གཙང་གི་གདན་ས་བཀྲ་ཤིས་ལྷུན་པོའི་ཁྲི་པ་རིམ་བྱོན།

གཙང་གི་གདན་ས་བཀྲ་ཤིས་ལྷུན་པོའི་ཁྲི་པ་རིམ་བྱོན།

དེ་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་འདི་ཕྱག་བཏབ་སྟེ། ཆོས་སྡེ་འདིའི་ཁྲི་པ་དང་པོ་མཛད་པ་ནས་ཕྱི་ལོ་ ༡༩༥༩ ལོ་བར་ཁྱོན་བསྡོམས་ཁྲི་རབས་རིམ་བྱོན་རྣམས་ནི། ༡༽ ༸རྒྱལ་དབང་དགེ་འདུན་གྲུབ་པ།(འཁྲུངས་དུས།1391 འདས་དུས།1474) པཎ་ཆེན་བཟང་པོ་བཀྲ་ཤིས། (འཁྲུངས་དུས།1410 འདས་དུས།1478/1478/79) ༣༽ པཎ་ཆེན་ལུང་རིགས་རྒྱ་མཚོ། (འཁྲུངས་དུས།1418-?འདས་ལོ་མི་གསལ། 1478 ལོ་ནས་ལོ་བཅུ་རིང་ཁྲི་པ་མཛད།) ༤༽ པཎ་ཆེན་ཡེ་ཤེས་རྩེ་མོ། (འཁྲུངས་དུས།1433-?འདས་ལོ་མི་གསལ།) ༥༽ ༸རྒྱལ་དབང་དགེ་འདུན་རྒྱ་མཚོ། (འཁྲུངས་དུས།1476 འདས་དུས།1542) ༦༽ མངའ་རིས་ལྷ་བཙུན་བློ་བཟང་བསྟན་པའི་ཉི་མ།(འཁྲུངས་དུས།1471 འདས་དུས།1515) ༧༽ ཤནྟི་པ་བློ་གྲོས་རྒྱལ་མཚན། (འཁྲུངས་དུས།1487 འདས་དུས།1567) ༨༽ པཎ་ཆེན་དོན་ཡོད་རྒྱལ་མཚན།(འཁྲུངས་དུས། དུས་རབས་16པ།) ༩༽ པཎ་ཆེན་བློ་གྲོས་ལེགས་བཟང་། (འཁྲུངས་འདས་མ་རྙེད།) ༡༠༽ གནས་རྙིང་པ་ཆོས་ཀྱི་རྒྱལ་མཚན། (འཁྲུངས་དུས།དུས་རབས་16པ།) ༡༡༽ པཎ་ཆེན་ཆོས་དཔལ་རྒྱ་མཚོ། (དུས་རབས་16པ།) ༡༢༽ པཎ་ཆེན་བསོད་ནམས་རྒྱལ་མཚན། (ཕལ་ཆེར་འཁྲུངས་དུས།དུས་རབས་16/17པ།) ༡༣༽ པཎ་ཆེན་བསམ་འགྲུབ་དཔལ་བཟང་། (དུས་རབས་16/17པ།) ༡༤༽ པཎ་ཆེན་དམ་ཆོས་ཡར་འཕེལ།(འཁྲུངས་འདས་ལོ་ཚིགས་མི་གསལ།) ༡༥༽ པཎ་ཆེན་ལྷ་དབང་བློ་གྲོས།(འཁྲུངས་འདས་མ་རྙེད།)  འདི་ཡན་བཀྲས་ལྷུན་དགོན་གྱི་ཁྲི་པ་རིམ་བྱོན་བཅོ་ལྔ་བྱུང་ཡོད།

གཞན་ཡང་། ༡༦༽ པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་། (འཁྲུངས་དུས།1385 འདས་དུས།1438) ༡༧༽ པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང་། ༡༨༽ པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ། (འཁྲུངས་དུས།1504/1505 འདས་དུས།1565/1566) ༡༩༽ པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༢༠༽ པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས། ༢༡༽ པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། ༢༢༽ པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། ༢༣༽ པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག །༢༤༽ པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ། ༢༥༽ པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།