གཡང་ཨམ་བན་དང་། ཆིན་ཨམ་བན་གཉིས་ནས། ཕག་རྫོང་ནས་འབྲུག་ལོ་ཆག་པཪ་བསྙད་རྩེས་མི་ཆོག་པའི་སྐོཪ་གཏང་བའི་བཀའ་རྒྱ།

གཡང་ཨམ་བན་དང་། ཆིན་ཨམ་བན་གཉིས་ནས། ཕག་རྫོང་ནས་འབྲུག་ལོ་ཆག་པཪ་བསྙད་རྩེས་མི་ཆོག་པའི་སྐོཪ་གཏང་བའི་བཀའ་རྒྱ།

༢ ཆིང་ ༡ -༡ སྒྲིགས་གཞི་

གཡང་ཨམ་བན་དང་། ཆིན་ཨམ་བན་གཉིས་ནས། ཕག་རྫོང་ནས་འབྲུག་ལོ་ཆག་པཪ་བསྙད་
རྩེས་མི་ཆོག་པའི་སྐོཪ་གཏང་བའི་བཀའ་རྒྱ། བཅའ་ཆིན་ཁྲི་ལོ་
༡ ༡༧ ཆུ་སྤྲེ་ ༡༨༡༢

གཡང་ཨམ་བན་དང་། ཆིན་ཨམ་བན་གཉིས་ནས་ཕག་རྫོང་ནས་འབྲུག་ལོ་ཕྱག་པཪ་བསྙ་
བཙེ་མི་ཆོག་པའི་སྐོཪ་བཏང་བའི་བཀའ་རྒྱ་སོགས་ཡིག་གྲངས་ ༡༠ ཆུ་ཡོས་ –
མེ་སྤྲེ་ ༡༧༢༣ – ༡༨༩༦

་་་་་མ་ཆེན་པའི་བཀའ་མངགས་བོད་ཀྱི་ལས་དོན་འཁུཪ་འཛིན་པ་གཡང་ཨམ་བན་དང་།
ཆིན་ཨམ་བན་གཉིས་ནས་རྩ་ཚིག་སྦྱཪ་དོན། ཡིད་ཅན་གྱི་སྐྱེ་སྒུ་མཐའ་དག་ནས་
ངེས་
་་་་་རྒྱུཪ། འབྲུག་སྡེ་སྲིད་ནས་ལོ་ལྟཪ་གནམ་ལོ་གསཪ་ཚེས་ཀྱི་སྐབས་སུ།
༄༅ཏཱ་ལའི་བླ་མ་ཪིན་པོ་ཆེཪ་ལོ་ཕྱག་འབུལ་མི་གཏོངསྲོལ་ལ། དེ་ཡང་སྡེ་སྲིད་
ཪང་གི་དངོས་དོས་ལ་སྔཪ་ནས་གྲངས་བཅད་ཡོད་

་་་་་ཡིན་འདུག་པཪ། དངོས་དོས་འདེ་དག་ཁོ་པ་སྡེ་སྲིད་ནས་ ༄༅གཞུང་སཪ་དཀཪ་
འཚོའི་ལེགས་ལམ་ཡིན་གཤིས་ལོ་ལྟཪ་ཕག་ཪིཪ་འབྱོཪ་སྐབས་སྫོང་སྡོད་ནས་འུལ་
ལག་ཀྱང་བཏང་ཏེ་གཤོ་ག་ལེན་སྲོལ་མེད་པ་
་་་་དེ་བྱིངས་ཕྱོགས་མཚུངས་སུ་ཡོང་པའི་ཚོང་པའི་སྒེཪ་དོས་རྣམས་ལ་ཁོ་པ་
སྡེ་སྲིད་ནས་ནང་ཚག་བརྟགས་ཐེལ་རྒྱབ་ཐོག་དངོས་པོའི་ཐོ་ཟུཪ་དུ་བྱུང་ན་ཕག་
སྫོང་ནས་ཀྱང་ཞིབ་འཇུག་ཀྱི་གཤོ་སྒ་ལེན་
་་་་་ཡོད་པ་དེ་ལྟཪ་ཡིན་ཪུང་། སྔ་ལོ་འབྲུག་པའི་དངོས་དོས་ཡོང་ཪིགས་གཤོ་
གཪ་ཕྲ་བཟུང་ཐུབ་ཪེའི་ཕལ་ཆེཪ་ལ་བརྟགས་ཐེལ་མེད་པའི་ཞིབ་འཇུགས་བྱེད་ཁུང་
མེད་པཪ་བརྟེན། སྫོང་སྡོད་ནས་དངོས་པོ་
་་་་ལྟ་ཆེད་ཁབ་སྐུང་རྒྱབ་ཏེ་སྔཪ་བརྒྱུན་གཤོ་སྒ་ལེན་དགོས་ལ། ཁོ་པ་
འབྲུག་སྡེ་སྲིད་ཀྱི་ལོ་ཕྱག་མི་སྣ་མགོ་ལེགས་ཅན་ཕག་ཪིཪ་འབྱོཪ་སྐབས་གཤོ་
སྒཪ་ཕྲ་ཟུང་དང་། སྫོང་སྡོད་ལ་རྨས་སྐྱོན་བཏང་
་་་་་པ་དེ་སྐོཪ། སྔོན་དུ་་ངེད་ཨམ་བན་གཉིས་ནས་རྒྱ་བོད་ཀྱི་ཞིབ་དཔྱོད་པ་
ཆེད་མངགས་ཐོག་གཉིས་ལོའི་དྲི་རྩད་བྱེད་བཅུག་པཪ་དང་ཐོག་རྩ་བའི་ཡོང་
ཪྐྱེན་མི་སྣ་མགོ་ལེགས་ཅན་ནས་སྒེཪ་དོས་འབོཪ་ཆེ་
་་་་་ཁྱེཪ་ཡོང་ཏེ་འབུལ་དོས་དང་། སྒེཪ་དོས་གཉིས་དབྱེ་འབྱེད་མེད་པའི་
མཉམ་སྲེས་ཀྱི་བཞག་ཐོག་དོ་པོཪ་ངོ་བཤེཪ་གྱི་གཤོ་ག་བླངས་མི་ཆོག་པའི་ཚང་
མས་སྫོང་སྡོད་ནས་འུལ་ལག་གཏོང་དགོས་ཀྱི་དབང་བཤེད་བྱེད་རྩིས་
་་་་་སྫོང་སྡོད་ནས་ལམ་སྐྱངས་འུལ་ལག་གཏོང་ཐེབ་མེད་པ་མ་ཟད། འབུལ་དོས་དང་
སྒེཪ་དོས་ལའང་ཞིབ་འཇུགས
ཀྱི་གཤོ་ག་ལེན་དགོས་ལ། དེ་ཡང་དོ་་པོཪ་རྟགས་ཐེའུ་མི་འདུག་སྟབས་སྔཪ་
རྒྱུན་ཁབ་སྐུང་
་་་་་མིག་ལྟ་བྱེད་རྩིས་ཀྱི་ལས་སྒོཪ་འཕྲོས་མོལ་བྱེད་སྐབས་སུ། འུལ་མི་
རྣམས་ནས་ཀོ་ཪིལ་ཪྐུས་འཁྱེཪ་བྱས་པ་ སྫོང་སྡོད་ནས་མིག་གི་མཐོང་སྟབས་
སྐབས་ཐོག་ངན་སྨྲས་བྱས་པཪ། དྭང་པོཪ་འབྲུག་
་་་་་ཚ་ཪིངས་དོན་འགྲུབ་ནས་ཡཪ་གཤོཪ་ཏེ་སྫོང་སྡོད་ཀྱི་ཐོང་རྩ་ནས་བཟུང་བ་
དང་། ཡང་མི་སྣའི་གྱོག་དགིས་སྐྱེས་དང་། འབྲུག་ཆུང་གཉིས་སོ་སོ་ནས་རྒྱུག་
པ་ཪེ་འཁྱེཪ་ཏེ་སྫོང་སྡོད་གཉིས་ཀཪ་རྨས་སྐྱོན་
་་་་་སོགས་ངོས་བལྔགས་ཀྱི་སོ་སོའི་འཛུག་ཐེལ་འབྱཪ་བའི་ཞུ་བ་སྨྱོན་མེད་
ཕུལ་བྱུང་ཪུང་། ངེད་ཨམ་བན་ནས་ཡང་བསྐྱཪ་ཚང་འཛོམས་སཪ་ངོས་ཀྱི་དྲི་རྩད་
བྱས་པཪ་ཀྱང་ཪེ་ཪེ་བཞིན་ངོས་བླངས་སོང་བ་བཅས་
་་་ན་ས་མཚམས་ཁག་རྣམས་རྩ་ཆེའི་ཁཪ་སྫོང་སྡོད་རྣམས་ཀྱང་། ༄༅གོང་མ་ཆེན་
པོའི་ཏོག་གནས་ཡོད་པའི་འགོ་བྱེད་ཡིན་བཞིན་དུ། ད་ལམ་ནག་ཅན་ཚེ་ཪིངས་དོན་
འགྲུབ་ཅན་ནས་ཚོད་མེད་དཔུང་བསྒྲིལ་
་་་་་ལམ་སྐྱངས་སྫོང་སྡོད་རྒན་གཞོན་གཉིས་ཀཪ་ལྒ་འཇོག་བརྡུངས་སྫོགས་ཀྱིས་
རྨས་སྐྱོན་དུ་གྱུཪ་པ་འདི་ཐད།
༄༅གོང་མ་ཆེན་པོའི།༄༅བཀའ་ཁྲིམས་ལ་ཁྱད་གསོད་ཅི་ཆེ་འདི་ཪིགས་རྒྱུན་
་་་་་ཞན་གྱི་བྱེད་འཛོལ་དང་མི་འདྲ་ཞིང་། ༄༅གོང་མ་ཆེན་པོའི།༄༅བཀའ་ཁྲིམས་
ནི་བཙན་ཞིང་གསལ་བ་བཅས། ངེད་ཨམ་བན་༄༅གོང་མ་ཆེན་པོའི་༄༅བཀའི་དགོངས་དོན་
བོད་ཀྱི་ལས་དོན་
་་་་་བྱེད་རྒྱུའི་དགོས་དོན་ལ། ངན་པ་རྣམས་ཚཪ་གཅོད་ཤིང་། བཟང་པོ་བདེ་བཪ་
འགོད་དགོས་པ་ཡིན་གཤིས་
བྱེད་ངས་འདི་ཪིགས་ལ་ལྷོད་ཡངས་ཕྲན་བུ་ཙམ་ཡང་འཇོག་ཐེབ་མི་འདུག་པ་བཅས་
་་་་་ཉེས་པའི་འཆཪ་གཞི་བཀོད་ཏེ་༄༅གོང་མ་ཆེན་པོའི་གསེཪ་༄༅སྙན་སྒྲོན་
གྲུབ་བ་དང་། གཞི་ནས་འདི་སྐོཪ་་ཕག་ཪི་སྫོང་སྡོད་ནས་ཟ་བསྙད་དང་། འབྲུག་
པཪ་འགྲོ་འཚམས་བྱས་ཪིགས་
་་་་་འབྲུག་པའི་མི་སྣ་ནས་ལྷ་ལྡན་དུ་ཞུ་འབོད་བྱུང་ན། ངེད་ཨམ་བན་ནས་ཉེས་
པ་མིག་ལྟོས་ལ་ཕན་པ་གཏོང་བ་གཞིཪ་བཅས་ཀྱང་། ད་ལམ་མི་སྣ་མགོ་ལེགས་དང་།
གཡོག་
་་་་་བཅས་ཚངས་མཪ་ཪེ་ཪེ་བཞིན་དྲི་རྩད་བྱས་པཪ་ཚང་མས་དེ་ལྟཪ་བྱས་མ་བྱུང་
ཞུ་བ་དང་། འོན་ཀྱང་སྫོང་སྡོད་རྒན་པ་ཪང་བྱོན་རྡོ་རྗེ་ཚེ་ཪིངས་ནས་ཐོག་
མཪ་ངན་སྨྲས་ལབ་འདུག་པ་འདི་ཐད་ཅུང་ཞིག་མཐུས་མིན་བྱུང་འདུག་སྟབས། ཁོ་པ་
ཪིམ་པ་དྲུག་པའི་ཏོག་གནས་སུ་གནས་ཕབ་གྲུབ་པ་བཅས་ལས་དོན་འདིའི་སྐོཪ་ལ་
ངེད་ཨམ་བན་ནས་༄༅གོང་མ་ཆེན་པོའི
་་་་་༄༅བཀའ་ཁྲིམས་དགོངས་དོན་གཞིཪ་གཞག་དྲང་བཞག་བགྱིས་པ་ཡིན་པས་ལས་དོན་
འདི་བྱས་ཀྱི་འབྲུག་སྡེ་སྲིད་ལའ་ཡི་གེ་སོང་གྲུབ་པ་བཅས། དེའི་ཆེད་རྩ་
ཚིག་འདི་
་་་་་ བཞིན་སྦྱཪ་མ་བོད་དུ་འཁོད་པའི་ཕྱི་ནང་གི་མི་ཪིགས་ཚང་མ་ནས་རྩི་
འཇོག་གི་༄༅བཀའ་ཁྲིམས་འཁུཪ་ཤེས་འགྲོ་བཟོ་སྡོད་མཁས་ཚུལ་མཐུན་བྱེད་པ་ལས་
ཪང་སྣང་གང་ཤཪ་གྱི་
་་་་་ ངན་སྤྱོད་སུ་ནས་བགྱིས་ཪུང་། ༄༅གོང་མ་ཆེན་པོའི་༄༅བཀའ་ཁྲིམས་ལྡོག་
དུ་མེད་པའི་ཪང་ཐོག་དུ་མྱོང་བྱཪ་ཡོང་བ་རྨོས་མེད་མ་ཟད། ད་ལམ་འབྲུག་པའི་
ནག་ཅན་
་་་་ འདི་དག་ལ་༄༅བཀའ་ཁྲིམས་ཀྱི་དཔེ་སྲོལ་བསྟན་པ་ཡིན་པས་དེ་ལྟཪ་མི་
དགོས་པའི་བདག་དོན་བདག་གཅེས་ཀྱི་རྗེས་ཡོང་སྔོན་དུ་དྲན་པ་ཡོང་བ་གྱིས། ༄༅
བཅའ་
ཆིན་ཁྲི་བཞུགས་བཅུ་བདུན་པའི་ཟླ་ཚེས་ལ། ༢ ༢༡

བརྒྱུད་སྐུལ།

མཆན་སྤེལ།