གཏེར་སྟོན་བརྒྱ་རྩའི་མཚན་གཞུང་།

གཏེར་སྟོན་བརྒྱ་རྩའི་མཚན་གཞུང་།

ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །

པདྨ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །

སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས། །

བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ན་མོ། །

༡གཏེར་སྟོན་སངས་རྒྱས་བླ་མ། ༢གཙུག་ལག་དཔལ་དགེ ༣གཏེར་སྟོན་རྒྱ་ལོ་ཙཱ་རྡོ་རྗེ་བཟང་པོ། ༤རོང་ཟོམ་ཆོས་ཀྱི་བཟང་པོ། ༥ལྷ་བཙུན་བྱང་ཆུབ་འོད།  ༦ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར། ༧གཏེར་སྟོན་ཁྱུང་པོ་དཔལ་དགེ   ༨གཏེར་སྟོན་ཤ་མི་རྡོ་རྗེ་རྒྱལ་པོ།  ༩གཏེར་སྟོན་དབོན་གསལ་ཁྱུང་ཐོག་རྩལ།  ༡༠གཏེར་སྟོན་གྲྭ་པ་མངོན་ཤེས།   ༡༡པུ་རོང་ཞང་བཙུན་དར་མ་རིན་ཆེན། ༡༢གཏེར་སྟོན་སྣ་ནམ་པ་ཐུབ་པ་རྒྱལ་པོ།   ༡༣ཞང་ཁྲོམ་རྡོ་རྗེ་འོད་འབར།   ༡༤གཏེར་སྟོན་ཨ་ཡ་ལྷ་འབུམ།  ༡༥ལྷ་རྗེ་གནུབས་ཆུང་།   ༡༦རྒྱ་སྟོན་བརྩོན་འགྲུས་སེངྒེ།  ༡༧གནས་བརྟན་ལྡང་མ་ལྷུན་རྒྱལ།  ༡༨ལྕེ་བཙུན་སེང་གེ་དབང་ཕྱུག ༡༩གཏེར་སྟོན་ལྷ་བཙུན་སྔོན་མོ།   ༢༠གཏེར་སྟོན་ཉི་མ་སེང་གེ

༢༡དབུ་རུ་སྟོན་པ་ཤཱཀྱ་འོད།  ༢༢གཏེར་སྟོན་བན་སར་ཕྱོགས་མེད།  ༢༣ར་ཤག་གཏེར་སྟོན་ཆོས་འབར།  ༢༤གཉན་ལོ་ཙཱ་བ་དར་མ་གྲགས།  ༢༥དབུ་རུ་སྟོན་པ་ཤཱཀྱ་བཟང་པོ།  ༢༦གཏེར་སྟོན་བོན་པོ་བྲག་རྩལ།  ༢༧རྒྱ་གོང་རི་པ་སངས་རྒྱས་དབང་ཆེན།   ༢༨གཏེར་སྟོན་སངས་རྒྱས་གྲུབ་ཐོབ།   ༢༩ཉང་རལ་ཉི་མ་འོད་ཟེར།  ༣༠རྭ་མོ་ཤེལ་སྨན་ཡེ་ཤེས་བཟང་པོ།   ༣༡གཏེར་སྟོན་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར།  ༣༢གཏེར་སྟོན་གྲུ་གུ་ཡང་དབང་།   ༣༣ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན། ༣༤སྤྲུལ་སྐུ་བ་མཁལ་སྨུག་པོ།   ༣༥སུམ་པ་བྱང་ཆུབ་བློ་གྲོས།༣༦ཀུ་ས་སྨན་པ་ཀུན་སྤང་ཟླ་བའི་འོད་ཟེར།  ༣༧གཉལ་པ་ཉི་མ་ཤེས་རབ།   ༣༨གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོ། ༣༩གྲུ་གུ་རིན་ཆེན་སེངྒེ།   ༤༠གུ་རུ་ཆོས་ཀྱི་དབང་ཕྱུག  ༤༡ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད།   ༤༢གྲུབ་ཆེན་མེ་ལོང་རྡོ་རྗེ།  ༤༣གཏེར་སྟོན་གྲུམ་གྱི་མཁར་ནག   ༤༤སྐལ་ལྡན་བྱིས་པའི་ཞབས།  ༤༥རག་ཤི་སྟོན་པ་སྟོབས་ལྡན་རྡོ་རྗེ།   ༤༦གཏེར་ཆེན་ཉི་མ་གྲགས་པ།  ༤༧རྒྱ་སྟོན་པདྨ་དབང་ཕྱུག  ༤༨གཏེར་སྟོན་གུ་རུ་ཇོ་ཚེ།  ༤༩གཏེར་སྟོན་ཚེ་བརྟན་རྒྱལ་མཚན།  ༥༠མཁའ་འགྲོ་མ་ཀུན་དགའ་འབུམ། ༥༡གཏེར་སྟོན་བཛྲ་མ་ཏི། ༥༢གཏེར་སྟོན་དོ་བན་རྒྱ་མཚོ། ༥༣པདྨ་ལས་འབྲེལ་རྩལ།  ༥༤ཤྭ་བན་རྒྱལ་སྲས་ལེགས་པ། ༥༥ཀུན་མཁྱེན་དྲི་མེད་འོད་ཟེར།

༥༦གཏེར་སྟོན་རིན་ཆེན་གླིང་པ།  ༥༧གཏེར་སྟོན་ཨེ་ཡི་སྨན་པ།  ༥༨གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ། ༥༩གྲུབ་ཆེན་ཉི་ཟླ་སངས་རྒྱས།   ༦༠ཡར་རྗེ་ཨུ་རྒྱན་གླིང་པ། ༦༡རྡོ་རྗེ་གླིང་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན།  ༦༢གཏེར་སྟོན་ཤེས་རབ་མེ་འབར།   ༦༣སྔགས་འཆང་ལས་འཕྲོ་གླིང་པ།  ༦༤སྤྲུལ་སྐུ་བཟང་པོ་གྲགས་པ།   ༦༥གཏེར་ཆེན་སངས་རྒྱས་གླིང་པ།  ༦༦གཏེར་སྟོན་དྲི་མེད་ལྷུན་པོ། ༦༧གཏེར་སྟོན་དྲི་མེད་ཀུན་དགའ།   ༦༨རིག་འཛིན་དངོས་གྲུབ་རྒྱལ་མཚན།  ༦༩པཎ་གྲུབ་ཆེན་པོ་ནགས་ཀྱི་རིན་ཆེན། ༧༠གཏེར་ཆེན་ཀརྨ་གླིང་པ། ༧༡གྲུབ་ཆེན་ཐང་སྟོང་རྒྱལ་པོ། ༧༢བསམ་གཏན་བདེ་ཆེན་གླིང་པ།  ༧༣ཞིག་པོ་གླིང་པ་གར་གྱི་དབང་ཕྱུག ༧༤གྲོ་ཤུལ་བདེ་ཆེན་གླིང་པ། ༧༥ལྷོ་བྲག་མགོན་པོ་རིན་ཆེན་ནམ་ཤུད་བུ་ཆོས་གྲགས།  ༧༦ཆོས་རྒྱལ་རཏྣ་གླིང་པ།  ༧༧གཏེར་སྟོན་སྐལ་ལྡན་རྡོ་རྗེ།  ༧༨ཉང་པོ་གཏེར་སྟོན་མཆོག་ལྡན་རྡོ་རྗེ། ༧༩ རིག་འཛིན་པདྨ་གླིང་པ།  ༨༠སྔགས་འཆང་ཤཱཀྱ་བཟང་པོ།  ༨༡པདྨ་ཀུན་སྐྱོང་གླིང་པ།  ༨༢ཨོ་རྒྱན་མདོ་སྔགས་གླིང་པ།  ༨༣ཨོ་རྒྱན་བསྟན་གཉིས་གླིང་པ།  ༨༤གྲོ་ཤུལ་འགྲོ་འདུལ་ལས་འཕྲོ་གླིང་པ།   ༨༥མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེ།    ༨༦མངའ་རིས་པཎ་ཆེན་པདྨ་དབང་རྒྱལ།   ༨༧ཕྲེང་པོ་འགྲོ་འདུལ་ལས་འཕྲོ་གླིང་པ། ༨༨མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེ།   ༨༩མཁྱེན་རྩེ་དབང་ཕྱུག་མདོ་སྔགས་གླིང་པ།   ༩༠བྱང་བདག་ཆོས་རྒྱལ་དབང་པོའི་སྡེ།   ༩༡རིག་འཛིན་ངག་གི་དབང་པོ།  ༩༢ཨེ་སྤེལ་ཅོག་གར་དབང་ལས་འཕྲོ་གླིང་པ།   ༩༣ཨོ་རྒྱན་ལས་འཕྲོ་གླིང་པའམ་འཇའ་མཚོན་སྙིང་པོ།  ༩༤གཏེར་སྟོན་བདུད་འདུལ་གླིང་པ།  ༩༥ལྷ་བཙུན་ནམ་མཁའ་འཇིགས་མེད།   ༩༦མཁས་གྲུབ་ཀརྨ་ཆགས་མེད།  ༩༧གནམ་ཆོས་མི་འགྱུར་རྡོ་རྗེ།  ༩༨རིག་འཛིན་ཚེ་དབང་ནོར་བུ།   ༩༩གར་དབང་ཟླ་བ་རྒྱལ་མཚན།  ༡༠༠ཨོ་རྒྱན་གཏེར་བདག་གླིང་པ།  ༡༠༡རིག་འཛིན་ཀློང་གསལ་སྙིང་པོ།  ༡༠༢སྟག་ཤམ་ནུས་ལྡན་རྡོ་རྗེ།  ༡༠༣རིག་འཛིན་ཆོས་རྗེ་གླིང་པ།   ༡༠༤ཨོ་རྒྱན་རོག་རྗེ་གླིང་པ།   ༡༠༥རིག་འཛིན་བདུད་འདུལ་རྡོ་རྗེ།  ༡༠༦རིག་འཛིན་འཇིགས་མེད་གླིང་པ།  ༡༠༧བསྟན་གཉིས་གཡུང་དྲུང་གླིང་པ།   ༡༠༨པདྨ་འོད་གསལ་མདོ་སྔགས་གླིང་པ།  ༡༠༩མཆོག་གྱུར་བདེ་ཆེན་གླིང་པ།  ༡༡༠ཁྲག་འཐུང་བདུད་འཇོམས་གླིང་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།