཏེ། འདིས་སྔོན་ཡང་ངེད་ཀྱི་བློན་པོའི་བུ་བསད། རྒྱལ་ཁྲིམས་ལ་གནོད་པ་བསྐྱལ། ད་ཡང་འདིས་གནོད་པོའི་བུ་བསད། རྒྱལ་ཁྲིམས་ལ་གནོད་པ་བསྐྱལ། ད་ཡང་འདིས་གནོད་པ་སྐྱེལ་བས། འདི་བསྲེག་དགོས་ཟེར་ཏེ་སྔར་གྱི་བུ་བསད་པའི་བློན་པོ་ལ་སོགས་པ་ཡུལ་པ་རྣམས་ཀྱིས་སྡིག་པའི་སྐྱི་ཁུར་བྱས་ནས་ཙན་དན་ཁུར་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་བསྲེགས་པས། སྔོན་ཆད་བསྲེགས་པ་ཞག་བདུན་ནས་དུ་བ་ཆད་པ་ལ། ཞག་ཉིས་ཤུ་རྩ་གཅིག་ཏུ་དུ་བ་མ་ཆད་ནས་རྒྱལ་པོས་ལྟོས་ཤིག་ཅེས་བསྐུལ་བས་སུས་ཀྱང་འཇིགས་ཏེ་བལྟ་མ་ནུས་ནས། སྔར་གྱི་ཡབ་རྒྱལ་པོ་དེ་ཉིད་ཐུགས་མ་ཆེས་ཏེ། གལ་ཏེ་སྤྲུལ་པའི་སྐུ་ཞིག་ཡིན་ནས་མ་འཚིག་གམ་སྙམ་ནས། འཁོར་དང་བཅས་པ་བལྟར་འོངས་པ་དང་། ཏིལ་མར་ཞིང་དོར་ཙམ་ཞིག་འཁྱིལ་བའི་དབུས་ན། སོལ་བའི་གུར་ཆེན་པོ་ཞིག་གི་ནང་ན། པདྨའི་སྡོང་པོ་ཞིག་གི་ཁ་ན་ཡབ་ཡུམ་གཉིས་ཆར་སྐུ་ཟིལ་པ་ཁྲིམ་མེ་བྱས་ནས་ སྔར་གྱི་འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་བརྡར་ཐོད་པའི་འཕྲེང་བ་སྐུ་ལ་གསོལ་ནས་བཞུགས་པས། ཡབ་རྒྱལ་པོ་ལ་སོགས་པ་རྣམས་ངོ་མཚར་སྐྱེས་ཏེ་ཕྱག་བཙལ་སྐོར་བ་ལན་གསུམ་བྱས་བསྟོད་པ་ཕུལ་བ། དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། སྐྱེ་འཆི་གཉིས་སྤངས་པདྨའི་ནང་ནས་འཁྲུངས། །འཁོར་བ་ཐུགས་རྗེས་སྒྲོལ་བའི་ཐོད་ཕྲེང་སྐུ་ལ་གསོལ། །སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་རྒྱལ་པོས་ཞབས་སྤྱི་བོར་བླངས་ནས་མཆོད་གནས་སུ་ཞུས་པས། སློབ་དཔོན་གྱིས་གསུངས་པ། ཁམས་གསུམ་འཁོར་བར་སྐྱེས་པའི་སྡུག་བསྔལ་བཙོན་དོང་ཡིན། །ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས། །རང་སེམས་སྐྱེ་མེད་ཆོས་སྐུར་མ་ཤེས་ན། །འཁོར་བའི་སྐྱེ་གནས་མི་ཆོད་རྒྱུན་མར་འཁོར། །རྒྱལ་པོ་ཆེན་པོ་སེམས་ཉིད་སྟོང་གསལ་ལྟོས། །ཕྱི་མར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་པས་རྒྱལ་པོ་ཉིད་ཀྱིས་དུས་དེ་རང་སེམས་ཆོས་སྐུར་མཐོང་སྟེ་རྟོགས་གྲོལ་དུས་གཅིག་ཏུ་བྱུང་ནས། རྒྱལ་པོ་འཁོར་དང་བཅས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རྒྱལ་པོས་བསྟོད་པ་ཕུལ་བ། དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། །རྟོགས་པ་བླ་མེད་པདྨ་རྒྱལ་པོའི་སྐུ། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀློང་ནས་གྲོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། ཐོད་པའི་འཕྲེང་བ་སྐུ་ལ་གསོལ་བས་པདྨ་ཐོད་འཕྲེང་དུ་བཏགས། རྒྱལ་པོའི་སྲས་མཛད་པས་པདྨ་རྒྱལ་པོར་བཏཊ་སོ། །དེ་ནས་རྒྱལ་པོའི་མཆོད་གནས་ལོ་བཅུ་གསུམ་མཛད་ནས། ཨུ་རྒྱན་གྱི་རྒྱལ་ཁམས་ཆོས་ལ་བཀོད་དོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཙུན་མོ་འཁོར་ དང་བཅས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །དེ་ནས་ཡང་སློབ་དཔོན་གྱིས་མུ་སྟེགས་ཀྱི་བསྟན་པ་བསྣུབས་བའི་ཕྱིར། རྒྱ་གར་ཡུལ་དུ་བྱོན་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བགྲོ་གླེང་བྱས་པས། མུ་སྟེགས་ཀྱིས་སློབ་དཔོན་མ་ཐུབ་པས་མུ་སྟེགས་ཐུལ་ནས། མུ་སྟེགས་པས་སློབ་དཔོན་ལ་མཐུ་བྱེད་པ་ལ། མཁའ་འགྲོ་མ་བདུད་འདུལ་མས་སློབ་དཔོན་ལ་བསེའི་སྒྲོམ་བུ་ཞིག་གཏད་ནས། བདུད་དང་མུ་སྟེགས་ཐུལ་ཅིག་པར་ལུང་བསྟན་པ་དང་། བསེའི་སྒྲོམ་བུ་ནས་སྲོག་སེར་ཐོགས་དང་བཅས་པའི་མཁའ་འགྲོ་མའི་ངན་སྔགས་ཞག་བདུན་མ་བྱུང་སྟེ། མུ་སྟེགས་ནགས་བསེབ་ན་སློབ་དཔོན་ལ་མཐུ་བྱེད་བའི་ནགས་ལ་ཐོགས་དབབ་སྟེ་མེས་འཚིག་ནས་མུ་སྟེགས་ཁ་བསྟབ་ནས། མ་ཤི་བ་རྣམས་ནང་པ་སངས་རྒྱས་པ་ལ་བཙུད་ནས། མཚན་ཡག་འཕཊ་པ་སེདྒེ་སྒྲ་སྒྲོག་ཏུ་བཏགས་སོ། །དེ་ནས་སློབ་དཔཡོནགཡི་ཐུགས་དགོངས་ལ། ཚེའི་རིག་འཛིན་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་གྲུབ་ན་ཕན་པ་མེད་པར་དགོངས་ནས། རྒྱ་གར་ཡུལ་གྱི་ཚུར་རོལ། བལ་པོ་ཡུལ་གྱི་ཕ་རོལ་ན། ཡང་ལེ་ཤོད་ཀྱི་བྲག་ཕུག་བྱ་བ་ན་མེ་ཏོག་དགུན་ཡང་མི་སྐམ་པ་བཀྲ་ཤིས་བྱིན་ཆེ་བའི་ས་དེར་བྱོན་ནས། སྒྲུབ་སྡེ་མོ་བལ་མོ་ཤཱཀྱ་དེ་བཱི་བྱ་བ་མཚན་དང་ལྡན་པ་ཞིག་ཁྲིད་ནས། དཔལ་ཡང་དག་སྒྲུབ་པ་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པ་མཛད་པ་ལས། བར་གཅོད་རྣམ་པ་གསུམ་བྱུག་སྟེ། ཀླུ་རྒྱང་ཨོ། གནོད་སྦྱིན་རྒོད་ཁ་མ། ིད་དུར་བར་སྣང་ཁམས་ཀྱི་གློག་མ་སྤྲིན། དེ་གསུམ་གྱིས་བར་གཅོད་བྱས་ཏེ་ལོ་གསུམ་དུ་ཆར་ཐིགས་གཅིག་ཀྱང་མ་བྱུང་མ་ བབས་ཏེ་རྩི་ཤིང་དང་ལོ་ཐོག་མ་སྐྱེས་པས། རྒྱ་གར་དང་བལ་པོ་དང་བོད་ལ་སོགས་པ་ལ་མུ་གེ་དང་ཕྱུགས་ནད་དང་མི་ནད་ཐམས་ཅད་སྤྲིན་མཆེད་པ་ལྟར་བྱུང་ནས་མི་ཕྱུགས་མང་པོ་ཤི། དེར་སློབ་དཔོན་གྱི་ཐུགས་ལ་དའི་ཅིས་ཀྱག་མ་ལན་ཏེ་བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་མི་མ་ཡིན་པ་འདི་རྣམས་ཀྱིས་བར་གཅོད་བྱས་པར་དགོངས་ནས། བལ་པོ་ཇི་ལ་ཇི་ཚ་དང་བལ་པོ་ཀུ་ལ་ཀུན་ཞི་གཉསི་ལ་གསེར་ཕྱེ་བྲེ་གང་སྤྱན་གཟིགས་སུ་བསྐུར་ནས། རྒྱ་གར་ན་ཕར་སློན་དཔོན་པཎྜི་ཏ་རྣམས་ཀྱིས་སྤྱན་སྔར་བསྲིངས་པ། བདག་མ་ཧཱ་མུ་དྲྭ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་གཅོད་རྣམ་པ་གསུམ་བྱུང་བས་བར་གཅོད་ཞི་བ་དང་འདུལ་བའི་ཆོས་ཤིག་རྫོང་བར་ཞུའོ། །ཞེས་སྤྱན་སྔར་བརྫངས་པས། རྒྱ་གར་གྱི་པཎྜི་ཏ་རྣམས་ན་རེ། རྒྱ་གར་གྱི་སློབ་དཔོན་པྲ་ཧ་ཏི་ལ་བར་གཅོད་འདུལ་བའི་རྡོར་ཕུར་པའི་ཆོས་ཞུས་ཤིས། གསུངས་ནས་སློབ་དཔོན་པྲ་ཧ་རི་ལ་ཞུས་པས། ཕུར་པ་བི་ཏོ་ཏ་མ་ལ་འབུམ་སྡེའི་ནང་ནས་དགྲ་བགེགས་འདུལ་བའི་ལས་ཁ་མི་ཁུར་གཉིས་བརྫངས་པས། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་སླེབས་པ་ཙམ་གྱིས་བར་གཅོད་རྣམ་པ་གསུམ་ཡང་ཞི། རྒྱ་མཚོ་ལས་རླངས་བྱུང་། ས་ལ་དྲོད་བྱུང་། བར་སྣང་ལ་སྤྲིན་གཏིབས། སྤྲིན་ལས་ཆར་བབས་ཏེ། རྩི་ཤིང་ལོ་ཐོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ཏུ་སྔོ་ལམ་གྱིས་སྐྱེས་ཏེ། འབྲས་བུ་དུས་སུ་སྨིན་ནོ། །འབྲས་བུ་དེ་ཟོས་པས་མི་ནད་ཕྱུགས་ནད་ཆད། མུ་གེ་ཡང་སངས་ནས། རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་དུ་གྱུར་ཏོ། །སློབ་དཔོན་པདྨས་དེའི་དུས་སུ་དཔལ་ཡང་དག་གི་ལྷ་ཚོགས་དང་། རྡོ་རྗེ་ཕུར་པའི་ལྷ་ ཚོགས་རྣམས་ཀྱི་ཞལ་གཟིགས་ཏེ། ཡང་དག་ནི་ཚོང་པ་དང་འདྲ། དངོས་གྲུབ་ཆེ་ལ་བར་གཅོད་མང་། བར་གཅོད་འདུལ་བ་ལ་དགོངས་ནས་ཧེ་རུ་ཀ་གལ་བོ་དང་། བི་ཏོ་ཏ་མ་ལ་ལ་བརྟེན་ནས། ཡང་ཀུར་སྦྲགས་མའི་སྒྲུབ་པ་མཛད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེའི་དུས་སུ་ནམ་གྱི་སྲོད་ལ་ཤོ་ནམ་མཆེད་བཞིས་སྲོག་སྙིང་ཕུལ་ཏེ། དམ་ལ་བཏགས། བསེའི་སྐྱེས་བུ་བཞི། དུང་གི་སྐྱེས་བུ་བཞི། ལྕགས་ཀྱི་སྐྱེས་བུ་བཞི། ཕོ་རྒྱུད་རྣམས་ཀྱིས་སྲོང་སྙིང་ཕུལ་ཏེ། དམ་ལ་བཏགས་ནས་རྡོ་རྗེ་ཕུར་པའི་བཀའ་སྲུང་དུ་བཞག་གོ །དེ་ནས་སློབ་དཔོན་པདྨས་སྐུ་ལྷའི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན། གསུང་སྔགས་ཀྱི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་གྱིས་ཆོས་ཉིད་སྤྲོས་པ་མེད་པས། རྣལ་རྟོག་དང་དུག་ལྔ་རང་བཞིན་དངོས་མེད་ཀྱི་ངང་ལས་ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་འགྱུར་བར་བཞུགས་སོ། །སློབ་དཔོན་པདྨ་བོད་དུ་སྤྱན་དྲངས་པའི་ཚུལ། དེ་ལྟ་བུའི་སློབ་དཔོན་པདྨ་སྤྱན་དྲངས་ཚུལ་ནི། གོང་དུ་མཁན་པོ་བོ་དྷི་སཏཱས་ལུང་བསྟན་པ་དེ་རྒྱལ་པོའི་མནལ་ལམ་དུ་བྱུང་པ་སྐད་བྱས་ནས་འབངས་རྣམས་དང་བཀའ་བགྲོས་ཏེ། སྦས་མང་པོ་རྗེ་སྣང་གསལ་སྣང་འང་ཟེར་དང་། སེང་མགོ་ལྷ་ལུང་གཉིས་ལ་བཀའ་བསྩལ་ནས་གཡོག་གསུམ་དང་བཅས་དཔོན་གཡོག་ལྔ་ལ་གསེར་ཕྱེ་བྲེ་གང་། བར་གྱི་ལམ་རྒྱགས་དང་བཅས་པ་བརྫངས་ནས་སྤྱན་དྲངས་ཀྱང་ཟེར། ལུགས་གཅིག་ ཏུ་ཤུད་བུ་དཔལ་གྱི་སེདྒེ། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ་བ་དང་གསུམ། སྣུབས་ནམ་མཁའི་སྙིང་པོ་དང་བཞིས་བང་ཆེན་ལ་ཕྱིན་ནས་སྤྱན་དྲངས་ཀྱང་ཟེར། དེར་སྤྱན་འདྲེན་པ་རྣམས་ལམ་དུ་ཚུད་པ་དང་སློབ་དཔོནགཡི་སྤྱན་ལམ་དུ་སྲུང་མ་རྣམས་ཀྱིས་བསྐུལ་ནས། བོད་ཡུལ་ཧས་པོ་རིའི་རྩེར་བོད་ཀྱི་ལྷ་བཙན་པོས་གཙུག་ལག་ཁང་བཞེངས་སུ་གསོལ་བས། སློབ་དཔོན་ཆེན་པོའི་སྤྱན་སྔར་བང་ཆེན་པོ་འོངས་པ་འདི་རྣམས་ཐང་ཆད་ལ་ཉོན་མོངས་པས་སློབ་དཔོན་མང་ཡུལ་གུང་ཐང་ཙམ་དུ་གཤེགས་པར་ཞུའོ། །ཞེས་སྲུང་མ་རྣམས་ཀྱིས་བསྐུལ་ནས་དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས་མང་ཡུལ་གུང་ཐང་དུ་ཟླ་བ་གསུམ་བཞུགས་པ་དང་། བང་ཆེན་པ་རྣམས་དང་མཇལ་ནས་སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་སུ་ཡིན། གར་འགྲོ་དྲིས་པས་བང་ཆེན་རྣམས་ཀྱིས་ལྷ་སརས་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་སྤྱན་འདྲེན་དུ་བཏང་བ་ལགས་སོ། །ཁྱེད་ལགས་སམ་ཞུས་པས། འོ་ང་ནི་ཟླ་བ་གསུམ་གྱི་གོང་ནས་སྲུང་མ་རྣམས་ཀྱིས་བསྐུལ་དུ་བྱུང་ནས། ཁྱོད་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་འདིར་བསྡད་པ་ཡིན། ཟླ་བ་གསུམ་འདིར་བསྡད། ཁྱོད་རང་འགོར། ད་ང་ལ་སྐུ་ཡོན་ཅི་ཡོད་ཕུལ་ཅིག་གསུངས་པར་ཕྱག་བྱས་ཏེ་གསེར་ཕྱེ་བྲེ་གང་ཕུལ་བས། ད་ཅི་ཡོད་ཕུལ་ཅིག་གསུངས་པ་དང་། རྒྱ་པོས་དེ་ལས་མ་བསྐུར། ངེད་བང་ཆེན་རྣམས་ཀྱི་ལུས་ངག་ཡིད་གསུམ་བྲན་དུ་འབུལ་ཞེས་ཕྱག་བཙལ། སློབ་དཔོན་གྱི་ཞབས་སྤྱི་བོར་བླངས། སྐོར་བ་བྱས་པས་སློབ་དཔོན་མཉེས་ཏེ། ངས་བོད་ཀྱི་དད་པ་ལ་རྒྱུས་སྒོ་དང་འགྱུར་ལྡོག་ཡོད་ མེད་བལྟས་པ་ཡིན། ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས། ཕྱག་གཡས་པ་གུང་ཐང་གི་གཡས་ཕྱོགས་ས་བརྐྱངས་པས་གཡས་ཕྱོགས་ཀྱི་རི་ཐམས་ཅད་གསེར་དུ་གྱུར། གཡོན་བ་ནུབ་ཕྱོགས་སུ་བརྐྱངས་པས་ས་རྡོ་ཐམས་ཅད་གཟི་མཆོང་དང་གསེར་གཡུར་གྱུར། བང་ཆེན་པོ་ཀུན་ལ་ཡང་བྱིན། ངའི་རྫུ་འཕྲུལ་དང་ནུས་མཐུ་འདི་ལྟར་ཡོད། ཁྱེད་རང་རྣམས་ང་ལ་ཡིད་ཆེས་པར་གྱིས་གསུངས། གསེར་གྱིས་བདག་ལ་དགོས་པ་མེད། འོན་ཀྱང་མངའ་བདག་གི་དགོངས་པ་བསྒྲུབ་ཅིང་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་དེ་རེ་ཞིག་བླང་གི གསུངས་ནས་མང་ཡུལ་དང་བལ་ཡུལ་གྱི་ཕྱོཊ་སུ་གཏོར་ནས་བཏང་སྟེ། དུས་ཕྱི་མ་ལ་བོད་ཀྱི་གསེར་ཐམས་ཅད་མང་ཡུལ་དང་བལ་ཡུལ་དུ་འབོལ་བར་འོང་ངོ་གསུངས། བང་ཆེན་པ་རྣམས་ལ་བྱིན་པི་གསེར་གཡུ་ལྕུག་ཡིན་ནམ་སྙམ་ནས་སོ་སོར་ཕག་ཏུ་ཁ་ཕྱེ་ནས་བལྟས་ཙ་ན་བདེན་པར་སྣང་ངོ་། །ཡིད་རང་སར་ཆེས་སོ། །དེ་ནས་སློབ་དཔོན་པདྨ་དང་གཡོག་པོ་ཚོས་མར་བྱོན་ཏེ། མང་ཡུལ་དོན་མཁར་བྱ་བར་བྱོན་པ་དང་། རི་ཆེན་པོ་གཉིས་སུ་བརྫུས་ཏེ་དབོན་གཡོག་ཚོ་བཅར་བར་བྱས་པས། སློབ་དཔོན་གྱིས་བྲག་ལ་ཕྱག་མཁར་བཙུགས་ནས་བྲག་ལམ་བཏོད་དེ་བྲག་གི་ཁ་ན་ཡར་བྱོན་པས། མོ་རང་དངངས་ཤིང་བྲེད་པར་གྱུར་ཏེ་སྲོག་སྙིང་ཕུལ་ནས་སྲུང་མར་ཁས་བླངས་སོ། །གསང་མཚན་ཡག་གངས་ཀྱི་ཡུལ་ཆེན་རྡོ་རྗེ་གཡུ་བུན་པར་བཏགས་སོ། །དེ་ནས་བྱང་གནམ་ཐང་ན་མར་བྱོན་ཙ་ན། གནམ་ལྷ་དཀར་མོས་ སློབ་དཔོན་ལ་ཐོག་དབབ་པར་བྱས་པས། སློབ་དཔོན་གྱིས་ཕྱག་གཡོན་པའི་མཐིལ་དུ་ཆུ་མེ་ལོང་གང་ཙམ་ཞིག་བཞག་པ་དང་། དེར་སོང་ཟེར་སོང་ཙམ་ན། ཐོག་ཁྲག་སྐམ་སྲན་མའི་རྡོག་པོ་ཙམ་བདུན་དུ་སོང་ནས་འདུག དེ་ནས་མོ་ཡང་ཡ་མཚན་སྐྱེས་ཤིང་བྲེད་ནས་མོ་དཔལ་མོ་དཔལ་མཚོར་བྲོས་སོ། །སློབ་དཔོན་གྱིས་མཚོ་མེ་ཕུང་དུ་བསྒོམས་པས་མཚོ་ལྷོགས་ཀྱིས་འཁོལ་བ་དང་། མོ་ཤ་རུས་བྱེ་སྟེ་བྲོས་པ་ལ་སློབ་དཔོན་གྱིས་རྡོ་རྗེ་གཅིག་བརྒྱབ་སྟེ་མིག་གཡས་པ་བཅར་བས་མོ་བྲེད་དེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་སྩལ། བར་ཆད་མི་བགྱིད་དགོངས་པ་གློད་པར་འཚལ། ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། མིང་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འུ་ཡུག་ན་མར་བྱོན་ཙ་ན་བསྟན་མ་རྣམས་ཀྱིས་རི་བར་དུ་བཅར་རབ་བརྩམས་པ་ལས། སློབ་དཔོན་གྱིས་རི་ཐམས་ཅད་ཕྱག་འཁར་གྱིས་བོར། གཡའ་རི་དང་གངས་རི་ཐམས་ཅད་བཤིག་བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་རྣམས་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་ལྕེ་ཕུ་ཤ་བུད་ལུང་དུ་བྱོན་ཙ་ན། ཡར་ལྷ་ཤམ་བུས་བདེ་འབྱུང་གཡག་དཀར་པོ་རི་ལོགས་ཙམ་ཞིག་ཏུ་སྤྲུལ་ནས་ཉམས་བླངས། ཁ་སྣའི་རླངས་ལས་ན་བུན་དང་སྤྲིན་དུ་བྱས། ཁ་ཆུ་དང་སྣ་ཆུ་ལས་ཁ་བ་བུ་ཡུག་ཏུ་འཚུབས་པ་དང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་། ཞགས་པའི་ཕྱག་རྒྱས་སྐེ་ནས་བཏགས། ལྕགས་སྒྲོག་གི་ཕྱག་རྒྱས་རྐང་བཞི་སྒྲོག་དུ་བཅུག །དྲིལ་བུའི་ཕྱག་རྒྱས་རྡུང་གཏག་ བཏང་བས། ཁྱེའུ་དར་དཀར་གྱི་རས་ཁ་ཅན་གཅིག་ཏུ་སོང་ནས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་སྐུ་ལྷ་ཐང་ལྷའི་རྩར་བྱོན་པ་དང་། དེས་སློབ་དཔོན་ལ་ཉམས་སད་པའི་ཕྱིར་གནོད་སྦྱིན་ཆེན་པོ་ཞིག་ཏུ་སྤྲུལ་ནས། སློན་དཔོན་དཔོན་གཡོག་ཟ་བའི་ཚུལ་དུ་བྱུང་བ་ལ། སློབ་དཔོན་གྱིས་སྡིགས་བཛུབ་ཅིག་མཛད་པས། བྱིས་པ་གཡུའི་ཟུར་ཕུད་ཅན་ཞིག་ཏུ་སོང་བས། འོ་འདི་ཀླུའི་རྒྱལ་པོ་མེ་ཏོག་ཐོད་དཀར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ། གཉན་ཐང་ལྷ་ཞེས་ཀྱང་བྱ་བ་དེ་ཡིན། ངས་འདི་ལ་གྲོ་ཞིག་བླུང་གི་གསུངས་ནས་གཤེགས་པས། ཕྱི་དྲོ་གྲོ་འཁོར་ཙ་ན་ན་བཟའི་ཕུ་ཐང་གསེབ་ནས་གཤེགས་པས། ཕྱི་དྲོ་གྲོ་འཁོར་ཙ་ན་བཟའི་ཕུ་ཐུང་གསེབ་ནས་ཅི་ཡག་མི་བྲོ་བའི་ཁུར་བ་ལན་ལེབ་དང་། ཞལ་ཟས་སྣ་ཚོགས་པ་བསྣམས་ནས་བྱོན་ཏེ་མངའ་འོག་ཏུ་བསྡུས་སོ། །དེ་ནས་བྱག་འཕན་ཡུལ་དུ་བྱོན་ཙ་ན། བྱང་གི་ཏིང་ལོ་སྨན་དང་། སྟག་སྨན་ཁྱི་གདོང་དང་། བྱང་ཕུག་པ་རྣམས་ཀྱིས་བྱང་ཐུན་གསུམ་གྱི་ལྷགས་པ་གཅིག་ཏུ་བསྡུས་ཏེ། སློབ་དཔོན་འཁོར་བཅས་པ་ལ་བརྒྱབ་པས། འཁོར་རྣམས་ཀྱང་བྲེད་ལ་ཁད། སློབ་དཔོན་རང་ཡང་སྐུ་བག་བསེར་ཙམ་ཞིག་མཛད་ནས། སློབ་དཔོན་གྱིས་གངས་རིའི་གནོད་སྦྱིན་ཕོ་མོའི་རྟེན་ཐམས་ཅད་མེ་ཕུང་དུ་བསྒོམས་པས། མར་ལ་ལྕགས་ཚན་ཕོག་པ་ལྟར་ལྷན་གྱིས་བཞུ་ནས་བོད་ཀྱི་གནོད་སྦྱིན་ཕོ་མོ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་སྟོད་ལུང་བུ་བ་ཚལ་དུ་བྱོན་ཁ་ལ་བྲག་རིངས་སུ་གུང་གཅིག་བཞུགས་ནས་བཙན་ཐམས་ཅད་དམ་ལ་བཏགས། དེ་ནས་ས་ཟམ་ ཕུག་ཏུ་བཞུགས་ཏེ། །བདུད་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་གཡའ་རི་གོང་དུ་བཞུགས་ནས་རྒྱལ་པོ་དང་འགོང་པོ་ཐམས་ཅད་དམ་བཏགས་སོ། །དེ་ནས་ཧས་པོ་རིར་བྱོན་ནས་བོད་ཀྱི་མངའ་བདག་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསུ་བ་མཛད་ནས། རྒྱལ་པོའི་ཐུགས་ལ་ང་མགོ་ནག་ཐམས་ཅད་ཀྱི་རྗེ་ཡིན་པས། སློབ་དཔོན་ང་ལ་ཕྱག་བྱེད་དུ་འོང་སྙམ། སློབ་དཔོན་གྱི་ཐུགས་དགོངས་ལ་ང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་སློབ་དཔོན་དུ་སྤྱན་དྲངས་པ་ཡིན་པས། ང་ལ་ཕྱག་བྱེད་དུ་འོང་སྙམ་ནས། ཕྱག་ལ་མ་འདུམ་པས། སློབ་དཔོན་གྱིས་དེའི་དུས་སུ་ང་ཆེ་ང་བཙན་གྱི་མགུར་དེ་གསུངས་སོ། །ཨེ་མ་ཁམས་གསུམ་སེམས་ཅན་འཆི་ལ་རྟག་རྣལ་འབྱོར་ཚེ་ཡི་རིག་འཛིན་གྲུབ། །འཆི་བདག་བདུད་ཀྱིས་ཉམ་མི་ང་། །ང་འཆི་མེད་པདྨ་འབྱུང་གནས་ཡིན། །རྡོ་རྗེ་ཚེ་སྒྲུབ་གྱི་གདམས་ངག་ཡོད། །སྐྱེ་འཆི་མེད་པའི་སྐུ་ཐོབ་པས། །ལྷ་སྲིན་སྡེ་བརྒྱ་འབངས་སུ་འཁོལ། །ང་རྒྱལ་པོ་པདྨ་འབྱུང་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་ཡོད། །སྣང་སྲིད་འཁོར་འདས་ཀྱི་དཔེ་བ་ལ། །དྲང་དོན་ངེས་དོན་གྱི་བཤད་པ་བྱེད། །ང་དགེ་བཤེས་པདྨ་འབྱུང་ནས་ཡིན། །འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་ཡོད། །སེམས་ཉིད་ཤོག་བུ་རྣལ་མ་ལ། །ཚིག་དང་བྲལ་བའི་ཡེ་གེ་བྲིས། །ང་ཡིག་མཁན་པདྨ་འབྱུང་གནས་ཡིན། །ཆོས་ཡི་གེ་མེད་པའི་གདམས་ངག་བདོག །འདི་ལྟར་སྣང་བའི་གྱང་ལོགས་ལ། གཉིས་སུ་མེད་པའི་རི་མོ་བྲིས། །ང་ལྷ་བཟོ་པདྨ་འབྱུང་གནས་ཡིན། །སྣང་སྟོང་འོད་གསལ་གྱི་གདམས་ངག་ བདོག །མི་དུག་ལྔའི་ནད་ཀྱིས་ཉེན་པ་ལ། །ཟད་མེད་སྨན་གྱིས་གསོ་བར་བྱེད། །ང་སྨན་པ་པདྨ་འབྱུང་གནས་ཡིན། །བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོག །མི་དད་པ་ཆེ་བའི་འདུན་མ་བྱས། །མི་ཚེ་ཕྱི་མའི་བདེ་སྐྱིད་བྱས། །ང་གཙོ་བོ་པདྨ་འབྱུང་གནས་ཡིན། །འཁོར་པ་རྩད་གཅོད་ཀྱི་གདམས་ངག་བདོག །ང་ཤེས་རབ་སྙིང་རྗེའི་མཚོན་ཐོགས་ནས། །རྣམ་རྟོག་ལོག་པའི་དགྲ་བོ་འདུལ། །ང་དཔའ་བོ་པདྨ་འབྱུང་གནས་ཡིན། །འཁོར་བ་རུ་བཟློག་གི་གདམས་ངག་ཡོད། །དུག་ལྔ་གདོན་ལྔ་དགྲར་ལངས་པ། །ཡེ་ཤེ་ལྔ་ཡི་ཁོངས་སུ་བྲུབས། །ང་མཐུ་ཆེན་པདྨ་འབྱུང་གནས་ཡིན། །དུག་ལྔ་རྩད་གཅོད་ཀྱི་གདམས་ངག་ཡོད། །ཁྱེད་གདོང་དམར་སྲིན་བོད་ཀྱི་རྗེ། །འཇིག་རྟེན་གྲགས་པའི་ཁེངས་སེམས་ཅན། །ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ། །ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན། །བོད་ཀྱི་མངའ་བདག་མ་ལགས་སམ། །ཁྱེད་མངའ་ཐང་ཆེ་བར་གློ་བ་དགའ། །ང་རྒྱལ་པོ་ཉིད་ལ་ཕྱུག་མི་འཚལ། །རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚོལ། །ཞེས་ང་ཆེ་ང་བཙན་གྱི་མགུར་གསུངས་ནས་ཕྱག་ཐལ་མོ་ཡ་གཅིག་དེང་མཛད་པས། རྒྱལ་པོའི་ན་བཟའ་ཕྱགི་་འོད་ཟེར་གྱི་རྡུལ་གྱིས་འཚིག་ནས། དེར་རྒྱལ་བློན་རྣམས་བྲེད་དེ། །རྒྱལ་པོས་ཕྱག་ཡས་ཀྱིས་བཙལ་ལོ། །དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ནས་གསེར་གྱི་ཁྲི་ལ་བཞུགས་ཏེ། ཞལ་སྐྱེམས་དང་། བཤོས་དང་། འཇིག་རྟེན་གྱི་སྤྱུན་གཟིགས་སྣ་ཚོགས་དྲངས། ཟ་འོག་སྨུག་བེར་སྐུ་ལ་གསོལ། རྒྱལ་པོས་ཕྱག་རྟེན་དང་བཅས་ནས་ཞུས་པ། ཨེ་མ་ན་མོ་གུ་རུ་རྗེ། །བདག་ནི་སྲིན་པོ་གདོང་ དམར་རྗེ། །བོད་ཀྱི་མི་ནི་འདུལ་བར་དཀའ། །དམ་པ་ཆོས་ཀྱི་རྟེན་ཞིག་འཛུགས། །སློབ་དཔོན་སྤྲུལ་པའི་སྐུ་བཞུགས་པས། །ས་གཞི་གྱི་ནས། བོད་ཀྱི་མངའ་བདག་རྒྱལ་པོ་ལགས། བོད་གནོད་སྦྱིན་ཕོ་མོའི་འདྲེད་ཡུལ་དུ་འདུག་པས། ལམ་ཁར་ཡང་གནོད་སྦྱིན་ཕོ་མོ་མང་པོ་དམ་ལ་བཏགས། ཡུལ་ཕ་གི་ན་བོད་ཐམས་ལ་དབང་བྱེད་པའི་ཀླུའི་རྒྱལ་པོ་ཞིག་འདུག་བས། དེ་ལ་ཀླུ་གཏེར་འཇུག་དགོས་པར་འདུག་གསུངས་ནས། མལ་གྲོའི་མཚོ་ཁར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད། དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་ནས། མངའ་བདག་རྗེ་འབངས་ཐམས་ཅད་སྒྲིབ་པ་སྦྱོང་པའི་ཆོ་ག་མཛད། དེ་ནས་མཚོ་ཁད་དེར་བྱོན་ནམ་ཆབ་གཏོར་གཟི་ཡི་ཡུ་བུ་གང་ལ་ཏིང་ངེ་འཛིན་གྱིས་རྒྱ་སྐྱེད་ནས། སློབ་དཔོན་གྱིས་ལཧ་འདྲེ་ཟིལ་གནོན་གྱི་མགུར་གསུངས་པ་ནི་ཧཱུཾ། ང་ནི་སློབ་དཔོན་པདྨ་བྱུང་གནས་ཏེ། །མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། གནོད་པས་མི་ཚུགས་ཚེ་རིག་འཛིན་གྲུབ། ལུས་ངག་ཡིད་གསུམ་ལྷ་རུ་གསལ་བས་ན། །སྡེ་བརྒྱད་དྲེགས་པ་མ་ལུས་ཟིལ་གྱིས་གནོན། །རྟོག་འཛིན་ཆོད་པས་འཇིགས་པས་བསྡིགས་རྒྱུ་མེད། །ནམ་མཁའ་ཡང་པའི་དཀྱིལ་འཁོར་དུ། །འབྱུང་ཆེན་བཞི་པོ་ཤོམ་ཡང་ཤོམ། །ཤོམ་ཡང་ཤོམ་ཏེ་ཡངས་ཀྱང་ཡངས། །སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་ཤོམ་ཡང་ཤོག །ཤོམ་ཡང་ཤོམ་ཏེ་ཡངས་ཀྱང་ཡངས། །སེམས་ཉིད་སྟོང་པ་པ་དམིགས་མེད་ལ། །ལྷ་ཡང་མེད་དེ་འདྲེ་ཡང་མེད། །ང་ལ་ཆོ་འཕྲུལ་ཅི་བསྟན་ཀྱང་། །ང་ལ་གཡོ་ རྡུལ་ཙམ་མེད། །མཆོད་སྦྱིན་གཏོར་མ་ཆེན་པོ་འདི། །མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད། །སོ་སོར་ཐོབ་པ་སྔགས་ཀྱི་བྱས། །ཕྱག་རྒྱས་འཐབ་རྩོད་ཕམ་རྒྱལ་མེད། །ཚིགས་བཅད་བདེན་པས་བཀྲོལ་ཏེ་བསྔོ། །འདི་བཞེས་ས་གཞི་གནང་བ་བྱིན། །ཁྲི་སྲོང་ལྡེ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། །སྔགས་འཆང་ང་ཡི་བཀའ་མ་གཅོག་གུམ་གུམ་ཆུམ་ཆུམ་ལས་ལ་འདུས། །ཞེས་གསུངས་པས་ལྟ་འདྲེ་ཐམས་ཅད་ཆབ་གཏོར་དེ་ལ་བཀའ་འོག་ཏུ་འདུས་པས་རྨ་ཆེན་སྤོམ་ར་ཁོ་འོང་དུ་མ་འདོད་དེ། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྙིང་ཁ་ནས་བཟུང་སྟེ་བཀུག་པས། རྐང་པ་ཡ་གཅིག་ཁམས་ཀྱི་གཡར་མོ་ཐང་དུ་བཞག་ཡ་གཅིག་ཧས་པོ་རི་ལ་བཞག་ནས། བདག་ནི་གཡར་ཁམས་ཆེ་བ་གཅིག་ལགས་ན། བན་ཆུང་ཁྱེད་ཀྱང་བཀའ་ནན་ཆེ་བ་གཅིག་གིས་མི་འོང་དུ་བཏུབ་པས། འདིར་མཆིས་ན་བཀའ་ཅི་སྩོལ་ཞེས་བགྱིས་པ་དང་། སློབ་དཔོན་གྱིས་མཆོད་སྦྱིན་འདི་ཁྱེར་ལ་མངའ་བདག་གི་དགོངས་པ་སྒྲུབས་ཤིག་ཅེས་གསུངས་པས་ཁོ་ན་རེ། བཀའ་བསྩལ་བ་བཞིན་བགྱིད་ན། བདག་སྣ་གཏོར་ཞིག་ཆེ། སྐམ་ཆས་ཤིག་ལ་དགའ་བས། ཟན་བྲུལ་གྱི་འོག་ཏུ་ཆུ་བླུགས་པའི་གཏོར་མ་འདི་མི་འཚལ་བས་སྐམ་ཆས་ཤིག་གསོལ་ཅིག་སྐད་ནས། སྔོན་ཆ་དཀར་མོ་ཞིག་གི་ནང་དུ་རིན་པོ་ཆེ་ཞིག་བདར་ནས་བྱིན་གྱིས་བརླབས་ཏེ། བསྩལ་ནས་དམ་ལ་བཏགས་སོ། །བསམ་ཡས་བཞེངས་ཚུལ། དེ་ནས་ཐོག་མར་རྗེ་འབངས་ཉིས་ཤུས་རྩ་ལྔ་རྡོ་རྗེ་ཕུར་པའི་དཀྱིས་ འཁོར་དུ་བཅུག་ཅིང་དབང་བསྐུར། དེའི་དུས་སུ་དགེ་བསྙེན་ཉིས་ཤུ་རྩ་གཅིག་དང་། གཡའ་རི་མོ་དང་གངས་རི་མོ་ཉིས་ཤུ་རྩ་གཅིག་དང་། བསྟན་མ་བཅུ་གཉིས། བོད་ཀྱི་གནོད་སྦྱིན་མཐུ་བོ་ཆེ་རྣམས་དམ་ལ་བཏགས། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉིས་ཤུ་རྩ་བརྒྱད་དམ་ལ་བཏགས་ཏེ་མངའ་འོག་ཏུ་བསྡུས། རི་རྡོ་རི་ལ་བཞག་ཀླུངས་རྡོ་ཀླུངས་སུ་བཞག་ནས་དབུ་རྩེ་ཆེན་མོའི་རྨིང་བཏིང་སྟེ་བརྩིགས་པས། ཉིན་མོ་མིས་བརྩིགས་པ་བས། ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་སྟེ། སློབ་དཔོན་གྱི་ཐུགས་དགོངས་ལ་ངས་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་ཐོགས་སམ་མ་ཐོགས་སྙམ་ནས། དགོངས་པ་ལ་བཞུགས་ནས་གཟིཊ་པས། ལྷ་མ་སྲིན་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་དམ་ལ་ཐོགས་ནས་འདུག་པས། ཀླུ་འདིའི་ལུས་དམ་ལ་ཐོགས་ནས་བསམ་ཡས་བརྩིགས་པ་ལ་སོགས་འི་ལས་བྱེད། ངག་དམ་ལ་ཐོགས་ནས་བཀའ་ཉན་ཟེར་ཞིང་འདུག་ཡིད་མ་མ་ཐོགས་པར་གནོད་པ་སྣ་ཚོཊ་སྐྱེལ་བཞིན་འདུག་པས། སློབ་དཔོན་ཀླུ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ལ། རྩིག་བཟོ་མཁན་པོ་ཧ་ཤང་མ་ཧའ་ཡ་ན་དང་། ཧོར་གཡག་ཊ་ཀ་ར་མ་ལ་སོགས་པས་རྩིག་བཟོ་ཟིན་ནས། ཤིང་བཟོ་མཁན་པོ་རྒྱ་ནག་ལར་མཚོ་ཧེ་དང་། བལ་པོ་བྷ་སུ་ལ་སོགས་པ་སྟེའུ་ཀླད་ལ་བསྐོར་ཞིང་། རྒྱལ་པོའི་ཤིང་གང་ན་ཡོད་ཤིང་ལག་ཐོགས་སོ་བྱས་པས། རྒྱལ་པོ་དངངས་ཏེ་ཤིང་འདི་ཙམ་ཞིག་གང་ནས་བཙལ་སྙམ་པ་ཐུགས་ལ་བྱུང་བ་དང་། ཟུར་ཕུད་རྐྱང་དབུ་ཚལ་གྱི་ཀླུས་བར་གཅོད་བྱས་ཏེ། མི་དཀར་རྟ་དཀར་ཅན་ཞིག་གི་ཆས་སུ་བྱས་ནས་རྒྱལ་པོའི་དྲུང་དུ་འོངས་ཏེ།  རྗེ་ལཊ། བསམ་ཡས་ཀྱི་ཤིང་དགོས་ཚད་ངས་སྦྱིན་གྱི། སློབ་དཔོན་པདྨ་ལ་དགོངས་པ་འགྲོལ་བར་ཞུ་ཟེར་ནས། མངའ་བདག་གི་ཐུགས་ལ་དངོས་གྲུབ་ཡིན་བར་དགོངས་ནས་ཞལ་གྱིས་བཞེས་ཏེ། རྒྱལ་པོས་སློབ་དཔོན་དགོངས་པ་འགྲོལ་དུ་མི་འཇུག་རེ་མནའ་སྐྱོལ་ཟེར་ནས། རྒྱལ་པོས་མནའ་བསྐྱལ། མཆིམས་ཕུའི་གྲེ་གུ་དགེ་འུར་རྒྱལ་པོས་སློབ་དཔོན་གྱི་སྤྱན་སྔར་བྱོན་ནས། སློབ་དཔོན་ལ་དགོངས་པ་འགྲོལ་བར་ཞུ་བྱས་པས་མ་གནང་། སླར་ཡང་སློབ་དཔོན་དགོངས་པ་འགྲོལ་བར་ཞུ། དངོས་གྲུབ་ཆེན་པོ་བདོག་བྱས་པས། སློབད་པོན་གྱིས་དགོངས་པ་བཀྲོལ་བས། རྒྱལ་པོས་གོང་གི་བཀའ་མཆིད་གླེང་བས། སློབད་དཔོན་གྱི་ཞལ་ནས་རྗེ་ལགས་གཙུག་ལག་ཁང་གི་ཤིང་རང་བཞིན་གྱིས་འོང་སྟེ། བདག་གིས་ཀྱང་ལྷ་མ་སྲིན་སྡེ་བརྒྱད་གཞན་གྱི་ལུས་ངག་ཡིད་གསུམ་ཀ་དམ་ལ་ཐོགས་པ་ལ། ཀླུ་འདི་ཡིད་དམ་ལ་མ་ཐོགས་པར་འདུག་པས། དམ་ལ་གདགས་སྙམ་པ་ལགས་ཏེ། ད་དུས་ལྔ་བརྒྱའི་སྙིགས་མའི་དུས་ལ་བབ་པ་ན་ས་གཞི་ཐམས་ཅད་ཀླུས་དབང་བྱེད། ནང་དུ་མཛེ་རིགས་བརྒྱ་རྩ་བརྒྱད་དར་བཞིན་འོང་། མཐའ་འདུལ་དང་མིའི་ཁང་ཁྱིམ་ལ་སོགས་པ་ཐམས་ཅད་ཀྱང་འཇིག ས་སྟེང་འོག་ཀླུས་དབང་བྱེད་པ་ཞིག་འོང་གསུངས་སོ། །དེ་ནས་མངའ་བདག་གིས་མར་བྱོན་ཙ་ན་ཀླུས་བསམ་ཡས་ཀྱི་གཙང་པོ་ལ་ཤིང་བསྐུར་ནས་བསམ་ཡས་སུ་ནག་མེར་བ་ཆགས་སོ། །དེར་ལྷ་ཁང་འབུབས་པའི་ཤིང་རྣམས་ཀླུས་ཕུལ་ལོ། །དེ་ཡང་དབུ་རྩེ་རིཊ་གསུམ་རི་རབ་གྱི་ཚུལ་དུ་བྱས། འཁོར་ས་གསེར་གྱི་རི་བདུན་གྱི་ཚུལ་དུ་བྱས་ཏེ་རྣམ་པར་སྣང་མཛད་ངན་སོང་སྦྱོང་བའི་ དཀྱིལ་འཁོར་དུ་བཞེངས། དེ་ཡང་ཐོག་འདུལ་བ་དང་བསྟུན་ནས་ཕུག་རྒྱུད་རིས་ཐམས་ཅད་མདོ་སྡེ་དང་བསྟུན། ལྡེར་སོ་ཐམས་ཅད་གསང་སྔགས་དང་བསྟུན་ནོ། །དེ་ལྟར་ན་ལྡེར་སོ་བདུན་ཅུ་དོན་བརྒྱད་བྱས། རི་མོ་ལ་མདོ་རྒྱུད་བཅུ་བཞི། ཀ་བ་སྟོང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་རྩ་དྲུག་སྒོ་ཆུང་བཞི་བཅུ་རྩ་གཉིས། བྱིའུ་སྐས་ཆེན་པོ་བཅུ་དྲུག་ཅོང་ཆེན་པོ་བརྒྱད། འཕྱར་དར་ཆེན་པོ་གསུམ། འཕན་ཆེན་པོ་བརྒྱད། མངོན་པ་དང་བསྟུན་པའི་གླིང་ཕྲན་བཅུ་གཉིས། ཉི་ཟླ་དང་བཅས་པ་བཞེངས་ཏེ། ཤར་ལུས་འཕགས་པོའི་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བྱས་ཏེ། རྣམ་དག་ཁྲིམས་ཁང་གླིང་། མཁྱེན་རབ་འཇམ་དཔལ་གླིང་། བརྡའ་སྦྱོར་ཚང་མང་གླིང་གསུམ་ཟླ་གམ་དུ་བྱས། ལྷོར་འཛམ་བུ་གླིང་གླིང་གཡོག་གཉིས་དང་བཅས་པ་ལ་དཔེ་བླངས་ཏེ། བདུད་བདུལ་སྔགས་པའི་གླིང་། ཨརྱ་པ་ལོའི་གླིང་། སྒྲ་བསྒྱུར་རྒྱ་གར་གླིང་གསུམ་སོག་ཁར་བྱས། ནུབ་བ་ལང་སྤྱོད་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བླངས་ཏེ། བཻ་རོ་ཙ་ནའི་གླིང་། དགའ་ལྡན་བྱམས་པ་གླིང་། མི་གཡོ་བསམ་གཏན་གླིང་གསུམ་ཟླུམ་པོར་བྱས། བྱང་སྒྲ་མི་སྙན་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བླངས་ཏེ། རིན་ཆེན་སྣ་ཚོགས་གླིང་། བྱང་ཆུབ་སེམས་བསྐྱེད་གླིང་། དཔེ་དཀར་དཀོར་མཛོད་གླིང་གསུམ་གྲུ་བཞིར་བྱས། ཡག་ཤ་ལྟག་འོག་ཉི་ཟླའི་ཚུལ་དུ་བྱས་སོ། །ཟུར་བཞིར་མཆོད་རྟེན་བཞི་བཞེངས་ཏེ། མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོའི་མཆོད་རྟེན། ཉན་ཐོས་ཀྱི་ལུགས་སེདྒེས་བརྒྱན་པ། ཤུད་བུ་ངམ་མ་རྒྱལ་ཐོ་རེས་བཞེངས། མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བྱང་ཆུབ་སེམས་པའི་ལུགས།  པདྨ་སྟོང་གིས་བརྒྱན་པ་སྣ་ནམ་རྒྱལ་ཚ་ལྷ་སྣང་གིས་བཞེངས། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་དང་། རང་སངས་རྒྱས་ཀྱི་ལུགས་ངམ་རྟ་ར་ཀླུ་གོང་ནག་པོས་བཞེངས། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ། དེ་བཞིན་གཤེགས་པའི་ལུགས་ལྷ་ཁང་གི་སྒོ་མོ་ཆེ་བཅུ་དྲུག་གིས་བྱན་པ་མཆིམས་རྡོ་རྗེ་སྤྲེལ་ཆུང་གིས་བཞེངས་སོ། །དེ་རེ་རེ་ལ་སངས་རྒྱས་ཀྱི་རིང་བསྲེལ་རེ་རེ་ཡོད། ཕྱི་ལྕགས་རི་ཟུར་མང་རྡོ་རྗེ་འགྲོས་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ཚུལ་དུ་ཁ་བསྐོངས་པ་བཞེངས། ཕྱོགས་བཞིར་མགོན་ཁང་བཞི། སྒོ་བཞིའི་གདོང་ན་རྡོ་རིང་བཞི། རྡོ་རིང་གི་སྟེང་ན་ཟངས་ཀྱི་ཁྱི་མོ་བཞི་དང་བཅས་པ་བཞེངས་སོ། །རྒྱལ་པོས་བཙན་མོ་ལྔ་ཁབ་ཏུ་བཞེས་པ་ལ། མཆིམས་བཟའ་ལྷ་མོ་བཙུན་དང་། མཁར་ཆེན་བཟའ་མཚོ་རྒྱལ་སྒྲུབ་པ་མཛད་པས་ཕྱག་རིས་མེད། ཇོ་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་རྗེར་གསོལ་བས་དགེ་རྒྱས་ལི་མའི་གླིང་བཞེངས་སོ། །དེ་ལྟ་བྲག་དམར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཞི་ཆེ་ལ་དཔངས་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ། དུང་ཕོར་གཟིས་བཀང་པ་འདྲ་བ་སྡེ་འཁོར་དང་བཅས་པ། ཉི་འོག་གི་རྒྱལ་ཨཱཿས་ན་དཔེ་མེད་འགྲན་ཟླ་དང་བྲལ་བ་རྗེའི་ཐུགས་དམ། འབངས་ཀྱི་མཆོད་གནས་འདི་ཉིད་སྟག་གི་ལོ་ལ་རྨིང་བཏིང་ནས་ རྟའི་ལོ་ལ་འབྱོངས་ཏེ། རྒྱལ་པོའི་ཐུགས་དགོངས་ཇི་ལྟར་བསམ་པ་བཞིན་འགྲུབ་པས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་བྱའོ། །དེ་ནས་ལུག་གི་ལོ་ལ་སློབ་དཔོན་པདྨས་རབ་གནས་མཛད་པས་བྱིནརལབ་ངོ་མཚར་ཅན་གསུམ་བྱུང་སྟེ། བྱང་ཆུབ་གླིང་གི་དབུས་ཀྱི་རྣམ་པར་སྣང་མཛད་ནམ་མཁའ་ལ་འཕགས་པ་དང་། དབུ་རྩེའི་ལྷ་རྣམས་ཕྱིར་ཤར་དུ་ཐོན་ནས་བྱུང་བ་དང་། མངའ་བདག་གི་ཐུགས་ལ་ད་ནི་ནང་དུ་ཤར་དུ་ཐོན་ནས་བྱུང་བ་དང་། མངའ་བདག་གི་ཐུགས་ལ་ད་ནི་ནང་དུ་མི་ཚུད་དམ་སྙམ་པ་དང་། སྐད་ཅིག་ལ་ནང་དུ་ཚུད་པ་དང་། དབུས་ཀྱི་རྡོ་རིགས་ཀྱི་སྟེང་ལ་ཟངས་ཀྱི་ཁྱི་མོ་བཞི་ཡོད་པ་ཕྱོགས་བཞིར་མཆོངས་ནས་སྐད་ཐེངས་གསུམ་འདོན་པ་དང་། འཁོར་སའི་སྨྱུག་རིང་རིམ་གྱིས་མ་སྐྱེས་པར་དུས་གཅིག་ལ་ཤད་ཀྱི་བྱུང་ངོ་། །དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ངོ་། །དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུག་ངོ་། །གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། གཙུག་ལག་ཁང་གཞན་བརྩིག་པ་ལ་ཡང་མི་མ་ཡིན་གྱི་གནོད་པ་མི་འབྱུང་བ་ལ་སོགས་པའི་རྟེན་འབྲེལ་དང་བྱིན་བརླབས་མང་དུ་མཛད་དོ། །དེའི་དུས་སུ་རྒྱལ་པོ་ནི་ཐུཊ་དམ་གྱི་ལྷ་ཁང་རྣམས་འབྱོངས་པ་དང་། རབ་ཏུ་གནས་པ་རྣམས་གྲུབ་པས་ཤིན་ཏུ་དགྱེས་ཏེ། །ང་རེ་དབུ་རྩེ་རིགས་གསུམ་འདི། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་རེ་དབུ་རྩེ་རིགས་གསུམ་འདི། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་རེ་དགའ་བྱ་བ་ལ་སོགས་པའི་རྗེའི་དགའ་གླུ་བཅུ་གསུམ་མགུར་དུ་བཞེངས་སོ། །བློན་པོ་རྣམས་ཀྱིས་ཀྱང་རང་རང་ཆེ་བའི་མགུར་བླངས། ལོ་བཅུ་གསུམ་གྱི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། བྱ་རེས་སྐད་རེ་བཏོན། རྩེད་སྣ་དང་ལྟད་མོ་བསམ་གྱིས་མི་ཁྱབ་པ་ཞིག་བྱས་སོ། །དེ་ནས་བསམ་ཡས་ རབ་གནས་ཀྱི་དུས་སུ། ཁམས་གསུམ་ཟངས་ཁང་གླིང་གི་ནུབ་ཕྱོགས་ཀྱི་མཚོ་མོའི་མགུལ་དུ་པདྨའི་སྡོང་པོ་ཞིག་སྐྱེས་ནས་བྱུང་བས། མི་རྣམས་རབ་ཏུ་དགའ་ཞིང་ཚོགས་ནས་ལྟད་མོ་བྱེད་དོ། །བོད་ཀྱི་བདེ་སྐྱིད་དང་མངའ་ཐང་རྣམས་ཉི་མ་ཤར་བ་བཞིན་དུ་རྒྱས་པར་མཛད་དོ། །སད་མི་བདུན། དུས་དེར་རྗེ་བློན་རྣམས་རྩེད་བྲོ་དང་ལོངས་སྤྱོད་ལ་ཡེངས་པས། ལྷ་ཁང་ལ་མཆོད་པའི་ལེ་ལོ་ཤོར་བའི་སྟབས་ཀྱིས་ལྷ་རྣམས་ཀྱི་ཐིགས་ཚགས་དང་གཉེར་བྱེད་མཁན་མེད་པར་གྱུར་པས་ཉམས་ནས་འདུག་པ་གཟིཊ་པ་དང་། རྒྱལ་པོ་མ་དགྱེས་ནས། སློབ་དཔོན་བོ་དྷི་ས་ཏཱ་ལ་ཞུས་པ། ངས་འགྲོ་བ་རྣམས་ལ་ཕན་གདཊ་ཤིང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བྱ་བའི་ཕྱིར་གཙུག་ལག་ཁང་ཅེན་པོ་འདི་བཞེངས་པ་ཡིན་ཏེ། རིང་པོར་མ་ལོན་པར་ཉམས་འདུག་པས། འདི་ཡུན་རིང་པོས་མི་བཞུཊ་པར་འགྱུར་རམ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཡུན་རིང་དུ་བཞུགས་པ་ལ་དཀོན་གཉེར་བྱ་བ་བསྐོས་ནས་ཞབས་ཏོག་དང་གཉེར་བྱེད་དགོས་པ་ཡིན། ཁྱེད་རང་རྣམས་ཀྱང་། ལྟད་མོ་ལ་གཡེངས་ནས་ལྷ་ཁང་ཡལ་བར་དོར་བས་དེ་ལས་འོས་མེད་གསུངས། འོ་ན་དཀོན་གཉེར་དེ་ཇི་ལྟ་བུ་ཞིག་འཚལ་ཞུས་པས། ཁྱིམ་པ་རྣམས་རང་རང་གི་བུ་སྨད་ཀྱི་བྱ་བས་གཡེངས་པས། ལྷ་ཁང་ཡལ་བར་དོར་ནས་དེ་ལ་དཀོན་མཆོག་གི་ཞབས་ཏོག་མི་ཏོང་བས། རབ་ཏུ་བྱུང་བ་དགོས་པ་ཡིན་གསུངས། རབ་ཏུ་བྱུང་བ་བྱ་བ་ཇི་ལྟ་བུ་ལགས་ཞུས་པས།  ང་ལྟ་བུ་ཡིན་གསུངས། འོ་ན་དེ་རྒྱ་གར་ནས་གདན་འདྲེན་འཚལ་ལམ། ངེད་བོད་ལ་ཡང་བཏུབ་ཅེས་ཞུས་པས། རྒྱ་གར་ན་ཤིན་ཏུ་མང་བར་ཡོད་གདན་དྲངས་ནའང་བཟང་སྟེ། དེ་བས་ཀྱང་བོད་ཀྱི་མི་ལ་བྱུང་ན་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་འགྲོ་བས་ཤིན་ཏུ་ལེགས། འོང་ངམ་མི་འོང་ཉམས་སད་ཀྱི་གསུངས་ནས། དཔའ་རྨ་གཟིགས་ཀྱི་བུ་དཔའ་ཁྲི་རཏྣ་དང་། མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང་། རྩངས་ཐེན་ལེ་ཏྲའི་བུ་རྩངས་ལེགས་གྲུབ་དང་། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན་དང་། ཞང་ཉ་བཟང་གི་བུ་ལྷ་བུ་དང་། ཤུད་བུ་ཁོང་སླེབ་དང་། སྦ་གསལ་སྣང་བཅས་རབ་ཏུ་བྱུང་བའི་མིང་ཡེ་ཤེས་དབང་པོ་ཞེས་བྱ་སྟེ། དེ་ལྟར་བདུན་ལ་སྐད་བསླབས་པས་ལོབས་ཏེ་རབ་ཏུ་བྱུང་བས། སད་མི་བདུན་ཞེས་གྲགས་སོ། །ལོ་རྒྱུས་གཅིག་ལས་ལོ་ཙཱ་བ་སད་མི་བདུན་ནི། རྒན་གསུམ། གཞོན་གསུམ། བར་མ་གཅིག་ཅེས་བྱ་སྟེ། རྒན་གསུམ་ནི་དབའ་མཉྫུ་ཤྲཱི་དང་། རྩངས་ཐེན་ལེན་ཏྲ། བྲན་ཀ་ར་མུ་ཏེའོ། །གཞོན་གསུམ་ནི་པ་གོར་བཻ་རོ་ཙ་ན། འཁོན་ན་གེན་དྲ། རྩངས་དེ་ཝན་དྲའོ། །བར་པ་རླངས་སུ་ག་ཏ་གཞན་ཞིག་ཏུ་གླང་ཀ་ཏ་ན་དང་ཡང་གླང་ཀ་ཏ་ཤ་ཞེས་འཁོར་འདུག་སྒྲིག་པོས། རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ། མཁན་པོ་བོ་དྷི་སཏཱས་བྱས་ནས་རབ་ཏུ་བྱུང་བས་སད་མི་མི་བདུན་ཞེས་གྲགས་སོ། །ཤིན་ཏུ་ཚུལ་ཁྲིམས་དང་ལྡན་པ་བྱུང་བས། ཤིན་ཏུ་དགྱེས་ཏེ་ལུག་གི་ལོ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའིད་གེ་སློང་བཅུ་གཉིས་རྒྱ་གར་ནས་གདན་དྲངས་ནས་རབ་ཏུ་བྱུང་བའི་སྡེ་བཙུགས་པ་ནི། རྒྱལ་པོས་འཁོར་འབངས་ཐམས་ ཅད་བསགས་ནས་རྒྱལ་བུ་རྒྱལ་ས་མ་བཟུང་བ་དང་། ལྷ་གཅིག་ཁབ་ཏུ་མ་བཞེས་པ་དང་། འབངས་རལ་པ་ཅན་བརྒྱ་བཞི་བཅུ་དུས་གཅིག་ལ་རབ་ཏུ་བྱུང་ངོ་། །རྒྱལ་པོ་ཉིད་ལ་ཁབ་ཏུ་བཞེས་པའི་བཙུན་མོ་ལྔ་ཡོད་པའི་ཆུང་ཤོས་མཁར་ཆེན་བཟའ་བཙན་མོ་དང་། བྱང་ཆུབ་བཙན་མོ་བྱ་བ་གཉིས་ཀྱང་རབ་ཏུ་བྱུང་ངོ་། །མཁར་ཆེན་བཟའ་བཙན་མོ་ནི་མཚོ་རྒྱལ་ཡིན་ཏེ་མཆིམས་ཕུར་གྲུབ་པ་ཐོབ། བྱང་ཆུབ་བཙན་མོ་གཡོས་ལ་མཁས་པས་ཚང་མང་གླིང་དུ་དགེ་འདུན་རྣམས་ཀྱི་ཕྱག་ཚང་མ་མཛད། གཞན་ཡང་རྨ་རིན་ཆེན་མཆོག ལ་སུམ་རྒྱལ་བའི་བྱང་ཆུབ། ངན་ལམ་རྒྱལ་བ་མཆོག་དབྱངས། སྣུབས་ནམ་མཁའ་སྙིང་པོ་ལ་སོགས་པའི་འབངས་དད་པ་ཅན་ལྔ་བརྒྱ་བར་ཏུ་བྱུང་། འབངས་ཞབས་འོག་གི་རྡེའུ་དང་འདྲ་བ་བདེ་བར་ཕྱུང་། དབུའི་མཆོད་གནས་སུ་ཁུར། འཚོ་བ་བླ་ནས་སྦྱར། དགེ་བ་ཉམ་བག་ཏུ་སྤྱོད་དེ་དགེ་འདུན་གྱི་སྡེ་བཙུགས། ཉན་བཤད་དང་སྒོམས་སྒྲུབ་གྱི་གྲཱ་བཟུང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོ་དྷི་ས་ཏཱ་རྒྱ་གར་གྱི་ཡུལ་དུ་བཞུད་པར་དགོངས་ནས། མངའ་བདག་ལ་ཞུས་པ། བོད་ཡུལ་དབུས་སུ་སྐྱེ་པ་ཡི། །བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། །ཟ་ཧོར་ཡུལ་ནས་བྱོན་པ་ཡི། །མཁས་པ་བོ་དྷི་ས་ཏཱ་དང་། །ཨུ་རྒྱལ་ཡུལ་ནས་ཡོངས་པ་ཡི། །པདྨ་འབྱུང་ནས་གནས་ང་དང་གསུམ། །སྐུ་ཚེ་ཡང་སྔའི་དུས་ཙ་ན། །མ་གུ་ཏ་ཡི་ཡུལ་དག་ཏུ། །མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས། །མཆོད་རྟེན་བརྩིགས་ཤིང་སྨོན་ལམ་བཏབ། །སྐྱེ་བ་སོ་སོར་སྨིན་པ་ལས།  བོ་དྷི་སཏྭ་བྲམ་ཟེར་སྐྱེས། །བཙན་པོ་དྲང་སྲོང་རིགས་སུ་སྐྱེས། །བདག་ནི་ཕྲ་མ་སྲིན་བུར་སྐྱེས། །དེ་གསུམ་གཅིག་ཏུ་ཚོགས་ནས་ནི། །སྔ་མའི་མཆོད་རྟེན་དེ་ལ་ནི། །མཆོད་པ་ཆེན་པོ་རབ་ཕུལ་ཏེ། །སྨོན་ལམ་སོ་སོར་འདི་སྐད་བཏབ། །དྲང་སྲོང་བུ་ཡི་སྨོན་ལམ་ནི། །བདག་ནི་ཚེ་འདིའི་ཕྱི་མ་ལ། །འཁྱག་པ་འཁྱག་ཡུལ་མཐའ་ཁོབ་ཏུ། །ཆོས་ཀྱི་རྒྱལ་པོར་གྱུར་ནས་ནི། །ཆཔས་ཀྱི་བསྟན་པ་འཛུགས་པར་ཤོག །དེ་ལྟར་སྨོན་ལམ་བཏབ་པ་ཡིས། །ད་ལྟ་རྒྱལ་པོར་སྐྱེས་པ་ཡིན། །བྲམ་ཟེའི་བུ་ཡི་སྨོན་ལམ་ནི། །བདག་ནི་མཁས་པ་པཎྜི་ཏ། །རིག་པའི་གནས་ལྔ་མཁས་པ་ཡི། །རྒྱལ་བའི་བསྟན་པ་འཛིན་བྱེད་པའི། །སློབ་དཔོན་བྱེད་པར་སྨོན་ལམ་བཏབ། །ད་ལྟ་བོ་དྷི་སཏྭ་ཡིན། །ཕྲ་མ་སྲིན་བུའི་སྨོན་ལམ་ནི། །བདག་ནི་སྔགས་འཆང་མཐུ་སྟོབས་ཅན། །རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་ཡི། །སྔགས་འཆང་མཐུ་རྩལ་ལྡན་པར་ཤོག །སློན་ལམ་བཏབ་པའི་མཐུ་བཙན་པས། །ཟ་ཧོར་ཨུ་རྒྱན་བོད་ཀྱི་ཡུལ། །སོ་སོར་སྐྱེས་ཀྱང་བོད་ཡུལ་འདིར། །སློབ་དཔོན་ཡོན་བདག་གྱུར་པ་ཡིན། །རྒྱལ་པོའི་ཐུགས་དམ་བསམ་ཡས་འདི། །སྟག་ལ་རྨིང་བཏིང་རྟ་ལ་འབྱོངས། །ལོ་ལྔ་ལྷག་མ་མེད་པར་བཞེངས། །བགེགས་ཞི་དུས་སུ་བསམ་པ་འགྲུབ། །མཁས་པ་བོ་དྷི་སཏཱ་དང་། །ཨུ་རྒྱན་པདྨ་འབྱུང་གནས་བདག །རྒྱ་གར་ཡུལ་དུ་འགྲོ་བར་ཞུ། །ཞེས་གསུངས་པས། རྒྱལ་པོས་སློབ་དཔོན་གཉིས་ལ་གསེར་ཕྱེ་བྲེ་རེས་དངུལ་སྐྱོགས་བཀང་བ་ཕུལ། འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས། ཕྱག་འཚལ་སྐོར་བ་བྱས། སྤྱན་ཆབ་བཏོན་ནས་ཞུས་པ། ཨེ་མ་ཧོ། སློབ་དཔོན་རྣམ་གཉིས་བདག་ལ་གསོན། །ཡང་ སྔའི་ཚེ་ལ་སྨོན་ལམ་བཏབ། །རྒྱ་གར་ཡུལ་དུ་སྐྱེས་ནས་ནི། །ཡང་ནི་སྨོན་ལམ་བཏབ་པ་ཡིས། །སློབ་དཔོན་རྣམ་གཉིས་རྒྱ་གར་དུ། །དམ་པ་ཆོས་ཀྱི་ཡུལ་དུ་སྐྱེས། །བདག་ནི་གདོང་དམར་པོ་བོད་ཀྱི་ཡུལ། །ལས་ཀྱིས་བདག་པའི་རྒྱལ་པོར་སྐྱེས། །བསོད་ནམས་མི་ཆུང་མགོ་ནག་རྗེ། །རྟ་ཡི་ལོ་ལ་བྲག་དམར་དུ། །བདག་ནི་ཡུལ་ལ་བལྟམས་སོ་གསུངས། །བཅུ་གསུམ་ལོན་ནས་ཡབ་དང་བྲལ། །ཉིས་ཤུའི་ལོ་ལ་བསམ་པ་སྐྱེས། །རྩ་གཅིག་སྟག་ལ་རྨིང་བཏིང་ནས། །སློབ་དཔོན་བོ་དྷི་སཏཱ་ཡིས། །ས་གཞི་བྱིན་གྱིས་བརླབས་གྱུར་ཀྱང་། །བགེགས་ཀྱིས་སྒྲུབ་ཏུ་མ་སྟེར་བས། །སློབ་དཔོན་སྤྱན་དྲོངས་སྒྲུབས་ཤིག་པ། །བོ་དྷི་སཏཱའི་ལུང་བསྟན་ཡིན། །སྔོན་གྱི་ཐུགས་དམ་པ་དང་བཙན་བྱོན། །སྟག་ནས་རྟ་ཡི་ལོ་ལྔས་འབྱོངས། །སྔར་ཡང་སྐུ་སྐུ་དྲིན་ཆེ་ཏེས་བསྐྱངས། །ཁྲི་སྲོང་ལྡེ་བཙན་མ་གུམ་ཚེར། །བཞུད་པར་མི་ཞུ་བཞུགས་པར་ཞུ། །ཐུགས་རྗེས་དགོངས་ལ་བཀའ་གནང་ཞུ། །ཞེས་ཞུ་བ་ཕུལ་བས་སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་པས། སློབ་དཔོན་པདྨའི་ཞལ་ནས། རང་རེ་གསུམ་ཚེ་ཡང་སྔ་ལ། ཚེ་གསུམ་གྱི་སྨོན་ལམ་གྱི་འབྲེལ་པ་ཡོད་པ་ཡིན་པས། རྒྱལ་པོའི་ཞལ་ངོ་མི་བསྐུམ་གསུངས་པས། སློབ་དཔོན་བོ་དྷི་སཏཱའི་ཞལ་ནས། ཤིན་ཏུ་ལེགས་སོ། །དེ་བཞིན་བགྱིའོ་གསུངས་ནས། སློབ་དཔོན་གཉིས་ཀྱིས་རྒྱལ་པོ་ལ་བཀབ་གནང་བ། སྐྱེ་བ་གསུམ་གྱི་སྨོན་ལམ་གྱིས། །ལས་ཀྱི་འཕྲོ་ཡི་བོད་དུ་ཚོགས། །སྔར་ཡང་བཙན་པོ་དགྱེས་པར་བགྱི། །རྒྱལ་པོའི་ཞལ་ངོ་མི་བསྐུམ་བགྱི། །ཞེས་གསུངས་ནས་བཞུགས་པར་བཀའ་གནང་ངོ༌། །  ལྕོག་རོ་དང་སྣ་ནམ་སོགས་ཀྱིས་ལོ་ཅཱ་གནང་སྟེ་གསང་སྔགས་རྒྱུད་སྡེའི་སྐོར་བསྒྱུར་ཚུལ། དེ་ནས་བཙན་པོས་སློབ་དཔོན་གཉིས་ལ་ཆོས་གསུངས་པར་ཞུ་བ་ཕུལ་ཏེ། གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས། །དངུལ་གྱི་ཁྲི་ལ་སློབ་དཔོན་བོ་དྷི་སཏཱ་བཞུགས། གུང་གྲལ་དུ་རྒྱལ་པོ་ཉིད་བཞུགས། གཡོན་གྲལ་ལ་ལྕོག་ཀླུའི་རྒྱལ་མཚན་དང་། སྐ་བ་དཔལ་བརྩེགས་དང་། ལོ་ཙཱ་བ་གཉིས་གབ་རྩེའི་ཁྲི་ལ་བཞུགས། སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲུ་རེ་ལ་གཡུ་ཡི་མེ་ཏོག་རི་རབ་གླིང་བཞི་དང་བཅས་པ་གསེར་གྱི་མཎྜལ་ཁྲུ་རེ་ལ་གཡུ་ཡི་མེ་ཏོག་རི་རབ་གླིང་བཞི་དང་བཅས་པ་རེ་ཕུལ། ལོ་ཙཱ་བ་གཉིས་ལའང་རིན་པོ་ཆེའི་མཎྜལ་རེ་ཕུལ་ནས། ཆོས་གསུང་བར་ཞུ་བ་ཕུལ་བ། ཨེ་མ་ཧོ། རྒྱ་གར་ཡུལ་དུ་སྐུ་འཁྲུངས་ནས། །དམ་པའི་ཆོས་ལ་མངའ་བརྙེས་པ། །མཁས་པ་པཎྜི་ཏར་གྱུར་པའི། །སློབ་དཔོན་ཆེནཔོ་རྣམ་གཉིས་ཀྱིས། །སྔགས་དང་མཚན་ཉིད་ཆོས་བཤད་ཞུ། །ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ། །བོད་ཡུལ་མུན་པར་འཐིབས་པ་ལ། །ཆོས་ཀྱི་སྒྲོན་མེ་སྤར་བར་ཞུ། །ཞེས་ཞུས་པས། །སློབ་དཔོན་གྱི་གསུངས་པ། ཨེ་མ་ཧོ། རྒྱལ་པོ་ཆེན་པོ་བོད་ཀྱི་མི་རྣམས་ལ་དད་པ་མེད། བློན་པོ་རྣམས་ནི་ཆོས་ལ་གནག་པས། རྒྱལ་པོ་ཉིད་རང་ཆོས་ཀྱི་བཀའ་ཁྲིམས་འཆོས་ཤིག་གསུངས་ནས། ལུག་གི་ལོ་གཞུག་ནས་སྒྲེའུའི་ལོ་གཞུག་ཡན་ཆད་ལ་སློབ་དཔོན་པདྨའི་ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། བྲང་ཏི་ཛ་ཡ་རཀྵིཏ། ལྕེ་ཀུ་ཀུ་རཱ་ཛ་ལ་སོགས་པས་མཛད་དེ་གསང་སྔགས་ ཀྱི་རྒྱུད་སྡེ་རྣམས་བསྒྱུར་བ་ནི་བབས་དང་པོའོ། །དེ་ཡང་གསང་སྔགས་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས། འཁོར་བ་ལས་གྲོལ་ཞིང་ཕུང་པོ་ལྷའི་དལ་དུ་གསལ་བར་བྱ་བའི་ཕྱིར་ཞི་བའི་ལྷ་རྒྱུད། བདུད་དང་སྲིན་པོ་དྲེགས་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར་ཁྲོ་བོའི་ལྷ་རྒྱུད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་དགྲ་བགེགས་ཚར་བཅད་པའི་ཕྱིར། སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད། གསུང་གི་དབང་ཆེན་འདུས་པའི་རྒྱུད། ཐུགས་ཀྱི་ཁྲོ་བོ་པུཎྜ་རི་ཀའི་རྒྱུད། ཡོན་ཏན་གྱི་ལྷ་མོ་མ་གོམ་བའི་རྒྱུད། ཕྲིན་ལས་ཀྱི་རིག་འདིན་དྲུག་པའི་རྒྱུད། རིགས་སྔགས་སྤྱིའི་སྒྲུབ་ལུགས་དཔལ་ཧེ་རུ་ཀ་འདུས་པའི་རྒྱུད། འཇམ་དཔལ་སྐུའི་སྒྲུབ་ལུགས་ལ་སོགས་གསང་བའི་བཀའ་བརྒྱད་སོ་སོའི་འགྱུར་བྱུང་རྣམས་རྒྱས་པར་འོག་ནས་སྟོན་ནོ། །ཕྲིན་ལས་ཁ་སྐོང་བ་དང་། རྒྱན་རྒྱགས་གདབ་པའི་ཕྱིར། ཤེས་པོ་སྟོང་གིས་བརྒྱན་པའི་རྒྱུད་ལས་རྒྱ་མཚོ་ཇི་ལྟར་བྱས་པ་བསྟན་པའི་ཕྱིར། རྐརྨ་མཱ་ལྱེ་ཕྲིན་ལས་ཀྱི་རྒྱུད། བསོད་ནསམ་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར། ཚོགས་རྒྱུད་ཆེན་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པའི་ཕྱིར། ནམ་མཁའ་མཛོད་ཀྱི་བྱིན་གྱིས་བརླབས་པའི་རྒྱུད། སྦྱོར་བ་གནས་སུ་དག་པའི་ཕྱིར། ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོར་བྱ་བའི་ཕྱིར། གླང་པོ་ཆེ་བར་འབོག་གི་རྒྱུད། སྒོརལ་མ་གནས་སུ་དག་པར་བྱ་བའི་ཕྱིར། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། བཀྲ་ཤིས་པ་ལ་སྦྱིན་སྲེག་བྱ་བའི་ཕྱིར། ཟ་བྱེད་རོལ་པའི་རྒྱུད། གཏོར་མའི་ ལས་ཐམས་ཅད་སྔོན་དུ་འགྲོ་བའི་ཕྱིར། གཏོར་རྒྱུད་ཆེ་ཆུང་། བཀའ་འཁོར་སྐྱོང་བའི་སྲུང་མ་ལྷག་མ་ལ་དབང་བ་ལ་ལས་བཅོལ་བའི་ཕྱིར། དཔལ་འབར་ཁྲོ་བོའི་རྒྱུད། དགྲ་བགེགས་གཟིར་ཞིང་མནན་པའི་ཕྱིར། ཞིང་བཟུ་རོལ་པའི་རྒྱུད། དེ་རྣམས་ནི་མཧཱ་ཡོ་གའི་རྒྱུད་སྡེ་ཡིན་ནོ། །ཨ་ནུ་ཡོ་གའི་རྒྱུད་སྡེ་ལ། མདོ་བཞི་ཐེམས་དང་ལྔ་ལ། ཀུན་བཏུས་རིག་པའི་མདོ། །སེམས་ལུང་ཆེན་མོའི་མདོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་ཐེམས་སུ་བཞག་པ་ཡིན་ནོ། །གབ་པ་སྡེ་དྲུག་ལ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལྱེ། མཇུག་རྒྱུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོན་ནོ། །སྒྱུ་འཕྲུལ་སྡེ་བརྒྱད་ལ། སེམས་དང་ཡེ་ཤེས་དང་རང་སྣང་དུ་སྟོན་པ་གསང་བའི་སྙིང་པོ། ཕྲིན་ལས་ཁ་ཚང་བར་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་དང་བསྟན་པའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེ་ལག དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ། དེ་རྣམས་ཀྱིས་མ་ཚང་བ་ཁ་སྐོང་པ་སྒྱུ་འཕྲུལ་བརྒྱད་ཅུ་པ། དོན་དམ་པ་ཡེ་ཤེས་ཡོངས་སུ་ཤེས་པ་འཇམ་དཔལ་སྒྱུ་འཕྲུལ་ལོ། །དེ་རྣམས་ནི་གསང་སྔགས་ནང་གི་རྒྱུད་སྡེ་ཡིན་ནོ། །རྒྱ་དཔེ་རྒྱ་གར་ཤྲཱེ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པ་ལ། སློབ་དཔོན་གྱི་རྫུ་འཕྲུལ་གྱིས་བླངས་ཏེ། རྒྱ་ གར་དུ་མ་ལུས་པར་དཔེ་བསམ་ཡས་ཀྱི་དཀོར་མཛོད་ན་བཞུགས་སོ། །སློབ་དཔོན་བོ་དྷི་སཏཱ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཚལ། སློབ་དཔོན་བོ་དྷི་སཏཱ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཏེ། དེ་ཡང་བྱ་བའི་རྒྱུད། ཀྲྀ་ཡའི་ཆོས་བྱ་བ་ཕྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་ཀྲྀ་ཡ་དཔུང་བཟང་གི་རྒྱུད། རིག་སྔགས་ཐམས་ཅད་གསལ་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དོན་བསྡུས་པ་སུ་སི་ཏི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དང་དྲུག་གོ །བྱ་བ་བྲེ་བྲག་གི་རྒྱུད་ནི། རིགས་གསུམ་གྱི་སྐོར་ལས། སྤྱན་རས་གཟིགས་ཀྱི་ཆོས་སྐོར་ལ་པདྨ་རྩེ་མོ་སངག་ཀྱི་རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤ་དོན་ཡོད་ཞགས་པའི་རྒྱུད། ཟ་མ་ཏོག་བཀོད་པ་ཆེ་ཆུང་པ་སོགས་པའི་རྒྱུད་དོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་དྲྭ་བ་སྤྱོད་པའི་རྒྱུད། འཇམ་དཔལ་མཚན་ཡག་དགཔར་བརྗོད་པ་གླུར་བླངས་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཕྱག་ན་རྡོ་རྗེ་ས་འོག་གི་ རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །གཟུངས་གྲྭ་ལྔ་ལ་སོགས་པ་གཟུངས་བརྒྱ་དྲུག་ཅུའོ། །ཨུ་པའི་རྒྱུད་བཞི་ལ་སྤྱོད་རྒྱུད་བཞི་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རེཇ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་དོ། །ཡོ་ག་རྣལ་འབྱོར་གྱི་རྒྱུད་ལ། ཡོ་གའི་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་ཡོད་པས་མ་བསྒྱུར། དེའི་རྒྱུད་སྡེ་ཆེན་པོ་བཞི་ལ། རྩ་བའི་རྒྱུད་ཏ་ཐ་སང་ཀྲ་ཧ་དང་། པ་ཤ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད་དང་། ཤྲཱི་པདྨ་རཱ་ག་རྒྱ་དཔལ་མཆོག་དང་པོའི་རྒྱུད་དང་། ས་མུན་ཛཱ་ཡ་རྟོགས་པ་བསྡུས་པའི་རྒྱུད་དང་བཞིའོ། །དེ་ལྟར་གསང་སྔགས་ཕྱིའི་རྒྱུད་སྡེ་དེ་རྣམས་སློབ་དཔོན་བོ་དྷི་སཏྭ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་རོ། །རྒྱུ་དཔེ་རྣམས་བསམ་ཡས་ཀྱི་དཔེ་མཛོད་དུ་བཞུགས་སོ། །ལོ་ཙཱ་བ་ཉང་ཏིང་འཛིན་བཟང་པོས་ཀྲྀ་ཡའི་རྒྱུད་སྡེ་ཏཱིཀ་སོགས་བསྒྱུར་ཚུལ། བབས་གཉིས་པ་ནི་དེའི་རྗེས་ལ་སློབ་དཔོན་དྷ་ནས་སྐྲིཏ་དང་། ཤཱམྟིང་གབྡྷ་གདན་དྲངས་ཏེ། དེའི་དུས་ལོ་ཙཱ་བ་ཉང་ཏིང་འཛིན་བཟང་པོས་མཛད་ནས་ཀྲྀ་ཡའི་རྒྱུད་སྡེ་ཊཱིཀ་དང་བཅས་པ་དང་། སྐུ་གསུངས་ཐུགས་ཀྱི་གལ་པོའི་སྐོར་དང་། གཤིན་རྗེའི་སྒྲུབ་ཐབས་ཁ་ཡར་བསྒྱུར་རོ། །  སློབ་དཔོན་སངས་རྒྱས་གསང་བ་ལས་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྒྱུར་བ། བབས་གསུམ་པ་ནི། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སི་ལ་བྱོན་པའི་ཚེ་ཆོས་གསུངས་པ་རྣམས་ཡིན་ཏེ། སྐུ་ཆེ་བའི་ལོ་རྒྱུས་ནི། རྒྱ་གར་ནུབ་ཕྱོགས་པའི་རྒྱལ་རིགས་ཆེན་པོ་ཞིག་ཡིན་ཅིང་། ལན་གཅིག་གི་ཚེ་རྒྱལ་པོ་ཆེན་པོ་ཞིག་ལ་སྲས་ཞིག་འཁྲུངས་པ་ལས། རྒྱལ་པོའི་ཐུགས་དགོངས་ལ་ངའི་བུ་འདི་ལ་འཇིག་རྟེན་གྱི་ཁམས་ན་གང་ཟག་མིའི་སློབ་དཔོན་དུ་བྱ་བའི་འོས་མེད་པས་མཁྱེན་རབ་གྱི་མངའ་བདག་འཕགས་པ་འཇམ་དཔལ་བསྒྲུབ་ཏུ་བཅུག་ལ་དེ་ལ་སློབ་དཔོན་ཞུ་དགོངས་སྙམ་ནས། སྐུ་རྟེན་ལུགས་སྐུ་ཁྲུ་གང་། གསུང་རྟེན་མེ་ཏོག་པདྨ། ཐུགས་རྟེན་འོ་མ་སྤར་བུ་གང་གཏད་དེ། རྒྱལ་པོས་འཇམ་དཔལ་གྱི་སྒོམ་ལུང་ཕོག་ནས་བསྒྲུབ་ཏུ་བཅུག་པས་རྒྱལ་པོ་བསོད་ནམས་ཆེ་བ་དང་། རྒྱལ་རིགས་ཡིན་པས་ཞག་དྲུག་ནས་འགྲུབ་སྟེ། ལུགས་སྐུ་ཞལ་འཛུམ་པ་དང་བཞད་པ་ལ་སོགས་པ་བྱུང་། པདྨའང་སོར་མར་སྐྱེས་པ་འདྲ་བ་བྱུང་། འོ་མ་ཡང་ལུད་ལ་ཁད་པ་བྱུང་སྟེ་རྒྱལ་བུའི་བསམ་པ་ལ་འཇམ་དཔལ་འགྲུབ་ནས་འདུག་བས་སིདྡྷི་གང་ལ་བླངས་ན་དྲག་སྙམ་པའི་ཐེ་ཚོམ་སྐྱེས་པ་ལས། ལྷ་ཉིད་བདུད་འཆར་ཀ་ནག་པོ་ཞེས་བྱ་སྟེ། བྱ་ནག་པོ་ཆེན་པོ་ཞིག་ཏུ་སྤྲུལ་ནས་གཤོག་པ་ཆུར་བཅུག་པ་ས་ལ་བསྒྲེས་ཏེ། སློབ་དཔོན་གྱི་འགྲམ་པ་ལ་བརྒྱབ་པས་དར་ཅིག་བརྒྱལ་བར་གྱུར་ཏེ། བརྒྱབ་བ་སངས་པ་དང་བལྟས་པས། ལུགས་སྐུའང་ནག་ལོག་གེར་སོང་། པདྨ་ཡང་རྙིང་པར་ སོང་། འོ་མ་ཡང་བསྐམས་ལ་ཁད་པར་སོང་། རྒྱལ་བུའི་བསམ་པ་ལ་ད་རེས་སིདྡྷི་གང་ལ་བླངས་ཀྱང་ཆོག་པའི་དུས་སུ་སིདྡྷི་མ་བླངས་པས་ལན། དེ་ཅིས་ཉེས་སྙམ་ན་ཐེ་ཚོམ་ཟོས་པས་ལན། དེ་ཅིས་ལན་ན་ཐོས་པ་ཆུང་བས་ལན་སྙམ་ནས། ཧ་ཅང་ཐོས་པ་ཆུང་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། ངའམ་ང་ལྟ་བུའོ་གསུངས་ནས། ཡབ་རྒྱལ་པོ་ལ་ཞུས་ནས། རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་ལྔ་བརྒྱའི་དྲུང་དུ་ཐོས་པ་མཛད་དུ་བྱོན་པས། ཁོང་རིགས་བཟང་བ་དང་། འཇམ་དཔལ་གྲུབ་པའི་སྟོབས་ཀྱིས་པཎྜི་ཏ་ལྒ་བརྒྱའི་མཁྱེན་པ་ཐམས་ཅད་ཐོགས་པ་མེད་པར་ཐུགས་སུ་ཆུད་ཅིང་མཁས་པ་ཆེན་པོར་གྱུར་ཏེ་ཁོང་རིགས་བཟང་བ་དང་མཁས་པའི་སྟོབས་ཀྱིས་ལོངས་སྤྱོད་འདུ་འཛི་མང་པོ་འདུས་པས་གཡེངས་པ་ཤིན་དུ་ཆེ་སྟེ། སྐྱོ་བ་སྐྱེས་ནས་ཧ་ཅང་ཐོས་པ་ཆེ་ན་བདུད་ཀྱི་ལས་སུ་རིགས་པར་བྱ་སྟེ། ངའམ་ང་ལྟ་བུའོ་གསུངས་ནས། གངས་ཏི་སེ་བྱ་རོག་གི་གདོང་པ་ཅན་གསེར་བྲག་བྱ་སྐྱིབས་བྱ་བར་སྒོམ་སྒྲུབ་ལ་བྱོན་པ་དང་དེའིད་དུས་སུ་བོད་ཡུལ་ན་ཆོས་སྐྱོང་བའི་རྒྱལ་པོ་མངའ་བདག་ཁྲི་སྲོང་ལྡེ་བཙན་བཞུཊ་པ་དང་དུས་མཚུངས་ནས། གངས་ཏུ་སི་ན་རྒྱ་གར་གྱི་པཎྜི་ཏ་མཁས་པ་ཞིག་བྱོན་ནས་འདུག་ཟེར་བ་ཐོས་ནས། ལོ་ཙ་བ་དབའ་མཉྫུ་ཤྲཱི་ཝརྨ་དང་། མཆིམས་ཤཱཀྱ་པྲ་བྷ་དང་། བྲན་ཀ་ར་མུ་ཁེནྡྲ། རྩངས་ཐེ་ལེག་ཏྲ་དང་བཞི་ལ་གསེར་ཕྱི་བྲེ་གསུམ་བསྐུར་ནས་གདན་འདྲེན་དུ་བཏང་བས། ང་སྒྲུབ་པའི་དམ་བཅའ་ཞིག་བྱས་ནས་ཡོད་པས་བོད་དུ་མི་འགྲོ་གསུངས་ནས། འབྱོན་དུ་མ་བཞེད། མི་འབྱོན་ན་ཆོས་ཞུ་འཚལ་ཞུས་པས། ཆོས་བཤད་པའི་དུས་ལ་བབ་བམ་མི་བབ་ཡིད་གྱི་ལྷ་ལ་དྲི་ཡིས་ གསུངས་ནས། ཞག་གསུམ་ཡི་དམ་ལྷ་ལ་གསོལ་བ་བཏབ་ནས་དྲིས་པས། དུས་ལ་བབ་པར་ཡི་དམ་ལྷས་ལུང་བསྟན་ནས། ཆོས་གསུང་བར་གནང་སྟེ། གསང་སྔགས་ཀྱི་ཆོས་ཟབ་མོ་བཤད་པ་ལ་སྨོན་ལ་དབང་བསྐུར་དགོས་གསུངས་ནས། སློབ་དཔོན་གྱིས་མཚོ་མ་ཕམ་གཡུའི་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཞི་བཅུ་རྩ་གཉིས་མདུན་གྱི་ནམ་མཁའ་ལ་བཀྲ་ས་ལེ་འདུག་པ་བང་ཆེན་པ་རྣམས་ཀྱིས་ཞལ་མཐོག་བ་བྱུང་། དེར་སློབ་དཔོན་གྱིས་དབང་ལྷ་ལ་ཞུ་བའམ་ང་ལ་ཞུ་གསུངས་པས། ཁོང་རྣམས་ཀྱི་སེམས་པར། ལྷ་དེ་ནས་མི་སྣང་བར་འགྲོ་བས། སྔོན་ལ་ལྷ་ལ་ཞུ་བྱས་པས། སློབ་དཔོན་གྱིས་སེ་གོལ་གཏོགས་པ་ཞིག་བྱས་ཏེ། ལྷ་ཚོགས་རྣམས་ཏུགས་ཀར་བསྡུས་ནས། ཁྱེད་བོད་སྲིན་པོ་གདོང་དམར་བ་འདི་དམ་ཚིག་ཤིན་ཏུ་ཆུང་བར་འདུག་སྟེ། ཆོས་འཆད་པའི་འབྲེལ་བ་ཙམ་འདུག་པས། བཤད་པར་བྱ། གསུངས་ནས་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ངན་སོངས་སྦྱོང་རྒྱུད་སྒྲུབ་ཐམས་དང་་བཅས་པ། མན་ངག་ཨ་བ་ཏ་ར་ལ་སོགས་ལ་ཡོ་གའི་ཆོས་རྣམས་དང་། གཞན་ཡང་གསང་སྔགས་ནང་གི་རྒྱུ་འཕྲུལ་གསང་བའི་སྙིང་པོ་འགྲེལ་པ་དང་བཅས་པ། མན་ངག་ལམ་རིམ། སློབ་དཔོན་ཉེད་ཀྱིས་མཛད་པའི་མན་ངག་རྡོ་རྗེ་ལམ་རིམ། ཁྲོ་བོའི་ལམ་རིམ་དང་། ཞི་བ་དྲྭ་ཆེན་དྲྭ་ཆུང་དང་། འབྲིང་པོ་ལ་སོགས་མན་ངག་ཕྲ་མོ་མང་པོ་དང་། བསམ་གཏན་ཕྱི་མའི་རྒྱ་ཆེར་འགྲེལ་པ་དང་བཅས་པ། གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྒྱུར་ནས་བྱུང་བ་ཡིན་ནོ། །ལང་ཆེན་པ་རྣམས་ཀྱིས་རྒྱལ་པོ་ལ་གསུངས་པ། རྒྱལ་པོས་ལོ་ཙྭ་བ་ རྨ་གཉག་གཞན་དུ་དམའ་གྲག་ཞེས་འཁོད། སྒྲིག་པོས། གཉིས་ལ་བཤད། དེ་ནས་མར་སྒྱུ་འཕྲུལ་གྱི་བརྒྱུད་པ་སྤྱི་མདོ་དང་མཐུན་པར་གསུངས་སོ། །གྲུབ་ཐོབ་སློབ་དཔོན་ནམ་མཁའ་སྙིང་པོའི་སྐོར། བབས་བཞི་པ་ནི། རྒྱ་གར་ན་སློབ་དཔོན་ཧཱུཾ་ཀ་ར་གསང་སྔགས་ཀྱི་མངའ་བདག་ཏུ་གྲགས་ནའང་། སྤྱན་ནི་མ་འདྲོངས། རྒྱལ་པོའི་ཐུགས་དགོངས་ལ། གསང་སྔགས་རྡོ་རྗེ་ཐེག་པ། ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས། རྒྱ་གར་ཡུལ་དུ་གྲུབ་ཐོབ་རྣམས་ལ་ཞུ་རུ་བཏང་ལ། བོད་འདིར་ཡང་གྲུབ་ཐོབ་འགའ་མ་བྱུང་ན་ཆོས་ལ་ཡིད་མི་ཆེས། ཕྱི་རབས་ཀྱང་མི་འབྱུང་ལ། རྒྱ་གར་དུ་ཆོས་ལ་གཏུག་ཏུ་གཏོང་དགོས་སྙམ་ནས། བོད་ཀྱི་དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཏེ། གནུབས་ནམ་ཁའི་ཧ་རཱ་ཛ། འདྲེ་རྒྱལ་བའི་བློ་གྲོས་དང་ལྔ། ལང་གྲོ་དཀོན་མཆོག་འབྱུང་གནས་དང་། དགེ་སློང་མི་ལྔ་དཔོན་དང་དྲུག་བརྫངས་ཀྱང་ཟེར་དེ། དེ་རྣམས་ཞབས་འོག་ནས་རྡེའུ་བཏོན། དབུའི་མཆོད་གནས་སུ་བསྐུར་བས། བཀའ་ལ་བཏགས་ནས། རྒྱ་གར་གྱི་ཡུལ་དུ་གསང་སྔགས་ཀྱི་ཆོས་འཚོལ་དུ་བཏང་སྟེ། གསེར་ཕྲེ་བྲེ་གསུམ་བསྐུར་ནས་བཏང་བ་དང་། དགེ་སློང་མི་ལྔས་དཀའ་བ་སྲོག་དང་བསྡོས་ཏེ། རྒྱ་གར་ཡུལ་དུ་ཕྱིན་ནས་ད་ལྟ་རྒྱ་གར་ཡུལ་ན་གསང་སྔགས་ཀྱི་གྲུབ་པ་ཐོབ་པར་གྲཊ་པ་ཇི་སྐད་བྱ་བ་ཡོད་དྲིས་པས། གསེར་བྲག་བྱ་ཁྱུང་བ་ལ་སློབ་དཔོན་ཧཱུཾ་ཀ་ར་བྱ་བ་བཞུགས་ཟེར་ནས། སློབ་དཔོན་གྱི་ཐད་དུ་ཕྱིན་ནས་གཡོག་པོ་སོག་སྐྱ་ དེ་བ་བྱ་བ་ལ་གསེར་བརྔན་པར་བྱིན་ནས། སློབ་དཔོན་ལ་ཆོས་ཞུ་བ་ཡིན་པས། ཁྱོད་ཀྱིས་སློབ་དཔོན་དང་ངོ་སྤྲོད་དགོས་བྱས་པས། སློབ་དཔོན་བསྐོར་ཁང་རིམ་དགུའི་ནང་ན་དགོངས་པ་མཛད་ཅིང་བཞུགས་པས། མཇལ་དུ་མི་བཏུབ། ཁྱེད་རང་ནང་དུ་འཁྲིད་ཀྱིས། སློབ་དཔོན་གྱི་སྤྱན་སྔར་བཙན་ཐབས་ཀྱིས་སོང་ལ་གསེར་ཕུལ་ལ་ཆོས་ཞུས་ཤིག་གནང་སྟེར་འོང་གིས་ཟེར་བས། བོད་ཀྱི་བན་དྷེ་མི་ལྔས་ཕྱིན་ནས་ཕྱག་བཙལ་ཏེ། གསེར་ཕྱེ་བྲེ་གང་ཕུལ་ནས། སློབ་དཔོན་ཆེན་པོ་ལགས། ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་ཤིག་འཚོལ་དུ་བཏང་བས། སློབ་དཔོན་གྱིས་གནང་འཚལ། ཞུ་རྟེན་དུ་གསེར་བསྐུར་བ་འདི་ལགས། ཆོས་མ་རྙེད་ན་རྒྱལ་པོས་ངེད་རྣམས་ལ་ཆད་པ་གཅོད་དུ་འོང་བས། སློབ་དཔོན་གྱིས་ཐུགས་རྗེས་བཟུང་འཚལ། ཞེས་ཞུ་པས། སློབ་དཔོན་གྱི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས། ཆོས་ལ་ཐུགས་དགོངས་འཇོག་པ་ངོ་མཚར་ཆེ། ཁྱེད་རྣམས་དཀའ་བ་དང་བསྡོས་ནས་ཆོས་འཚོལ་དུ་འོང་པས་ང་དང་འཕྲད་པ་ལས་འཕྲོ་ཡོད་པ་ཡིན་པས་སྔོན་ལ་དབང་བསྐུར་དགོས་གསུངས་ནས། དབང་གསང་སྔགས་ཀྱི་རྩ་བ་ཡིན་པས། དབང་མ་བསྐུར་ན་གསང་སྔགས་བཤད་དུ་མི་རུང་། སྒྲུབ་ཏུ་མི་རུང་གསུངས་ནས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། ཕྲག་འཐུང་དྲུག་ཅུ་རྩ་བརྒྱད་པའི་ཞལ་བསྟན། དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང་། ཟླ་གམ་དགུ་པ་དང་། དུག་གསུམ་པང་རིམ་གསུམ་པ་དང་། དལ་རིམ་པར་ཞལ་ཕྱེ་ནས་བསྟན། སྨན་གྱི་སྒྲུབ་པའི་དལ་ལ།  གསུམ་ལས། པདྨ་འདབ་མ་བརྒྱད་ལ་བརྟེན་ནས་སྨན་མཁའ་འགྲོ་མ་བུའི་སྒྲུབ་པ། ཙཀྲ་རྩིབས་བརྒྱད་ཕྱེ་མའི་སྒྲུབ་པ། ཟླ་གམ་དགུ་པ་དམ་རྫས་རློན་སྦྱོར་གྱི་སྒྲུབ་པ་དང་། དེ་ལྟར་གསུམ་དུ་བདུད་རྩི་སྨན་གྱི་སྒྲུབ་པར་ཞལ་བསྟན། བཀྲ་ཤིས་དག་པའི་རྫས་ལ་བརྟེན་ནས་ཚེ་སྒྲུབ་པ། མཁའ་དབྱིངས་དག་པའི་ཡུམ་ལ་བརྟེན་ནས་ཚེ་སྒྲུབ་པ། གསང་བ་བྱང་ཆུབ་སེམས་ལ་བརྟེན་ནས་ཚེ་སྒྲུབ་པ་དང་གསུམ་གྱི་དལ་དུ་ཚེ་སྒྲུབས་ནས་འཆི་མེད་ཚེའི་དབང་བསྐུར། ཡེ་དག་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་སྒྲུབ་པ། མཁའ་དག་པ་སྦྱོར་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ། སྙིང་རྗེ་དག་པ་སྒྲོལ་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པར་གསང་སྔགས་སྤྱོད་པས་དབང་བསྐུར། དེ་རྣམས་ལག་ལེན་དུ་བཤད་ནས། ཡང་དག་སྐོར་བྱང་ཐམས་ཅད་བརྫངས་ནས། ད་ལོ་གཅིག་ཏུ་བསྒྲུབ་ལ གྲུབ་རྟགས་ཐོན་པར་གྱིས་ལ་བོད་དུ་སོང་ཞིག་གསུངས་པས། བོད་ཀྱི་བན་དྷེ་མི་ལྔ་པོས་འགྲོ་བར་བྱས་པས། རླངས་དཔལ་གྱི་སེདྒེ་ན་རེ། སློབ་དཔོན་རྒྱ་ཆོས་བོད་དུ་འཕེལ་གྱིས་དོག་པ་ཡིན་ཉེན་ཡོད། རྒྱ་གར་བ་ཅོས་ལ་ཕྲག་དོག་ཆེ་བས། འོ་ཅག་གི་སྲོག་ལ་འབབ་ཉེན་ཡོད་བྱས་པས། གནུབས་ནམ་མཁའི་སྙིང་པོས་སྨྲས་པ། མས་བུ་ལ་དུག་ཆུ་མི་བླུད། སློབ་དཔོན་གྱིས་ལོག་པ་མི་སློབ། སློབ་དཔོན་གྱི་བཀའ་བཅག་ན་དམྱལ་བར་འགྲོ། ང་མི་འགྲོ་ཁྱེད་ཅག་འགྲོ་ན་སོང་ཞིག་བྱས་པས། མི་བཞི་པོས་འགྲོ་བར་ཆས་པ་ལ། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་བྱིན་གྱིས་བརླབས་པ་ཞིག་རླངས་དཔལ་གྱི་སེདྒེ་ལ་བསྐུར་ནས། འདི་ཉལ་ཙ་ན་སྔས་སུ་ཐོབ་ཅིག བར་ཆད་འོང་ཉེན་ཡོད་དོ་གསུངས་པ་དང་། བལ་ཡུལ་གྱི་མཚོ་འགྲམ་ཞིག་ཏུ་ཉལ་བ་དང་། སེང་ ལྡེང་གི་ཕུར་པ་སྔས་སུ་བཏབ་སྟེ་ཁོ་གཉིད་ལོག་པས་གྲུ་གུ་ཨུ་པེ་ཤས་ཁོ་རང་གི་སྔས་སུ་བཏབ་པ་དང་། སྔར་སློབ་དཔོན་གྱི་བཀའ་ལ་ཡིད་མ་ཆེས་པའི་སྐྱོན་གྱིས་མཆོ་དེ་ལ་ཀླུ་ནག་པོ་འདམ་འཛིན་བྱ་བ་ཡོད་པ་སྦྲུལ་ནག་པོ་ཆེན་པོ་གཅིག་ཏུ་བྱས་ཏེ། དཔལ་གྱི་སེདྒེའི་རྩེའུ་ཆུང་འཇིབ་ཏེ་གུམ་མོ། །དེ་ནས་དགེ་སློང་མི་གསུམ་པོས་རྗེའི་སྤྱན་སྔར་བྱོན་ཏེ། ཆོས་ཕུལ་ནས། གཉིས་པོའི་ལོ་རྒྱུས་བཤད་པས། རྒྱལ་པོ་ཡང་ཐུགས་མ་ཆེས། བློན་པོ་གདུག་པ་ཅན་རྣམས་ཀྱིས་ཆོས་ལ་ཕྲག་དོག་བྱས་ཏེ། འདྲེ་རྒྱལ་བའི་བློ་གྲོས་བྱང་ཐོ་སིང་ཧ་རཱ་ཛ་མདོ་ཁམས་སྨད་དུ་སྤྱུགས་སོ། །གནུབས་ནམ་མཁའི་སྙིང་པོ་ལ་སློབ་དཔོནགཡིས་ཡང་དག་སྒྲུབ་པ་རྩ་བ་ལྟ་བུ་ལ་འགྲེལ་ཆེན་སྒྲོན་མེ་ལྟ་བུ་མཛད་ནས་བཤད། ཡང་དག་སྒྲུབ་པ་ལུས་ཀྱི་ཁོག་པ་དང་འདྲ་བས་ན། ཁོང་པའི་སྙིང་དང་འདྲ་བའི་མེ་གཅིག་ཐོད་གཅིག་གནང་ནས། ལོ་གཅིག་གསེར་བྲག་བྱ་ཁྱུང་ལ་བསྒྲུབས་པས་དཔལ་ཆེན་པོ་ཡབ་ཡུམ་གྱི་ཞལ་མཐོང་། དེ་ནས་བོད་དུ་རྫུ་འཕྲུལ་གྱིས་འོངས་པས། མངའ་བདག་གི་སྤྱན་སྔར་ཕྱིན་ནས་རྗེ་ལ་ཞུས་པ། རྗེས་བཞེད་པའི་ཆོས་དཔལ་ཡང་དག་གྲུབ་ལ་བྱ་བ་རྒྱུ་སེམས་ཅན་ལ་འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པ་འདི་ལྟ་བུ་མཆིས་སོ་གསུངས་ནས། ཡང་དག་གྲུབ་པ་གཅིག་པོ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣམ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ནས། རང་གི་བྲང་དངུལ་དཀར་གྱི་གྲི་གུས་གཤགས་ནས།  ཁོང་པ་ན་ཞི་བའི་ལྷ་སངས་རྒྱས་བཞི་བཅུ་རྩ་གཉིས་བཀྲ་ལམ་པ་བསྟན་པས། རྒྱལ་པོ་ཚིག་དང་དོན་གཉིས་ལྷ་གསུམ་ཀ་ལ་ངེས་ཤེས་སྐྱེས་ཏེ། ཕྱག་དབུ་ཐོད་བུད་བུད་བཙལ་ལོ། །དེ་ནས་རྒྱལ་པོ་དབུའི་མཆོད་གནས་སུ་བཟུང་ནས། འཕགས་པ་ཡང་དག་པའི་ཆོས་སྐོར་རྣམས་དང་། ཀྲྀ་ཡ་ཡོ་ག་སྡེ་གསུམ་དང་། མ་ཧཱ་ཡོ་གའི་རྒྱུད་དང་ཕྱག་བཞེས་དང་། གཞན་ཡང་ལུང་གི་ཧེ་རུ་ཀ་གལ་པོ་ལ་སོགས་པའི་རྒྱུད་དང་ཕྱག་བཞེས་མང་དུ་བསྐྱུར། ཁྱད་པར་དཔལ་ཡང་དག་ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་དང་། ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང་། ཟླ་གམ་དགུ་པ་དང་། ཟླ་གམ་གཅིག་པ་དང་། དུག་གསུམ་ངང་རིམ་གསུམ་པ་ལ་སོཊ་པ་རྣམས་རྒྱུད་སྒྲུབ་ཐབས་ཕྱག་བཞེས་ལ་སོཊ་པ་རྣམ་གསུངས་ཤིང་གསན་པས། བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས་རྒྱལ་པོས་འབངས་ལ་སློབ་དཔོན་བྱ་བར་མི་རིཊ་པས། འདི་རྒྱལ་ཁྲིམས་ལ་གནོད་པས། འདུག་ས་གཅིག་ཏུ་མི་འཇོག་གོ་ཟེར་ནས་ལྷོ་བྲག་མཁར་ཆུར་སྤྱུགས་སོ། །ལྕགས་ཕུར་ཅན་དུ་སྒྲུབ་ཏེ། གྲུབ་རྟགས་མར་མེ་རང་འབར་བ་དང་། བྲག་ལ་སྐུ་རྒྱབ་གཏད་པའི་ཤུལ་དང་། ཕུར་བ་བཏབ་པ་དང་། ཉི་ཟེར་ལ་ཞོན་ནས་གཤེགས་པ་བྱུང་གོ །དེ་ནས་དུས་ལན་གཅིག་གི་ཚེ་ན་རྒྱལ་པོ་བསྙུང་ནས། སྐུའི་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་ལྟོ་དང་རྩིས་དང་མོ་ལ་སོགས་པ་བཏབ་པས་གཞན་ཅིས་ཀྱང་མི་ཕན། དགེ་སློང་ནམ་མཁའ་སྙིང་པོ་སྤྱན་དྲངས་ན་ཕན་ཟེར་ནས། བང་ཆེན་པ་མི་གཉིས་བཏང་བ་དང་། ཁྱེད་རང་སྔོན་ལ་སོང་ཤིག་ང་འོང་གི་གསུངས་པ་དང་། བང་ཆེན་པས་མ་སླེབས་པར་སློབ་དཔོན་རྒྱལ་པོའི་སྤྱན་སྔར་ཉི་མ་དྲོས་པ་དང་བྱོན་ནོ། །དེར་རྒྱལ་པོས་སྐུའི་རིམ་གྲོའི་ཡོ་བྱད་ཅི་འཚལ་ ཞུས་པ་དང་། གཞན་ཅི་ཡག་མི་འཚལ། ད་རྒྱལ་པོ་ཉིད་རང་བཞེས་པ་ཅི་ཙལ་འཚལ་བ་ཞིག་ཞལ་སྐྱེམས་དང་ཆོས་ལ་དྲོངས་ཤིག་གསུངས་ནས། དེ་ཁ་ཟས་ཚོགས་མཛད་ནས་བཞེས་པས་སུམ་ཆ་གཅིག་ཙམ་ཞིག་གསོལ་ཚར་ཙམ་ན། འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་ནི་བུད་མེད་དཀར་མོ་གཅིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་པ་སྙམ་བགྱིའོ། །ཨེན་ཙམ་པ་ཞིག་བདེའོ་གསུངས་ཏེ། རྒྱལ་པོས་སློབ་དཔོན་སྤྱུགས་པའི་སྐུའི་དམ་ཚིག་ཉམས་པ་བསྐངས་སོ། །བཞེས་པ་སུམ་ཆ་གཉིས་ཙམ་ཞིག་གསོལ་ཚར་ཙམ་ན། འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་བདུད་མེད་ནག་མོ་ཟིག་གིས་ཐལ་ལྕག་ཅིག་རྒྱབ་པ་སྙམ་བྱེད། ད་ཅི་བས་ཆེས་བདེའོ་གསུངས། གསུང་གི་དམ་ཚིག་ཉམས་པ་བསྐངས་སོ། །དེ་ནས་བཞེས་པ་ཀུན་གསོལ་ཚར་ཙམ་ན། ཡང་འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་བུད་མེད་སྨུག་མོ་ཞིག་བྱུང་ནས་ཐལ་ལྕག་གཅིག་རྒྱབ་པ་སྙམ་བགྱིད། ད་ནི་མི་བདེ་བ་ཅི་ཡང་མེད་དོ་གསུངས་སོ། །རྒྱལ་པོས་ཐུགས་ཀྱི་དམ་ཚིག་ཉམས་པ་བསྐངས་སོ། །དེ་ནས་བློན་པོ་ཀུན་ན་རེ། འདི་རྒྱལ་པོ་དང་ནམ་མཁའ་སྙིང་པོ་གཉིས་ཕྲད་འདོད་པའི་རྒྱུ་ཡིན་ནོ་ཟེར་ནས། ཉི་མ་རྒས་ལ་ཁད་ཙམ་ན་བན་དྷེས་རྗེའི་དབུ་སྐྲ་བསིལ་ཞིག་ཉི་མ་རྒས་པ་ལ་རྗེའི་དབུ་སྐྲ་བསིལ་མ་ཟིན་ན་སྐྱོན་འབེབས་སོ་ཟེར་བ་དང་ནམ་མཁའི་སྙིང་པོས་ཉི་གྲིབ་མཚམས་སུ་སེང་ལྡེང་གི་ཕུར་པ་ཞིག་བཏབ་ནས། ཉི་མ་ཕྱེད་སྐད་ཙམ་ཞིག་རྟོད་ལ་མནན་པ་དང་། ད་ཕྱུགས་ལུག་རྣམས་ཚུད་ཅིག་གསུངས་པ་དང་། ཉི་གྲིབ་མཚམས་ཀྱི་ཕུར་པ་བཏོན་པས། ཉི་མ་དམར་ཧྲིལ་སོང་སྟེ། ནམ་ཁྱེད་ཙམ་དུ་སོང་ངོ༌། །ཡང་བློན་ པོ་ཀུན་གྲོས་བྱས་ཏེ། བན་དྷེ་རྫུ་འཕྲུལ་ཅན་འདིས། འོ་ཅག་ལ་མཐུ་བྱེད་དུ་འོང་བས་བསད་དགོས་ཟེར་ནས། རྒྱལ་པོ་དང་སྐུ་འཆག་དུ་འོང་སར་སྐུངས་བྱས་པ་དང་། སློབ་དཔོན་ནམ་མཁའི་སྙིང་པོས་ཐོགས་ཕབ་སྟེ། ཧཱུཾ་ཧཱུཾ་ཞེས་དྲག་པོ་བརྗོད་ནས་ཐོག་སྡིགས་མཛུབ་ཀྱི་རྩེ་ལ་བསྐོར་བས། ལ་ལ་རེངས། ལ་ལ་བརྒྱལ། རྗེ་ལྷ་ཅིག་སྐུ་མ་བསྙེལ་ལམ་གསུངས་པས། འཇིཊ་དང་ཆེས་འཇིགས། གནམ་ལྕགས་ཐོག་གི་སྒྲ་བས་ཀྱག་བན་དྷེའི་ཧཱུཾ་སྒྲ་དེ་འཇིགས། བློན་པོ་ནག་པོ་དེ་ཀུན་ལ་དེ་ལན་རེ་འཇོམས་གསུངས་སོ། །སློབ་དཔོན་ནམ་མཁའི་སྙིང་པོ་ནམ་མཁའ་ལ་འཕུར་ནས་ལྷོ་བྲག་མཁར་ཆུར་བཞུད་དོ། །གཞུག་ཕུང་པོ་ལྷག་མེད་དུ་གཤེགས་སོ། །བཻ་རོ་ཙ་ནས་རྒྱ་གར་ཡུལ་དུ་ཆོས་ཞུས་ཚུལ་དང་། བོད་དུ་ཕེབས་རྗེས་རྒྱལ་བློན་རྣམས་དང་། ལྷག་པར་རྒྱལ་པོ་ཚ་བའི་རོང་དུ་སྤྱུགས་རྗེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་མན་ངག་གི་ཆོས་གསུང་ཚུལ། བབས་ལྔ་པ་ནི། དེ་ལྟར་གྱི་རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཞིང་ཤིན་ཏུ་དར་བར་གྱུར་ཀྱང་། རྒྱུ་འབྲས་ལས་འདའ་བར་བྱེད་པ་རྫོགས་པ་ཆེན་པོའི་ཆོས་མ་བསྒྱུར་བར་ཡོད་པ་ལ་རྒྱལ་པོ་ཉིད་ལ་སློབ་དཔོན་པདྨས་ལུང་བསྟན་པའམ་མནལ་ལམ་དུ་དཔལ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རྒྱུ་འབྲས་ལས་འདའ་བ་རྟོགས་གྲོལ་དུས་གཅིག་ལ་འོང་བའི་ཆོས། བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པས། བོད་ཀྱི་དགེ་སློང་མི་གཉིས་འཚོལ་དུ་ཐོངས་ཤིག་གསུངས་པའི་ལུང་བསྟན་ལ་ བརྟགས་ཤིང་དཔྱད་པས། རྒྱ་གར་ན་རྒྱུ་འབྲས་ལས་འདའ་བའི་ཆོས་ཡོད་པར་མཁྱེན་ཅིང་། སྔར་གྱི་རྒྱུ་འབྲས་ཀྱི་ཆོས་ཀྱིས་ཐུགས་མ་ཁེངས་ནས། རྒྱ་གར་ན་རྒྱུ་འབྲས་ལས་འདའ་བར་བྱེད་པའི་ཆོས་རྫོགས་པ་ཅེན་པོ་བྱ་བ་ཡོད་ངེས་པར་འདུག་པས། དེ་འཚོལ་དུ་གཏང་དགོས་སྙམ་དུ་དགོངས་ནས་རྩད་གཅད་པས། སྟོན་པ་དགའ་རབ་རྡོ་རྗེའི་སློབ་མ་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སིང་ཧཱ་དཔལ་སེང་གེ་བྱ་བ་ཨ་ཏི་ལ་མཁས་པ་ཡོད་པར་གྲགས་ནས་པ་གོར་བཻ་རོ་ཙ་ན་སྣམ་པར་སྣང་མཛད་དང་རྩངས་ལེགས་གྲུབ་གཉིས་ལ་གསེར་ཕྱེ་བ་མེན་གྱི་རཱ་དོ། །གསེར་གྱི་པ་ཏྲ་མཛུབ་གང་པ་བརྒྱད། དངུལ་གྱི་བྱའོ་མཛའ་ཚད་མ་གཅིག །རྟ་མཚའ་ལུ་བྱ་གདོང་རྣམས་བསྐུར་ནས། དཀའ་བ་བཅུག་དྲུག་སྤྱད་དེ་རྒྱ་གར་ཡུལ་དུ་ཕྱིན་པས། ཐོག་མར་དྷ་ཧེ་ནའི་འདུ་ཁང་བར་མ་ན། མཁན་པོ་ཤྲཱི་སེང་ཧཱ་བཞུགས་པ་དང་མཇལ་ཏེ། ཕྱག་དང་སྐོར་བ་བྱས། གསེར་སྲང་སྟོང་ཕུལ་ནས། རྗེ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་རྣམས་བརྗོད། ཆོས་གསུངས་བར་ཞུ་ཞུས་པས། འཆད་པར་ཞལ་གྱིས་བཞིས་ཏེ། མཁན་པོའི་ཞལ་ནས། ཁྱེད་གཉིས་ཀྱིས་སྔོན་ལ་པཎྜི་ཏ་ལྔ་བརྒྱ་པོ་གཞན་ལའང་རྒྱུ་འབྲས་ཀྱི་ཆོས་རྫོགས་པར་ཉོན་ཅིག་པཎྜི་ཏ་ཕྱི་མ་རྣམས་ལའང་གསེར་ཕྱེ་དུམ་རེ་ཕུལ་ལ་གསང་སྔཊ་འབྲས་བུའི་ཆོས་ཉོན་ཅིག་དེ་ནས་མ་ཚོར་བར་ནམ་གྱི་གུང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་བཤད་ཀྱིས་གསུངས་སོ། །དེ་ནས་ཨུ་རྒྱན་གྱི་སློབ་དཔོན་དྷ་ན་མཾ་སྐྲཾ་ཏ་དང་རྒྱ་ཤར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་ལ་སོགས་པ་པཎྜི་ཏ་ལྔ་བརྒྱ་པོ་རྣམས་ལ་དང་པོ་རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་རྫོགས་པར་ཞུས། །དེ་ནས་སྔགས་ཕྱིའི་ཆོས་རྣམས་ ཀྱང་རྫོགས་པར་གསན། དེ་ནས་པཎྜི་ཏ་ཕྱི་མ་བདུན་ལ་ཕྱི་ནང་གསང་གསུམ་གྱི་དབང་རྫོགས་པར་ཞུས་ནས། གསང་སྔགས་ནང་གི་ཆོས་མང་དུ་གསན་ནོ། །དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་གཉིས་དང་ཞལ་མཇལ་ནས། གསེར་ཕྱེ་དང་པ་ཏྲའི་ཕུལ་ནས་ཕྱག་བཙལ་སྐོར་བ་བྱས་ཞབས་སྤྱི་བོར་བླངས་ཏེ། མན་ངག་གི་ཆོས་ཞུས་པས། དབང་བསྐུར་བྱིན་གྱིས་བརླབས། མན་ངག་གི་ཆོས་རྣམས་རྫོགས་པར་གནང་བ་བྱིན་ཏེ། སློབ་དཔོན་ཤྲཱི་སིང་ཧཱ་ལ་ཉོན་ཅིག་པར་ལུང་བསྟན་ནོ། །དེ་ནས་སློབ་དཔོན་ཤྲཱི་སིང་ཧཱའི་དྲུང་དུ་ཕྱིན་ཏེ། མན་ངག་གི་ཆོས་ཞུས་པས། དབང་བསྐུར་བྱིན་གྱིས་བརླབས། མན་ངག་གི་ཆོས་རྣམས་རྫོགས་པར་གནང་བ་བྱིན་ཏེ། ཐོག་མར་རྒྱུད་ཉིས་ཤུ་རྩ་ལྔ་བཤད་དེ། དང་པོ་སེམས་ཀྱི་དོན་རྩ་ལག་རྒྱས་པར་བསྟན་པའི་ཕྱིར། ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད། སེམས་ཀྱི་དོན་རྟོགས་པ་དཀའ་བ་དེ་ཉམས་སུ་བླང་བའི་ཕྱིར། ནམ་མཁའ་ཆེ་རྒྱས་པ་ཕྱི་མའི་རྒྱུད་བཤད། སེམས་ཀྱི་དོན་རྣམ་པར་གྲོལ་བ་བསྟན་པའི་ཕྱིར། ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད། སེམས་ཀྱི་དོན་མི་འགྱུར་བ་བསྟན་པའི་ཕྱིར། ཡང་ཏིག་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད་བཤད། སེམས་ཀྱི་དོན་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་ཕྱིར། གསང་བ་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་རང་གི་རིག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་ཐིག་ལོའི་རྒྱུད་བཤད། སེམས་ཀྱི་དོན་ ཀུན་ཏུ་བཟང་པོའི་ཀློང་དུ་ཐམ་ཅད་གཅིག་པར་བྱ་བའི་ཕྱིར། དབྱིངས་རྣམ་པར་དག་པའི་རྒྱུད་བཤད། སེམས་ཀྱི་དོན་མཆོད་ཏུ་བསྟན་པའི་ཕྱིར། མན་ངག་སྙིང་པོའི་རྒྱུད་བཤད། སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་ཉིད་ཡིད་ཆེས་པར་བསྟན་པའི་ཕྱིར། སྙིང་པོ་བྱི་ཏའི་རྒྱུད་བཤད། སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར། ནམ་མཁའ་ཆེ་ཅན་གྱི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར། ཉག་གཅིག་དགོངས་པའི་རྒྱུད་བཤད། སེམས་ཀྱི་དོན་མ་ནོར་རྣལ་དུ་གཞུག་པའི་ཕྱིར། བསམ་གཏན་གཅིག་བུའི་རྒྱུད་བཤད། སེམས་ཀྱི་དོན་རིམ་པས་བརྒྱུད་ནས་བསྟ་པའི་ཕྱིར། བསམ་གཏན་བརྒྱུད་པའི་མདོ་བཤད། སེམས་ཀྱི་དོན་གཞུང་ཀུན་ནས་བསྡུ་དགོས་པར་བསྟ་པའི་ཕྱིར། སྒོ་མངས་ཀྱི་མདོ་བཤད། སེམས་ཀྱི་དོན་དབང་གི་རིམ་པ་བཞིན་དུ་བསྟན་པའི་ཕྱིར། ནམ་མཁའ་ཆེ་དབང་གི་གལ་པོའི་རྒྱུད་བཤད། སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟར་འབྱུང་བར་བསྟན་པའི་ཕྱིར། རིན་ཆེན་འབར་བའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་འོད་གསལ་བར་བསྟན་པའི་ཕྱིར། རིན་ཆེན་སྒྲོན་མེའི་རྒྱུད་བཤད། སེམས་ཀྱི་དོན་དགོངས་པ་ཐམས་ཅད་རང་ལས་བྱུང་བ་བསྟན་པའི་ཕྱིར། རིན་ཆེན་འཕྲེང་བའི་རྒྱུད་བཤད། སེམས་ཀྱི་དོན་ཁམས་གསུམ་གྱི་ངང་དུ་གསལ་བར་བསྟན་པའི་ཕྱིར། ཁམས་གསུམ་སྒྲོལ་མའི་རྒྱུད་བཤད། སེམས་ཀྱི་དོན་ངེས་པ་ཡང་དག་པའི་དོན་བསྟན་པའི་ཕྱིར། ངེས་པ་སྙིང་པོའི་རྒྱུད་བཤད།  སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར། རྡོ་རྗེ་གསང་བའི་རྒྱུད་བཤད། སེམས་ཀྱི་དོན་སངས་རྒྱས་ད་ལྟ་ནས་ཡིན་པར་བསྟན་པའི་ཕྱིར། ཡེ་བསངས་རྒྱས་པའི་རྒྱུད་ཤད་དོ། །དེ་ནས་ལུང་ཆེན་པོ་བཅོ་བརྒྱད་བཤད་དེ། བྱང་ཆུབ་སེམས་ལས་ཐམས་ཅད་བྱུང་བའི་ཕྱིར། རིག་པའི་ཁུ་བྱུག་བཤད། རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་རྩལ་ཆེན་བཤད། སེམས་ཀྱི་དོན་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས་པས། བྱང་སེམས་སྒོམ་པའི་དོན་རྡོ་ལ་གསེར་ཞུན་བཤད། སྒོམ་པའི་དོན་མཐར་ཕྱིན་པ་མི་ནུབ་ལ་རྒྱལ་མཚན་ནམ་མཁའ་ཆེ་བཤད། སེམས་སྟོང་པ་ཉིད་དུ་ལ་ལས་ཟླ་བའི་ཕྱིར། རྨད་དུ་བྱུང་བ་བཤད། སེམས་ཉིད་སྐྱེ་འཆི་མེད་པར་སྲིད་གསུམ་འཁོར་བར་བསྐོར་བའི་ཕྱིར། སྲོག་གི་འཁོར་ལོ་བཤད། སེམས་ཉིད་ལ་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་བཤད། སེམས་ཀྱི་ངང་དུ་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་མཉམ་པའི་ངང་དུ་བསྟན་པའི་ཕྱིར། ཀུན་འདུས་བཤད། སེམས་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་བྱུང་བ་ཐམས་ཅད་ཀུན་ལས་རྒྱལ་པའི་ཕྱིར། ནམ་མཁའ་ཆེ་རྒྱལ་པོ་བཤད། སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་བཞག་པ་ཀུན་གྱི་མཆོག་གམ། རྩེ་མོར་བསྟན་པའི་ཕྱིར། རྩེ་མོ་བྱུང་རྒྱལ་བཤད། སེམས་ཀྱི་རང་བཞིན་དོན་དམ་པའི་ངང་ལས་སྤྲོས་དང་བྲལ་ཞིང་བདེ་བའི་ངང་ལ་གནས་པའི་ཕྱིར། བདེ་འཇམ་བཤད། སེམས་ལ་ཉོན་མོངས་པའི་སྐྱོན་གྱིས་མི་གོས་ཤིང་། ཡོན་ཏན་གྱི་སྤྲས་པའི་ཕྱིར། རྫོགས་པ་ཆེན་པོ་སྤྱི་བཅིངས་བཤད་དོ། །  དེ་ལྟར་རྩ་བའི་རྒྱུད་བཅོ་བརྒྱད། ཡན་ལག་གི་རྒྱུད་དང་བཅས་པ། དབང་དང་གདམས་ངག་ངོ་སྤྲོད་དང་བཅས་པ་བཤད་ནས་ཚིམ་མམ་བྱས་པས། ལེགས་གྲུབ་ཚིམ་མོ་ཟེར་ནས། རྒྱལ་པོ་ལ་ངོ་སོ་འདོད་ནས་སྔོན་ལ་སོང་བས། ལམ་དུ་ལོ་བཞི་བཅུ་ཞིག་ལ་གཅན་འཕྲང་བས་བཀྲོངས་སོ། །བཻ་རོ་ཙ་ནས་མ་ཚིམ་ཞུས་པས། དེར་སློབ་དཔོན་གྱིས་མན་ངག་རྒྱ་མཚོའི་ཀློང་བཤད་ནས། དེས་ཚིམ་མམ་གསུངས་པས། མ་ཚིམ་ཞུས་པས། ཡང་ཀློང་སྡེའི་སྐོར་ལ་ཕྱི་རྩིས་རྒྱའི་སྐོར་དང་། ནང་གསང་རྒྱའི་སྐོར་དང་། གསང་བ་རྒྱའུ་ཆུང་གི་སྐོར་དང་། དགོངས་པ་གཏད་བརྒྱའི་སྐོར་དང་། རྒྱུད་དང་། དབང་དང་། གདམས་ངག་དང་བཅས་པ་གནང་ནས་ཚིམ་མམ་བྱས། ཡང་མ་ཚིམ་ཟེར་རོ། །ཡང་རྒྱུད་སྡེའི་སྐོར་ལ་སོགས་པའི་རྒྱུད་དང་། གདམས་ངག་མང་དུ་གསུངས་ནས་ཚིམ་མམ་བྱས་པས་ཀྱང་མ་ཚིམ་ཟེར་རོ། །ཡང་ཀེའུ་ཚང་གི་སྐོར་དང་། གབ་པའི་སྐོར་ལ་སོགས་པ་རྒྱུད་དང་མན་ངག་ཟབ་ལ་རྒྱ་ཆེ་བ་མང་དུ་གསུངས་ནས་ཚིམ་མམ་བྱས་པས་ཀྱང་མ་ཚིམ་ཟེར་རོ། །ཡང་ཤན་འབྱེད་པ་བྲམ་ཟེའི་སྐོར་ལ་ཟློ་བ་རྒྱལ་པོའི་སྐོར། རྒྱུད་དང་མན་ངག་ཏུ་བཅས་པ་མང་དུ་གསུངས་ནས་ཚིམ་མམ་དུ་ད་ལྟ་པས་དེ་རྣམས་ཀྱི་དོན་རྩོལ་བ་མི་དགོས་པར་རང་གྲོལ་མངོན་སུམ་དུ་ལྟ་ཉིད་དུ་མཐོང་བ་ཞིག་ཞུ་དགོས་ཞེས་གསོལ་ནས། གསེར་ཕྱེ་བྲེ་གང་དང་། སླར་གསེར་གྱི་པ་ཏྲ་བདུན་ཕུལ་ནས་ཕྱག་དང་སྐོར་བ་མང་དུ་མཛད་དེ། ཞུས་པས། སློབ་དཔོན་ཤིན་ཏུ་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས། དྷ་ཧེ་ནའི་འདུ་ཁང་དང་པོར། གསལ་བྱེད་རིམ་པོ་ཆེ་འབར་བ་ལ་བརྟེན་ནས།  རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུངས་ཐུཊ་ཕྲད་ཀྱི་མན་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས། སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བསྟན་པའི་དབང་བསྐུར་ནས། སྤྱོད་ལམ་རིག་པའི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས། ཡེ་ཤེས་ངོས་ཛིན་གྱི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས། ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། རྒྱལ་མཚན་སྒོམ་པའི་མན་ངག་བྱིན། དེ་ལྟར་དབང་བདུན་ཡོངས་སུ་རྫོགས་པར་བསྐུར་ནས་ཐུགས་ཕྲད་གསུམ་གྱིས་རང་གྲོལ་མངོན་སུམ་དུ་ངོ་སྤྲད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ། ཐིག་ལེ་དྲུག་གིས་རྣམ་རྟོག་སྤྲོས་པ་བཅད། ཆེ་བ་ལྔའི་དགོངས་པ་ཁྱད་པར་འཕགས་ཏེ། རྩོལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་དུ་གྱུར་ཏོ། །དེ་ནས་གནས་ལུཊ་གཙོ་བོར་སྟོན་པའི་ཡེ་ཤེས་དོན་ཉིད་མངོན་དུ་གྱུར་ཏོ། །དེ་ནས་གནས་ལུཊ་གཙོ་བོར་སྟོན་པའི་ཡེ་ཤེས་རྫོགས་པ་ལ་སོགས་པ། རྩ་བའི་རྒྱུད་ལྔ་དང་། ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་། ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉིས་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ། ཀློང་དགུ་ལ་སོགས་པ་སྤྲུལ་སྐུ་དགའ་རབ་གྱི་རྒྱལ་བ་བཀའི་ཕྲན་བུ་བཅོ་བརྒྱད། རིག་འཛིན་གྱི་གཉེར་ཡིག་བཞི། ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ་ཤྲཱེ་སིང་ཧཱ་ཉིད་ཀྱི་རྒྱན་འཕྲེང་འོད་གསུམ་དང་། བསམ་གཏན་ཉམས་ཀྱི་སྒྲོན་མ། བསྟན་སྲུང་དུར་ཁྲོད་ཀྱི་མ་མོ་སྤུན་གསུམ་གྱི་སྒྲུབ་ཐབས་དང་བཅས་པ་གནང་ནས། སློབ་དཔོན་གྱི་ཞལ་ནས། ད་ནི་ཆོས་རྫོགས་ པར་བཤད་པ་ཡིན་པས། རྒྱ་གར་པ་ཆོས་ལ་ཕྲག་དོག་ཆེ་བས། ལམ་དུ་སྲོག་གི་བར་ཆད་འབྱུང་ཉེན་ཡོད་པས། རྐང་མགྱོགས་ལོ་གཅིག་ཏུ་བསྒྲུབ་པ་ལ་སོང་ཞིག་གསུང་ནས། མཚན་ཡང་དཔའ་བོ་བཻ་རོ་ཙ་ནར་བཏགས། དེ་ནས་ཀ་ཤ་ལྕགས་ཀྱི་གདོང་པ་ཅན་བྱ་བར་རེ་མ་ཏིའི་རྐང་མགྱོགས་ལོ་གཅིག་ཏུ་བསྒྲུབས་པས་གྲུབ་སྟེ། གཅན་འཕྲང་གི་དཔོན་ཀུ་མ་ར་དང་གྲོགས་པོ་བྱས། གསེར་ཕྱེ་བྱིན་ནས་མནའ་འམ་ཐོ་བཅས་སོ། །ཆོས་ཐམས་ཅད་རྒྱ་དཔེ་ཏཱ་ལའི་ལོ་མ་ལ་བྲིས་ནས་ཁུར་ཏེ། རྐང་མགྱོགས་ཀྱི་གྲོགས་པསོ་གཅན་འཕྲང་དང་པོ་བསྒྲལ་ཏེ་བཏང་ངོ༌། །དེ་དུས་རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་ཀྱི་རྨི་ལམ་ན། རྒྱ་གར་གྱི་ཉི་མ་བན་དྷེ་ཞིག་གིས་བོད་དུ་ཁུར་ནས་ནུབ་པ་རྨིས་ཏེ། རྐང་མགྱོགས་སྦྲན་པ་དང་། གཅན་འཕྲང་གི་དཔོན་པོས་བོད་ཀྱི་བན་དྷེ་འདྲ་བ་མ་མཐོང༌། མཐའི་མོན་བུ་སྤྱི་ཟླུམ་ཞིག་སོང་སྟེ། དེ་ཡིན་ན་ད་ཙམ་བོད་ཡུལ་དུ་སླེབས་བྱས་པ་དང་། རྐང་མགྱོགས་པ་རྣམས་ལོག་གོ །དེ་ནས་བཻ་རོ་ཙ་ནས་རྗེའི་ཐད་དུ་བྱོན་ནས། རྗེའི་བཞེད་པའི་ཆོས་རྣམས་ལོན་ནས་བདོག་རྒྱ་གར་བ་ནི་ཆོས་ལ་ཕྲག་དོག་ཆེ་ལ། བོད་ཀྱི་བློན་པོ་ནི་ཆོས་ལ་གནས། རྒྱལ་པོ་ནི་སྙ་ཁུང་སྲབ་པས་སྙན་ཕྲ་འབྱུང་སྲིད་པས་མི་གསན་པར་ཞུའོ། །ཞེས་སྤྲིངས་སོ། །བཻ་རོ་ཙ་ནས་རྐང་མགྱོགས་འགྲུབ་པས་ཞག་བདུན་གྱིས་བོད་དུ་བརྟོལ་བ་དང་། དེར་རྒྱལ་པོས་སློབ་དཔོན་བཻ་རོ་ཙ་ན་ལ་ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས། སྤྱིར་དམ་པའི་ཆོས་རྣམས་དང་། ཁྱར་པར་དུ་མན་ངག་ཨ་ཏིའི་ཆོས་རྣམས་རྗེ་བཻ་རོ་ རོ་ལ་ཡོད་པར་ཡིད་ཆེས་ནས་རྒྱན་བློན་ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་བ་བཞིན་དུ་མཛད། མཚན་ཡང་མན་ངག་གི་བདག་པོ་དཔའ་བོ་ལྷ་རྗེ་ཞེས་བྱ་བར་བཏགས་སོ། །དེར་འབངས་བློན་ཀུན་གྱི་མཆིད་ནས། འོ་ཅག་གི་ལྷ་ཁྲི་སྲོང་ལྡེ་བཙན་ལ་རྗེ་འདུག་གོ་ཟེར་ནས། མཚན་ཡང་ལྷ་རྗེ་ཞེས་བྱ་བར་ཆགས་སོ། །དེ་ནས་དཀོན་མཆོག་གསུམ་བླའི་མཆོད་གནས་སུ་ཁུར་ཏེ། རྗེ་རྒྱལ་པོ་བས་ཀྱང་དགེ་འདུན་གཉན་པར་དབུའི་མཆོད་གནས་སུ་ཁུར་རོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནས་ཉིན་པར་རྗེ་བློན་ལ་སོགས་པ་རྣམས་ལ་རྒྱུ་འབྲས་ཀྱི་ཆོས་བསྒྱུར། ནམ་གྱི་གུང་ལ་རྗེ་ཉིད་ལ་མན་ངག་གི་ཆོས་བསྒྱུར། དེ་ཡང་དང་པོ་འདུལ་བ་ལུང་སྡེ་བཞིའི་བསྟན་བཅོས་དང་བཅས་པ་བསྒྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཁྲག་བརྒྱ་པ་ལས། བྱམས་པས་ཞུས་པ་དང་། རྟག་ཏུ་དུ་བམ་པོ་དགུས་མ་ལོངས་པར་བསྒྱུར། སངས་རྒྱས་ཕལ་པོ་ཆེ་ལ་བམ་པོ་བརྒྱ་དང་བརྒྱད་བསྒྱུར། མྱ་ངན་ལས་འདས་པ་བམ་པོ་ཉིས་བརྒྱ་ལྔ་བཅུ་ལས། བམ་པོ་ཉིས་བརྒྱ་མ་བསྒྱུར་ལྔ་བཅུ་བསྒྱུར། མདོ་སྡེ་ལང་ཀར་གཤེགས་པ་ལས་བམ་པོ་བཅོ་ལྔ་བསྒྱུར། དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་བཀའ་དང་བསྟན་བཅོས་ལ་སོགས་པ་བསྒྱུར་ཞིང་བཞུགས། ལུང་གི་ཆོས་གཤིན་རྗེ་གཤེད་ཀྱི་རྒྱུད་རྣམས་ནས། རིན་པོ་ཆེ་འོད་ཀྱི་རྒྱུ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་དང་། བསྐལ་པ་མེ་ལྟར་འབར་བའི་རྒྱུད་དང་། ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལ་སོགས་པ་ཏནྡྲ་སྡེ་བཅུ་དྲུག་ལ་སོགས་པ་བསྒྱུར་ཞིང་བཞུགས། ནམ་གྱི་གུང་ལ་སྔ་འགྱུར་ལྔ་ལ་ སོགས་པ་བསྒྱུར་ཞིང་བཞུགས་སོ། །གཞན་ཡང་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་ཏུ་གྲགས་པའི་སློབ་དཔོན་ཟླ་བ་མངོན་པར་དགའ་བ་ལ་ཞུས་པའི་གསོ་བ་རིག་པའི་རྒྱུད་སྟོན་པ་སྨན་པའི་རྒྱལ་པོས་གསུངས་པ་རྩ་བའི་རྒྱུད། བཤད་པའི་རྒྱུད། མན་ངག་གི་རྒྱུད། ཕྱི་མའི་རྒྱུད་ལ་སོགས་པ། རྒྱུད་ཀྱི་དབུ་ཕྲན་འགྲེལ་པ། བསྟན་བཅོས་དང་བཅས་པ་རྣམས་དང་། བཟོ་རིག་པའི་བཟོ་ཡིག་པ་ཏྲ་ལ་སོགས་པ་བསྒྱུར་རོ། །དུས་དེ་ཙ་ན་རྒྱ་གར་གྱི་ཡུལ་ནས་ཕྲ་མ་སྒྲོན་པའི་བང་ཆེན་པ་མི་གཉིས་བཏང་ནས། ཁྱོད་བོད་ཀྱི་བནྡེ་དེས་ཆོས་མ་རྙེད་པར། མུ་སྟེགས་ཀྱི་ངན་སྔགས་མང་པོ་ཁྱེར་སོང་བས་བོད་ཕུང་བར་བྱེད་པས་སོད་ཅི། ཅེས་བསྒྲགས་སོ། །དེ་ནས་བོད་ཀྱི་བློན་པོ་ཀུན་གྱིས་དེ་ཆབ་ལ་གསོལ་དགོས། བོད་ཕུར་བར་བྱེད་ངེས་ཟེར་རོ། །རྒྱལ་པོའི་གསུང་ནས་རྒྱ་གར་བ་ཆོས་ལ་ཕྲག་དོག་བྱེད་པ་ཡིན། དེ་ལྟར་མིན་བྱས་ཀྱང་མ་ཉན་ནས། མཐའི་སྤྲང་པོ་ཞིག་བཟུང་། བཻ་རོ་ཙ་ནའི་ན་བཟའ་བསྐོན། ཟངས་ཁ་སྦྱར་དུ་བཅུག་ནས་གཟེར་གྱིས་བསྡམས་ཏེ་ཆུ་ལ་བསྐྱུར་ནས་བཏང་ངོ་། །བཻ་རོ་ཙ་ན་ཕོ་བྲང་ཡང་མཛོད་དུ་ཀ་བ་ཁོང་སྟོང་བྲུས་པ་ཞིག་ཏུ་བཞུགས་ནས་ནམ་ཕྱེད་ཙམ་ན་ཆོས་གསན་པ་ལས། སེམས་སྡེ་བཅོ་བརྒྱད་ཀྱི་སྟོད་ཀྱི་ལྔ་ཚར་བ་དང་། འབངས་ནང་པ་གཅིག་དང་ཇོ་མོ་ཚེ་སྤོང་བའ་དམར་རྒྱན་གྱི་ཚོར་ནས་ཕྱིར་འབུག་པ་དང་། བློན་པོ་ཕྱི་ནང་ཐམས་ཅད་ཚོགས་ནས། རྗེ་ལ་ཐུགས་ནོར་པ་ཆེན་པོ་གདའ། ཡབ་མེས་ཀྱི་དཀོར་མཛོད་ཀྱི་གསེར་དངུལ་ཐམས་ཅད་འཇིམ་པ་ལ་བྱུགས་ནས། ང་ལྷ་ཁང་མཛད་གསུངས། ཆོས་བྱེད་གསུངས་ན་མཐའི་མི་ འཁྱམས་པོ་བཟུང་ནས་ཆུ་ལ་བསྐྱུར། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་མཁན་དེ་ཕུགས་སུ་བཅུག་ནས་ཅི་ཟེར་ཉན། དེ་ལ་ཆད་པ་གཅོད་པས་སྒོར་ཐོན་ཅི། དེ་ལྟར་མིན་ན་རྒྱལ་ཁྲིམས་འདཇིག་གོ་ཟེར། དེར་རྒྱལ་པོ་ཐུགས་མ་དགྱེས་ནས། འུ་ཅག་ཇི་ལྟར་བྱ་ཞུས་པས། རྗེ་ལཊ། ང་སྔོན་ཡང་རྒྱལ་མོ་ཚ་བ་རོང་དུ་རྒྱལ་མོ་ལེགས་བཞེར་དཔལ་མོ་བྱ་བའི་བུ་རུ་སྐྱེས། ད་དུང་ལས་ཀྱི་འཕྲོ་དང་གདུལ་བྱ་ཞིག་ཡོད་པས་དེར་སྤྱུགས་ཤིག །རྗེ་ཉིད་རང་ད་དུ