ཁྲོ་ཕུ་བཀའ་བརྒྱུད་དང་དེའི་གདན་སའི་སྐོར།

ཁྲོ་ཕུ་བཀའ་བརྒྱུད་དང་དེའི་གདན་སའི་སྐོར།

ཁྲོ་ཕུ་བཀའ་བརྒྱུད་ནི། ཕག་མོ་གྲུ་པའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་དང་། ཀུན་ལྡན་རས་པ་སྐུ་མཆེད་ལས་བརྒྱུད་པ་སྟེ། རིན་པོ་ཆེ་རྒྱལ་ཚ་ནི། ༼གཙང་གི་༽ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རྒྱུད་དུ་རབ་བྱུང་གཉིས་པའི་ས་ཁྱི་སྤྱི་ལོ་1118 སྐུ་འཁྲུངས། ལོ་ལྔ་ནས་ཡིག་རྩིས་བསླབས། གཞོན་ནུའི་དུས་ནས་ཆོས་ལ་དོན་གཉེར་དང་ལྡན་པར་གྱུར། གནུར་ཉི་མ་སོགས་བླ་མ་དུ་མ་ལས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་དབུས་སུ་བྱོན། པུ་ཧྲེང་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་སོགས་དང་མཇལ། བླ་མ་དམར་གྱི་ཞལ་བཀོད་ལྟར་ཕག་མོ་གྲུ་པའི་དྲུང་དུ་བྱོན།
གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། མ་གཅིག་ལབ་སྒྲོན་གྱི་སྲས་པོ་ཐོད་སྨྱོན་བསམ་འགྲུབ་བྱ་བ་ལས་གཅོད་ཞུས། རབ་བྱུང་གསུམ་པའི་ལྕགས་ཡོས་1171ལོར་གདན་ས་ཁྲོ་ཕུ་དགོན་ཕྱག་བཏབ། བདུན་ཅུ་རྩ་བརྒྱད་དང་ཕྱི་ལོ་1195 ལོར་སྐུ་གཤེགས་སོ།།

གཙང་ལ་རོང་གི་བྱམས་ཆེན་དང་། ཤབ་སྨད་ཁྲོ་ཕུ་བྱམས་ཆེན། བྱང་པའམ་ངམ་རིང་བྱམས་ཆེན་ཞེས་གཙང་གི་བྱམས་པ་རྣམ་གསུམ་གྱི་ཡ་གྱལ། གཙང་ཤབ་སྨད་ཁྲོ་ཕུ་བཀའ་བརྒྱུད་ཀྱི་གདན་སའི་ཁྲོ་ཕུ་བྱམས་ཆེན་གྱི་པར་རྙིང་དང་། གཉིས་པ་ད་ལྟ་ཉམས་གསོ་ཞུ་བཞིན་པའི་ཁྲོ་ཕུ་བྱམས་པའི་མཆོད་རྟེན་པར་ཡིན། པར་གཞན་གཉིས་པོ་ནི་ཁྲོ་ཕུ་བཀའ་བརྒྱུད་ཀྱི་དགོན་པ་ཉམས་གསོ་ཞུ་མི་བླ་མ་ཉི་མ་བཀྲ་ཤིས་(༧སྐྱབས་རྗེ་༧བྱམས་མགོན་སི་ཏུ་རིན་པོ་ཆེ་ནས་མར་པའི་གདན་ས་ལྷོ་གྲོ་བོ་ལུང་དུ་བླ་བསྐོས་སུ་མངགས་པའི་གནས་འཛིན་)དང་དད་སྦྱིན་ཁག་ཡིན། གསར་དུ་བཞེངས་པའི་ཁྲོ་ཕུ་བཀའ་བརྒྱུད་ཀྱི་བྱམས་པའི་སྐུ་བརྙན་དང་ཁྲོ་ཕུ་དགོན་ཡིན།

གཙང་གི་ཤབ་སྨད་དགེ་སྡིངས་སུ་ཡོད་པའི་ཁྲོ་ཕུ་བཀའ་བརྒྱུད་ཀྱི་གདན་ས།

བརྒྱུད་སྐུལ།

མཆན་སྤེལ།