ཆག༌ལོའི༌ལམ༌ཡིག

ཆག༌ལོའི༌ལམ༌ཡིག

 

ལེའུ༌དང༌པོ། བོད༌དུ༌སྐུ༌འཁྲུངས༌པ།

 

༄༅། །རྒྱ༌གར༌སྐད༌དུ། གུརབཱགབིམཱལཱབལཱིནཱམ། བོད༌སྐད༌དུ། བླ༌མའི༌གསུང༌དྲི༌མ༌མེད༌པ༌བསྒྲིགས༌པ༌ཞེས༌བྱ༌བ། ཆོས༌རྗེ༌ཆག༌ལོ༌ཙཱ༌བའི༌ཞབས༌ཀྱི༌པད༌མོ༌དྲི༌མ༌མེད༌པ༌ལ༌གུས༌པས༌ཕྱག༌འཚལ༌ལོ། །

དཔལ༌གྱི༌མཚན༌ཅན༌དཔལ༌གྱི༌དོན༌ལྡན༌དཔལ།།

བླ༌མའི༌ཞབས༌རྡུལ༌གུས༌པས༌གཙུག༌གིས༌བསྟེན།།

མཁྱེན༌པའི༌ཡེ༌ཤེས༌བཀྲ༌བ༌ཐུགས༌རྗེ༌ཅན།།

བླ༌མས༌རྟག༌པར༌བྱིན༌གྱིས༌བརླབ༌ཏུ༌གསོལ།།

ཆོས༌སྐུ༌གདོད༌ནས༌ཞི༌བའི༌ཕྱིར།།

དག༌པའི༌སྒྱུ༌མ༌རྒྱུ༌ལས༌སྐྱེས།།

སྟོང༌ཉིད༌རྟེན༌འབྲེལ༌ལོངས༌སྐུར༌བྱོན།།

བླ༌མའི༌ཞབས༌ལ༌ཕྱག༌འཚལ༌ལོ།།

བརྟགས༌ན༌མ༌གྲུབ༌རྐྱེན༌ལས༌སྐྱེས།།

བྱས༌དང༌མི༌རྟག༌ལྟ༌བུར༌གསུངས།།

རྟག༌ཆད༌མཐར༌ཁུང༌དུ༌གསལ༌མཛད།།

རྟག༌ཆད༌མཐའ༌ཀུན༌བསལ༌མཛད༌པ།།

སྨན༌པའི༌རྒྱལ༌པོ༌ལ༌ཕྱག༌འཚལ།།

ནམ༌མཁའི༌མཐའ༌ནི༌དཔག༌མེད༌པ།།

ཕྱོགས༌བཅུ༌མ༌ལུས༌སྡུད༌འདོད༌ལྟར།།

བླ༌མའི༌ཡོན༌ཏན༌དཔག༌མེད༌ཀྱང༌།།

ཕྱོགས༌འགའ༌གུས༌པས༌འབྲི༌བར༌བྱ།།

དེ༌ཡང༌བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌མཚན༌ངྷརྨ༌སྭ༌མི༌ཤྲཱི༌ཞེས༌བྱ༌བ། རྒྱ༌གར༌པཎ༌ཆེན༌བཅུ༌གཉིས༌ཀྱི༌ཡོན༌ཏན༌མངའ༌བ༌མཁས་བཙུན༌གྲུབ༌པ་བརྙེས༌པ༌སྤྱིར༌རིག༌པའི༌གནས༌ལྔ༌དང༌། ཁྱད༌པར༌སྔགས༌དང༌། སྒྲ། མཚན༌ཉིད༌ཀུན༌ལ༌མཁས༌པ༌སྟེ། སྔོན༌ཡང༌མཁས༌པའི༌འབྱུང༌གནས༌དབང༌པོ༌རྣོ༌ལ༌ལྕེ༌བདེ༌བའི༌སྦ༌གཉལ༌གྱི༌སྨད༌ལྟེའུ༌བྱང༌ཆག༌གྲོང༌ཞེས༌པ༌མཁར༌དཀར༌པོ༌ཟུར༌ལྔ༌པ༌ཅན༌དེར༌སྐུ༌འཁྲུངས༌སོ། །

ཁུ༌བོ༌ནི། ཆག༌ལོ༌ཙཱ༌བ༌དགྲ༌བཅོམ༌ཞེས༌པ༌རྒྱ༌གར༌རྡོ༌རྗེ༌གདན༌དུ༌བསྔགས༌པ། མ༌ཧཱ༌བོདྷི་བྱང༌ཆུབ༌ཆེན༌པོ༌ལ༌མཎྜལ༌དང༌མཆོད༌པ༌རྣམ༌ལྔ༌མང༌དུ༌ཕུལ༌ནས༌མེ༌ཏོག༌གི༌ཕྲེང༌བ༌མང༌པོ༌གཏོར༌བས༌བྱང༌ཆུབ༌ཆེན༌པོའི༌སྙན༌གཉིས༌ལ༌མཛེས༌པར༌ཆགས༌པས༌དཀོན༌གཉེར༌ལ༌སོགས༌པ༌ཐམས༌ཅད༌ཡ༌མཚན༌སྐྱེས། ནཱལནྡར༌བདེ༌མཆོག་གི༌ལྷ༌ཁང༌རྟེན༌གྱི༌དྲུང༌དུ༌བསྒྲུབས༌པས༌བདེ༌མཆོག༌ཞལ༌གཟིགས༌པའི༌མཁས༌བཙུན༌གྲུབ༌པ༌བརྙེས༌པ། སྒྲུབ༌པ༌ལ༌བརྩོནཔ༌དཔལ༌དགྲ༌གཅན༌གྱི༌མཁན༌རྒྱུད༌འཛིན༌པ༌དེ༌ནི༌མཁན༌པོའོ། །མེས༌པོ༌ནི། བླ༌མ༌ཆེན༌པོ༌བཀྲ༌ཤིས༌དགའ༌ཞེས༌པ༌ཐེག་པ༌ཆེ༌ཆུང༌སྔགས༌མདོ༌སྡེ༌ཐམས༌ཅད༌ལ༌མཁས༌ཤིང༌ཁྱད༌པར༌དུ༌ཡོ༌གའི༌འགྲེལ༌ཆེན༌རྣམས༌ལ༌མཁས༌པས༌དཔལ༌མཆོགགི༌ཐིག༌རྩ༌མཚོན༌ནའང༌མཛད། མཆོག༌ལྡན༌ལྷ༌མོ༌རེ༌མ༌ཏི༌དང༌དཀར༌མོ༌ཉི༌ཟླ༌ཕྲེང༌ཅན༌བྲན༌བཞིན༌ཏུ༌འཁོལ༌བའོ། །ཡབ་ནི། སློབ༌དཔོན༌ཆེན༌པོ༌དར༌མ༌འབྱུང༌གནས༌ཞེས༌པ༌ཇོ༌བོ༌བཟང༌བ༌བདེ༌མཆོག༌ལྷན༌སྐྱེས༌དང༌། ཕྱག༌ན༌རྡོ༌རྗེའི༌བསྒྲུབ་པ་པོ༌གཡོན༌མཉམ༌བཞག༌དང༌། གཡས༌ཕྲེང༌བ༌རྟག༌པར༌ཐོགས༌པ། གསུང༌དབྱངས༌སྙན༌པ༌སྙིང༌མ༌འགྱེར༌༡བ༌ཞིག༌གོ། ཆོས༌རྗེ༌ཉིད༌ཀྱི༌ཞལ༌ནས༌ཕ༌ཇའི༌གྱེར༌མ༌དབྱངས༌སྙན༌པོ༌དེ༌ད༌དུང༌ཡིད༌ལ༌གཅགས༌གསུངས། ཡུམ༌ཆོས༌འབུམ༌གྱི༌ལྷུམསསུ༌ཆོས༌རྗེ༌ཞུགས༌པའི༌དུས༌སུ༌ཡུམ༌གྱི༌ཆགས༌སྡང༌ཀུན༌བྲལ༌སྙིང༌རྗེ༌ཆེན༌པོར༌གྱུར༌ནས༌བདོག༌པ༌ཐམས༌ཅད༌འཛིན༌ཆགས༌མེད༌པར༌ག༌ཐོ༌མཐོར༌སུ༌ཐོ༌ཐོད༌ལ༌བྱིན༌པས༌ཆོས༌འབུམ༌སྙམ༌འདུག༌གོ༌ཞེས༌གྲགས༌སོ། །སྐུ༌བལྟམས༌པའི༌དུས༌སུ༌ལྟསབཟང༌པོ༌ཚོར༌བ༌དུ༌མ༌བྱུང༌། ན༌བཟའ༌རས༌ཀྱི༌ཨང༌ག༌རག༌གསོལ༌བ༌དེ༌ལ༌དེ༌ནས༌ལྷའི༌བུ༌གཉིས༌ཀྱིས༌མེ༌ཏོག༌གི༌ཆར༌དངབདུད༌རྩིའི༌རྒྱུན༌འབེབས༌ཤིང༌ཀླུའི༌རྒྱལ༌པོ༌གཉིས༌ཀྱིས༌གདན༌ཁྲི༌འབུལ༌བ༌བྱུང༌ངོ༌། ལྟེའུ༌རའི༌རྒྱུད༌རིས༌ལ༌ཡང༌དེ༌ལྟར༌བྲིས༌བརྡའོ། དེ༌ལྟར། འགྲོ༌དོན༌ལ༌བྱོན༌བླ༌མའི༌སྐུ། །ཧ༌ཅང༌ཆེ༌བ༌མ༌ཡིན༌ལ། །ཧ༌ཅང༌ཆུང༌བའང༌མ༌ཡིན༌ལ། །བཞུགསན༌གཟི༌བརྗིད༌ཆེ༌བ༌ལ། །བཞེངས༌ན༌ཕྱོགས༌ཀུན༌མཛེས༌པའོ། །ཁྱད༌པར༌དུ༌ཡང༌དབུ༌དང༌ཚེམས། །སྤྱན༌ཡང༌དེ༌ལྟ༌མི༌ལ༌མེད། །སྡེ༌སྣོད༌ཆོས༌ཆར༌འབེབས༌པའི༌ཚེ། །གདུལ༌བྱའི༌གཏི༌མུག༌སེལ༌བའི༌གསུང༌། །དེ༌ལྟའི༌གསུང༌ཡང༌མི༌ལ༌མེད། །དེ༌ཡང༌འཕགས༌པ༌ཀླུ༌སྒྲུབ༌ཀྱི༌ཞལ༌སྔ༌ནས། ཚིག༌ནི༌བདེན༌ལ༌འཇམ༌པོ༌དག། ཡུན༌རིང༌དུས༌སུ༌བརྗོད༌པ༌ཡི།། མི༌ཡི༌དབང༌པོ༌ལྗགས༌ཡངས༌ཤིང༌། །ཚངས༌པ༌ཡི༌ནི༌དབྱངས༌སྙ ན༌འགྱུར། །ལྷག༌པར༌གུས༌དང༌བཀུར༌སྟི༌དག། །ཇི༌ལྟར༌རིགས༌པར༌རྗེས༌འཇུག༌པས། །ཚེམས༌ནི༌ཤིན༌ཏུ༌དཀར༌བ༌དང༌། །མདོག༌ལྡན༌མཉམ༌པའི༌ཚེམས༌སུ༌འགྱུར། །བདེནདང༌ཕྲ༌མ༌མེད༌པ༌ཡི། །ཚིག༌ནི༌ཡུན༌རིངས༌གོམས༌པ༌ཡིས། །དཔལ༌ལྡན༌ཚེམས༌ནི༌བཞི༌བཅུ༌ཐམ། །མཉམ༌པར༌ཐགས༌ཀྱང༌བཟང༌བར༌འགྱུར། །ཆགས༌དང༌སྡང༌དང༌རྨོངས༌མེད༌ཅིང༌། །བྱམས༌པས༌སེམས༌ཅན༌བལྟས༌པ༌ཡིས། །སྤྱན༌ནིབཀྲག༌ཅན༌མཐོན༌མཐིང༌ལ། །རི༌མ༌བ༌ཡི༌ལྟ༌བུར༌འགྱུར། །བཟོད༌པས༌མདངས༌ལྡན༌དགེ༌བས༌བརྗིད། །བསམ༌གཏན༌གྱིས༌ཞི༌བློ༌ཡིས༌གྲོལ། །ཞེས༌བྱ༌བའི༌རྒྱུ༌མཐུན༌པ༌ལས༌འཁྲུངས༌པ། ལྗགས༌ཡངས༌ཤིང༌བདེ༌བ༌ཚངས༌པའི༌དབྱངས༌དང༌ལྡན༌པ། ཚེམས༌དཀར༌ཞིང༌ཚད༌མཉམ༌པ། ཐགས༌བཟང༌བ། གྲངས༌བཞི༌བཅུ༌ཚང༌བ། སྤྱན༌མཐོན༌མཐིང༌དཀར༌ནག༌ཕྱེ༌ལ། སྤྱན༌རི༌བསྟུག༌པ། ཞལ༌མདངས༌དང༌ལྡན༌ཞིང༌གཟི༌བརྗིད༌ཆེ༌བ༌ཞིག༌གོ །དགུང༌ལོ༌བདུན༌བཞེས༌ནས༌ཀློག༌དང༌རྒྱ༌ཡིག༌དང༌། བི༌བརྟ༌རྣམ༌པར༌བསྒྱུར༌བ༌དང༌། བཀའ༌བཅད༌བྲིས༌ཐིག༌བསླབས། བྱིས༌པའི༌དུས༌ནས༌རྟེན༌ཁྲིམས༌ལྔ༌པའི༌དགེ༌བསྙེན༌མཛད། དགུང༌ལོ༌བཅུ༌གཅིག༌ནས༌ཉི༌ཤུ༌རྩ༌གཅིག༌གི༌བར༌དུ༌ཆག༌ལོ༌ཙཱ༌བ༌གོང༌མ༌དགྲ༌བཅོམ༌གྱི༌ཞབས༌དྲུང༌མ༌བྲལ༌བར༌བསྟེན། བདེ༌མཆོག༌གི༌དབང༌ཐོབ། སྔགས༌མཚན༌ཉིད༌གཞུང༌གདམས༌ངག༌མང༌པོ༌ཞུས། སེམས༌བསྐྱེད༌ཀྱི༌བཀའ༌ལྔ༌ཞུས༌སོ། །སྤྱིར༌ལོ༌བཅུ༌བདུན༌ལོན༌ནས༌བཞི༌བཅུ༌རྩ༌ལྔའི༌བར༌དུ༌སྣག༌སྨྱུག༌དང༌མི༌འབྲལ༌བའིདམ༌བཅའ༌བྱས༌ཞེས༌བླ༌མ༌ཉིད༌འཇུ༌ཕུར༌གསུངས༌སོ། །དགུང༌ལོ༌བཅུ༌བཞི༌བཅོ༌ལྔའི༌དུས༌སུ༌ལྟེའུ༌རའི༌བཀྲ༌ཤིས༌ལྷུན༌པོར་སྐུ༌མཚམས༌བཅད༌ནས༌ཁྲོ༌བོའི༌རྒྱལ༌པོ༌མི༌གཡོ༌སྔོན༌པོ༌པུས༌བཙུགས༌ཀྱི༌བསྙེན༌པ༌འབུམ༌ཚོ༌ཉི༌ཤུ༌རྩ༌དྲུག༌བསྐྱལ༌པས༌ཐུགསདམ༌ལྷའི༌ཞལ༌གཟིགས༌པ༌དེ༌ཡང༌། གཞན༌ལ༌གསང༌སྟེ༌སློབ༌དཔོན༌དོན༌ཞགས༌ལ༌གསུངས༌པས༌ཡིད༌མ༌ཆེས༌པར༌ཕྱིས༌ཆོས༌རྗེ༌རྒྱ༌གར༌དུ༌བཞུད༌ཚེ། དོན༌ཞགས༌པ༌ན༌རེ། ད༌རྒྱ༌གར༌ནས༌མི༌སྡོག སྲོག༌གི༌བར༌ཆད༌ཡོང༌ཡང༌ཡི༌དམ༌ལྷའིཞལ༌མཐོང༌གསུང༌སྟེ༌བར༌ཆད༌ཡིན༌ཟེར༌སྐད༌པ༌ལ༌དུས༌ཕྱིས༌ཆོས༌རྗེ༌རྡོ༌རྗེ༌གདན༌ནས༌བར༌ཆད༌མེད༌པར༌བྱོན། དགོངསཔའི༌དོན༌ཐམས༌ཅད༌གྲུབ༌ནས༌ལྟེའུ༌རར༌ཕེབས༌པའི༌དུས༌སུ༌དོན༌ཞགས༌པ༌དེ༌ཡིད༌ཆེས༌དད༌གུས༌གཞན༌ལས༌ཆེའོ། །བླམ༌འདི༌གྲུབ༌ཐོབ༌ཡིན༌པར༌འདུག༌པ༌ལ༌ན༌ནིང༌ངའི༌རྨི༌ལམ༌ན༌ལྟེའུ༌རའི༌ནུབ༌ཕྱོགས༌རྒྱ༌ཚའི༌རིའི༌སྟེང༌ནས༌ཉི༌མ༌ཤར༌བས་ཉལ༌ས༌ཐམས༌ཅད༌འོད༌ཀྱིས༌ཁེངས༌པའི༌རྨི༌ལམ༌བྱུང༌། ཆོས༌རྗེ༌པ༌འབྱོན༌པའི༌ལྟས༌བཟང༌པོ༌ཡིན༌པར༌འདུག༌གསུང༌ནསཤིན་ཏུ༌གུས༌པ༌ཆེ༌སྐད༌དོ། །དགུང༌ལོ༌ཉི༌ཤུའི༌དུས༌སུ༌ཆོས༌རྗེ༌གོང༌མའི༌ཞལ༌ནས༌ཉིད༌རྒྱ༌གར༌དུ༌གཞུད༌དགོས། དེ༌ལ༌བེབརྟ་ནི༌ཤེས༌ཟིན། མངོན༌པ༌ཤེས༌དགོས༌པས༌སློབས༌ཤིག བལ༌པོའི༌གནས༌པོ༌བྷ༌རོ༌ཧང༌ཐུང༌བ༌ལ༌གྱིས༌ཤིག དེ༌ཀུན་ངའི༌གནས༌པོ༌ཡིན༌ནོ། པཎ༌ཊིཏ༌རྣམས༌ལ༌ཆོས༌ཞུ༌ཚད༌ལ༌དུས༌མཉམ༌དུ༌ཞུས༌ཤོག ཕྱིས༌ཞུས༌ན༌སྔ༌མ༌མི༌མཉེས༌པ༌འོངངོ་། ནུས༌ན༌རྒྱ༌གར༌རྡོ༌རྗེ༌གདན༌དུ༌བཞུད། རྒྱ༌གར༌གྱི༌ཆུ༌འཐུང༌བ༌ཙམ༌གྱིས༌ཀྱང༌འོང༌ངོ༌། སྒྲ༌བཟང༌ལ༌ལྕེ༌བདེ༌བར་འགྲོ༌གསུང༌བའི༌ཞལ༌ཆེམ༌གནང༌ནས༌དེར༌ཆོས༌རྗེ༌གོང༌མ༌རྒྱ༌གར༌རྡོ༌རྗེ༌གདན༌དུ༌གཏུགས༌པས། ཤཱཀྱ༌ཤྲཱི༌དང༌། བུདངྷཤྲཱི་དང༌། རཏ༌ན༌ཤྲཱི༌ལ༌སོགས༌པའི༌ལོ༌ཙཱ༌བ༌མཛད༌ཅིང༌ཐུགས༌ཟིན༌པ། དཔྱལ༌ལོ༌ཙཱ༌བ༌ཆོས༌ཀྱི༌བཟང༌པོ༌དང༌རྒྱ༌གར༌དུདུས༌མཚ ུངས༌པའི༌གྲོགས༌པོ༌དམ༌པ༌བདེ༌མཆོག༌གི༌གྲུབ༌པ༌བརྙེས༌པ༌དེ༌དགུང༌ལོ༌དྲུག༌བཅུ༌རྩ༌བཞི༌ལ༌སྐུ༌གཤེགས༌སོ། དེནས་དེའི༌ལོ༌རང༌ལ༌ཆོས༌རྗེ༌རྒྱ༌གར༌རྡོ༌རྗེ༌གདན༌མ༌མཐོང༌བར༌དུ༌བོད༌དུ༌མི༌བཟློག༌བའི༌དམ༌བཅའ༌མཛད། ལྟེའུ༌རའི༌ཤར་གྱི༌སྒོའི༌ཐེམ༌པ༌ལ༌ཞབས༌གཏབ༌ནས༌རྡོ༌རྗེ༌གདན༌མ༌མཐོང༌བར༌དུ༌བཟློག༌རིའི༌དབུ༌སྙུང༌བཞེས༌ནས༌ཞང༌པོ༌ཚད༌མ༌དང༌འདུལ་བ༌ཤེས༌པའི༌དགེ༌བཤེས༌ཅིག༌གིས༌ཞབས༌ཐོགས༌མཛད༌ནས༌བྱོན༌རྩ༌དུ༌བླ༌མས༌ས༌སྐྱ༌ལོ༌ཙཱ༌བ༌དང༌། ཁྲོ༌ཕུ༌ལོ༌ཙཱ༌བ༌དང༌། ཉང༌སྟོད༌ལོ༌ཙཱ༌བ༌དང༌། བྱང༌ཆུབ༌སེམས༌དཔའ༌སྣར༌ཐང༌པ༌གྲོ༌ཆེན༌པོ༌ལ༌སོགས༌པ༌མཁས༌བཙུན༌མང༌པོ༌ལ༌ཆོས༌མང༌དུ་གསན། བླ༌མ༌ཆེན༌པོ༌གུང༌ཐང༌པ༌ལྷ༌བཙུན༌ལ༌ལྷག༌པར༌ཆོས༌མང༌དུ༌གསན༌ཏེ༌མངོན༌པ༌ཀུན༌ལས༌བཏུས༌མཁས༌པར༌བསླབས། ཆོས༌རྗེའི༌ཐུགས༌ནས༌གཟུང༌པས༌དཔེ༌ཆ༌ལག༌མཐིལ༌ཙམ༌ཡང༌མ༌དགོས༌པར༌གདའ། འཕགས༌སྐོར༌རྔོགས༌ལུགས༌ཀྱངདེ ར༌གསན༌ནོ། དེ༌ལྟར༌གཙང༌དུ༌ལོ༌བཅུ༌བཞུགས། བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌བོད༌དུ༌སྐུ༌འཁྲུངས༌པའི༌ལེའུ༌སྟེ༌དང༌པོའོ།།

 

ལེའུ༌གཉིས༌པ། བལ༌ཡུལ༌དུ༌བྱོན༌པ།

 

དེ༌ནས། བལ༌ཡུལ༌དུ༌གནས༌པོའི༌ཁང༌པར༌བྱོན༌པས༌ཐག༌རིང༌པོ༌ནས༌བྱོན༌པས༌མཉེལ༌གསོ༌དགོས༌ཟེར། སྔ༌དྲོ༌ཕྱི༌རོལ་དུ༌བྱོན༌པས༌ཐུགས༌སྐྱོ། ཕྱི༌དྲོ༌སྲང༌མདོར༌བྱོན༌པས༌ཀྱང༌ཐུགས༌སྐྱོ༌ནས༌བླ༌མ༌མཇལ༌བར༌མྱུར༌དུ༌རིངས༌ནས༌གནས༌པོའི་གམ༌དུ༌བྱོན༌ནས། ང༌འགྲོ༌གསུངས༌པས། འོ༌ན༌གཞུད༌ཟེར། དེ༌ནས། འཕགས༌པ༌ཤིང༌ཀུན༌དུ༌བླ༌མ༌རཏྣ༌རཀཥིཏ་རིན༌ཆེན༌འཚོའི༌སྤྱན༌སྔར༌བྱོན༌ནས༌དྲིལ༌བུ༌ལེགས༌པ༌གཅིག༌བླ༌མ༌དེ༌ལ༌ཕུལ། བ¿༌གྷབྱབྱ༌ཕ༌ལ༌ཕ༌ལ༌གསུང༌། ཆོས༌རྗེའིཐུགས་དྲིལ༌བུ༌གཅིག༌ཕུལ༌བ༌ལ༌རྡོ༌རྗེ༌དྲིལ༌བུ༌བཟང༌གསུང༌བ༌ཅི༌ཙུག༌ཡིན༌སྙམ༌ཙ༌ནས། ལྷོ༌བལ༌ན༌དྲིལ༌བུའི༌མགོ༌ལ༌རྡོ་རྗེ༌ཡོད༌པ༌དེ༌ལ༌རྡོ༌རྗེ༌དྲིལ༌བུ༌ཟེར༌བར༌འདུག །དྲིལ༌བུ༌མགོ༌མེད༌པ༌རྟའམ༌གླང༌པོ༌སྐེ༌ལ༌བཏགས༌པ༌དེ༌ལ༌དྲིལ༌བུ༌ཟེར༌བར་འདུག། བླ༌མ༌དེ༌ལ༌དྲིལ༌བུ༌དེ༌ཕུལ༌བས༌དེའི༌མཐོང༌ཆོས༌ད༌ལྟ༌དྲིལ༌བུ༌སུམ༌བརྒྱ༌ཙམ༌ཡོད༌པ༌འདི༌བྱུང༌གསུངས། དེ༌ནསབོད་ཀྱི༌མི༌ཁམས༌པའི༌དགེ༌བཤེས༌སྟོན༌གྲགས༌ལ༌སོགས༌པ༌དྲུག༌དབང༌ཞུ༌བར༌འདུག༌པ༌ལ། རྒྱ༌སྐད༌ཤེས༌པ༌མི༌འདུག༌ནསདེ ར༌ལོ༌ཙཱ༌བ༌མཛད༌ནས༌བདེ༌མཆོག༌ལྷ༌བཅུ༌གསུམ༌མའི༌དབང༌ལ༌སོགས༌པ༌ལྔ༌ཐོབ། ང༌ཁོང༌ལ༌དྲིན༌ཆེ༌ང༌ལའང༌ཁོང༌དྲིན་ཆེ༌གསུངས༌འཕགས༌པ༌ཤིང༌ཀུན༌ན༌ཆོས༌གཞི༌ཡོད། དེའི༌ཚེ༌བླ༌མ༌རཏ༌ན༌རཀཥིཏས༌རྟེན༌འགའ༌བཞེངས༌ནས༌རབ༌གནས་བྱེད༌པའི༌ས༌ཆོག༌མཛད༌ཁར༌འདུག༌པ༌ལ༌བསླེབས༌པས༌མཉེས༌ནས༌བྷོཊ༌ཨ༌ཏི༌ཕ༌ལ། བོད༌ངོ༌མཚར༌ཆེ༌ཉིད༌ལྟ༌བུ༌བོད༌དུ་སྐྱེ༌བར༌འདུག༌གསུངས༌སོ། ཡང༌པབྱབྱིཏ༌ཆེན༌པོ༌ར༌བཱིན༌དྲ༌དེ༌བ༌ཉི༌མའི༌དབང༌པོའི༌ལྷ༌མངོན༌པར༌ཤེས༌པ༌མངའ༌བའི༌དགེབསྙེན༌དེ༌ལ༌འཕགས༌སྐོར༌དང༌རྡོ༌རྗེ༌འཕྲེང༌བ༌ལ༌སོགས༌པའི༌ཆོས༌མང༌དུ༌ཞུས། མདོ༌རྒྱུད༌རྟོགས༌པ༌བསྡུས༌པ༌ཚར༌གསུམ་གསན༌པས༌དེ༌ཙམ༌མི༌དགོས༌གསུངས༌ཀྱང༌ཞུས༌ཏེ༌གསན༌པས༌མཉེས༌ནས། བཧུ༌སཏཏཐི༌སེམས༌ཅན༌མང༌པོའི༌དོན༌འོངགསུངས༌གསུངས། བལ༌ཡུལ༌ན༌འཕགས༌པ༌བུ༌ཁམ༌གྱི༌གཙིག༌ལག༌ཁང༌ན༌སྤྱན༌རས༌གཟིགས༌ཀྱི༌སྐུ༌ཤིང༌ཙནྡན༌ལ༌རང་བྱོན༌བྱིས༌པ༌ལོ༌ལྔ༌ལོན༌པ༌ཙམ༌གཅིག༌ལ༌སྐུ༌མདོག༌དམར༌པོར༌བཞུགས། འཕགས༌པ༌བུ༌ཁམ༌དེ༌རྒྱ༌གར༌ན༌གྲགས༌ཆེ། བོདན་འཕགས༌པ༌ཤིང༌ཀུན༌གྲགས༌ཆེ། འཕགས༌པ༌བུ༌ཁམས༌དེ༌སྟོན༌ཟླ༌འབྲིང༌པོའི༌ཚེས༌བརྒྱད༌ལ༌ཕྱི༌རོལ༌དུ༌སྤྱན༌དྲངས༌ནས་མཆོད༌པས༌ལྟད༌མོ༌ཆེན༌པོ༌འོང༌། ཡུལ༌མི༌སྤྱིས༌མཆོད༌པ༌བྱས༌ནས༌བྱེ༌བྲག༌ཏུ༌རྒྱལ༌པོ༌དང༌། བྷ༌རོ༌དང༌ཀུན༌གྱིས༌རང་རང༌གི༌ཁང༌པར༌སྤྱན༌དྲངས༌ཏེ༌མཆོད༌པ༌བྱེད། ཞོ༌དང༌། འོ༌མ༌དང༌། མང༌དང༌། མང༌རྩི༌དང༌། ཀ༌ར༌དང༌ལྔ༌ལ༌ཕྱིའི་འདུད༌རྩི༌ལྔ༌ཟེར༌ཏེ༌དེ༌དག༌གིས༌སྤྱི༌བོ༌ནས༌བླུགས༌ཏེ༌སྐྲུ༌ཁྲུས༌གསོལ༌ནས༌ཁྲུས༌ཆུ༌ཞུས༌པས༌ཁྲུས༌ཆབ༌དང༌བཟའ༌བ༌གྲོ༌ཀ༌འོང༌། དེ༌ལྟར༌ཟླ༌བ༌ཕྱེད༌དུ༌མཆོད༌པས༌མཚལ༌ཤས༌ཆེ༌བའི༌རྩི༌དམར༌པོ༌ཡོད༌པ༌དེ༌སངས༌ཀྱི༌བྱི༌ནས༌མེད༌པར༌འགྲོ། དེ༌ནས༌ཟླ་བ༌ཕྱི༌མའི༌ཚེས༌བདུན༌གྱི༌ཉིན༌བར༌ཧང༌དུ༌ཟེར༌བ༌སྔགས༌པ༌གཞོན༌པ༌རྣམས༌ཀྱིས༌བསིལ༌ཡབ༌ལ༌སོགས༌དང༌རོལ༌མོ༌མངཔོ་ཐོགས༌ཏེ༌ལྷ༌ཁང༌དུ༌སྤྱན༌དྲངས༌ཏེ༌ལྟད༌མོ༌མང༌པོ༌འོང༌། ཚེས༌བརྒྱད༌ཀྱི༌ཉིན༌པར༌རྩི༌དམར༌པོ༌གསར༌དུ༌གསོལ༌བར༌འདུགགསུངས། དབུ༌མ༌རིན༌ཆེན༌འཕྲེང༌བའི༌ལེའུ༌གསུམ༌པར། སྙིང༌པོ༌ལྔ༌རྣམས༌སྦྱིན༌པ༌དང༌། །ཞེས༌པ༌དེ༌གསུངས༌སོ།། ཡང༌བལ༌ཡུལ༌ན༌ཐམ༌བི༌ཧཱར༌ཀ༌པའི༌གཙུག༌ལག༌ཁང༌ངམ༌གོང༌གི༌ལྷ༌ཁང༌ཟེར། དེ༌ནི༌མཆོད༌རྟེན༌གཅིག༌ལ༌ནུབ༌རེ༌བཞིད་འོད༌འབར༌བ༌ཇོ༌བོ༌རྗེས༌གཟིགས༌ནས༌དེ༌ན༌ཅི༌ཡོད༌ཀུན༌ལ༌དྲིས༌པས༌ཤེས༌པ༌མ༌བྱུང༌བ༌ལ༌རྒན༌མོ༌གཅིག༌ན༌རེ། སངས་རྒྱས༌འོད༌སྲུངས༌ཀྱིས༌དཀྱིལ༌འཁོར༌བཞེངས༌པའི༌རྡུལ༌ཚོན༌ཡོད༌པ༌ཡིན༌ནམ༌ཞེས༌ཟེར༌བས༌དེའི༌ཞབས༌ཏོག༌ཏུ༌ཇོ༌བོས༌ལྷ་ཁང༌བཞེངས༌པ༌སྟེ། མཆོད༌རྟེན༌དེའི༌མདུན༌ན༌ཤཱཀྱ༌ཐུབ༌པའི༌གསེར༌སྐུ༌བཞེངས༌པ༌གཅིག༌ཡོད། དེ༌ལ༌ཇོ༌བོ༌མི༌འཇིག་པ༌སྦྱིན༌པ༌ཟེར། རྒྱ༌གར༌བ༌གནས༌དེ༌ལ༌ངྷརྨ༌ངྷཱ༌ཏུ༌བི༌ཧཱར༌ཆོས༌ཀྱི༌དབྱིངས༌ཀྱི༌གཙུག༌ལག༌ཁང༌ཟེར༌རོ། དེ༌ན༌གསེར༌སྲངབརྒྱད་བཅུ༌རྗེན༌ལ༌བཏགས༌པའི༌ཁྲི༌རྒྱན༌བཞི༌བཟང༌ཕུལ༌མ༌བྱས༌པ། གསེར༌བྱུགས༌པ༌མུ༌ཏིག༌གོས༌བརྒྱན༌པ༌ཡོད༌པ། དེ་བླངས༌ནས༌ཆོས༌འཛུགས༌པའི༌མིས༌བླ༌མ༌བཞུགས༌སུ༌གསོལ༌བ༌བཀུར༌སྟི༌ཡིན། དེ༌ནས༌ད༌ལྟ༌བར༌ཆོས༌ཚུགས༌བཟང༌ངོ༌། ཆོས༌རྗེས༌དེར༌མ༌བཞུགས༌འཕགས༌པ༌ཤིང༌ཀུན༌ན༌ཆོས༌གཞི༌ཡོད༌པས༌དེར༌བཞུགས༌གསུང༌། རིན༌ཆེན༌ཕྲེང༌བར། དམ་པའི༌ཆོས༌དང༌ཆོས༌སྒྲ༌ལ། །ཁྱོད༌ཀྱི༌བཀུར༌སྟི༌མཆོག༌དང༌ནི། ཞེས༌པ༌དེ༌གསུངས༌སོ། །ཡང༌བླ༌མའི༌ཞལ༌ནས༌སྔགསཔ འི༌བུ༌ཚ༌ཡིན༌པས༌མཐུའི༌རིགས༌རྣམས༌དགོས༌སྙམ༌ནས༌མ༌ལོ༌པ༌ཏྲ༌ཞེས༌བྱ༌བ༌ལ༌སོགས༌པ༌ངན༌སྔགས༌ཤོག༌དེབ༌ལྔ༌ཙམ་བྲིས༌ཏེ༌ཕྱིས༌སྟོང༌དེར༌སོང༌། དེ༌ཙ༌ན། སྡེ༌སྣོད༌མང༌པོ༌མཉན༌ཡོད༌པ༌ཡིན༌ཏེ། ངན༌སྔགས༌ཀྱི༌དགོས༌པ༌མེད༌སྙམ༌པ༌མ་བྱུང༌། བླ༌མ༌ར༌བིན༌དྲའི༌སྤྱན༌སྔར༌ཕྱིན༌པས༌དེ༌ཚོ༌དགོས༌པ༌མེད༌པར༌སོང༌བླ༌མ༌དེ༌དྲིན༌ཆེ། ངན༌སྔགས༌རིགས༌ཕྱིས༌མེདཔ ར༌བྱས༌གསུངས། བལ༌ཡུལ༌དུ༌ལོ༌རིལ༌པོ༌བརྒྱད༌བཞུགས༌སོ། །དེའི༌དུས༌སུ༌རྒྱ༌གར༌ནའང༌སྒྲ༌ལ༌མཁས༌པ༌མེད༌དེ་འོང༌སྙམ༌པའི༌དྭོགས༌ཡོད༌གསུངས། བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌བལ༌ཡུལ༌དུ༌བྱོན༌པའི༌ལེའུ༌སྟེ༌གཉིས༌པའོ།།

 

ལེའུ༌གསུམ༌པ། ཏི༌ར༌ཧུ༌ཏི༌ལ༌བྱོན༌པ།

 

དེ༌ནས། རྒྱ༌གར༌དུ༌བཞུད༌པ༌ལ༌བླ༌མ༌གཙང༌བ༌གྱི༌རེ༌བ། བླ༌མ༌ར༌བཱིན༌དྲ༌གཉིས༌མ༌གཏོགས༌པ༌ཁྲོ༌ཕུ༌པ༌དང༌། ས༌སྐྱ༌པ་ལ༌སོགས༌པ༌ཐམས༌ཅད༌ཀྱིས༌སྐུ༌ཚེའི༌བར༌ཆད༌འོང༌། མི༌བཞུད༌པར༌ཞུ༌གསུང༌། གྱེ༌རེ༌བའི༌ཞལ༌ནས། རྒྱ༌གར༌དུ༌བྱོན་ཡང༌བར༌ཆད༌མི༌འོང༌གསུངས། ར༌བཱིན༌དྲའི༌ཞལ༌ནས། ཁྱོད༌རྒྱ༌གར༌དུ༌བྱོན༌ཡང༌བར༌ཆད༌མི༌ཡོང༌། འོ༌སྐོལ༌ཕ༌བུ་མཇལ༌འོང༌གསུངས༌པ༌དེ༌ཀ༌ལྟར༌བྱུང༌། བླ༌མ༌དེ༌གཉིས༌ལ༌མངོན༌ཤེས༌མངའ༌བར༌འདུག༌གསུངས༌སོ། །གཡོག༌གིཞང་པོ༌དེ༌བལ༌ཡུལ༌དུ༌གྲོངས། དེ༌ནས༌ཞབས༌ཐོགས༌པ༌མེད༌པར༌བྱོན༌ཏེ། དབུས༌ནས༌རྒྱ༌གར༌བསྐོར༌ཡང༌གཡོག༌མེད་ཅིང༌རྩོད༌དུས༌མི༌རྒོད༌མང༌ཡང༌ལམ༌དུ༌རང༌། ནམ༌ཡང༌ཆོམ༌པོས༌བཅོམ༌པ༌མ༌མཆིས༌བ༌དེའང༌མཁན༌པོ༌ཆོས༌རྗེ༌ཆེན༌པོའིདྲིན་ཡིན༌ཞེས༌ཡི༌གེའང༌མཛད༌དོ། བལ༌པོ༌ནས༌རྒྱ༌གར༌དུ༌བཞུད༌པ༌ལ༌དྲང༌སྲོང༌གི༌རི༌ཨུ༌ཤྲི༌ར༌ཞེས༌པ། རྩེ༌མཐོན༌ནམ་མགོ༌བོ༌ཆེ༌ཟེར༌བ༌སོགས༌རི༌གསུམ༌ཡོད། དེང༌སང༌བལ༌པོའི༌སྐད༌ལབ༌པའི༌ས༌ནས༌བྱོན༌པས། རྒྱ༌གར༌པའི༌སྐད༌ལབཔ འི༌སར༌བསླེབས༌གསུངས། བསླེབས༌པའི༌ས༌ན༌ཏི༌ར༌ཇུ༌ཏི༌ཞེས༌པའི༌ཡུལ༌ཁམས༌ཡོད། དེའི༌དཀྱུས༌ཐག༌ལ༌ཟླ༌བ༌གསུམ། དཀྱུས༌ཐུང༌ཤོས༌ལའང༌ཉིན༌ལམ༌ཉི༌ཤུ༌ཡོད། དེ༌ནས༌ཕར༌གྲོགས༌པོ༌ཁམས༌པ༌ལྡན༌མ༌ཚུལ༌ཁྲིམས༌སེང༌གི༌བྱ༌བ༌དང༌གཉིས་ཀྱིས༌བྱོན༌པས༌རིགས༌ངན༌མོས༌བདས༌པས༌ཆོས༌རྗེ༌བྲོས༌པས༌ཐར། ཚུལ༌ཁྲིམས༌སེང༌གེར༌མོ༌གཅིག༌གིས༌ལག༌པའང༌བཅག་གོ ། དེ༌དུས༌ན༌བསླབ༌པ༌གཙང༌གཉེན༌པོ༌ཆེ༌བ༌ཡིན༌པ༌ལ༌ཕྱིས༌བསླབ༌པ༌འཆལ༌བས༌ཁོ༌ཤི རཱག༌ནི༌ཤྲི༌ཏ༌ཟེར༌ཏེ༌འདོད་ཆགས༌བསྟེན༌པ༌དེ། བོད༌ཀྱི༌བྱས༌ན༌རྒྱ༌གར༌གྱི༌ཚད༌པ༌འཕོག༌འཆི༌བ༌ཡིན། རཱག༌ཨ༌ནི༌ཤྲི༌ཏ༌འདོད༌ཆགས༌མི༌བསྟེན༌པབསླབ་པ༌གཙང༌སེང༌ངེ༌བྱས༌པས༌ང༌མ༌ཤི༌གསུངས། ཏི༌ར༌ཧུ༌ཏི༌ན༌ལམ༌ནས༌མཐོང༌བའི༌ལྷོ༌ནུབ༌མཚམས༌ཤིག༌ན༌བུ༌རམ་ཤིང༌གི༌ནགས༌ཚལ༌སྔོ༌ཐིབ༌སེ༌བ༌ཡོད། བུ༌རམ༌གྱི༌ནགས༌ཚལ༌དེ། ནགས༌ཚལ༌གཞན༌ལས༌སྔོ། བུ༌རམ༌དེ༌ནས༌འོངགསུངས། ཡུལ༌དེ༌ནི༌གྲོང༌ཁྱེར༌པ༌ཊ༌བྱ༌བ༌མི༌ཁྱིམ༌འབུམ༌ཚོ༌དྲུག༌ཡོད༌པ། ལྕགས༌རི༌བདུན༌གྱིས༌བསྐོར༌བ། ལྕགས༌རི་མཐོ༌བ༌ལ༌བོད༌ཀྱི༌མཁར༌ཙམ༌པ༌དེའི༌ཕྱི༌རོལ༌དུ༌ཆུ༌དང༌ཤིང༌ལ༌སོགས༌པའི༌འོབས༌ཉི༌ཤུ༌རྩ༌གཅིག༌གིས༌བསྐོར༌བའི༌དབུསན་རྒྱལ༌པོའི༌ཕོ༌བྲང༌ཡོད། དེ༌ལ༌སྒོ༌མོ༌ཆེ༌བ༌བཅུ༌གཅིག༌ཡོད། ཤར༌ནུབ༌ལྷོ༌ན༌གསུམ༌གསུམ༌། བྱང༌ན༌གཉིས། བྱང༌གི་གཉིས༌པོ༌མ༌མཐོང༌། གཞན༌རྣམས༌ལ༌སྒོ༌མདུན༌ན༌ཟམ༌པ༌ཡོད། ཟམ༌པའི༌ཕྱི༌རོལ༌ན༌གོ༌མཚོན༌མདུན༌ན༌བཞག༌པའི༌མི་མདའ༌འཕེན༌པ༌བཅུ༌ལྷག༌རེ༌རེ༌ཡོད། ཟོན༌བྱེད༌པ༌འདྲ། དེ༌ལ༌ཏུ༌རུ༌ཥ༌གར༌ལོག༌ཟེར༌བའི༌དམག༌གིས༌ལོ༌སྐོར༌གཅིགཏུ་དམག༌དྲངས༌ཀྱང༌མ༌ཕེབས༌སྐད། དེ༌ན༌རལ༌སྐོར༌ཞེས༌པ༌མི༌གསུམ༌ཡང༌ཡོད༌སྐད། གླང༌པོ༌ཆེ༌མོ༌གཅིག༌ཀྱང༌རྒྱལ་པོ༌དེ༌ལ༌ཡོད༌གསུངས། དེ༌ན༌ཕར༌ཟླ༌བོ༌བལ༌ཡུལ༌ནས༌ཕའི༌རུས༌པ༌ཆུ༌བོ༌གངྒར༌སྐྱེལ༌བ༌དེས༌ཕའི༌སྡིག༌སྒྲིབ༌དག༌པར༌འདོདཔ༌མུ༌སྟེགས༌པའི༌ལུགས༌ཕའི༌རུས༌པ༌ཆུ༌བོ༌གངྒར༌སྐྱེལ༌བའི༌མི༌ཡིན༌ཟེར༌ནས༌ཡ༌མཚན༌པར༌བྱེད༌པས༌དེ༌འདྲ༌སུམ༌བརྒྱ༌ཙམ་དང༌། རྡོ༌རྗེ༌གདན༌དུ༌འགྲོ༌བ༌བཅུ༌དྲུག༌དང༌བསྡེབས༌ནས༌བྱོན། གྲོང༌ཁྱེར༌པ༌ཊ༌དེར༌ཆོས༌རྗེ༌དང༌མི༌བཞི༌རྒྱག༌འཚོལ༌དུ་བྱོན། བག༌ཙམ༌གཅིག༌འགོར༌ནས༌བྱོན༌པས། ལམ༌ན༌ཟླ༌པོ༌རྣམས༌ངལ༌གསོར༌བཅུག༌པ༌སོང༌ནས༌མི༌འདུག ཆུ༌གཅིག་ལ༌མཉན༌པ༌གཅིག༌གིས༌གྲུ༌གཏོང༌དུ༌མ༌ཉན༌པས༌ཀྱང༌ལན། ཆོས༌རྗེ༌བ༌མི༌བཞིས༌ཆུ༌བགྲོད༌པ༌དང༌མུན༌སྲོས༌པར༌གྱུར། ལམ་ན༌སྙུག༌མ༌མང༌པོ༌ཡོད༌པས༌གྲི༌ལྡོབ༌ཁྱེར༌ཏེ༌བཅག༌ནས༌མེ༌སྒྲོན༌རེ༌རེ༌ཐོགས༌ནས༌བྱོན༌པ༌ལ། ཆོས༌རྗེའི༌ཞབས༌ལ༌ཚ༌དམ་པ༌ཅིག༌བྱུང༌། ཏུར༌གྱིས༌བཏོན༌པས༌སྙུག༌མའི༌ཚལ༌པ༌ཅིག༌ཟུག༌ནས༌ཞབས༌ལས༌པགས༌པ༌ལག༌མཐིལ༌ཙམ༌ཅིག༌ལྷོགས་འདུག ཁྲག༌མང༌པོ༌ཤོར༌གསུངས། དེ༌ལྟར༌གྱུར༌ཀྱང༌སྙུག༌མེ༌སྒྲོན༌ཕྱག༌ཏུ༌བསྣམས༌ནས༌གྲོང༌དུ༌ཟླ༌བོ༌རྣམས༌དྲིས༌ཤིང་བྱོན། གཅིག༌ནས༌གཅིག༌ཏུ༌བྱོན༌པས༌ནམ༌ཕྱེད༌ཙ༌ན༌ཟླ༌བོ༌རྣམས༌རྙ ེད༌དོ། །ལ༌ལ༌གཉིད༌དུ༌སོང༌བ༌བྱས། ལ༌ལ༌གཉིད་མ༌བྱུང༌བར༌སྡུག༌བསྔལ༌ནས༌འདུག༌གསུངས། དེའི༌སང༌ཉིན༌ཆོས༌རྗེས༌ཆགས༌ཅིག༌འཚོལ༌བའི༌འགྲོན༌པོ༌སུམ༌བརྒྱ༌པོ༌དེ་འགྲོ༌ཚབས༌ཆག༌གསུངས། དེའི༌སང༌དེ༌ནས༌བྱོན༌ཏེ༌ཉིན༌ལམ༌མང༌པོ༌སོང༌བའི༌བར༌ལན༌ཅིག༌ཁ༌སང༌མ༌ཧེས༌མི༌གསུམ་བསད༌དེ༌དེ༌རིང༌འགྲོ༌མ༌ནུས༌ཟེར༌བ༌གཅིག༌ལ༌གྲོགས༌པོ༌སུམ༌བརྒྱ༌དང༌བཅས༌སྟེ༌ཆོས༌རྗེ༌ཉིད༌དང༌། གྲོགས༌པོ༌དམ༌པ་གཉིས༌དང༌། གསུམ༌པོས༌སྔོན༌ལ༌ཡང༌མ༌བྱོན། ཕྱིས༌ལ༌ཡང༌མ༌ལུས༌པར༌དབུས༌ན༌ཡར༌བྱོན༌པ༌ལ། གྲོགས༌པོ༌སྔ༌མ་རྣམས༌རྡུལ༌ཙ༌རེ༌ཐིག༌གིས༌བྲོས༌ནས༌བྱུང༌། ཁ༌སང༌མི༌གསུམ༌གསོད༌པའི༌མ༌ཧེ༌དེ༌བྱུང༌། ཁ༌དོག༌ནག༌ལ༌ཁ༌རླངས༌ཆེབ། རྨིག༌པས༌ས༌རྡུལ༌བ། རྒྱང༌ནས༌ཀྱང༌ར༌གཡོབ༌ཅིང༌བརྡུང༌སྟངས༌འཇིགས༌སུ༌རུང༌བ༌རྣམས༌སྟོན༌པ། སྦོ༌ཡི༌སྤུ༌ཡནཔ་རིང༌པོ༌ས༌ལ༌སླེབས༌པས༌གྲུ༌བཞིར༌མངོན༌ཏེ༌རྒྱང༌ནས༌བལྟ༌བ༌ལ༌ཆར༌བ༌གདོང༌ལ༌བཟེད༌པ༌འདྲ༌བ། མ༌ཧེ༌ཞེས༌པ༌བོདསྐ ད༌དུ༌གཡག༌རྒོད༌ཅེས༌པར༌བསྒྱུར༌རམ༌གཞན༌སྐད༌དོད༌མེད༌གསུངས། དེར༌དེ༌འདྲའི༌མ༌ཧེའི༌ཉེན༌ཏེ༌འཇིགས༌པ༌ཆེནཔོ༌བྱ ུང༌ཡང༌ཆོས༌རྗེས༌ལམ༌བསྲུང༌མཛད༌པས༌གསོད༌དུ༌མ༌བྱུང༌། ཁོ༌རང༌ནགས༌ཁྲོད༌གོལ༌བར༌སོང༌གསུངས། དེ༌ལྟར། ཉིན༌ལམ༌དགུ༌བཅུ༌མུ༌སྟེགས༌ཀྱི༌རྒྱལ༌ཁམས༌ཏི༌ར༌ཧུ༌ཏར༌བྱོན༌པའི༌ལེའུ༌སྟེ༌གསུམ༌པའོ།། །།

 

ལེའུ༌བཞི༌པ། ཡངས༌པ༌ཅན༌དུ༌བྱོན༌པ།

 

དེ༌ནས། ཡངས༌པ༌ཅན༌གྱི༌གྲོང༌མེད༌པའི༌མཐའ༌འཁོབ༌ཉིན༌ལམ༌དྲུག༌ཡོད། དྲང༌སྲོང༌གི༌རི༌ཨུ༌ཤྲིར༌ཞེས༌པ༌རྩེ༌མཐོནནམ༌མ གོ༌པོ༌ཆེ༌ཟེར༌པ༌ཡོད། དེ༌ཀུན༌ཏུ༌ཤི༌སྐྱིད༌ཀྱི༌ཇག༌པ༌འོང༌། དེ༌མ༌གཏོགས༌པ༌གྲོང༌དུ༌སླེབས༌ཙམ༌ཡོད། ལྗོངས་ཡངས༌པ༌ཅན༌ཞེས༌བྱ༌བ༌དཀྱུས༌ཐུང༌ཤོས༌ལ༌ཉིན༌ལམ༌བརྒྱད། དཀྱུས༌རིང༌ཤོས༌ལ༌ཉིན༌ལམ༌ཉི༌ཤུ༌ཡོད༌པ༌ཞིག༌གོ དེ༌ན་འཕགས༌མ༌སྒྲོལ༌མ༌རྡོ༌ལ༌རང༌བྱོན༌བཞེངས༌སྐུ༌དབུ༌གཡོན༌དུ༌ཀྱོག༌གེ༌བ། ཞབས༌གཡོན༌མཉམ༌བའི༌བརྐྱངས༌སྟབས༌ལ། གཡས༌པ༌ལོགས༌སུ༌བསྟན༌ཅན༌ཕྱག༌གཡས༌མཆོག༌སྦྱིན། གཡོན༌དཀོན༌མཆོག༌གསུམ༌མཚོན༌གྱི༌སོར༌མོས༌ཐུགས༌ཀ༌བརྒྱནཔ། དེའི༌ཞལ༌མཐོང༌བ༌ཙམ༌གྱིས༌བར༌ཆད༌སེལ༌བའི༌བྱིན༌རླབས༌ཤིན༌ཏུ༌ཆེ༌བ༌གཅིག༌བཞུགས། ཡངས༌པ༌ཅན༌གྱི༌གྲོངཁྱེ ར༌ཆེན༌པོར༌བྱོན༌པ༌ན༌དེའི༌མི༌ཀུན༌ཤིན༌ཏུ༌བྲེལ༌བར༌འདུག༌སྟེ༌གར༌ལོག༌གི༌དམག༌འུར༌ཆེ༌བས༌དངངས༌ཤིང༌སྐྲགས༌པར་བརྡ༌སྐད། དེ༌ནུབ༌ཆོས༌རྗེ༌ལོ༌ཙཱ༌བའི༌གཟིམ༌ལམ༌དུ༌རྡོ༌རྗེ༌གདན༌ཇི༌ལྟར༌བ༌གཟིགས༌ཤིང༌ཆོས༌རྗེ༌ལོ༌ཙཱ༌བ༌གོང༌མ༌དང་མཇལ༌ནས༌གསུང༌གླེང༌ཡང༌མཛད༌དོ། །དེ༌སྐད༌དུའང༌། ཆོས༌རྗེ༌ཉིད༌ཀྱིས༌མཛད༌པའི༌བླ༌མའི༌སྐུ༌དྲིན༌དྲན༌པའི༌ཚིགསབཅད་ཨ༌ནུ༌པྲཱ༌ཤ༌ན༌རྗེས༌སུ༌བསྐྱངས༌པའི༌རྒྱན༌ཞེས༌པ༌ལས། ལམ༌གྲོགས༌བགྲོད༌པ༌མང༌ཡང༌གར༌ལོག༌དང༌། །ནགས་ཀྱི༌མ༌ཧེས༌ཉེན༌ཡང༌རྣམ༌འཕྲུལ༌གྱིས། །རྡོ༌རྗེ༌གདན༌མཐོང༌གེགས༌སུ༌མ༌གྱུར༌པ། །དེ༌ཡང༌མཁན༌པོ༌ཆོས༌རྗེ༌ཆེན༌པོའིདྲིན།། ཞེས༌པ། དེའི༌དོན༌ཇི༌ལྟར༌ལགས༌ཞུས༌པས། དེ༌ལ༌མ༌ཧེས༌ཉེན༌པ༌གོང༌དུ༌ཏི༌ར༌ཧུ༌ཏིའི༌སྐབས༌སུ༌བཤད༌ཟིན། རྣམ༌འཕྲུལ༌གྱི༌རྡོ༌རྗེ༌གདན༌མཐོང༌གསུངས༌པ༌ཇི༌ལྟར༌ལགས། ཞེས༌ཐང༌པོ༌ཆེའི༌དགོན༌པ༌ཆེན༌པོར༌སྟོན༌ཆོས༌གསུང༌དུས་བླ༌བྲང༌ཐོག༌ཁར༌ཞུས༌པས༌དེ༌ཁྱོད༌ཀྱིས༌བྲིས༌སམ༌གསུངས། ལོ༌ལྔའི༌གོང༌དུ༌ལྟེའུ༌རར༌བྲིས༌ལགས༌ཞུས༌པས༌དེའི༌དོན༌འདི་ཡིན༌གསུངས། ཡངས༌པ༌ཅན༌དུ༌སླེབས༌པ༌ན༌མི༌ཐམས༌ཅད༌གར༌ལོག༌གིས༌འཇིགས༌པས༌ཐོ༌རང༌བྲོས༌པས༌ནམ༌ལ༌བྲོསཔོ༌བྱ ེད། ངའི༌ཟླ༌བོ༌འགྲོན༌པོས༌ཟེར༌བ། ལམ༌ལ༌འགྲོ༌བ༌སུམ༌བརྒྱ༌ཡོད༌པ༌རྣམས༌ཀྱང༌འབྲོས༌པར༌འདུག༌པ༌ལ༌ངའི༌རྨི་ལམ༌ན༌རྡོ༌རྗེ༌གདན༌དུ༌ཕྱིན༌པས། ཆོས༌རྗེ༌གོང༌མ༌བྱོན༌པས༌ཕྱག༌མཁར༌གྱིས༌ལྷ༌ཁང༌གི༌སྒོ༌རྣམས༌ཕྱེ༌ནས༌བུ༌ཁྱོད༌འདི༌རྣམས་ལེགས༌པར༌གཟིགས༌ཤིག། འཇིགས༌མི༌དགོས༌ཀྱི༌འདི༌ན༌ཡར༌ལ༌བྱོན༌ཅིག༌གསུངས༌པ༌ཡིན། དེ༌ནས༌གཉིད༌སདཔ ར༌སྙིང༌ལ༌ཉམས༌དགའ༌བ༌བྱུང༌གསུངས། དེ༌ནས༌ཐོ༌རངས༌དེ༌ལྗོངས༌ཡངས༌པ༌ཅན༌གྱི༌མི༌ཐམས༌ཅད༌བྲོས། ང༌མ་བྲོས༌པས། ཟླ༌བོ༌གཅིག༌ན༌རེ། འོ༌ན༌ང༌ཡང༌འདུག༌ཟེར། ཡང༌གཞན༌ཞིག༌བསྡད། ངེད༌གསུམ༌བསྡད༌པས༌དེ༌ནས་འགྲོད༌པོ༌གཅིག༌ཀྱང༌བསྡད༌དོ། །ཉི༌མ༌ཤར༌ནས༌སྒོ༌མདུན༌དུ༌སོང༌། ཡོན༌བདག༌མོ༌གཅིག༌ཡས༌ནས༌བྱུང༌སྟེ༌འགྲོནཔོ༌ཀ ུན༌གཏམ༌སྙ ན༌པོ༌བཟླས༌སུ༌ཡོད༌དོ། །ཞེས༌ཟེར༌ཏེ། དམག༌རྒྱ༌གར༌ནུབ༌ཕྱོགས༌ལ༌སོང༌ངོ༌ཟེར། དེར༌ཐམས༌ཅདདག འ༌ཚོར༌ཆེན༌པོ༌བྱུང༌སྟེ། མི༌ཁ༌ཅིག༌ན༌རེ། བུད༌མེད༌དེ༌ལྷ༌མོ༌སྒྲོལ༌མ༌རང༌ཡིན༌ཟེར༌ནས༌དགའ༌བྱུང༌ཞེས༌ཆོས༌རྗེཉིད་བཤད༌དོ། །ཡངས༌པ༌ཅན༌དུ༌རྡོ༌རྗེ༌གདན༌གཟིམ༌ལམ༌དུ༌གཟིགས༌པའི༌ལེའུ༌སྟེ༌བཞི༌པའོ།། །།

 

ལེའུ༌ལྔ༌པ། རྡོ༌རྗེ༌གདན༌གཟིགས༌པ།

 

དེ༌ནས། ཡངས༌པ༌ཅན༌གྱི༌མཐའ༌ནས༌རྡོ༌རྗེ༌གདན༌དུ༌ལྷོར༌ཉིན༌ལམ༌བརྒྱད༌ཡོད། ཆུ༌བོ༌གངྒ༌ཡོད། དེ༌ནི། ནུབ༌ནསཤ ར༌དུ༌འབབ༌པ༌ཞོག༌པ༌སྔ༌མོ༌ནས༌གྲུ༌ལ༌ཕྱིན༌ཀྱང༌ཕ༌རོལ༌དུ༌དགོངས༌མོ༌ལས༌མི༌སླེབས༌པ༌གྲུ༌སྒམ༌བུ༌འདྲ༌བ༌གཉིས༌པོ༌དེ། པ༌ཐག༌གིས༌བཅིངས༌པའི༌ནང༌དུ༌མི༌སུམ༌བརྒྱ༌ཙམ༌ཤོང༌བ༌ཡོད། ཆུ༌བོ༌དེའི༌ནང༌ནས༌ཆུ༌སྲིན༌ནཀྲ༌ཞེས༌པ༌གཡག༌ཙམ་ཞིག༌བྱུང༌ནས། རེས༌འགར༌གྲུ༌སྡིབ༌ཏུ༌འཇུག༌སྟེ༌རེས༌འགར༌གྲུའི༌ནང༌ནས༌མི༌བཟུང༌ནས༌ཁར༌འཁྱེར༌འགྲོ༌བས༌ཤིན༌ཏུ་འཇིགས༌པ༌ཆེའོ། །གངྒའི༌ཕ༌རོལ༌ན༌ཡུལ༌མ༌ག༌ངྷ༌ཡོད༌དེ། བོ༌སྐད༌དུ། དབུས༌འགྱུར༌འཆང༌། མདྷཡ༌དབུས། ག༌ཏི་གྱུར༌པ། ངྷཱ༌ར༌ཡ༌ཏི། འཆང༌བའོ། ཡུལ༌དེ༌ནི། རྡོ༌རྗེ༌གདན༌ནས༌ཕྱོགས༌བཞིར༌དཔག༌ཚད༌དྲུག༌ཅུ༌དྲུག༌ཅུའི༌ནང༌གི། དབུས༌ཀྱི༌སའོ། དེ༌ནི། སའི༌ཆ༌ཕྱེས༌པའི༌དབུས༌ཡིན༌ནོ། བསྟན༌པས༌ཕྱེ༌བའི༌དབུས༌ནི། ཐོས༌བསམ༌སྒོམ༌གསུམ༌གར་ཡོད༌པ༌ནི༌དབུས། མེད༌པ༌ནི༌མཐའ༌འཁོབ༌ཡིན༌ནོ༌གསུངས༌སོ། །མ༌གངྷའི༌བྱེ༌བྲག༌དཀྵི༌ཎ༌ཞེས༌པ༌ལྷོ༌ཕྱོགས༌ཀྱི༌རྒྱུད༌ཅེསཔ་ན། འ¿འས༌ན༌རྡོ༌རྗེ༌གདན༌ཡོད། བྱ༌རྒོད༌ཕུང༌པོའི༌རི༌དང༌། ནཱ༌ལནྡ༌དང༌། རྒྱལ༌པོའི༌ཁབ༌དང༌། འོད༌མའི༌ཚལ༌ཡོད། བི༌ཀྲ༌མ༌ཤི༌ལ། ཆོས༌རྗེ༌གོང༌མའི༌དྲུང༌དང༌། ཁ༌ཆེ༌པཎ༌ཆེན༌གྱི༌དུས༌སུ༌ཡོད༌པ༌ན༌ཆོས༌རྗེ༌བྱོན༌པ༌ན༌གར༌ལོག༌གིས༌རྨངརྡོ འང༌བཏོན༌ཏེ༌ཆུ༌བོ༌གངྒཱ༌ལ༌བསྐྱུར༌ནས༌མི༌འདུག༌གསུངས། བླ༌མ༌ཆོས༌རྗེའི༌རྡོ༌རྗེ༌གདན༌དུ༌བྱོན༌དུས༌སུ༌མི༌གཅིག༌ཀྱང་མི༌འདུག༌པ༌ལ། གྲོགས༌བཙུན༌པ༌བཞི༌ཡོད༌པའི༌རྒྱུས༌ཅན༌གཅིག༌ན༌རེ། མ༌ལེགས། གར༌ལོག༌གིས༌ཉེན༌པས༌བྲོས༌པ་ཡིན༌ཟེར། བྱང༌ཆུབ༌ཆེན༌པོའི༌སྐུ༌དེའི༌སྒོར༌སོ༌ཕག༌བརྩེགས༌ནས༌ཞལ༌ཞལ༌བྱས། དེའི༌རྩར༌སྐུ༌གཅིག༌བཞག༌སྟེ༌རུས༌མ་སྐུ༌ཚབ༌ཏུ༌བྱས། ཕྱི༌སྒོ༌ལའང༌འདམ༌ཞལ༌བརྒྱབ༌ནས༌དེར༌དབང༌ཕྱུག༌ཆེན༌པོའི༌སྐུ༌གཅིག༌བྲིས༌པས། དེ༌མུ༌སྟེགས༌ཀྱིས་མི༌བཤིགས༌པའི༌ཐབས༌བྱས༌འདུག༌པས། རང༌རེ༌ལྔ༌པོའང༌སྡོད༌མི༌ནུས༌འབྲོས༌དགོས༌ཟེར༌བར༌ཉིན༌ལམ༌རིང༌ལ༌ཚད༌པ་ཆེ། ལུས༌ངལ༌ཞིང༌མུན༌སྲོས༌པས༌དེར༌ལུས༌ནས༌གཉིད༌ཁུག གར༌ལོག༌བྱུང༌ན༌མི༌ཚོར༌བ༌འདུག༌གསུངས། ནམ༌ལངསནས༌བྱ ང༌ཕྱོགས༌སུ༌འགྲོ༌པའི༌ཤིང༌རྟ༌པའི༌རྗེས༌སུ༌འབྲངས༌ནས༌བྲོས༌ནས༌ཞག༌བཅུ༌བདུན༌སྐུ༌དེའི༌ཞལ༌མ༌མཐོང༌གསུངས། དེའི༌དུས༌སུ༌ཡང༌། བུད༌མེད༌ཅིག༌བྱུང༌ནས༌གར༌ལོག༌ཐག༌རིང༌པོ༌ཞིག༌ཏུ༌སོང༌ནས༌མེད༌ཟེར༌ནས༌གཏམ༌སྙན༌པོ༌བསྒྲགསསོ།། དེ༌ནས༌རྡོ༌རྗེ༌གདན༌དུ༌བྱོན༌ནས༌ཇོ༌བོ༌བྱང༌ཆུབ༌ཆེན༌པོའི༌སྐུ༌ལ༌གསོལ༌བ༌བཏབ༌སྐོར༌བ༌མཛད༌ཅིང༌བཞུགས༌པ་ལ། ཉིན༌གཅིག༌རྒྱལ༌པོ༌ནགས༌ནས༌འབྱོན༌པ༌ཡོད༌དོ༌ཟེར༌བ༌གྲགས༌ཙ༌ན། རྡོ༌རྗེ༌གདན༌དུ༌བཞུགས༌པ༌ཡུལ༌མ༌ག༌ངྷ༌ཅིགགི་བདག༌པོ༌རྒྱལ༌པོ༌བུད༌ངྷ༌སེ༌ན༌སངས༌རྒྱས༌སྡེ༌ཞེས༌པ༌བཅོམ༌ལྡན༌འདས༌ཀྱི༌ཞང༌པོའི༌རྒྱུད༌པ༌རྒྱལ༌ལྷ༌བརྟན༌གྱི༌རིགས༌ཅིགགད འ༌བ༌དེ༌ནགས༌ཁྲོད༌ནས༌བྱོན༌པའི༌ལམ༌དུ༌ཆོས༌རྗེ༌གྲོགས༌རབ༌ཏུ༌བྱུང༌བ༌བཞི༌དང༌བཙུན༌པ༌ལྔ༌བཞུགས༌པ༌ལ། རྒྱལ་པོ༌དེ༌གླང༌པོ༌ཆེ༌ལོགས༌ན༌འདོམ༌གཅིག༌ཡོད༌པ༌མཐོ༌དམན༌ཁང༌པ༌ཐོག༌སྤང༌འབྲིང༌པོ༌ཙམ༌པ༌ཞིག༌གི༌སྟེང༌ན༌རིན༌པོ༌ཆེའི་ཁྲི༌བ༌སོའི༌རྒྱན༌གྱིས༌བརྒྱན༌པ༌ལ། དར༌དཀར༌གྱི༌པྲོག༌ཞུ༌དང༌རྒྱན༌སྣ༌ཚོགས༌ཀྱིས༌བརྒྱན༌པར༌བཞུགས༌པ། གྲི༌མཚོནདང༌མ དའ༌མདུང༌ཐམས༌ཅད༌ཀྱི༌རྩེ༌མོ༌གནམ༌དུ༌བསྟན༌པའི༌དམག༌ལྔ༌བརྒྱས༌བསྐོར༌བ། མི༌གཉིས༌ཀྱིས༌གླང༌པོ༌ཆེའི༌སྣནས་ལྕགས༌ཀྱུས༌དྲངས༌པའི༌ཕྱི༌ན༌ཚུར༌འོངས༌ཤིང༌འབྱོན༌ནོ། །རྒྱལ༌པོས༌ཆོས༌རྗེ༌པ༌ལྔ༌པོ༌རྒྱངས༌ནས༌གཟིགས༌བ༌དང༌། དེ་མ༌ཐག༌ཏུ༌རྒྱལ༌པོ༌ཉིད༌ཀྱིས༌དར༌གྱི༌ཞྭ༌དེ༌ཕུད༌ཀྱིན༌ཕུད༌པས། ཆོས༌རྗེའི༌ཐུགས༌ལ༌རྒྱལ༌པོས༌ཅི༌མཛད༌དམ༌སྙམ༌པ༌བྱུངགསུངས། དེ༌ནས། ཆོས༌རྗེའི༌དྲུང༌དུ༌སླེབས༌པ༌དང༌ལྕགས༌ཀྱུ༌དེས༌སྣ༌རྩ༌ནས༌བཟུང༌སྟེ༌མི༌ལྔས༌རྒྱལ༌པོ༌གླིང༌པོ༌ཆེའི༌སྟེངནས་ལོགས༌ལ༌འབྲེང༌ཐག༌གི༌སྐས༌ལས༌ཤོད༌དུ༌ཕབ༌སྟེ༌རྒྱལ༌པོས༌ཆོས༌རྗེ༌བ༌དང༌ལྔ༌པོ༌ལ༌ཕྱག༌འཚལ༌ཞེང༌རཱ༌ཧུ༌ལ༌ཧེ༌བནད་ན༌ཀྱེ༌ཇོ༌བོ༌ལ༌ཕྱག༌འཚལ༌ཞེས༌པར༌རྒྱ༌གར༌གྱི༌རྒྱལ༌པོ༌ཆེན༌པོ༌དེ༌འདྲ༌བ༌ཡང༌རབ༌ཏུ༌བྱུང༌བ༌ལ༌ཕྱག༌འཚལ༌ཏེ༌བོད༌བ༌གླང་ཡིན༌པས༌དེ༌འདྲ༌མི༌ཤེས༌གསུངས༌སོ། བཛཱ༌ས༌ན༌རྡོ༌རྗེ༌གདན། དེ༌ན༌ངོ༌མཚར༌ཆེ༌བ༌དུ༌མ༌ཡོད༌ལ། རྟེན༌ཁྱད༌དུ༌འཕགསཔ་དུ༌མ༌བཞུགས༌ཏེ། བོ༌ཏྷི༌བྲཱི༌ཀྵ༌བྱང༌ཆུབ༌ཀྱི༌ཤིང༌། མ༌ཧཱ༌བོ༌ངྷི༌བྱང༌ཆུབ༌ཆེན༌པོའི༌སྐུ། ཆོས༌རྒྱལ༌མྱ༌ངན༌མེད༌ཀྱིས༌བཞེངསཔ འི༌གན༌ངྷོ༌ལ། དེ༌བཞིན༌གཤེགས༌པའི༌ཚེམས༌ཆེ༌བ༌གཅིག བོད༌འཕྲུལ༌སྣང༌གི༌ཤཱཀྱ༌མུ༌ནེའི༌བཞུགས༌ཁྲི། རྡོ༌བ༌ལ་བཅོམ༌ལྡན༌འདས༌ཀྱི༌ཞབས༌རྗེས༌གཉིས། འཕགས༌པ༌ཀླུ༌སྒྲུབ༌ཀྱིས༌མཛད༌པའི༌རྡོའི༌དྲ༌མིག ཏཱ༌ར༌བི༌ཧཱ༌ར༌སྒྲོལ༌མའི༌ལྷ་ཁང༌ངོ། ཡང༌ཀླུའི༌རྒྱལ༌པོ༌དྲོ༌དུང༌གཏོང༌བ༌ཡོད༌དེ། ནམ༌ཞོད༌དུས༌སུ༌ཉི༌མའི༌གྲིབ༌ཚད༌ཚད༌མི༌གསལ༌པའི༌ཚེ༌རྡོ༌རྗེ༌གདན་གྱི༌ཤར༌ཕྱོགས༌ན༌ཚ༌ཚའི༌ཁང༌བུ༌འདྲ༌བའི༌ལོགས༌ལ༌བུག༌པ༌མགོ༌ཤོང༌བ༌ཙམ༌ཅིག༌ཡོད༌པ༌དེར༌རྣ༌བ༌གཏད༌པས༌དྲོ༌རན༌ནདུང་སྐད༌ལྟ༌བུ༌འུར༌བ༌འོང༌གསུངས། བོ༌ངྷི༌བྲི༌ཀྵ༌བྱང༌ཆུབ༌ཀྱི༌ཤིང༌ཞེས༌པ༌དེ༌ལ༌སྐུ༌རྒྱབ༌བརྟེན༌ནས༌རྩ༌ཀུ༌ཤ༌ལ༌གདན༌མཛདདེ་ཐུབ༌པ༌ཆེན༌པོ༌སངས༌རྒྱས༌པའོ། །སྐལ༌པ༌བཟང༌པོ༌འདི༌ལ༌སངས༌རྒྱས༌སྟོང༌འབྱུང༌བ༌ཐམས༌ཅད༌ཤིང༌དྲུང༌དེར༌སངས་རྒྱས༌པའི༌གནས༌སོ། །རྡོ༌རྗེ༌གནད༌གྱི༌གན༌ངྷོ༌ལ༌བོད༌སྐད༌དུ༌དྲི༌གཙང༌ཁང༌ངམ༌དབུ༌རྩེ༌ཞེས༌པའོ། །དེ༌ནི། ཆོས༌རྒྱལ་མྱ༌ངན༌མེད༌ཀྱིས༌བཞེངས༌པ༌འཕང༌དུ༌ཁྲུ༌སུམ༌ཅུ༌སོ༌ལྔ༌ཡོད༌པས༌མཐོན༌པོ༌དེ། ཉིན༌ལམ༌གཉིས༌ཀྱི༌ས༌ནས༌བལྟས༌ཀྱང༌མངོན་ཙམ༌ཡོད༌པ། ལྕོག༌ཅིག༌དཀར༌ལྡེམ༌མེ༌བཙུགས༌པ༌ཁོ༌ན༌འདྲ༌བ༌ཙམ༌མཐོང༌ངོ༌། རི༌མེད༌པས༌ཉི༌མ༌ཤར༌ལུགས༌ཀྱང༌སའིསྟེང་ཏུ༌ཕུབ༌བཙུགས༌པ༌ཁོ༌ན༌འདྲ༌བ༌ཤར༌འོང༌གསུངས༌སོ། །གན༌ངྷོ༌ལའི༌སྒོ༌ཤར༌དུ༌བལྟ༌བ། མདུན༌དུ༌འཁྱམས༌ཁྲགཔ་གསུམ༌དང༌ལྡན༌པ། རྒྱབ༌བྱང༌ཆུབ༌ཤིང༌སྡོང༌གཉིས༌ལ༌བརྟེན༌པ། ཤིང༌དེའི༌འོག༌ན༌རྡོ༌རྗེ༌རྒྱ༌གྲམ༌གྱིས༌གཞིར༌རྒྱར་དཔག༌ཚད༌ཕྱེད༌པ༌ཡོད༌བས༌རྡོ༌རྗེ༌གདན༌ནོ། །རྒྱ༌གྲམ༌དེའི༌ལྟེ༌བ༌ལ༌བྱང༌ཆུབ༌ཀྱི༌ཤིང༌དེ༌སྐྱེས༌ལ། ཤིང༌དེའི༌སྡོང༌པོ༌གཉིསཔོ་ལ༌ཞབས༌ཐོག༌ཏུ༌ཆོས༌རྒྱལ༌མྱ༌ངན༌མེད༌ཀྱིས༌ཤར༌དབུ༌རྩེ༌ལ༌གཏད༌པ། ལྷོ༌ནུབ༌བྱང༌གསུམ༌སོ༌ཕག༌གིས༌བརྩིགས༌པསབསྐ ོར༌བའི༌མཁར༌འདྲ༌བའི༌ནང༌ན༌ཡར༌རྩེ༌མོའི༌ལོ༌མ༌སྔོ༌ལྷེབས༌སེ༌བ༌སྒོ༌གཅིག༌ཕྱེ༌བས༌ཤིང༌དེའི༌རྨང༌ན༌རྡོ༌རྗེའི༌ཁྲི༌བྱས༌པའི་སྐྱོར༌མ༌ཆེན༌མོ༌གཞོང༌པ༌འདྲ༌བ༌གཅིག༌གི༌ནང༌ནས༌ཤིང༌གཉིས༌སྐྱེས༌པ༌འདྲ༌པ༌དེར༌དད༌པ༌ཅན༌གྱིས༌ཞོ༌དང༌། འོ༌མ༌ལ་ཙན༌དན༌དང༌། ག༌བུར༌ལ༌སོགས༌བ༌དྲི༌བཟང༌བཏབ༌ནས༌བུམ༌པར༌བླུགས༌ཏེ༌ཐག༌རིང༌པོ༌ནས༌ཁུར༌ཏེ༌དེར༌བླུགས༌ནས། བྱང༌ཆུབ༌ཀྱི༌ཤིང༌དེ༌ལ༌མཆོད༌པ༌བྱེད༌ཅིང༌རླན༌དང༌མ༌བྲལ༌བར༌བྱེད༌དོ། གན༌ངྷོ༌ལའི༌ནང༌ན༌མ༌ཧཱ༌བོ༌ངྷི༌བྱང༌ཆུབ༌ཆེན༌པོའི སྐུ༌དེ༌ཆེ༌ཆུང༌ཞལ༌ལ༌ཁྲུ༌དོ༌ཡོད། དེ༌འདྲ༌བའི༌སྐུ༌དེ༌ལྟ༌བས༌ཆོག༌མི༌ཤེས༌པ། དེ༌ལས༌གཞན༌དུ༌འགྲོ༌སྙིང༌མི༌འདོད༌པ། རིངས་ཀྱང༌དེར༌ལུས༌འགྲོ༌བ༌ཇི༌ལྟར༌དད༌པ༌ཆུང༌ཡང༌སྐུ༌དེའི༌མདུན༌དུ༌མོས༌གུས༌མི༌སྐྱེས༌པའམ༌མཆི༌མ༌མི༌འཚེར༌མི༌སྲིད༌གསུངས། ཤིན༌ཏུ༌བྱིན༌རླབས༌ཆེ། དེ༌ནི༌སྤྲུལ༌པའི༌སྐུའོ། །སྤྲུལ༌པའི༌སྐུ༌ལ༌གསུམ། རིས༌སུ༌བྲིས༌པ༌ལ༌སོགས༌པ༌བཟོའི༌སྤྲུལ༌སྐུ༌དང༌། བྱ༌དང༌། ཤ༌ར༌བྷ༌ལ༌སོགས༌པ༌སྐྱེ༌བའི༌སྤྲུལ༌པ༌དང༌། མཛད༌པ༌བཅུ༌གཉིས༌སུ༌སྟོན༌བ༌ལྟ༌བུ༌མཆོག༌གི༌སྤྲུལ༌པ༌སྟེ། མདོསྡེ་རྒྱན༌ལས། བཟོ༌དང༌སྐྱེ༌དང༌བྱང༌ཆུབ༌ཆེ། །ཞེས༌སོ། རང༌བྱོན༌ཡང༌བཟོའི༌སྤྲུལ༌པའོ། དེ༌ནི༌སངས༌རྒྱས༌ཡོངས༌སུ་མྱ༌ངན༌ལས༌འདས༌ནས༌ལོ༌བརྒྱད༌ཅུ༌ན༌བྲམ༌ཟེའི༌ཁྱེའུ༌གཅུང༌པོས༌བཞེངས༌སོ། །ཞེས༌པའོ། །དེ༌ཡང༌། བྲམ༌ཟེའི༌ཁྱེའུསྤུན་གསུམ༌བྱིས༌བ༌རྩེད༌མོ༌བྱེད༌པ༌ལ༌ཆུང༌ཤོས༌དེ༌ངུ༌ཞིང༌མའི༌དྲུང༌དུ༌འོངས༌ཙ༌ན། མཆི༌མ༌ཙ༌རེ༌བྱས༌ཤིང༌བྱུང༌བས། མ་དེས༌དྲིས༌པ༌ན། གཅུང༌ན༌རེ། ཆེ༌བ༌གཉིས༌མུ༌སྟེགས༌པ༌ལ༌མོས༌པས༌མུ༌སྟེགས༌ཀྱི༌ལྷ༌ཁང༌བྱེད། ང༌ནང༌པ༌ལ༌མོས༌པས། ནང༌པའི༌ལྷ༌ཁང༌བྱེད༌པ༌ལ༌ཁོང༌གཉིས༌ཀྱིས༌ནང༌པ༌སངས༌རྒྱས༌པ༌ལ༌མི༌བཟང༌། ཕྱི༌བ༌བཟང༌བ༌ཡིན༌ཟེར༌ཞིང༌ང༌ལ༌གནོདཔ་རེ༌བྱས༌བྱུང༌བ༌ཡིན༌ཟེར། མ༌ན༌རེ། སྤུན༌གསུམ༌མ༌འཆམ༌མི༌དགོས། བྱང༌ཕྱོགས༌རི༌བོ༌གངས༌ཅན༌གྱི༌འགྲམ༌ན༌མུསྟེགས་ཀྱི༌ལྷ༌དབང༌ཕྱུག༌ཆེན༌པོ༌དངོས༌ཡོད༌པས། དེ༌ལ༌ཕྱི༌ནང༌གཉིས༌ཀྱི༌གྲུབ༌མཐའ༌གང༌བཟང༌དྲིས༌དང༌ཟེར། སྤུན་གསུམ༌ན༌རེ། དེར༌མི༌སླེབ༌ཟེར། མ༌ན༌རེ། ང༌ལ༌རྐང༌མགྱོགས༌ཀྱི༌རྩི༌ཡོད༌སྦྱིན༌ཟེར༌ནས༌རྐང༌པ༌ལ༌རྩི༌བྱུགས༌ནས༌བུ་གསུམ༌བཏང༌ངོ༌། །ལམ༌ན༌ཚུར༌ནང༌པའི༌བནྡེ༌མང༌པོ༌བྱོན༌པ༌ལ༌གར༌བྱོན༌དྲིས༌པར། དབང༌ཕྱུག༌ཆེན༌པོའི༌བསྙེན༌བཀུར་ལ༌ཕྱིན༌པ༌ཡིན༌ཟེར། ཕུ༌བོ༌གཉིས༌ཀྱི༌དྭོགས༌པར། འོ༌ན། ནང༌པ༌བཟང༌བ༌ཡིན༌ནམ༌སྙམ༌སྟེ༌ཐེ༌ཚོམ༌ཟོས། ཆུང༌ཤོས་ཀྱི༌རྟོག༌པ༌ལ༌ནང༌པ༌བཟང༌པ༌ཡིན༌འདུག༌སྙམ༌ནས༌སེམས༌དགའ། དེ༌ནས༌དབང༌ཕྱུག༌ཆེན༌པོ༌ལ༌དྲིས༌པས། ང༌ལ༌འཇིགརྟེན་གྱི༌དབང༌ཕྱུག༌བརྒྱད༌ཡོད༌པས༌ཚེ༌འདི༌ལ༌ཅི༌དགོས༌པ༌ང༌རང༌ལ༌ཡོད། ཚེ༌ཕྱི༌མ༌ཅི༌འོང༌ཟེར༌ཙ༌ན། ཕན༌པའི༌ཐབས་ངས༌མི༌ཤེས༌པས། ནང༌པའི༌བནྡེལ༌བསྙེན༌བཀུར༌བྱ༌བ༌ཡིན༌ཟེར། དེར༌ནང༌པའི༌གྲུབ༌མཐའ༌བཟང༌བར༌སྤུན༌གསུམ༌ཀསཤེས་ནས༌མའི༌གམ༌དུ༌ཕྱིན༌པ༌ན། མ༌ན༌རེ། ནང༌པ༌བཟང༌བ༌སྔར༌ནས༌ཤེས༌ཏེ། ཕུ༌བོ༌གཉིས༌མི༌ཉན༌པས༌འདྲིར༌བཏངབ་ཡིན༌ཟེར། དེར༌ནང༌པའི༌དགོན༌དུ༌ཞུགས༌ཏེ། རྟེན༌རེ༌རེ༌ཡང༌བཞེངས༌པ༌ལ༌ཆེ༌ཤོས༌ཀྱིས༌རྒྱལ༌པོའི༌ཁབ༌ཏུ༌གཙུག་ལག༌ཁང༌བཞེངས༌ཏེ། འོད༌མའི༌ཚལ༌གྱི༌གཙུག༌ལག༌ཁང༌ཞེས༌སོ། འབྲིང༌པོས༌དེའི༌ནུབ༌ཕྱོགས༌ཝཱ༌རཱ༌ཎ༌སཱིར༌བཞེངསཏེ། ཆོས༌ཀྱི༌འཁོར༌ལོ༌བསྐོར༌བའི༌གཙུག༌ལག༌ཁང༌ཞེས༌སོ། ཆུང༌ཤོས༌སྙམ༌ན༌ས༌ཤུལ༌དགའ༌ཤོས༌མ༌ཐོབ། ཕུ༌བོ༌གཉིསདབང་ཆེ། ང༌ཆུང༌ཤོས༌སུ༌སྐྱེས༌པས༌ལན༌སྙམ༌པ༌ལ། མ༌ན༌རེ། ཁྱེད༌མི༌དགའ༌བ༌མི༌དགོས། ས༌ཤུལ༌དེ༌གཉིས༌པས་ཁྱད༌དུ༌འཕགས༌པ༌བྱང༌ཆུབ༌ཀྱི༌ཤིང༌དྲུང༌ཡིན༌པས། ཁྱོད༌ཀྱིས༌ཐོབ༌པར༌ཡོད༌ཅིང༌། དེའི༌དྲུང༌དུ༌ཞལ༌ཤར༌དུ༌ཕྱོགས༌བ་ཅིག༌གྱིས༌ཟེར། དེར༌གཅུང༌གི༌བསམ༌པ༌ལ༌ལྷ༌བཟོ༌ནི༌སུ༌ལ༌འཚོལ། སྐུའི༌རྒྱུ༌ནི༌གང༌ལ༌བྱ༌སྙམ༌པ༌ལ༌རྨི༌ལམ༌དུ༌ལུང༌བསྟན་བྱུང༌བ། རྒྱུ༌ནི༌གསེར༌ལ༌སོགས༌པ༌རིན༌པོ༌ཆེ༌ཆ༌གཅིག ག༌བུར༌ལ༌སོགས༌པ༌དྲི༌བཟང༌ཆ༌གཅིག ཙན༌དན༌གྱི༌ལྡེ༌གུ༌ཆགཅིག་དང༌། ཆ༌གསུམ༌པོ༌དེ༌གན༌ངྷོ༌ལའི༌ནང༌དུ༌གསོགས༌ལ༌ཞོག དེ༌ལ༌ཙན༌དན༌གོཤཱིར༌ཥ༌ཆུ༌བོ༌ནེརན༌ཛ༌ནཱའི༌འགྲམ་ན༌ཡོད༌པས། བྱེ༌མའི༌ཁུང༌ནས༌ཚོལ༌ཅིག ཞག༌བདུན༌བར༌དུ༌མི༌སུའང༌མ༌བཏང༌ན༌སྐུ༌རང༌བྱུང༌དུ༌འབྱུང༌། ལྷ༌བཟོ༌མིདགོས་ཟེར༌རོ། །དེ༌ལ༌ཙན༌དན༌བྱེ༌མའི༌འོག༌ན༌ཡོད༌ཟེར༌བས༌བཙལ༌ཀྱང༌མ༌རྙ ེད༌པས༌སྡུག༌བསྔལ༌བ༌ལ། མ༌ན༌རེ། གླངཔོ་ཆེ༌ཉལ༌བའི༌ཤུལ༌དུ༌འོང༌བ༌ཡིན། དེ༌ངས༌སློབ༌པ༌བརྗེད༌པ༌ཡིན། གླང༌པོ༌ཆེ༌ཚད༌པས༌གདུང༌ཙ༌ན། དྲི༌ཚོར༌ནས༌དེའིསྟེང་དུ༌ཁོ༌ཉལ༌བ༌ཡིན༌ཟེར། དེ༌ནས༌གླང༌པོ༌ཆེ༌ཉལ༌བའི༌ཤུལ༌ནས༌ཅི༌ཙམ༌འདོད༌པ༌རྙ ེད༌ནས༌ཞག༌བདུན༌དུ༌གཅིག༌གིས་མ༌ཚང༌བའི༌དུས༌སུ༌སྒོ༌ཕྱེ༌ཟེར༌བ༌ཅིག༌བྱུང༌བ༌ལ༌ཞག༌གཅིག༌མ༌ཚང༌། སྒོ༌མི༌འབྱེད༌བྱས༌པ༌ལ། མ༌དེར༌འདུག༌པ༌ན༌རེ། ད༌ལྟ༌འཇིག༌རྟེན༌ན༌སངས༌རྒྱས༌ཀྱི༌ཞལ༌དངོས༌སུ༌མཐོང༌བའི༌མི༌ང༌ལས༌མེད༌པས། སྐུ༌འདྲའམ༌མི༌འདྲ༌ངས༌བལྟ༌དགོས། གཞན༌གྱིས༌ཤན༌མི༌འབྱེད། ངས༌ལོ༌ཉི༌ཤུ༌ལོན༌པ༌ན༌ཡང༌དག༌པར༌རོགས༌པའི༌སངས༌རྒྱས༌ལས༌དགེ༌བསྙེན༌མའི༌སྡོམ༌པ་བླངས༌པ༌ཡིན། ང༌ལོ༌དབྱིན༌འགྱུར༌ལས༌བསྒྱུར༌བའོ།བརྒྱ༌ན༌འཆི༌བར༌ངེས༌པ༌ཡིན༌ཟེར༌ནས། མས༌ངག༌ལ༌མ༌ཉནཔ ར། ཞག༌བདུན༌དུ༌གཅིག༌གི༌མ༌ཚང༌བར༌སྒོ༌ཕྱེས༌སོ། །དེས༌ན། ཞབས༌གཡས༌པའི༌མཐེའུ༌ཆུང༌མ༌གྲུབ༌པ༌མ༌གཏོགས་གཞན༌དེ༌བཞིན༌གཤེགས༌པའི༌སྐུ༌ཆ༌ཚང༌རང༌བཞིན༌གྱིས༌གྲུབ༌ནས༌བཞུགས༌སོ། དེར༌མ༌ན༌རེ། སྐུ༌འདི༌ནི༌བཅོམ༌ལྡན་འདས༌ཅི༌འདྲ༌བར༌འདུག༌གོ༌འོན༌ཀྱང༌། འདི༌ལ༌མི༌འདྲ༌བའི༌ཁྱད༌པར༌ཡང༌བཞི༌མཆིས༌སོ། དབུ༌ཡི༌གཙུག༌ཏོར༌མི༌མངོནཔ་ལས༌འདིར༌མཐོང༌བ༌དང༌། སྤྱོད༌ལམ༌རྣམ༌བཞི༌མཛད༌པ༌ལས། འདིར༌གཅིག༌ལས༌མི༌མཛད༌པ༌དང༌། ངག༌ཏུ༌ཆོས་གསུངས༌པ༌ལས། འདིར༌མི༌གསུང༌བ༌དང༌། རྟག༌ཏུ༌འོད༌འཕྲོ༌བ༌ལས། འདིར༌མེད༌པའོ། ཁྱད༌པར༌བཞི༌པོ༌འདི༌དགམ་གཏོགས༌སངས༌རྒྱས༌སྐུ༌དངོས༌དང༌འདྲ༌བ༌ཡིན༌ནོ། །ཞེས༌ཟེར༌རོ། མ༌དེ༌རྗེ༌བཙུན༌འཕགས༌མ༌སྒྲོལ༌མ༌ཡིན༌ཞེས༌གྲགསསོ།། མས༌མར༌གད༌ཕུལ༌བ༌དག༌སྐུའི༌སྤྱན༌དང༌། སྨིན༌མཚམས༌སུ༌བརྒྱན༌པས། སྤྱན༌དང༌མཛོད༌སྤུ༌བྱུང༌ནས༌ནོར༌བུདེ་ལས༌འོད༌ཆེན༌པོ༌འཕྲོས༌པས། ལྷ༌ཁང༌དུ༌སྲོད༌ལའང༌དཔེ༌ཆ༌ཀློག༌ཐུབ༌པ༌ཡོད༌ཀྱང༌། གར༌ལོག༌གི༌དམག༌མི༌གཅིགགིས་ཐེབ༌སྐས༌ལ༌འཛེགས༌ནས༌སྤྱན༌བཏོན༌པས། དམག༌མི༌དེ༌སྐས༌ལས༌ལྷུང༌སྟེ༌སྤྱན༌གཉིས༌ཆགས༌ནས༌དུམ༌བུར༌གྱུར་ཅེས༌གྲགས། དེ༌ནས༌འོད༌ཉམས༌པས། ཕྱིས༌དཔེ༌ཆ༌ཀློག༌ཐུབ༌པ༌མེད༌ཀྱང༌། ད༌དུང༌ཡང༌འོད༌དཀར༌པོ༌ལམ༌མེ༌བ༌ཞིག་མཇལ༌རྒྱུ༌ཡོད༌དོ། །ཞེས༌ཆོས༌རྗེས༌གསུངས། དེར༌སྐོར༌ཁང༌གསུམ༌དང༌། གན༌ངྷོ༌ལ༌དང༌། བྱང༌ཆུབ༌ཀྱི༌ཤིང༌བཅས་ཁྱམས༌རྡོའི༌དྲ༌མིག༌ཟླུམ༌པོ༌ཅན༌གྱིས༌བསྐོར༌ཞིང༌། དྲ༌མིག༌དེ༌སློབ༌དཔོན༌ཀླུ༌སྒྲུབ༌ཀྱིས༌བཞེངས༌པ༌ཇི༌ལྟ༌བར༌འདུག༌གོ དྲ་མིག༌དེ༌དག༌གི༌བར༌དུ༌བོད༌ཀྱི༌གླང༌ཆུ༌ངུ༌ཐར༌ཙམ༌ཡོད། དེའི༌རྩིག༌ཞེང༌ནི༌བོད༌ཀྱི༌ཀ༌བ༌འབྲིང༌ཚད༌ཙམ༌ཡོད། དེ༌གླང་སྨྱོན༌གྱིས༌ཀྱང༌བཤིགས༌མི༌ཐུབ༌པའི༌རྩིག༌པ༌བརྟན༌པོ༌ཡོད། དེའི༌རྩིག༌རྨང༌རྡོས༌ལེགས༌པར༌བརྩིགས༌པ༌ཞིག༌ཡོད། དེའིཐོག་གཡབ༌ཀྱང༌དྲ༌མིག༌ཅན༌གྱི༌རྡོ༌ལས༌བྱས༌སོ། དེར༌སྐོར༌ཁང༌ཟླུམ༌པོ༌ཞིག༌ཀྱང༌ཡོད༌དོ། དེར༌རྡོ༌གཅལ༌གད༌བདར་སླ༌བ༌དང༌། གཙང༌ཞིང༌འོད༌འཚེར༌བ༌ཞིག༌ཡོད། དེ༌ལ༌ཞལ༌ཞལ༌མི༌དགོས༌པ༌འདུག ཁྱམས༌སུ༌རྡོ༌ཡི༌ཀ༌བ༌ཉི༌ཤུ༌ཡོད། དེ༌དག༌བཀོད༌པ༌མཛེས༌ཤིང༌། རྡོ༌ཡི༌སྲུབས༌རྣམས༌མི༌མངོན༌པར༌འདུག རྡོ༌དེ༌དག༌ལ༌ཤིང༌ལོ༌ལ༌སོགས༌པའི༌པ༌ཏྲ༌སྣ་ཚོགས༌ཀྱིས༌བརྒྱན༌པའོ། པ༌ཏྲ༌ཞེས༌པ། རི༌མོའམ། རྒྱན༌ལ༌ཟེར། དེ༌དག༌ལ༌ཀླུ༌ཡུལ༌ནས༌བླངས༌པའི༌རས༌དྲི༌ཞིམ༌པོ་བྱུགས༌ཤིང༌། གནོད༌སྦྱིན༌རྣམས༌ཀྱིས༌ཕུལ༌བའི༌འདམ༌ཞལ༌གྱི༌དྲི༌ངད༌བཟང༌པོ༌འཐུལ༌བའོ། །ཁྱམས༌ཀྱི༌ནང༌དུ༌བོད༌ཀྱིཤཱ ཀྱ༌མུ༌ནིའི༌བཞུགས༌ཁྲི༌འདུག དེའི༌སྟེང༌དུ༌ཅི༌ཡང༌མི༌འདུག༌སྟེ། དད༌པར༌བྱེད། མདུན༌དུ༌མར༌མེ༌རེ༌མ༌ཆག༌པར་འབུལ། བོད༌ན༌ཤཱཀྱ༌མུ༌ནི༌བཞུགས༌པ༌དེའི༌ཞལ༌མཐོང༌བ༌ཙམ༌གྱིས༌ངན༌སོང༌དུ༌མི༌འགྲོ༌ཞེས༌ལྷོ༌བལ༌ན༌གྲགས༌པ༌ཡིན༌གསུངསསོ།། ཡང༌རྡོ༌རྗེ༌གདན༌ན༌དེ༌བཞིན༌གཤེགས༌པ༌ཤཱཀྱ༌ཐུབ༌པའི༌ཚེམས༌ཆེ༌བ༌གཅིག༌གསེར༌གྱི༌གའུའི༌ནང༌བཞུགས༌པ། དུས༌བཟང༌པོ༌ལ༌ཁྱམས༌ཀྱི༌སྟེང༌ན༌སྤྱན༌དྲངས༌ནས༌རྡོ༌ལེབ༌ཆེན༌པོ༌པད༌མ༌འདབ༌ཅན༌ཞིག༌གི༌སྟེང༌དུ༌བཞུགས༌ནས། དཀར་གསུམ༌དང༌། མང༌རྩི༌དང༌། ཀ༌རའི༌ཆུས༌སྐུ༌ཁྲུས༌གསོལ༌ནས། རྡོ༌དེའི༌འོག༌ན༌ཆུ༌ཡོད༌པ༌ལས༌ཁྲུས༌ཆུ༌འབབ༌པ༌རྣམས་ཁྱམས༌ཀྱི༌འོག༌ཏུ༌ཟངས༌མང༌པོ༌བཟེད༌ནས༌ཁྲུས༌ཆབ༌དང༌བཟའ༌བ༌གཉིས༌ཀ༌འོང༌བར༌བྱེད༌དགོས། ཚེམས༌དེ༌འཆང༌བར་བཅངས༌ན༌ཡར༌མར༌གཉིས༌ཀར༌ལྷག༌གེར༌ཡོང༌བ༌ཡོད༌གསུངས། རྡོ༌རྗེ༌གདན༌ན༌ཐུབ༌པ༌ཆེན༌པོའི༌ཞབས༌རྗེས༌བཞུགསཔ་ནི། སྔོན༌ཡང༌དག༌པར༌རོགས༌པའི༌སངས༌རྒྱས༌ཀྱིས༌མ༌འོངས༌པའི༌དུས༌སུ༌སེམས༌ཅན༌དབང༌པོ༌རྣོན༌པོས༌གསུང༌རབ་མཐོང༌བས༌ཀྱང༌ཤེས༌ཏེ། དབང༌པོ༌རྟུལ༌པོ༌རྣམས༌སངས༌རྒྱས༌འཇིག༌རྟེན༌དུ༌བྱོན༌ནམ༌མ༌བྱོན༌སྙམ༌ནས༌ཐེ༌ཚོམ༌ཟ༌བར་འོང༌བས། ཐེ༌ཚོམ༌བཅད༌པའི༌ཕྱིར༌དུ༌རྡོ༌ལ༌ཞབས༌གཉིས༌ཀྱི༌རྗེས༌བཞག༌ནས༌རྡོ༌བ༌དེ༌ད༌ལྟའང༌འདུག༌སྟེ། ཁྱམས༌ཀྱི༌ཤར་སྒོའི༌ཕྱི༌ན༌མར༌མེའི༌མཆོད༌སྡོང༌ཡོད༌པའི༌ཚུ༌རོལ༌ན༌ནང༌གི༌སྒོ༌དྲུང༌ན༌རྡོ༌ལེབ༌གྲུ༌བཞི༌བ༌ལོགས༌རེ༌ལ༌རྒྱར༌ཁྲུ༌གསུམ༌པ༌འཕངདུ༌མ ཐོ༌གང༌དང༌། ཆོས༌རྗེ༌ལོ༌ཙཱ༌བའི༌ཕྱག༌སོར༌ལྔ༌ཡོད༌པ༌ཞབས༌རྗེས༌ཀྱི༌རྒྱ༌ལ༌རིང༌ཐུང༌མཐོ༌བཞི༌དང༌། ཟབས༌སུ༌སོར་བཞི༌ཁུང༌མོར༌ཡོད༌པ༌རྡོ༌དེ༌ཤིན༌ཏུ༌མཁྲེགས༌པ༌དཀར༌པོ༌ཧྲུམ༌ཧྲུམ༌ཡོད༌པ༌ལ། དེ༌ལྟ༌བུའི༌ཞབས༌གཉིས༌ཀྱི༌རྗེས༌བཞག༌ནས་བྱང༌ཆུབ༌ཀྱི༌ཤིང༌དྲུང༌དུ༌སྟོན༌པ༌ཉིད༌བསྒོམས༌པས༌སངས༌རྒྱས༌པའོ། ཞབས༌རྗེས༌དེ༌ལ༌སྔོན༌མཆོད༌ཁང༌བརྩིགས༌ཟེར༌བ་ལ། པཎ༌ཌི༌ཏ༌མཁས༌པ༌དག༌ན༌རེ། འདི༌མ༌འོངས༌པའི༌དུས༌ཀྱི༌སེམས༌ཅན༌དབང༌པོ༌རྟུལ༌པོས༌མཐོང༌བར༌བྱ༌བ༌དགོངསཔ་ཡིན༌བས། མཆོད༌ཁང༌བྱས༌ན༌སྒོ༌ཡོང༌། དེ༌ལ༌དཀོན༌གཉེར༌འོང༌། དེས༌རྔན༌པ༌ཟེར༌འོང༌། མིས༌ཀྱང༌མཐོང༌བ༌ནངདུ་འགྲོ༌ཟེར༌བས༌མ༌བརྩིགས༌པའོ། །དེ༌ལ༌སློབ༌དཔོན༌ཧ༌ཡ༌གྷོ༌ཥ༌རྟ༌དབྱངས༌ཀྱིས༌མཛད༌པ༌རྡོའི༌ཀ༌བ༌གཉིས༌ཀྱིས༌བཏེགསཔ འི༌རྡོའི༌རྟ༌བབས༌ཐོག༌གི༌རྒྱ༌ལ༌ཁྲུ༌དོ༌ཙམ༌ཡོད༌པ༌འཕྲེད༌ཆར༌བྱུང༌ན༌ཁྲུས༌ཆབ༌ཏུ༌འགྲོ༌བ༌ཞབས༌རྗེས༌ལ༌སྨན༌གྱི༌དྲིས༌བྱུགསཔ་ལ༌མགོ༌རེག༌ཅིང༌བྱིན༌བརླབས༌ཞུས༌པའི༌ཤུལ༌ཡོད༌པ༌འདུག༌གསུངས། ཞབས༌རྗེས༌དེའི༌ཕྱི༌རོལ༌ལྕགས༌རིའི༌ནང༌ཤར་སྒོའི༌ཐད༌དྲང༌ན༌མར༌མེའི༌མཆོད༌སྡོང༌ཡོད༌དོ། རྡོའི༌ཀ༌བ༌སྡོང༌པོ༌ལྟ༌བུ༌ཞིག༌གི༌སྟེང༌དུ༌རྡོ༌ལེབ༌སྒོ༌འདྲ༌བ༌ཆེ༌པ༌ཅིག༌བཞག སྟེང༌དུ༌དུ༌དེ༌བས༌ཆུང༌ཙམ༌དང༌། ཡང༌དེ༌བས༌ཆུང༌ཙམ༌བཞག༌པས༌བང༌རིམ༌འདྲ༌བ༌རྣམས༌ཀྱི༌སྟེང༌རྣམས༌སུ༌མར༌མེའིཕྲེང་བ༌བཀོད། དེའི༌སྤྱི༌བོར༌མར༌མེ༌ཆེན༌པོ༌ཅིག༌ཡོད༌པ༌དེ༌ཉིན༌མཚན༌རྒྱུན༌པར༌འབར༌བ། རླུང༌ཆེར༌བྱུང༌ཡང༌མི༌འཆིབ ར༌ལྷུབ༌ལྷུབ༌ཟེར༌བའི༌སྐད༌འོང༌བ༌དེ༌ཞབས༌རྗེས༌དང༌། ཁྱམས༌དང༌། བྱང༌ཆུབ༌ཆེན༌པོའང༌ཤར༌སྒོ༌དྲང༌པོར༌ཡོད༌པས། མཐོང༌བ༌ལ༌མཆོད༌པའོ། དེའི༌ཕྱི༌ན༌ལྕགས༌རི༌གྲུ༌བཞི༌པའི༌ཕྱོགས༌རེ༌ལ༌མདའ༌རྒྱངས༌གང༌གང༌ཡོད༌པ༌དེ༌ལ༌ཤར༌ནུབ༌བྱངགསུམ་ན༌སྒོ༌གསུམ༌ཡོད། དཔུང༌བཟང༌གིས༌ཞུས༌པའི༌རྒྱུད༌ལས། ཤར༌རམ༌བྱང༌ངམ༌ནུབ༌ཏུ༌སྒོ༌གཏོད༌ཅིང༌། །ལྷོཕྱོགས་སུ༌ནི༌ནམ༌ཡང༌སྒོ༌མི༌གཏོད། །ཅེས༌གསུངས༌པས། རྡོ༌རྗེ༌གདན༌ན༌སྒོ༌ལྷོར༌བསྟན༌པ༌གཅིག༌ཀྱང༌མེད༌ལ། བོད་ཀྱི༌གཙུག༌ལག༌ཁང༌ཆེན༌པོ༌རྙིང༌པ༌རྣམས༌ལའང༌སྒོ༌ལྷོར༌བསྟན༌པ༌མེད༌དོ། སྒོ༌མོ༌ཆེ༌གསུམ༌པོ༌དེའི༌ནང༌དུ༌དཀོན༌གཉེར་རྣམས༌ལས༌གཞན༌ཉལ༌དུ༌མེད། དཀོན༌གཉེར༌སིང༌གྷ༌གླིང༌པའི༌ཉན༌ཐོས༌པ༌སུམ༌བརྒྱ༌ཡོད། དེ༌གཞན༌ལ༌བྱ༌དབང༌མེད། དབུས༌ཀྱི༌བྱང༌སྒོའི༌གདོང༌ན༌གཙུག༌ལག༌ཁང༌གཅིག༌ཡོད། དེ༌ན༌སྤྱིར༌གཙུག༌ལག༌ཁང༌བཅུ༌གཉིས༌ཡོད༌དོ། རེ༌རེ༌ན་རབ༌ཏུ༌བྱུང༌བ༌བཅུ༌བཅུ༌ཙམ། དྲུག༌བདུན༌ཙམ། བཅོ༌ལྔ༌ཙམ༌ཡོད། གྲྭ༌ཁང༌རྣམས༌ཕྱིའི༌དབྱིབས༌མཆོད༌རྟེན༌ལ། ནངཁང་པར༌ཡོད༌པ༌ཁ༌དོག༌དཀར༌པོ༌ཐམ༌པ༌ནམ༌པ༌ཡོད༌གསུང༌། མང༌པོ༌མང༌པོ༌ཡོད༌གསུངས། དཀར༌རྩི༌རྣམས༌ཉའི་ལྐོག༌པ༌དང༌འདྲ༌བ༌ཅིག༌ཆུ༌ནང༌ནས༌བླངས༌ནས༌བྱུགས༌པས། ཆར༌པ༌བྱུང༌ཙ༌ན༌མཆོད༌རྟེན༌རྣམས༌དཀར༌དུ༌འགྲོ། ཆར་བས༌ཕྱི༌མི༌འགྲོ༌གསུངས། རྡོ༌རྗེ༌གདན༌གྱི༌མཐའ༌མ༌རྣམས༌ནགས༌འཐུག༌པོས༌བསྐོར༌བའོ། རྡོ༌རྗེ༌གདན༌དགེ༌འདུན༌གྱི་གཙུག༌ལག༌ཁང༌ཞེས༌བྱ༌བར༌བླ༌མ༌ཆོས༌རྗེས༌བརྒྱད༌སྟོང༌པའི༌རྒྱ༌དཔེ༌ཅིག༌ཁུར༌ནས༌བྱོན༌པས། དཀོན༌གཉེར༌ཉན༌ཐོསཞིག་ན༌རེ། ཆོས༌ཅི༌ཡིན༌ཟེར། ཆོས༌རྗེས༌པྲ༌ཛཉ༌པཱ༌ར༌མི༌ཏཱ༌ཧོ། ཤེས༌རབ༌ཀྱི༌ཕ༌རོལ༌ཏུ༌ཕྱིན༌པ༌ཡིན༌གསུངས༌པས། དེན་རེ། ཁྱོད༌དགེ༌སློང༌ལེགས༌པོ༌གཅིག༌འདུག༌པ༌ལ། ཐེག༌པ༌ཆེན༌པོའི༌ཆོས༌རྒྱབ༌ཏུ༌ཁུར༌བ༌དེ༌མ༌ལེགས། དེ༌བོར༌ལ༌ཆུ་ལ༌སྐྱུར༌ཅིག༌ཟེར༌ནས༌སྣ༌འགེབས༌སུ༌བྱུང༌། ཐེག༌པ༌ཆེན༌པོ༌བྱ༌བ༌སངས༌རྒྱས༌ཀྱིས༌མ༌གསུངས། ཀླུ༌སྒྲུབ༌ཟེར༌བའི༌དབངཔོ་རྣོ༌བ༌ཅིག༌གིས༌བཅོས༌པ༌ཡིན༌ཟེར། ཡང༌ཁ༌སར༌པཎིའམ། སྒྲོལ༌མའམ། དེ༌འདྲའི༌སྐུ༌ལ༌ཕྱག༌མཛད༌པས། ཁྱོདདགེ་སློང༌ལེགས༌པ༌ཞིག༌འདུག༌པ༌ལ། ཁྱིམ༌པ༌ལ༌ཕྱག༌བྱེད༌པ༌མ༌ལེགས༌སོ༌ཟེར། ཁོ༌རང༌དེ༌ཀུན༌གྱིས༌ཕྱག༌འཚལ༌བའིཕྱག་ལེན༌པ༌ལྟར༌བྱེད༌ཅིང༌། ཐལ༌མོ༌ཡ༌ཅིག༌དེང༌ངེ༌བྱས༌ནས། ཨ༌རོགྱ༌ཧོ༌ནད༌མེད༌པར༌གྱུར༌ཅིག༌ཟེར། ལན༌ཅིགབསྐ ོར༌བ༌མཛད༌པ༌ལ། སུ༌ཡིན༌ཟེར། བྷོཊ༌ཧོ༌བོད༌ཡིན༌གསུངས༌པས། ཁོང༌རྣམས༌ཡིད༌མ༌ཆེས༌ཏེ༌ཆོས༌རྗེའི༌ཚེམས་ལེགས༌པ༌དང༌། སཾསྐྲིཏའི༌སྐད༌ལ༌བྱང༌པ༌དེས༌རྒྱ༌གར༌བ༌རང༌ཡིན༌ནམ༌སྙམ༌འདུག ཁོང༌རྣམས༌ན༌རེ། རུན༌མ༌ཅིག་འདུག བོད༌མིན༌ཟེར༌བ༌ལ༌དཀོན༌གཉེར༌གཅིག༌གིས༌ཞབས༌ཀྱི༌སེན༌མོ༌ཀྱོང༌ངེ༌བ༌གཅེར༌བ༌མཐོང༌བས། བོད༌དུ༌འདུག ལྷམ༌གོན༌པའི༌རྟགས༌ལ༌དེ༌ཤ༌དེ༌ཤ༌པ༌ཤ༌ཡ༌བ༌ཤ༌ཡལྟོས༌དང༌ལྟོས༌དང༌ཟེར༌བས༌རུན༌མིན༌པར༌གོ དེར༌དཀོན་གཉེར༌རྣམས༌ན༌རེ། སཾསྐྲི༌ཏའི༌སྐད༌འདི༌ཙམ༌བྱུང༌བ༌བོད༌ལ༌འོང༌བ༌ཅི༌ཡིན༌ཟེར། ངས༌བསླབས༌པ༌ཡིན༌ཞེས༌བཤད། རྡོ༌རྗེ༌གདན༌དུ༌དབྱར༌ཚུལ༌འཇུག༌ཟླ༌བ༌གསུམ༌བྱེད༌པ༌དེའི༌དུས༌སུ༌དགེ༌འདུན༌སྐད༌རིགས༌མི༌གཅིག༌པ༌ཞིག༌ལོ༌ཙཱ༌བ༌བཅུགནས་ལབ༌པས། གྲྭ༌པ༌ཁྲི༌ཚོ༌མང༌པོ༌ཆགས༌ནས༌ཚུལ༌ཐོན༌དང༌། རང༌རང༌གི༌ཡུལ༌ཕྱོགས༌སུ༌གྱེས༌པར༌འདུག༌གསུངསསོ།། རྡོ༌རྗེ༌གདན༌ན༌ཏཱ༌རཱ༌སྒྲོལ༌མའི༌ལྷ༌ཁང༌ཞེས༌པ༌ཡོད། དེ༌ན༌ལྷ༌མོ༌རྡོའི༌རང༌བྱོན༌དང༌པོ༌ཞལ༌ཕྱིར༌གཟུགས༌པ༌ཞིག་ཡོད༌པས། དཀོན༌གཉེར༌རྣམས༌ནས༌མཆོད༌པ༌ནང༌དུ༌འབུལ༌པ༌ལ༌ཞལ༌ཕྱིར༌གཟིགས༌པ༌འདི༌མ༌ལེགས༌སྙམ༌པ༌ལ། འོན་ཡ༌གསུངས༌ནས༌ཞལ༌ནང༌དུ༌ལོག༌གིས༌བསྒྱུར༌བས། ཞལ༌འགྱུར༌ཏཱ༌རཱ༌ཞེས༌གྲགས༌ཏེ༌ད༌ལྟའང༌རྡོའི༌སྐུ༌དེ༌འཇིང༌པ༌ལོགགེ་བཞུགས༌སོ། ལྷ༌ཁང༌དེར༌ཇོ༌བོ༌རྗེ༌བྱོན༌པས། སྒོ༌དབྱེ༌མ༌དགོས༌པར༌རང༌ཕྱེ༌ནས༌བྱོན༌པས། ཞལ༌འགྱུར༌ཏཱ༌རཱའིཞ ལ༌ནས༌རྒྱུ༌སེམས༌ཅན༌གྱི༌ས༌ནས༌འབྲས༌བུ༌སངས༌རྒྱས༌ཀྱིས༌སར༌འགྲོ༌བར༌འདོད༌ན༌བྱང༌ཆུབ༌ཀྱི༌སེམས༌སྦྱོངས༌ཤིག༌གསུངསཔ་ཡིན༌སྐད༌གསུངས། ཡང༌སྔོན༌ཉན༌ཐོས༌ཀྱི༌སྟོན༌པ༌ཅིག༌ཆུས༌ཁྱེར༌ནས༌འཆི༌བར༌ཐག༌ཆོད༌ནས༌ཐེག༌པ༌ཆེན༌པོ༌ལ༌སྒྲོལ་མ༌ཞེས༌ཆུའི༌འཇིགས༌པ༌ལས༌སྒྲོལ༌བ༌ཡོད༌ཟེར༌སྙམ༌ནས༌ཨཱརྱ༌ཏཱ༌རཱ༌ཞེས༌བཏུད༌ཅིང༌བོས༌པས། ཆུ༌ཀླུང༌དེའི༌དཀྱིལ༌དུ༌སྒྲོལ་མ༌བྱོན༌ནས༌ཁྱོད༌སྐྱིད༌ཅིང༌རྒྱགས༌ཙ༌ན༌ང༌མི༌དྲན། སྡུག༌ཅིང༌ཕོངས༌ཙ༌ན༌སྒྲོལ༌མ༌སྒྲོལ༌མ༌ཟེར༌མ༌འདུག༌འདི༌ན༌ཕར༌ལ་སོང༌གསུངས༌ནས༌ཕྱག༌གཡས༌པས༌ལམ༌བསྟན། ཆུ༌དེ༌སྐེད༌པར༌ཆད༌ནས༌མི༌དེ༌ཐར། དེས༌ཕྱི༌མིག༌བལྟས༌པས༌ལྷ༌མོདེ་ཆུ༌ཀླུང༌གི༌ནང༌ན༌ཕྱག༌རྒྱ༌དེང༌ངེ༌འདུག༌པ༌ཟླ༌བོ༌མང༌པོར༌བསྟན༌པས། རྡོའི༌སྐུར༌གྱུར༌ནས༌འདུག༌པ༌སྤྱན༌དྲངས༌ནསད་ལྟ༌ཏཱ༌རཱ༌སྒྲོལ༌མའི༌ལྷ༌ཁང༌ན༌བཞུགས༌ཏེ༌ཆུ༌ཀླུང༌སྒྲོལ༌མ༌ཞེས༌གྲགས༌སོ། ཡང༌ཧུ༌ལུ༌ཏཱ༌རཱ༌ཞེས༌བཞད༌པའི༌སྒྲོལ༌མ༌ཞེསཔ་སྔོན༌ཡང༌དག༌པར༌རོགས༌པའི༌སངས༌རྒྱས༌སངས༌རྒྱ༌བ༌ལ༌བདུད༌ཀྱི༌བར༌ཆད༌བརྩམས༌པས། སྒྲོལ༌མས༌བདུད༌ལ༌ཁྲེལ་རྒོད༌མཛད༌ཅིང༌བཞད༌པས། ཞལ༌ལ༌ཕྱག༌གཡས༌པ༌བཀབ༌པའི༌སྐུ༌རང༌བྱོན༌ཡང༌བཞུགས༌སོ། ཡང༌སྔོན༌མི༌གདོན༌གྱིས་ཉེན༌པ༌ཞིག༌སྒྲོལ༌མའི༌སྒོམ༌བཟླས༌བྱས༌པས། མདུན༌དུ༌སྒྲོལ༌མ༌བྱོན༌ཏེ༌ཧ༌ཧ༌ཧ༌ཧ༌གསུང༌མ༌ཐག༌ཏུ༌ནད༌ཀུན༌ཞི། སྔ༌མ་བཞིན༌སྒྲོལ༌མའི༌རྡོའི༌སྐུར༌གྱུར༌ནས༌བཞུགས༌ཏེ༌ཧ༌ཧ༌ཏཱ༌རཱ༌ཞེས༌གྲགས༌སོ། བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བས༌རྡོ༌རྗེ༌གདན༌གཟིགསཔ འི༌ལེའུ༌སྟེ༌ལྔ༌པའོ།། །།

 

ལེའུ༌དྲུག༌པ། ཨ༌ཤོཀའི༌མཆོད༌རྟེན།

 

རྡོ༌རྗེ༌གདན༌གྱི༌གན༌ངྷོ༌ལ༌དེ༌ནི༌སྔོན༌བྲམ༌ཟེའི༌ཁྱེའུ༌གཅུང༌གིས༌བཞེངས༌པ༌དེའི༌རིང༌སངས༌རྒྱས༌ཡོངས༌སུ༌མྱ༌ངན༌ལས༌འདསནས་ལོ༌བརྒྱ༌དང༌བརྒྱད༌ཅུ༌ཙམ༌ལོན༌པ༌ན༌ཆོས༌རྒྱལ༌མྱ༌ངན༌མེད༌ཀྱིས༌བརྩིགས། སྔ༌མ༌ནང༌དུ༌བཅུག༌ནས༌ཞེང༌ཆེར༌བཏངནས་བཞེངས༌པ༌སྟེ། ཕྱི༌མཆོད༌རྟེན༌གྱི༌དབྱིབས༌ལ༌ནང༌གཙུག༌ལག༌ཁང༌གི༌རྣམ༌པ༌ཅན༌ནོ། རཱ༌ཇཱ༌ངྷརྨ༌ཨ༌ཤོཀ༌ཆོས༌རྒྱལ་མྱ༌ངན༌མེད༌ཅེས༌བྱ༌བ། དེ༌ནི༌ཐུབ༌པ༌ཆེན༌པོས༌ལུང༌བསྟན༌པའི༌རྒྱལ༌པོ༌སྟེ། དེ༌ཡང༌སྔོན༌སྟོན༌པ༌མཉན༌ཡོད༌དུ༌བསོདསྙ ོམས༌ལ༌གཤེགས༌པ༌ན༌བུད༌མེད༌ཞིག༌གིས༌འབྲས༌ཐུག༌ཕུལ། མོའི༌བུ༌བྱིས༌པ༌ཞིག༌གིས༌བྱེ༌མའི༌གསེབ༌ན༌རྩེ༌ཞིང༌འདུགཔས༌མ ཐོང༌སྟེ༌དད༌ནས། བྱེ༌མ༌སྙ ིམ༌པ༌གང༌ཐོག༌ནས། བྱིས༌པ༌ཟླ༌བོ༌ཞིག༌གི༌སྒུ༌སྟེགས༌བྱས༌པའི༌སྟེང༌དུ༌ལངས༌ནས༌ཕུལ་བ༌དང༌། སྟོན༌པས༌ཀྱང༌ལྷུང༌བཟེད༌སྨད༌ནས༌བཞེས༌སོ། མས༌བུ༌ལ༌དེ༌ལྟར༌མ༌བྱེད༌ཅེས༌རྒོལ༌བས། སྟོན༌པས༌བུ༌འདི་ལ༌མ༌རྒོལ༌ཅིག འདི༌ལ༌དྭངས༌བའི༌དད༌པ༌ཡོད༌པས། བསོད༌ནམས༌ཆེན༌པོ༌ཐོབ༌པར༌འགྱུར༌རོ། ཞེས༌གསུངས༌ནས༌བྱེ་མ༌རྣམས༌ཀུན༌དགའ༌བོ༌ལ༌གཏད༌དེ། བགྲང༌དུ༌བཅུག༌པས། གྲངས༌བྱེ༌བ༌ཅིག༌བྱུང༌བ༌དང༌། ཀུན༌དགའ༌བོ། ང༌མྱ་ངན༌ལས༌འདས༌ནས། ལོ༌བརྒྱ༌ལོན༌པ༌ན། གྲོངས༌ཁྱེར༌མེ༌ཏོག༌ཅན༌ཞེས༌བྱ༌བར༌རྒྱལ༌པོ༌མྱ༌ངན༌མེད༌ཅེས༌བྱ༌བར༌གྱུར་ནས། མཆོད༌རྟེན༌དེ༌བཞིན༌གཤེགས༌པའི༌རིང༌བསྲེལ༌གྱི༌སྙིང༌པོ༌ཅན༌བྱེ༌བ༌ཕྲག༌ཅིག༌ནུབ༌ཅིག༌ལ༌བཞེངས༌པར༌འགྱུར༌རོ། སྒུ༌སྟེགས༌བྱེད༌པའི༌བྱིས༌པ༌འདི༌ནི། གནོད༌སྦྱིན༌ཤིང༌རྟ༌ཞེས༌བྱ༌བར༌གྱུར༌ནས༌མཆོད༌རྟེན༌བཞེངས༌པའི༌གྲོགས༌བྱེད༌པར་འགྱུར༌རོ། །ཞེས༌ལུང༌བསྟན། དེ༌ནས༌བྱེ༌མ༌འབུལ༌བའི༌བྱིས༌པ༌དེ༌སངས༌རྒྱས༌ཡོངས༌སུ༌མྱ༌ངན༌ལས༌འདས༌ནས། ལོབརྒྱ་ན༌རྒྱལ༌པོ༌མྱ༌ངན༌མེད༌དུ༌སྐྱེས༌ཏེ། ཁྲིམས༌གསར༌པ༌བཅོས༌ནས། ལ༌ལ༌བདེ༌བ༌ལ༌བཀོད༌དེ། ལྷ༌དང༌འདྲ། ལ་ལརདམག༌འདྲེན༌ཅིང༌། འཐབ༌རྩོད༌བྱེད༌པས༌ལྷ༌མིན༌དང༌འདྲ། ལ༌ལར༌ཆད༌པ༌བཅད༌པས། དམྱལ༌བ༌དང༌འདྲ༌ཞིང༌། རིགས༌དྲུག༌གི༌སྤྱོད༌པ༌ཚང༌བར༌ཡོད༌པའི༌སྐབས༌སུ༌གསེར༌གླིང༌གི༌དགེ༌ཚུལ༌གཅིག༌རྒྱལ༌པོའི༌ཡུལ༌ཁམས༌སུ༌འོངས༌པ༌ན། དེས༌རྒྱལ༌པོའི༌བཙུན༌མོ༌ཁྲུས༌བྱེད༌པའི༌རྒྱན༌བྱ༌རོག༌གིས༌ཁྱེར༌བ༌ཞིག༌རྙ ེད༌ནས། དེ༌ཁྲོམ༌དུ༌ཁྱེར༌ཏེ། འདི༌སུའི༌ཡིན༌དྲིསཔས། ཁྱོད༌ཀྱིས༌རྐུས༌ཟེར༌ཏེ། ཆད༌པ༌ཕོག༌ནས། རྒྱལ༌པོ༌ན༌རེ། སྔར༌དགེ༌ཚུལ༌འདི༌འདྲ༌བ༌གསོད༌མ༌མྱོང༌། འདི༌ནི་མར༌ཁུ༌ཁོལ༌བར༌བཙོས༌ལ༌སོད༌ཅིག༌ཟེར། བློན༌པོ༌རྣམས༌ཀྱིས༌ཞག༌གསུམ༌བཙོས༌ཀྱང༌། མ༌ཤི༌བར༌ཟིལ༌པ༌ཁྲོམ༌མེ༌འདུགཔས། རྒྱལ༌པོས༌ཁྱོད༌སུ༌ཡིན༌དྲིས༌པ༌ལ། ངའི༌མཁན༌པོ༌དགྲ༌བཅོམ༌པ༌ཞིག༌ཡོད། ངས༌ཀྱང༌རྒྱུན༌དུ༌ཞུགས༌པ༌ཐོབཔས། མེས༌མི༌ཚུགས༌པ༌ཡིན༌བྱས༌པས། རྒྱལ༌པོ༌དད༌པ༌སྐྱེས༌ཏེ། ཆོས༌ཞུ༌ཟེར༌བས༌ཆོས༌བཤད༌པས། རྒྱལ༌པོ༌ན༌རེ། ཆད༌པ༌བཅད༌པས༌སྡིག༌འོང༌ན༌བཤགས༌པ༌བྱེད༌པའི༌ཐབས༌ཞུ༌ཟེར༌བ༌ལ། དགེ༌ཚུལ༌གྱིས༌ངས༌ཐབས༌མི༌ཤེས། ངའི༌མཁནཔོ་ལ༌ཞུ༌དགོས༌ཟེར༌ཏེ། དགྲ༌བཅོམ༌པ༌སྤྱན༌དྲངས༌ནས༌ཞུས༌པས། རྒྱལ༌པོ༌ཁྱོད༌ཀྱིས༌ནུབ༌ཅིག༌ལ༌མཆོད༌རྟེན༌དེ༌བཞིན་གཤེགས༌པའི༌རིང༌བསྲེལ༌གྱི༌སྙིང༌པོ༌ཅན༌བྱེ༌བ༌བཞེངས༌ཤིག༌དང༌སྡིག༌པ༌དག༌པར༌འགྱུར༌རོ། ཞེས༌གསུངས༌པས། རྒྱལ་པོ༌ན༌རེ། ངས༌དེ༌ཙམ༌མི༌ཟིན། རིང༌བསྲེལ༌ཡང༌མི༌རྙ ེད༌ཟེར། དགྲ༌བཅོམ༌པ༌ན༌རེ། ཁྱོད༌སངས༌རྒྱལ༌ཀྱིས༌ལུང༌བསྟནཔ་ཡིན༌པས། གནོད༌སྦྱིན༌བསྒྲུབ༌ན༌བཞེངས༌ནུས༌ལ། རིང༌བསྲེལ༌ཡང༌རྒྱལ༌པོ༌མ༌སྐྱེས༌དགྲའི༌སྐལ༌བ༌མ༌གངྷའི༌བྲེ༌དྲུགགསེ ར༌གྱི༌བུམ༌པར༌བཅུག༌ནས༌རྒྱལ༌པོའི༌ཁབ༌ཀྱི༌འོད༌མའི༌ཚལ༌ན༌སྤས༌ཡོད༌པས། དེ༌བཏོན༌པས༌ཆོག༌གསུངས། དེནས་རྒྱལ༌པོ༌རིང༌བསྲེལ༌འདོན༌དུ༌ཕྱིན༌པས། མཚོན༌ཆའི༌འཁོར༌ལོས༌བསྲུངས༌ནས༌ལེན༌མ༌ནུས༌ཏེ། འཁོར༌ལོ༌དེ༌ཆུསབསྐ ོར༌བར༌ཤེས༌ནས༌ཆུ༌དེ༌གང༌ནས༌འོང༌དྲིས༌པས། གཞན༌ཤེས༌པ༌མ༌བྱུང༌བ༌ལ། རྒན༌མོ༌ཞིག༌ན༌རེ། ལྷོ༌ནུབ༌ཀྱི༌རི༌ཡ་གི༌ནས༌ཆུ༌འོང༌བ༌ཡིན༌ཟེར། རི༌དེ༌རྒྱལ༌པོའི༌ཁབ༌ཀྱི༌ལྷོ༌ཕྱོགས༌ན༌ཤར༌ནུབ༌ཏུ༌ནར༌མོར༌འཕྲེད༌ལ༌རིང༌བ༌ཡོད། དེའི༌བྱང་ལོག༌ན༌མར༌འོད༌མའི༌ཚལ༌སྔོ༌ཐིབས༌སེ༌བ༌ཡོད། རི༌དེའི༌མགོ༌རྒྱལ༌པོའི༌ཁབ༌ཀྱི༌ལྷོ༌ནུབ༌ན༌ཡོད༌པས༌དེར༌རྐོས༌པ༌དང༌། རྡོའི་སྒྲོམ༌ནས༌ཆུ༌འགྲོ༌བ༌གཅིག༌འདུག༌པ༌དེ༌བཅད༌དེ། མཚོན༌ཆ༌འཁོར༌ཐག༌བཅད༌ནས༌བལྟས༌པས། སྒྲོམ༌ཆུང༌ཞིག༌གི༌སྟེངན་ཡི༌གེ༌འདུག༌པ༌ལ༌མ༌འོངས༌པའི༌དུས༌སུ༌རྒྱལ༌པོ༌དབུལ༌པོ༌དབུལ༌པོ༌ཞིག༌གིས༌རྙ ེད༌པར༌འགྱུར༌རོ༌བྱ༌བ༌འདུག༌པས། རྒྱལ་པོ༌ཁྲོས༌ཏེ། ང༌དབུལ༌པོ༌མིན། འདི༌རྙ ེད༌པ༌དེ༌གཞན༌ཞིག༌ཡིན༌འོང༌ཟེར༌ཏེ། ང༌རྒྱལ༌སྐྱེས༌པ༌ན། དགྲ༌བཅོམ༌པའི༌ཞལ་ནས༌ང༌རྒྱལ༌མ༌མཛད༌པར༌གུས༌པས༌ལོངས༌ཤིག༌གསུངས༌པ༌ཉན༌ཏེ༌བལྟས༌པས། སྒྲོམ༌ཆུང༌དེའི༌ནང༌ནས༌གསེར༌གྱིབུམ་པ༌རིང༌བསྲེལ༌བཞུགས༌པའི༌ཟུར༌བཞི༌ན༌ནོར༌བུ༌རིན༌པོ༌ཆེ༌འོད༌འབར༌བ༌བཞི༌འདུག༌པས། དེ༌རེ༌རེའི༌རིན༌ཡང༌རྒྱལ་པོའི༌རྒྱལ༌སྲིད༌གྱིས༌མ༌ཁྱེར༌བར༌འདུག༌པས། རྒྱལ༌པོས༌རང༌དབུལ༌པོར༌ཤེས༌ཏེ། སྔོན༌རྒྱལ༌པོ༌ལོངས༌སྤྱོད༌ཅན༌བྱུང་འདུག༌སྙམ༌ནས༌ང༌རྒྱལ༌ཆག༌གོ དེ༌ནས༌དགྲ༌བཅོམ༌པ༌དེའི༌གསུང༌བཞིན༌ཉན༌ཏེ༌གནོད༌སྦྱིན༌སྒྲུབ༌པས། གནོད༌སྦྱིན༌ཆེནཔོ་ཤིང༌རྟ༌ཞེས༌པ༌དཀར༌པོ༌ལ༌དགའ༌བ༌དེ༌གྲུབ༌ནས༌བཀའ༌བསྒོས༌པ༌ཙམ༌གྱིས༌ལས༌སྒྲུབ༌པ༌ཞིག༌བྱུང༌བ༌དེའི༌རུ༌འཕྲུལ༌གྱིསཐོག༌མ ར༌རྡོ༌རྗེ༌གདན༌གྱི༌གན༌ངྷོ༌ལ༌དང༌། རྡོ༌རྗེ༌གནད༌གྱི༌ཤར༌ཆུ༌བོ༌ནེརཉ༌ཛནཱའི༌འགྲམ༌དུ༌བྷག༌རཱ༌ཧུ༌ལ༌ཇོ༌བོ༌ཆོས༌ཀྱི༌འབྱུངགནས་ཞེས༌པའི༌མཆོད༌རྟེན༌ཆེན༌པོ༌ནུབ༌གཅིག༌ལ༌བཞེངས། དེའི༌ནང༌ན༌རིང༌བསྲེལ༌ཕུལ༌ཕྱེད༌དང༌དོ༌བཞུགས༌སོ། དེའིནུབ་ཕྱི༌མ༌ནམ༌ཕྱེད༌ལ༌གནོད༌སྦྱིན༌དེས༌འཛམ༌བུ༌གླིང༌གི༌སའི༌ཆ༌ཀུན༌ཏུ༌རིང༌བསྲེལ༌བཞུགས༌པའི༌མཆོད༌རྟེན༌དེའི༌སྲོག༌ཤིངཅན༌བྱ ེ༌པ༌ཅིག༌ཆར༌དུ༌བཞེངས༌ནས། གནོད༌སྦྱིན༌གྱིས༌བཀའ༌བཞིན༌མཆོད༌རྟེན༌རྣམས༌གྲུབ༌ཡོད༌པ༌གཟིགས༌ཤིག༌ཅེས་ཟེར༌ཏེ། རྒྱལ༌པོ༌མཐུས༌ཁུར༌ནས༌མཆོད༌རྟེན༌ཡོད༌པ༌རྣམས༌སུ༌སྐད༌ཅིག༌གིས༌ཕྱིན༌ནས༌གསེར༌དངུལ༌གྱི༌མཆོད༌པ༌དང༌། རྒྱན༌ཕུལ༌ཏེ། དགེ༌བའི༌རྩ༌བ༌འདིས༌བླ༌ན༌མེད༌པའི༌སངས༌རྒྱས༌ཐོབ༌པར༌གྱུར༌ཅིག ཅེས༌སྨོན༌ལམ༌བཏབ༌པོ། །ལོབརྒྱད་ཅུ༌རྩ༌བདུན༌གྱི༌བར༌དུ༌མཆོད༌རྟེན༌རྣམས༌མཆོད༌པར༌བྱས༌ཏེ། སྤྱིར༌དགུང༌ལོ༌བརྒྱ༌དང༌ལྔ༌བཅུ༌བཞུགས༌ནས༌འདསཏེ། ལྷར༌སྐྱེས༌སོ། སྟོབས༌ཀྱི༌འཁོར༌ལོ༌བསྒྱུར༌བ༌ཆོས༌ཀྱི༌རྒྱལ༌པོ༌འདིའི༌ལུང༌བསྟན༌འཇམ༌དཔལ༌རྩ༌བའི༌རྒྱུད༌ནས༌རྒྱསཔ ར༌གསུངས༌ཏེ། མང༌བས༌མ༌བྲིས༌སོ། རྒྱལ༌པོ༌ལ༌གཏམ༌བྱ༌བ༌རིན༌པོ༌ཆེའི༌འཕྲེང༌བའི༌ལེའུ༌གསུམ༌པའི༌སྐབས༌དང༌། ངག༌གི༌དབང༌ཕྲུག༌གྲགས༌པའི༌འཆི༌བ༌བསླུ༌བར༌ཆོས༌རྒྱལ༌མྱ༌ངན༌མེད༌བཞིན༌ནོ། ཞེས༌པའི༌སྐབས༌སུ༌ལོ༌རྒྱུས༌འདི༌གསུངསསོ།། ཆོས༌རྒྱལ༌མྱ༌ངན༌མེད༌པའི༌ལེའུ༌སྟེ༌དྲུག༌པའོ།། །།

 

ལེའུ༌བདུན༌པ། ཕྱིན༌ནང༌གི༌རྟེན༌གཟིགས༌པ།

 

རྡོ༌རྗེ༌གདན༌ནས༌ཤར༌དུ༌དཔག༌ཚད༌གཅིག༌ཙམ༌ན༌ནེརཉཛན༌དགའ༌སྐྱེས༌ཅེས༌པ༌དེ༌ལྷོ༌ནུབ༌མཚམས༌ནས༌བྱང༌ཤར༌དུ༌འབབཔ། དབྱར༌ཀོ༌བའི༌གྲུ༌དགོས། དགུན༌གྲུ༌མེད༌ཀྱང༌ཐར༌ཙམ༌ཡོད། ཆུ༌བོ༌དེའི༌འགྲམ༌མདའ༌རྒྱང༌དོ༌ཙམ༌ན༌སྔོན༌བཅོམ་ལྡན༌འདས༌ས༌ཁུལ༌དེ༌རང༌དུ༌དཀའ༌ཐུབ༌མཛད༌པའི༌དུས༌ཀྱི༌སྐུ༌རིད༌པའི༌ཚུལ༌རྡོ༌ལས༌བྱས༌པ། སྙ ན༌དུ༌བྱིས༌པ༌གཉིས༌ཀྱིསཤིང་བུ༌བཙུགས༌ཏེ། འདི༌ཤི༌བ༌ཡིན༌ནམ༌ཟེར༌བལྟ༌བའི༌དུས༌ཀྱི༌ཚུལ། བྱིས༌པ༌གཉིས༌ཀྱང༌རྡོ༌ལས༌བྱས༌པ༌བྱིན༌རླབས་ཅན༌གཅིག༌བཞུགས༌སོ། །མ༌གངྷའི༌བྲག༌ཅིག༌གི༌ཤོད༌ན༌མདོ༌སྡེ༌སྐྱེས༌རབས༌ནས༌གསུངས༌པའི༌སྔོན༌ཐུབ༌པ༌ཆེན༌པོ༌བྱངཆུབ་སེམས༌དཔའི༌རྒྱལ༌བུ༌མ༌སཏཏྭ༌སྙིང༌སྟོབས༌ཆེན༌པོའམ། སེམས༌དཔའ༌ཆེན༌པོ༌ཞེས༌བྱ༌བར༌སྐུ༌སྐྱེ༌བ༌བཞེས༌པའི༌དུསསྟག༌མ ོ༌ཕྲུ༌གུ༌སྐྱེས༌པས། ལྟོགས༌གྲིར༌ཤི༌ལ༌ཁད༌པར༌གཟིགས༌ནས། དེ༌ལ༌རང༌ལུས༌སྦྱིན༌པར༌བཏང༌བའི༌སྐུ༌བྲག༌གི༌སྟེངནས༌མ ཆོང༌ལ༌ཁད༌པ༌དང༌། མཆོང༌ཟིན༌པའི༌དུས༌སུ༌སྐུ༌ལུས༌སྟག༌མོས༌ཟ༌བའི༌ཚུལ༌གྱི༌སྟག༌མོ༌དང༌བཅས༌པའི༌རྡོའི༌སྐུ༌བཞུགས། བྱིན༌རླབས༌ཅན༌དུ༌གྲགས༌པས། མར༌མེ༌དང༌། མཆོད༌པ༌འབུལ༌བ༌མང༌དུ༌འོང༌བ༌ཅིག༌འདུག དེ༌ལ༌སྟག༌མོའི༌གཙུག་ལག༌ཁང༌ཞེས༌གྲགས༌པ༌ཡིན༌གསུངས༌སོ། །ཡུལ༌དེའི༌ས༌ཅིག༌ན༌སྔོན༌བྱང༌ཆུབ༌སེམས༌དཔའ༌ལ༌མང༌རྩི༌ཕུལ༌པའི༌སྐུ༌ཕྱགན་ལྷུང༌བཟེད༌བསྣམས༌པ༌སྤྲེའུ༌དང༌བཅས༌པའི༌རྡོའི༌སྐུ༌བྱིན༌བརླབས༌ཅན༌ལྷ༌ཁང༌སྒོ༌ཤར༌དུ༌བལྟ༌བ༌ཞིག༌ན༌བཞུགས༌པ། དེའིསྒོ་དྲུང༌ན༌ཁྲོན༌པ༌སྐམ༌པོ༌སོ༌ཕག༌གི༌རྩིག༌པས༌མཐའ༌སྐོར༌པ༌ཞིག༌ཀྱང༌འདུག༌གསུངས༌སོ། །རྡོ༌རྗེ༌གདན༌ནས༌ལྷོ༌ཕྱོགསསུ་ཟླ༌བ༌གཅིག༌ཕྱིན༌པའི༌ས༌ན༌མུ༌སྟེགས༌ཀྱི༌ལྷ༌སོམ༌ནཱ༌ཐ༌ཟླ༌བ༌མགོན༌པོ༌ཞེས༌པ༌ཡོད༌ས༌དེར༌སློབ༌དཔོན༌ཝིར༌ལྦ༌པ༌ལ། མུསྟེགས༌ཀ ུན༌ན༌རེ། ངེད༌ཀྱི༌ལྷ༌ལ༌ཕྱག༌འཚོལ༌ཅིག༌ཟེར༌བ༌ལ། ཕྱག༌འཚལ༌བས༌ཆོག༌སྟེ། ཁྱེད༌མི༌དགའོ༌གསུངས༌པས། མི༌དགའ༌བ༌མི༌འོང༌ཟེར། འོ༌ན། རྒྱལ༌པོ༌དཔང༌པོ༌འཇུག༌དགོས༌གསུངས༌ནས༌དཔང༌པོར༌བཅུག༌ནས༌ལྷ༌ཆེན༌པ༌དེ༌ལ་མདུན༌ལ༌ཕྱག༌གཅིག༌བཙལ༌པས། ཚལ༌པ༌གཉིས༌སུ༌གས༌སོ། ཡང༌གཞོགས༌ནས༌བཙལ༌བས༌ཚལ༌པ༌བཞིར༌གས༌སོ། དེར༌ཁོང༌ན༌རེ། ཕྱག༌མ༌འཚལ༌ཟེར༌ཡང༌། ལྷ༌གཅིག༌ལ༌ཕྱག༌འཚལ༌བས། ལྷ༌དེ༌འདར༌སིག༌སིག༌འདུག༌ཀྱང༌། གསསུ༌མ་བཏུབ༌ནས༌གཟིགས༌པས། དེའི༌སྤྱི༌བོ༌ན༌ནང༌པའི༌ལྷ༌སྣང༌བ༌མཐའ༌ཡས༌ཤིག༌འདུག༌ནས༌དེ༌བསལ༌ཏེ། ཕྱག༌འཚལ་བས༌ཚལ༌པར༌གས། དེ༌ནས༌ཁོང༌རྣམས༌ན༌རེ། ད༌ཕྱག༌མ༌འཚལ༌ཟེར༌བ༌ལ། སློབ༌དཔོན༌གྱིས༌འོ༌ན༌ཁྱོད༌ཀྱིས༌ལྷ༌མཆོདཔ འི༌ར༌ཕྱུག༌སུམ༌བརྒྱ༌སུམ༌བརྒྱ༌ནང༌རེ༌ལ༌གསོད༌པ༌འདི༌བཞག༌ནས༌སཱ༌ལྤཱ༌ཁལ༌སུམ༌བརྒྱ༌སུམ༌བརྒྱས༌མཆོད༌པ༌གྱིས༌ཤིགགསུངས་པས། དེ༌ཙུག༌བྱེད༌དོ༌ཟེར༌ནས༌དུས༌དེ༌ནས༌ཕྱུགས༌གསོད༌པ༌དེ༌མེད༌པས། ལམ༌དུ༌འགྲོ༌བ༌རྣམས༌ལ༌ཤིན༌ཏུཕན་ནོ། །སཱ༌ཝཱ༌དེ༌འབྲས༌མ༌མུགས༌པ༌ལ༌ཟེར༌བ༌ཡིན། མ༌སྤྲུགས༌པ༌ཡང༌ལྐོག༌མ༌ཕུད༌པ༌ལ༌ཟེར༌བ༌ཡིན༌གསུངས། ལྷདེ་ལ༌གསོལ༌བ༌བཏབ༌ན༌བུ༌ནོར༌གང༌འདོད༌ན༌དེ༌འོང༌ངོ༌། །ཡང༌མ༌ག༌ངྷ༌ན༌མུ༌སྟེགས༌ཀྱི༌ལྷ། དེ༌ལྤཱི༌ཀཱ༌ལཱི༌སྟེ། ལྷ༌མོ༌ནག་མོ༌ཞེས༌གྲགས༌པ༌དེ༌རྡོ༌རྗེའི༌སྐུ༌ལ༌ཙམ༌པ། མཆོད༌ཁང༌མདུན༌ན༌ཁྲོན༌པ༌སྐམ༌པོ༌དང༌། རྡོའི༌ཀྱོར༌ཀྱོར༌ཡོད༌པ༌འདུག༌པའིསྒོ་ཤར༌དུ༌བལྟ༌བ༌ཡོད༌གསུངས། རྡོའི༌ལྷ༌མོ༌དེས༌སྔོན༌ལྐུགས༌པ༌ཅིག༌ལ༌གཏམ༌སྨྲས། དངོས༌གྲུབ༌བྱིན༌པས། པབྱབྱི༌ཏར་གྱུར༌པའི༌ལོ༌རྒྱུས༌ནི། ཕྱི༌རོལ༌པའི༌ལྷ༌ལ༌གསོལ༌བ༌བཏབ༌པས༌ཀྱང༌། ཚེ༌འདིར༌འཇིག༌རྟེན༌འདིའི༌དངོས༌གྲུབ༌སྟེར་ནུས༌ཏེ། སྔོན༌རྒྱ༌གར༌ན༌རྒྱལ༌པོ༌ཅིག༌ལ༌བུ༌མོ༌སཾསྐྲིཏའི༌སྒྲ༌ཤིན༌ཏུ༌མཁས༌པ༌ཞིག༌ཡོད༌པས། དེ༌ཡབ༌ཀྱི༌ཁྱིམ༌ཐབ༌ཏུ༌གཏོང་བྱས༌པ༌ལ། བུ༌མོ༌ན༌རེ། ང༌རང༌བས༌སྒྲ༌མཁས༌པའི༌པབྱབྱིཏ༌ཞིག༌ཡོད༌ན༌འགྲོ གཞན༌སུ༌ཐོད༌ཐོད༌ལ༌ང༌མི༌འགྲོ༌ཟེར༌སྐད། རྒྱལ༌པོས༌སྒྲ༌སུ༌མཁས༌དྲིས༌པས། པབྱབྱི༌ཏ༌རྣམས༌ཀྱི༌ནང༌ནས༌ཝ༌ར༌རུ༌ཅི༌མཆོག༌སྲེད༌མཁས༌ཞེས༌གྲགས༌པ༌དང༌། བུ༌མོ་ཁྱོད༌ཝ༌ར༌རུ༌ཅི༌ལ༌བཏང༌ངོ༌བྱས༌པས། བུ༌མོ༌ན༌རེ། མཆོག༌སྲེད༌པས༌ང༌རང༌མཁས། ང༌མི༌འགྲོ༌ཟེར༌ཏེ། འགྲོར༌མ་བཏུབ༌བོ། དེ༌ནས༌མཆོག༌སྲེད༌ཐུགས༌ལོག༌སྟེ། བུ༌མོ༌འདི༌ལ༌ཁྱོ༌ལྐུགས༌པ༌འོང༌བར༌བྱ༌དགོས༌སྙམ༌ནས༌ལྐུགས༌པ༌ཚོལ་དུ༌བྱོན༌པས། མི༌ཞིག༌ཤིང༌གི༌ཡལ༌གའི༌སྟེང༌དུ༌ཞོན༌ནས༌ཡལ༌གའི༌རྩ༌བ༌གཅོད༌པར༌གཟིགས༌ཏེ། ལྐུགས༌པ༌ཡིན༌པར་མཁྱེན། ཤིང༌ཆག༌ནས༌མི༌དེ༌རྦབ༌ཏུ༌ལྷུང༌ནས༌བྱུང༌བས། དེ༌ལ༌ཁྱོད༌རྒྱལ༌པོའི༌བུ༌མོ༌དང༌སྡེབ༌ཏུ༌གཞུག༌ཅེས༌གསུང༌ནས་ཁྲིད༌དེ། རྒྱ༌གར༌ན༌སློང༌བ༌ལ༌སྔོན༌དུ༌ཤེས༌པ༌བརྗོད༌དགོས༌པས། ལྐུགས༌པ༌དེ༌ལ༌ཨོཾ༌སྭ༌སྟི༌ཟེར༌བ༌བསླབས༌པས། ཤེས་ཙམ༌བྱུང༌སྐད། དེ༌ནས༌རྒྱལ༌པོའི༌ཕོ༌བྲང༌དུ༌ཁྲིད༌ནས༌འདི༌པབྱབྱི༌ཏ༌ཆེན༌པོ༌ཡིན༌ཏེ། ངའི༌སློབ༌དཔོན༌ཡིན། རྒྱལ༌པོའི༌བུ་མོ༌འདི༌ལ༌སྟེར༌དགོས༌བྱས༌པས། དེ༌ལྟར༌ཡིན༌ན༌སྟེར༌ཟེར༌རོ། དེར༌ཤིས༌པ༌བརྗོད༌པས། བྲེད༌དམ༌སྟབས༌ཉམས༌ཅིཞིག་ལྟར༌སོང༌ནས། ཨོཾ༌སྭ༌སྟི༌ཟེར༌བ༌མ༌བྱུང༌ནས༌ཨུ༌ཤ༌ཊ༌ར༌ཟེར༌བ༌ཞིག༌བྱུང༌བས། དེ༌ལ༌དེ༌མ༌ཐག༌ཏུ༌མཆོག༌སྲེད་ཀྱིས༌སྒྲ༌བཤད༌བྱས༌ཏེ། ཚིགས༌སུ༌བཅད༌པ༌ལེགས༌པ༌ཅིག༌མཛད༌པ༌ནི། ཨུ༌མ༌ཡཱ༌ས༌ཧི༌ཏ༌རུ༌དྲ། ཤམ༌ཀར༌ས༌ཧ༌བི༌ཥཎུ་ནཱ༌། ཊམ༌ཁ༌ཊྭཱངྒ༌ཤཱུ༌ལ༌པཱ༌ནི། རཀྵན༌ཏུ༌ཤི༌བ༌དཱ། བོད༌སྐད༌དུ། ཨུ༌མ༌དང༌བཅས༌དྲག༌པོ༌དང༌། བདེ༌བྱེད༌དངབཅས་ཁྱབ༌འཇུག༌དང༌། ཕྱག༌ན༌ཁ༌ཊྭཱངྐ༌ཡི༌མདུང༌། ཞི༌བས༌རྟག༌ཏུ༌བསྲུང༌གྱུར༌ཅིག ཅེས༌པའི༌སྡེབ༌སྦྱོར༌གྱི༌མིང༌ནི། དབྱངས༌ཅན༌གྱི༌མགུལ༌རྒྱན༌བྱ༌བ༌ཡིན༌ཞེས༌བཅོས༌ཏེ༌བཤད༌ནས། པབྱབྱི༌ཏ༌ཆེན༌པོ༌འདི༌སྐད༌གསུངས༌པ༌ཡིན༌བྱས༌པས། རྒྱལ༌པོ༌དང༌། བུ༌མོ༌གུས༌ནས༌ལྐུགས༌པ༌དེ༌ལ༌བུ༌མོ༌བྱིན༌ནས༌ཁྱིམ༌ཐབས༌བྱས༌སོ། །མཆོག༌སྲེད༌དེ༌ནས༌བྲོས༌སོ། །དེར་བུ༌མོས༌ལྐུགས༌པ༌དེ༌བོར༌ན༌ནི། སྡེབས༌པར༌བྱས༌པས༌རྒྱལ༌པོའི༌ཁྲིམས༌དང༌འགལ། དེར༌མ༌དགའ༌ནས༌སྡང༌པོ༌བྱསསོ།། དེར༌ཁོ༌སྡུག༌དྲག༌པས༌ལྷ༌མོ༌ནག༌མོའི༌སྐུ༌དེའི༌དྲུང༌དུ༌ཕྱིན༌ནས༌གསོལ༌བ༌འདེབས༌ཤིང༌། ང༌མེད༌པར༌ཞུ༌ཞུས༌པས། ཞག༌གཉིས༌ལོན༌ཙམ༌ན། རྒྱལ༌པོའི༌བུ༌མོ༌དེ༌ལྐུགས༌པ༌ཤི༌ན༌མི༌ལེགས༌སྙམ༌ནས། གཡོག༌མོ༌ལ༌གོལ༌གོལ༌ནི༌ཟན༌དྲོན༌སྟེ། རྩམ༌པ༌བརིས༌པའི༌ཟན༌ཚ༌བོ།དང༌། བཟའ༌བ༌བསྐུར༌ནས༌བཏང༌བས༌གཡོག༌མོ༌རྣམས༌ཀྱིས༌གོལ༌མུར༌བའི༌མུར༌བཕྲོ༌ཁ༌ནསབཏོན་ནས༌ལྐུགས༌པའི༌ཁར༌བཅུག༌ཏེ༌བརྙ ས༌སོ། །དེ༌ལྟར༌ལྷ༌མོའི༌ཐུགས༌སུ༌གཡོག༌མོས༌ཀྱང༌བརྙ ས༌པར༌འདུག ལྐུགསཔ་དེ༌ལ༌དངོས༌གྲུབ༌ཅིག༌སྟེར༌དགོས༌སྙམ༌ནས། གཡོག༌མོ༌ཅིག༌ལ༌སྐུ༌དེས༌འགྲམ༌པར༌ཐལ༌ལྕགས༌བརྒྱབ། ལྐུགས༌པ་ལ༌ཁྱོད༌དངོས༌གྲུབ༌ཅི༌འདོད༌གསུངས། དེར༌ཁོས༌སཾསྐྲི༌ཏའི༌སྒྲ༌མཁས༌པར༌ཤེས༌པར༌འདོད༌བྱས༌པས། དེ༌མ༌ཐག༌ཏུ༌མཁསཔ ར༌གྱུར༌ཏེ། ལག༌པ༌གཡས༌སུ༌མེ༌ཏོག༌པདྨའི༌སྡོང༌པོ༌རྩུབ༌མོ༌སེ༌བའི༌སྡུམ༌བུ༌འདྲ༌བ༌བཟུང༌། གཡོན༌ན༌ཨུཏཔལའི༌སྡོངཔོ་འཇམ༌པོ༌ཁྱེར༌ཏེ། ཁོས༌སྒོ༌དྲུང༌ནས༌བྲན༌མོ༌ལ༌འཕྲིན༌བསྐུར༌ཏེ། རྒྱལ༌པོའི༌བུ༌མོ༌ལ༌སྤྲིང༌པ། བདག༌གི༌ལག༌པ༌གཡསན་པདྨ༌ཅིག། གཡོན༌ནའང༌དེ༌བཞིན༌ཨུཏཔལའི༌མེ༌ཏོག། འཇམ༌པོའི༌ཡུ༌བའམ༌རྩུབ༌མོའི༌ཡུ༌བ༌ཅན། །གང༌འདོད་སྨྲོས༌ཤིག༌པདྨའི༌མིག༌ཅན༌མ། །ཞེས༌བྱས༌པས། རྒྱལ༌པོའི༌བུ༌མོ༌ན༌རེ། ཚིགས༌བཅད༌སྙ ན༌ངག༌ལེགས། ལྷ༌མོ༌གྲུབ་འདུག༌ཟེར༌ཏེ། ཁྱིམ༌ཐབས༌བྱསོ། ལྷ༌མོ༌ནག༌མོ༌གྲུབ༌པས། ཀཱ༌ལཱི༌དཱ༌ས༌ནག༌མོའི༌ཁོལ༌པོ༌ཞེས༌བྱ༌བ༌མཁས༌པ༌ཅིག༌བྱུངསྟེ། དེས༌སྒྲའི༌བསྟན༌བཅོས༌བརྩམས༌པ༌ལ༌ཀ༌ལཱ༌པ༌བྱཱ༌ཀ༌ར༌ཎ༌ཞེས༌བྱ། བྱཱ༌ཀ༌ར༌ཎ༌བོད༌སྐད༌དུ༌ལུང༌སྟོན༌པའམ། བརྡསྤྲོད་པའམ། གསལ༌པར༌བྱེད༌པ༌དང༌གསུམ༌དུ༌འགྱུར༌གསུངས༌སོ། །བསྟན༌བཅོས༌དེ༌ལ༌དུས༌དེང༌སང༌རྒྱ༌གར༌ན༌ཉནབཤད་ཀྱང༌འགའ༌རེ༌ཡོད། དེ༌བས༌ཙན༌དྲ༌གོ༌མིས༌མཛད༌པ༌དེ༌དར༌བ༌ཡོད༌གསུངས༌སོ། །ནཱ༌རོ༌པའི༌སྒྲུབ༌གནས༌ཕུ༌ལ་ཧ༌རི༌ནི། ན༌ལེན༌དྲའི༌བྱང༌ཕྱོགས༌ཀྱི༌ནགས༌ཁྲོད༌ཅིག༌ན༌རྩའི༌སྤྱིལ༌པོ༌སྒོ༌ལྕོག༌རིམ༌པ༌གསུམ༌ཞིག༌པ༌དང༌། མ༌ཞིག༌པ་མང༌པོ༌ཡོད། རྩིག༌པས༌བརྩིགས༌པ༌མེད། ད༌ལྟ༌སྡོད༌མིའང༌འདུག༌གསུངས༌སོ། །དུར༌ཁྲོད༌ཆེན༌པོ༌བསིལ༌བ༌ཚལ༌ནི། ན༌ལེན༌དྲའི༌ནུབ༌བྱང༌ན༌ནགས༌སྤྱིལ༌པོ༌ཆེན༌པོ༌ཞིག༌གི༌དཀྱིལ༌ན༌ནགས༌མེད༌པའི༌སྟོང༌ཆེ༌བ༌ཅིག༌འདུག༌གོ ནགས༌ཁྲོདདེ་ན༌དུག༌མུལ༌ཡང༌མང༌སྟེ། ལུས༌གཞན༌ཁྲ༌བོར༌ཡོད༌པལ༌ཁ༌ནག༌པ། མིའི༌བརླ༌ཙམ༌པ། ཤིང༌ཁྲོད༌དུ༌འགྱུས༌པས། ཤིང༌གི༌རྩེ༌མོ༌རྣམས༌འགུལ༌ཞིང༌ཕྲུག༌ཕྲུག༌བྱེད༌པ༌ཡོད། དོམ༌ནག༌མཐོང༌བས༌ཀྱང༌འཇིགས༌པ༌འདུག༌གསུངས༌སོ། །བླ་མས༌ལན༌ཅིག༌ལྷུང༌བཟེད༌དུ༌རས༌གྲིལ༌ནས༌རྒྱབ༌ཏུ༌ཁུར༌ནས༌ཆུ༌སྐོར༌ན༌ཐག༌རིང༌པོ༌ཡོད༌པས། ཆུ༌གཅིག༌ལ༌བརྒལ༌བས་ཆུས༌ཁྱེར༌པ༌ལས༌ཆུ༌ཕ༌གིར༌ཐར༌ཙམ༌བྱུང༌སྟེ། མི༌ནག༌པོ༌ཅིག༌བྱུང༌པ༌ལ༌ཆུ༌ལས༌སྒྲོལ༌དང༌བྱས༌པས། ཁོ༌ན༌རེ། ང་རིགས༌ངན༌ཡིན༌ཟེར༌ཏེ༌སྒྲོལ༌བར༌མ༌བྱུང༌། རིགས༌ངན༌གྱིས༌མི༌རིགས༌བཟང༌བ༌ལ༌ལག༌པ༌རེག༌ཏུ༌མི༌རུང༌། ཟས༌བཟའ་བ༌ལ༌མིག༌གིས༌བལྟས༌ན༌ཟས༌འཕྲོ༌འབོར༌དགོས། རིགས༌ངན༌གྱི༌རྟགས༌རྣ༌བ༌ལ༌བུག༌པ༌མེད། བཞན༌རྣམས༌རྣ༌བ༌བུགཔ་ཅན༌འོང༌། ཐར༌ཐོར༌རིགས༌ངན༌བྱུང༌ན༌ཟས༌ཟར༌མི༌བཏུབ༌པས། དཱུ༌རམ༌གཙཚ༌ཕ༌གིར༌སོང༌ཟེར༌གསུངས། རྡོ༌རྗེ་གདན༌དང༌ན༌ལེན༌དྲ༌མུ༌སྟེགས༌པའི༌རྟེན༌བྱིན༌རླབས༌ཅན༌མང༌པོ༌གཟིགས༌པའི༌ལེའུ༌སྟེ༌བདུན༌པའོ།། །།

 

ལེའུ༌བརྒྱད༌པ། བྱ༌རྒོད༌ཕུང༌རིར༌བྱོན༌པ།

 

སྤྱིར༌རྒྱ༌གར༌ན༌མུ༌སྟེགས༌པ༌མང༌། དེ༌བས༌ཉན༌ཐོས༌ཉུང༌། དེ༌བས༌ཐེག༌པ༌ཆེན༌པོ༌ཉུང༌། བོད༌ཀྱི༌ཐེག༌ཆེན༌པ༌བས༌ཀྱང༌། རྒྱ༌གར༌གྱི༌ཐེག༌ཆུང༌པ༌ཕན༌སེམས༌ཆེ། སློང༌བ༌བྱུང༌ན༌མུ༌སྟེགས༌ཀྱིས༌ཀྱང༌སྟེར༌བ༌ཡུལ༌ཆོས༌སུ༌འདུག མུ༌སྟེགས༌མ༌ཡིནཔ འི༌མི༌ཀུན༌ཐ༌མལ༌པ༌ཡང༌དད༌པ༌ཤིན༌ཏུ༌ཆེ༌བས། རབ༌ཏུ༌བྱུང༌བ༌མཐོང༌ན༌རཱ༌ཧུལ༌ཧེ༌བབྱབྱ༌ནམ། ཀྱེ༌ཇོ༌བོ༌ལ༌ཕྱག༌འཚལ་ལོ། ཟེར༌ནས༌ཕྱག༌འཚལ། རྟེན༌ནམ༌ཕ༌མ༌ཡོད༌སའི༌ཐད༌ཀའི༌སྟེང༌དུ༌མི༌འགྲོ། གོས༌ངུར༌སྨྲིག༌ཟེར༌བ༌དེ༌དམར༌པོ༌ལ་ཟེར༌བ༌ཡིན། དེ༌རབ༌ཏུ༌བྱུང༌བའི༌གོས༌ཡིན༌པས། ལྷན༌པ༌སོར༌བཞི༌ཙམ༌གྱི༌དུམ༌བུ༌ལམ༌ན༌འདུག༌ཀྱང༌། སྦྱིར༌བྱིསཔས་ཀྱང༌ལེན༌ནོ། མ༌ག༌ངྷའི༌ས༌ཆ༌ལ༌གྲོང༌སྟོང༌ལྔ༌བརྒྱ༌བཅུ༌གཉིས༌ཡོད༌གསུངས༌སོ། །གྲྀ༌ངྷ༌ཀཱུ༌ཊི༌པརྦཏ༌བྱ༌རྒོད༌ཕུངཔོ འི༌རི༌དེ༌ནི༌མཐོན༌པོ༌མེད། སྤྱིར༌རྒྱ༌གར༌ན༌རི༌མེད། བྱ༌རྒོད༌ཕུང༌བོའི༌རི༌དེ༌བོད༌ཀྱི༌རི༌འབྲིང༌ཙམ༌པ༌དེ༌ཟུར༌ཡོད༌པ། རྩེ༌མོ༌ཟླུམ༌འཁྱིལ༌ལེ༌བ། ཕྱོགས༌ཐམས༌ཅད༌ནགས༌ཀྱིས༌ཁེངས༌པ། རི༌སུལ༌ལ༌ལ༌ནས༌ཆུ༌འབབ༌པ། ལ༌ལ༌ན༌བྲག༌ཡོདཔ། སྟག༌དང༌། དོམ༌དང༌། དྲེད༌དང༌། གཅན༌གཟན༌མང༌པོ༌གནས། དེར༌མི༌ཕལ༌གྱིས༌འགྲོ༌མི༌ནུས༌པ། གྲུབ༌པ༌ཐོབཔ འི༌པབྱབྱི༌ཏ༌དུག༌མུལ༌དང༌། གཅན༌གཟན༌གྱིས༌མི༌ཚུགས༌པ༌འགའ༌རེ༌ཙམ༌བཞུགས༌པ། དབྱར༌ཤིང༌དང༌། རྩ༌ཐམས་ཅད༌སྐྱེས༌པས། རི༌མདོག༌སྔོན༌པོར༌སྣང༌བ། དགུན༌རྩྭ༌དང༌། འཇག༌མ༌གང༌ཡང༌ཡོད༌པ༌རྣམས༌སྐམ༌པས། ཁ༌དོག༌སྐྱབོ ར༌སྣང༌བ། བྱ༌རབས༌ཤིང༌རབས༌བཞིན༌དུ༌བྱ༌དང༌། ཤིང༌སྣ༌ཚོགས༌ཡོད༌པའོ། །དེར༌ཆོས༌རྗེ༌ཆག༌ལོ༌ཙྭ༌བས༌མི༌མངཔོ་ལ༌རྔན༌པ༌བྱིན༌ནས༌ལ༌ལར༌མདའ༌གཞུ༌ཐོགས། གཅན༌གཟན༌འབྲོས༌པའི༌ཐབས༌ལ། ལ༌ལས༌རྔ༌བརྡུང༌། དུང༌དང༌། ཆ༌ལང༌དང༌། འབུད༌དཀྲོལ༌མང༌པོ༌ཐོགས། ལ༌ལས༌སྙུག༌ཕོན༌རློན༌པ༌ལ༌མེ༌སྦར༌ནས། ཙག༌ཆོལ༌ཆེན༌པོ༌འོང༌པ༌ཁྱེར་ནས༌བྱོན། རི༌དེའི༌སྟེང༌ནས༌ཉམས༌དགའ༌བ༌དྲི༌ཞིམ༌པ། སྔོན༌སངས༌རྒྱས༌ཀྱིས༌ཆོས༌གསུངས༌པའི༌ཆོས༌ཁྲི༌ཡིན༌ཟེར༌བདང་། གཟིམ༌ཁང༌ཡིན༌ཟེར༌པའི༌རྗེས༌ར༌རི༌ཡོད༌པ། སོ༌ཕག༌གི༌དུམ༌བུ༌ལག༌པ༌ཙམ༌པ༌དང༌། དེ༌བས༌ཆེ༌ཙམ༌པ། ཆ་ལེ༌ཆོ༌ལེ༌ཡོད༌པ། རིའི༌སྦྱི༌བོར༌ནགས༌མེད༌པ། རྩ༌འཇམ༌པོ༌སྐྱེས། དེའི༌སྤྱི༌བོ༌ན༌མཆོད༌རྟེན༌སོ༌ཕག༌གིས༌བརྩིགས༌པདང་། རིམ༌པ༌གཅིག༌ཅན༌ལོགས༌རེ༌ལ༌འདོམ༌ཕྱེད༌དང༌དོ༌ཡོད༌པ། རིམ༌གཅིག༌པ༌ཅན༌ལོགས༌རེ༌ལ༌འདོམ༌ཕྱེད༌དངདོ་ཡོད༌པ། ཐང༌པོ༌ཆེའི༌བཟོད༌པ༌བྲག༌གི༌དེ༌ཙམ༌པ༌གཅིག༌ལ༌བུམ༌པ༌དེ༌བས༌ཆེ༌བ༌གཅིག༌ཡོད། དེའི༌དྲུང༌དུ༌བྷ༌ག༌ལྦཱན་གྱིས༌ཆོས༌གསུངས༌པ༌ཡིན༌ལ། གནས༌བྱིན༌རླབས༌ཅན༌དེ༌འདྲ༌བ༌འདུག དེ༌ནས༌ས༌བསླངས༌ཏེ། ས༌དེ༌རྟེན༌གྱི༌ཞབསབསྡོམ ས༌པ༌ལ༌སོགས༌པའི༌ནང༌དུ༌འཇོག༌པ༌ཡིན། གཅན༌གཟན༌མུལ༌གྱིས༌མི༌ཚུགས༌པའི༌སྒྲུབ༌པ༌པོ༌ཞིག༌དེ༌ན༌བཞུགསཏེ་ལོ༌གསུམ༌ལོན༌ཟེར། དེ༌ལ༌མི༌ཀུན༌འདུན༌པ༌འདུག༌གསུངས༌སོ། །ཆོས༌རྗེ༌ཆག༌ལོ༌ཙཱ༌བས༌བྱ༌རྒོད༌ཕུང༌པོའི༌རི༌གཟིགསཤིང་རི༌དེ༌ལ༌བྱོན༌པའི༌ལེའུ༌སྟེ༌བརྒྱད༌པའོ།། །།

 

ལེའུ༌དགུ༌པ། རྒྱལ༌པོའི༌ཁབ༌གཟིགས༌པ།

 

རྒྱལ༌པོའི༌ཁབ༌ནི། སྔོན༌མི༌ཡི༌ཁང༌པ༌ལ། མི༌མ༌ཡིན༌གྱི༌མི༌གཏོང༌བར༌འདུག༌པ༌དེ༌ལ༌རྒྱལ༌པོས༌ཤེས༌ཏེ། ཐམས༌ཅད་མེལ༌ཚེ༌ཆེར༌གྱིས༌ཤིག སྔོན༌མི༌སུའི༌ཁང༌པ༌ལ༌མེ༌ཤོར༌བ༌དེ། ཕྱིས༌ནགས༌ཁྲོད༌དུ༌ཁང༌པ༌བྱེད༌དགོས༌སོ། ཞེས༌པའི་ཁྲིམས༌བཅས༌པ༌ལ། རྒྱལ༌པོའི༌ཁང༌པར༌མེ༌ཤོར༌ཏེ། ནགས༌སུ༌རྒྱལ༌པོས༌བརྩིགས༌པ༌ལ༌ཉིན༌མོར༌བརྩིགས༌པ༌ནུབ༌མོ་ལྷ༌འདྲེས༌བཤིག༌པས༌རྒྱལ༌པོའི༌ཁབ༌ཡིན༌ནོ། ཞེས༌ཡ༌ཐེམ༌ལ༌བྲིས༌པས༌འཇིགས༌མ༌ནུས༌སོ། དེས༌ན། རྒྱལ༌པོའི༌ཁབབོ། སྔོན༌མི༌ཁྱིམ༌བརྒྱད༌བརྒྱ༌ཡོད༌སྐད། ད༌ལྟ༌དྲུག༌བརྒྱ༌ཡོད༌པ༌ལ༌ཁང༌པ༌བཞི༌བརྒྱ༌སོ༌ཕག༌གི༌བརྩིགས༌པ༌ཡོད། རྒྱལ་པོའི༌ཁབ༌ཀྱི༌བྱང༌ན༌ཆུ༌ཚན༌གཅིག༌ཡོད། ལྷོ༌ཕྱོགས༌ན༌རི༌ཤར༌ནུབ༌ཏུ༌ནར༌མོར༌རིང༌བ༌དེས༌ས༌འདམ༌པ༌ཞིག༌ཡོད༌པ། དེའི་འདབ༌རྒྱལ༌པོའི༌ཁབ༌ངོས༌མར༌ལ༌འོད༌མའི༌ཚལ༌གྱི༌ནགས༌རིང༌པོ༌གཞན༌པས༌སྔོ༌བར༌ཡོད། རི༌དེ༌ཡི༌མགོ༌ནུབ༌ངོས༌ནཕ ར༌རི༌མེད༌པའི༌བར༌ནག༌པོ༌ལ༌ལམ༌ཅིག༌ཡོད༌པ༌དེར༌ཕྱིན༌པས། རི༌ཆུང༌དེའི༌ཕག༌ལྷོ༌ཕྱོགས༌ན། བྱ༌རྒོད༌ཕུང༌པོའི༌རི་ཡོད༌དོ། །བྱ༌རྒོད༌ཕུང༌པོའི༌རི༌དང༌། རྒྱལ༌པོའི༌ཁབ༌ཀྱི༌བར༌ན༌དཔག༌ཚད༌གསུམ༌ཡོད༌གསུངས༌སོ། །རྒྱལ༌པོའི༌ཁབདེ ར༌པཎ༌ཆེན༌ཡ༌ཤོ༌མི༌ཏྲ༌ལ༌ཆོས༌མང༌དུ༌གསན༌གསུངས། རྒྱལ༌པོའི༌ཁབ༌གཟིགས༌པའི༌ལེའུ༌སྟེ༌དགུ༌པའོ།། །།

 

ལེའུ༌བཅུ༌པ། ན༌ལེན༌དྲ༌གཟིགས༌པ།

 

ན༌ལེན༌དྲ༌ཞེས༌པ༌མིའི༌དབང༌པོ༌སྔོན༌རྒྱལ༌པོས༌བཞེངས༌པས། དེ༌སྐད༌གྲགས། དེ༌ནི༌ཆུ༌བོ༌གངྒའི༌ཕར༌འགྲམ༌ན༌ཉིན༌གཉིསསྔ་སླེབས༌ཀྱི༌ས༌ན། རྡོ༌རྗེ༌གདན༌ནས༌ལྷོ༌ནུབ༌ཏུ༌ཕྱིན༌པས༌གྲོ༌སྔ༌སླེབ༌ཀྱི༌ས༌ན༌ཡོད། རིན༌ཆེན༌འཕྲེང༌བར། སྔོན༌གྱི༌རྒྱལ་པོས༌ཆོས༌ཀྱི༌གཞི། ཞེས༌པའི༌སྐབས༌སུ༌གསུངས༌པ༌ལ། དེ༌ན༌དབུ༌རྩེ༌ཆེན༌པོ༌བདུན༌དབུས༌སུ༌བསྒྲིགས༌པ༌ཡོད། གཉིས་མ༌གཏོགས༌པ༌རྒྱལ༌པོས༌བཞེངས། གཉིས༌སློབ༌དཔོན༌ཆེན༌པོ༌གཉིས༌ཀྱིས༌རེ༌རེ༌བཞེངས༌པ། དེའི༌ཕྱི༌རོལ༌བྱང༌ཕྱོགསན་ནར༌མར༌བསྒྲིགས༌པའི༌དབུ༌རྩེ༌ཆེན༌པོ༌བཅུ༌བཞི། དེའི༌ཕྱི༌རོལ༌ན༌ཨཱ༌རཱ༌མི༌ཀ༌ཞེས༌པའི༌གཙུག༌ལག༌ཁང༌ཆུང༌བ༌བརྒྱདབཅུ་ཙམ༌ཡོད། དེ༌ཕལ༌ཆེར༌རྒྱལ༌པོས༌བཞེངས། ལ༌ལ༌བཙུན༌མོས༌བཞེངས༌པའོ། ཏུ༌རུཥ༌ཀས༌ཉམས༌དམའ༌བར་བྱས༌པས། ཞབས༌ཏོག༌བྱེད༌པ༌དང༌། མཆོད༌པ༌འབུལ༌མཁན༌མེད༌པ༌ཤས༌ཆེ༌སྟེ། སོ༌ཕག༌གིས༌བརྩིགས༌པས༌མ༌ཞིག༌པམ ང༌པོ༌འདུག དེ༌ན༌བླ༌མ༌པབྱབྱི༌ཏ༌ཆེན༌པོ༌རཱ༌ཧུ༌ལ༌ཤྲཱི༌བྷ༌དྲ༌དཔལ༌སྒྲ༌ཅན༌འཛིན༌བཟང༌པོ༌མཁས༌གྲུབ༌བཙུན༌པའི༌དགེ༌སློངདགུང་ལོ༌དགུ༌བཅུ༌ལྷག༌པ༌བཞེས༌པ༌དེ༌བཞུགས། མ༌ག༌ངྷ༌ཡི༌རྒྱལ༌པོ༌བུད༌ངྷ༌སེ༌ནས༌བླ༌མ༌དེ༌ལ༌སོགས༌པའི༌པབྱབྱི༌ཏ༌བཞི་ཙམ༌དང༌། བནྡེ༌བདུན༌བཅུ༌ཙམ༌རེའི༌ཞབས༌ཐོགས༌བྱེད༌པ། ཛ༌ཡ༌དེ༌བ༌རྒྱལ༌བའི༌ལྷ༌ཞེས༌བྱ༌བའི༌ཕྱུག༌པོ༌གཅིག༌གིས་རིན༌པོ༌ཆེའི༌ཁྲི༌བཤམས༌པ༌ཡོད། མ༌ས༌ཧ༌རཱི༌ཟེར༌བ༌མང༌སྐྱོབས༌ཞེས༌པ༌སྟེ། གནམ༌ཡོལ༌ལ༌ཕྱོགས༌བཞིར༌ཡང༌ཡོལ༌བབཏགས། དེའི༌ནང༌རླུང༌ཡབ༌དང༌། མར༌མེའི༌སྤྲུང༌བུས༌བདས༌ཏེ༌མེད༌པར༌བྱས༌ནས༌ཕྱོགས༌བཞིའི༌ཡོལ༌བ༌ཕབ༌ཏེ༌བླ་མ༌གཟིམས༌སོ། །འཛོམ༌འཛོམ༌མི༌ཕལ༌ཆེ༌བ༌ཡང༌དེ༌ལྟར༌བྱེད༌དགོས༌གསུངས༌སོ། གཙུག༌ལག༌ཁང༌ངྷ༌ན༌བ༌དང༌། གྷུན་བ༌ཞེས༌པ༌གཉིས༌སུ༌ཆོས༌གཞི༌ཕྱིར༌བྱེད༌གསུངས། སྦྱིར༌གཙུག༌ལག༌ཁང༌བརྒྱད༌ཅུ༌རྩ༌བཞི༌ཡོད༌པ༌ལ། ད༌ལྟ༌མི༌ཁྱིམ་བརྒྱད༌ཅུ༌རྩ༌བཞི༌ཡོད། རྟེན༌ཁྱད༌པར༌འཕགས༌པ༌བཞི༌བཞུགས༌ཏེ། ཇོ༌བོ༌ཁ༌སར༌པ༌ཎའི༌རྡོ༌སྐུ༌དང༌། འཇམ༌དཔལ་འཇིང༌ཡོན༌དང༌། ཡེ༌ཤེས༌མགོན༌པོའི༌རྡོ༌སྐུ༌རང༌བྱོན༌དང༌། སྒྲོལ༌མ༌རྒྱན༌མེད༌ཅེས༌བྱ༌བ༌བཞུགས༌སོ། །ཁ༌སར༌པ༌ཎནི་རྒྱལ༌པོའི༌གཙུག༌ལག༌ཁང༌ན༌བཞུགས༌ཏེ། སློབ༌དཔོན༌འཕགས༌པ༌ཟླ༌བ༌གྲགས༌པ༌དང༌། སློབ༌དཔོན༌ཙན༌དྲ༌གོ༌མི་གཉིས༌བགྲོ༌གླེང༌མཛད༌པའི༌དུས༌སུ༌ཙན༌དྲ༌གོ༌མཱིལ༌ལན༌འཕྲལ༌དུ༌མ༌ཐེབས༌ཀྱང༌། ཕྱིས༌ཐེབས༌པར༌འདུག༌སྐད། ལན་ཅིག༌སློབ༌དཔོན༌ཟླ༌བ༌གྲགས༌པས༌ཆོས༌དྲིས༌པ༌ལ༌ཙན༌དྲ༌གོ༌མཱིས༌ལན༌བཏབ༌ནས༌ཆབ༌བསིལ༌བ༌ལྟར༌མཛད། སྤྱི༌བླུགས་ཀྱང༌ཁྱེར༌ནས༌བྱོན༌པས། དེའི༌ཕྱིར༌སློབ༌དཔོན༌ཟླ༌བ༌གྲགས༌པས༌གཟིགས༌པའི༌ཆེད༌བྱོན༌པར༌ཁ༌སར༌པ༌ཎའི༌རྡོ༌སྐུ༌དེ༌ཕྱགག ཡས༌པ༌མཆོད༌སྤྱིན༌དུ༌ཡོད༌པ༌དེ༌རྣམས༌འགྱུར༌ནས༌ཕྱག༌རྒྱ༌མཛུབ༌མོ༌ཀེ༌རེ༌མཛད། ཐལ༌འགྱུར༌གྱི༌སེ༌གོལ༌གཏོག༌ཅིང༌། འདི༌སྐད༌ཟེར༌བ༌ཡིན༌གསུངས༌ནས༌ཙན༌དྲ༌གོ༌མི༌ལ༌ཆོས༌སློབ༌ཀྱིན༌འདུག དེ༌དེ༌ལྟར༌ལུས༌པས༌ད༌ལྟའང༌ཕྱག༌མཛུབ༌ཀེ་རེ༌བ༌ཆེ༌ཆུང༌མི༌ཙམ༌པ༌ཞིག༌འདུག སློབ༌དཔོན༌ཟླ༌བ༌གྲགས༌པས༌ཉེ༌རིང༌མི༌མཛད༌པར༌ང༌ལའང༌གསུང༌བར༌ཞུ༌ཞུས༌བས། ཁྱེད༌སྐྱེ༌བ༌ལྔ༌བརྒྱར༌པབྱབྱི༌ཏར༌སྐྱེས༌ཤིང༌། འཇམ༌པའི༌དབྱངས༌ཀྱིས༌བྱིན༌གྱིས༌བརླབས༌པས། ངས༌བཤད༌མི༌འཚལ། གསངབ་འདུས༌པ༌སྒོམ༌གསུངས༌སོ། དེ༌ནས༌གསང༌བ༌འདུས༌པ༌ཞག༌བདུན༌བསྒོམ༌པས། སྤྱན༌རས༌གཟིགས༌ཀྱང༌ནུབ༌ཕྱོགསན་དཀར༌ཀྲོང༌ངེ༌འདུག༌པ༌གཟིགས༌སོ། །དཀར༌པོར༌གཟིགས༌ཞེས༌གྲགས༌ཀྱང༌དམར༌པོར༌བཤད༌གསུངས༌སོ། །ཡང་མཉཇུ༌གྷོཥ༌གྲཱི༌ལྦ༌ལྦཀྲ་འཇམ༌དཔལ༌འཇིང༌ཡོན༌ཞེས༌པ༌དེ༌སློབ༌དཔོན༌ཟླ༌བ༌གྲགས༌པ༌ཙན༌དྲ༌གོ༌མཱི༌ལ༌བསུ༌པ༌མཛད༌པ་མཛད༌པ༌ན༌ཤིང༌རྟ༌གཅིག༌གི༌སྟེང༌དུ༌སྐུ༌དེས༌བཞུགས༌པ༌ཁྲིད། ཤིང༌རྟ༌གཅིག༌གི༌སྟེང༌དུ༌ཙན༌དྲ༌གོ༌མི༌བཞུགས༌པར༌ཞུསཔས༌མ་གནང༌སྟེ། ང༌དགེ༌སློང༌གི༌དགེ༌འདུན༌གྱི༌གཙུག༌ལག༌ཁང༌དུ༌ཤིང༌རྟའི༌སྟེང༌དུ༌སྡོད༌པ༌མི༌རུང༌གསུངས། ནནཏན་ཆེར༌ཞུས༌པས། འོ༌ན། ངས༌འཇམ༌དབྱངས༌ཀྱི༌ཤིང༌རྟའི༌སྟེང༌དུ༌རྟ༌གཞུག༌ཏུ༌བསྡད༌ལ། འཇམ༌དབྱངས༌ལ༌བསིལ་ཡབ༌གཡོབ༌པའི༌ཚུལ༌དུ༌བྱའོ༌གསུངས༌ནས༌དེལྟར༌མཛད༌། ན༌ལེན༌དྲའི༌ནུབ༌དཔག༌ཚད༌གཅིག༌གི༌ས༌ནས༌ལྷོ༌ན༌མར༌སྤྱནདྲངས་པར༌ཙན༌དྲ༌གོ༌མིས༌སྐུ༌དེ༌འཇམ༌དབྱངས༌དངོས༌སུ༌གཟིགས༌པ། མི༌རྣམས༌ཀྱི༌ཕ༌གི༌ལ༌ལྟོས༌དང༌ལྟོས༌དང༌བྱས༌པས་མི༌སྣང༌བ༌མ༌དག༌སྟེ༌བེམ༌པོར༌འདུ༌ཤེས༌ནས༌དེ༌ཀ༌ལྟར༌ལུས༌པ༌ཡིན༌ནོ། ད༌ལྟའང༌འཇིང༌ཡོན༌དུ༌ཡོད། ཤིང༌སྐུ༌ཡིན༌ལ་མི༌ཙམ༌པ༌ཡོད། དེ༌ལྟ༌ནའང༌། རྟེན༌དག༌ལ༌སངས༌རྒྱས༌དངོས༌ཀྱི༌འདུ༌ཤེས༌སྐྱེད༌དེ། གསོལ༌བ༌བཏབ༌ན༌དངོས༌སུ༌ཆོས་གསུངས༌པ༌ལ༌སོགས༌འབྱུང༌བ༌ཡིན། བེམ༌པོ༌ཡིན། བཅོས༌མ༌ཡིན། གཟུགས༌པརྙ ན༌ཡིན༌སྙམ༌ན༌བྱིན༌རླབས༌ཀྱངཆུང་གསུངས། དེའི༌རང༌བཞིན༌ནི། ཇོ༌བོའི༌གདམས༌པ༌ལས༌ཀྱང། རྟེན༌མཐོང༌ན༌ཡང༌འདི༌དག༌ནི། བྱིན༌གྱིས༌རླབས་ལས༌བྱུང༌བའི༌ཕྱིར། དེ༌བཞིན༌གཤེགས༌པ༌ཉིད༌ཡིན༌ནོ། སྙམ༌དུ༌དད༌ཅན༌གུས༌པར༌བྱ། ཞེས༌གསུངས༌སོ། །ཏཱ༌རཱ༌༌ཐསྒྲོ ལ༌མ༌རྒྱན༌མེད༌ཅེས༌བྱ༌བར༌གྲགས༌པ༌དེ༌ནི། སློབ༌དཔོན༌ཙན༌དྲ༌གོ༌མི༌བྱང༌ཆུབ༌སེམས༌དཔའ༌ཡིན༌པས། སློང༌ཚདསྟེ ར༌བས༌བྱིན༌ཟིན༌ནས། ཅིའང༌མེད༌པའི༌དུས༌ཅིག༌ཏུ། རྒྱ༌གར༌ལྷོ༌ཕྱོགས༌ནས༌འོངས༌པའི༌གླུ༌མཁན༌དང༌། ཟློས༌གར་མཁན༌གྱིས༌ཟླ༌པ༌ཕྱེད༌དུ༌གླུ༌གར༌གྱི༌རོལ༌མོ༌ཕུལ༌ནས༌ནོར༌སློང༌ཟེར༌བ༌ལ༌ན༌བཟའ༌རས༌ཤིག༌ཡོད༌པ༌དེ༌བྱིན༌པས༌མ༌འདོདདེ། ཅི༌སྟེར༌ན༌སྙམ༌དུ༌དགོངས༌པ༌ན། གཟིམ༌ཁང༌གཙུག༌ལག༌ཁང༌དེའི༌ཤར༌གྱི༌གྱང༌ལོགས༌ལ༌སྒྲོལ༌མའི༌སྐུ༌བྲིས༌པ༌ཅིག་ཡོད༌པ༌ལ༌གསོལ༌བ༌བཏབ༌པས། དེའི༌ཞལ༌ནས། འདི༌ཚོ༌བྱོན༌གསུངས༌ནས༌ཕྱག༌གཡས༌པའི༌སོར༌གདུབ༌གཡོན༌པསཕུད་ནས༌གནང༌། དཔུང༌རྒྱན༌ཕྱག༌གཉིས༌ཀས༌ཕུད༌ནས༌གནང༌བས༌སིལ༌ཁྲོལ༌ཁྲོལ༌དངོས༌སུ༌བྱུང༌པས། དེ༌རྣམས༌རོལ་མོ༌མཁན༌ལ༌བྱིན། དེ༌ལ༌པབྱབྱིཏ༌རྣམས༌ཀྱིས༌དེ༌ཙམ༌གང༌ནས༌བྱུང༌ཟེར༌ཞིང༌བརྟགས༌པས། སྒྲོལ༌མའི༌ཕྱག༌སོར༌དང༌། དབུ༌ལ༌ཤུལ༌ཀྱང༌སྐོར༌རེ༌འདུག༌པས། སྒྲོལ༌མ༌རྒྱན༌མེད༌ཅེས༌དངོས༌སུ༌གྲགས། དེ༌ནས༌ན༌ལེན༌དྲའི༌ལྷ༌ཁང༌སྒོ༌ནུབ༌ཏུབ ལྟ༌བ༌ཅིག༌ན༌ཤར༌གྱི༌རྩིག༌པའི༌ནང༌ལོགས༌ན༌ཞབས༌ཀྱི༌ཐད༌ཀར༌མགོ༌གཏུགས༌ཤིང༌བྱིན༌རླབས༌ཞུས༌པས། སྣུམ༌ཀྲེད་ཀྲེད༌པར༌སོང༌ནས༌ནག༌པའི༌དཀྱིལ༌ཟད༌པས། ཐེར༌ཐེར༌སོང༌བ༌བྱིན༌རླབས༌ཅན༌དེ༌ད༌ལྟ༌རིབ༌ཙམ༌གསལ༌བར༌བཞུགས་འདུག ཡེ༌ཤེས༌མགོན༌པོ༌ནི། དུས༌ཅིག༌ན༌ན༌ལེན༌དྲ༌ནས༌ཤར༌ཕྱོགས༌སུ༌ཉིན༌ལམ༌གཅིག༌ན༌ཨོ༌ཏན༌ཏའི༌གཙུག༌ལགཁང་ན༌གར༌ལོག༌གི༌དཔོན༌གཅིག༌གིས༌གཞིས༌ཁ༌བྱས༌ནས༌ཡོད༌པ༌དེས། བླ༌མ༌རཱ༌ཧུ༌ལ༌ཤྲཱི༌བྷ༌དྲའི༌ཡོན༌བདག༌ཛ༌ཡ༌དེ༌ལྦ་བཟའ༌མི༌གཉིས༌དབང༌མེད༌དུ༌བོས༌ནས༌སོང༌བ༌ཞག༌འགའ༌ལོག༌མ༌བྱུང༌། དེ༌ནས༌འགྲུལ༌ཅིག༌བྱུང༌ནས༌བླ༌མ༌དཔོན༌སློབརྣམ ས༌ལ། ཡོན༌བདག༌བྲམ༌ཟེ༌ན༌རེ། ངེད༌གར༌ལོག༌གིས༌བླ༌མའི༌སྤྱན༌སྔར༌མགོ༌ཟླུམ༌མང༌པོ༌སྡོད༌པ༌ལ༌བསྙེན༌བཀུར་མང༌དུ༌བྱས༌ཟེར༌ནས༌བཟུང༌། ད༌བླ༌མ༌དཔོན༌སློབ༌རྣམས༌ཀྱང༌བཀྲོང༌ངེས༌པར༌འདུག༌པས། བྲོས༌ཤིག༌ཟེར༌བའི༌ཕྲིན་བྱུང༌བས། བླ༌མ༌ལ༌འོ༌སྐོལ༌རྣམས༌གཤེགས༌པར༌ཞུས༌པས། ཁྱེད༌རང༌རྣམས༌བྲོས༌ཤིག ང༌དགུ༌བཅུ༌ལྷག༌སོང༌བསཐ ར༌ཡང༌མི༌ཐར། འབྲོས༌ཀྱང༌མི༌འབྲོས༌གསུངས། ཡང༌བྲམ༌ཟེའི༌ཕྲིན༌བྱུང༌ནས༌བླ༌མ༌ལ༌ཞུས༌པས། སློབ༌མ༌གཞནཐམ ས༌ཅད༌བྲོས། ཆོས༌རྗེ༌ལོ༌ཙཱ༌བ༌གཅིག༌པུ༌བླ༌མ༌ལ༌ཆགས༌ནས༌བཞུད༌མ༌ཕོད། བླ༌མ༌ལ༌གཤེགས༌པར༌ཞུས༌པས། ཁྱོདབོད་ཀྱི༌མི༌གཅིག༌ང༌ལ༌ཆགས༌ནས༌སྡོད༌པ༌གླེན། ཡུལ༌མི༌སློབ༌མ༌རྣམས༌ཀྱང༌འབྲོས༌པ༌ལ༌ཁྱེད༌མི༌འབྲོས༌པ༌གསོད༌ཡོངགསུངས་ནས༌བཀའ༌བཀྱོན༌ཏེ། མི༌བཞུད༌ན༌ང༌གསོད༌ཀྱང༌མི༌འགྲོ༌ཞུས༌པས། གཉེས༌ནས༌དམ༌ཚིག༌ཅན༌འོར༌ཆེ། ད་འོ༌ན། ཁྱེད༌ཀྱིས༌ཁུར༌ན༌ཐེག༌གམ། ཐེག༌ནའུ༌ཅག༌གཉིས༌བྲོས༌སོ༌གསུངས། བླ༌མ༌ཁུར༌ནས༌ཀ༌བ༌གཅིག༌ལ༌བསྐོར༌བ་མཛད༌པས། བླ༌མའི༌ཞལ༌ནས༌ཐེག༌པར༌འདུག བུ༌རམ༌རྐྱལ༌པ༌ཆུང༌བ༌གང༌དང༌། འབྲས༌ཚོམ༌པ༌གཅིག༌དང༌། དཔེ་གཅེས༌པ༌འདི༌ཚོ༌ཡང༌ཁྱེར༌ཅིག ཐག༌རིང༌པོ༌མི༌ཐར༌ཏེ། ང༌ལ༌ཐབས༌ཡོད༌ཀྱི༌གསུངས༌ནས༌ལྷོ༌ནུབ༌ཕ༌ཚད༌ན༌མགོན་ཁང༌ཡོད༌ས༌དེར༌བྱོན༌ཏེ། བླ༌མའི༌ཞལ༌ནས། ཡེ༌ཤེས༌ཀྱི༌མགོན༌པོ༌འདི༌ནི། དུར༌ཁྲོད༌བསིལ༌བའི༌ཚལ༌དུ༌རྡོ༌ལ༌རང་བྱོན༌དུ༌བྱོན༌པ༌ལ། སློབ༌དཔོན༌འཕགས༌པ༌ཀླུ༌སྒྲུབ༌ཀྱིས༌རྙ ེད༌ནས༌འདིར༌སྤྱན༌དྲངས༌ནས༌བཞུགས༌སུ༌གསོལ༌བ༌ཡིན། སྔོན་གར༌ལོག༌གིས༌འདིའི༌རྡོ༌ཐམས༌ཅད༌ཁྱེར། སྐུ༌ལ༌སྣུམ༌བྱུག༌པ༌དང༌། ཕྱག༌འཚལ༌བའི༌དོད༌པོར༌མི༌གཙང༌བས༌བྱུགས། ཐལ༌བ༌གཏོར། ཕོངས༌བསྟན༌པས། མི༌དེ༌ཁོང༌རང༌ཨོ༌ཏན༌ཏྲ༌པུ༌རིར༌སླེབས༌ནས༌ཕོ༌བ༌གླང༌ཐབས༌ཀྱིས༌དེ༌ནུབ༌རང༌ལ་ཤི༌ནས༌སང༌ནང༌པར༌རྡོ༌བ༌འདི༌མ༌ཉན༌པ༌ཅིག༌འདུག༌ཟེར༌ཏེ། ཐེམ༌པ༌འདི༌ཡར༌ལ༌བསྐྱལ༌བ༌ཡིན། དུས༌དེ༌ནས༌ཏུ༌རུཥ་ཀ༌མུ༌སྟེགས༌ཀྱིས༌ཐོན༌ཀོར༌ཉེ༌མི༌ནུས༌པ༌ཡིན༌གསུངས༌སོ། །དེར༌བཞུགས༌པའི༌ཤུལ༌དུ༌ཅིག༌ཅར༌དུ༌ཏུ༌རུཥ༌ཀའི༌དམགསུམ་བརྒྱ༌ཙམ༌མཚོན༌ཆ༌ཟིང༌ངེ༌བ༌བྱུང༌སྟེ། བཀྲོང༌ངེས༌པར༌འདུག༌ཀྱང༌མ༌རྙ ེད༌པས༌སྐྱེངས༌ནས༌ལོག༌སོང༌ངོ༌། ཡོནབདག་བཟའ༌མི༌གཉིས༌པོ༌ཞག༌འགའ༌ལྕགས༌བཅུག༌སྟེ། དེ༌ནས༌བཏང༌བྱུང༌ངོ༌། མགོན༌པའི༌སྐུ༌དེ༌ཞལ༌ཅིག༌ཕྱག༌བཞིཔ། ཆེ༌ཆུང༌མི༌བས༌ཆེ༌ཙམ༌པ། མིས༌སྣུས༌མཉེད༌བྱས༌པས༌སྔོ༌ཀྲེད༌ཀྲེད༌པ། ལྟེ༌བའི༌ཐད༌ཀར༌མགོ༌གཏུགས༌ནས༌བྱིན་རླབས༌ཞུས༌པས༌ཟད༌པ༌ལ། རྡོ༌སྲན༌ཟན༌མདོག༌ཏུ༌སྣང༌གསུངས༌སོ། དང༌པོ༌བླ༌མ༌རཱ༌ཧུ༌ལའི༌སྤྱན༌སྔར༌སླེབས༌པའི༌དུསན་དབུས༌འགྱུར༌འཆང༌ནའང༌སྒྲ༌ང༌བས༌མཁས༌པ༌མེད༌དེ༌འོང༌སྙམ༌པ༌ལ། བླ༌མའི༌སློབ༌མ༌བྱིས༌པ༌སྒྲ༌སློབ༌པ༌འགའ༌སྣངབས། དེ༌ཀུན༌ཀྱང༌ང༌བས༌མཁས༌པར༌སྣང༌། མཁས༌པ༌རང༌དེ༌ཡུལ༌མ༌གངྷ༌དེར༌ཕྱིན༌ནས༌གཏུགས༌ན༌འོང༌བར༌འདུགགསུངས། པཎ༌ཆེན༌བླ༌མ༌ལྔ༌བཅུ༌པ༌གསུངས༌པ༌ལ། བདག༌གི༌བློ༌ལའང༌ཡོད། ཤེས༌ཀྱང༌ཤེས། ད༌ཉན༌མི༌དགོས༌སྙ མ་པ༌ལ། བླ༌མ༌པབྱབྱི༌ཏ༌ཆེན༌པོའི༌ཞལ༌ནས། སཾསྐྲྀཏའི༌འགྲེལ༌པ༌མཁས༌སུ༌འགྲོ༌ཉོན༌གསུངས༌པས། ཉན༌པས༌དོན༌ལའངཕན་པ༌བྱུང༌། ཁྱད༌པར༌ཡང༌འགའ༌རེ༌འདུག ཉན༌རིན༌ཆོག༌པར༌བྱུང༌གསུངས། དེར༌དུས༌དབྱར༌དུ༌འགྲོ༌ཙ༌ན། བླ་མའི༌ཞལ༌ནས། ཁྱེད༌བལ༌པོར༌བཞུད༌དགོས། འདིར༌ཚད༌པས༌གྲོང༌འགྲོ འདིར༌བོད༌གཞན༌བྱུང༌བས༌ཀྱང༌སློབ༌གཉེར་དུ༌འོང༌བ༌འདུག༌ཅིང༌ན༌ནིང༌ཤི༌བ༌ཡིན། ཁྱེད༌ཀྱིས༌སྔར༌ཡང༌ཆོས༌མང༌པོ༌མཁྱེན༌གདའ༌པ༌སྲོག༌གི༌བར༌ཆད༌བྱུང༌ན༌ཕངས། ཅིས༌ཀྱང༌བཞུད༌གསུངས། གྲོགས༌པོ༌དག༌གིས༌ཀྱང༌དེ༌སྐད༌ཟེར། ཡང༌ཐུགས༌ལ༌དབྱར༌བལ༌པོར༌ཕྱིན༌ནས༌དགུན༌དབུས་འགྱུར༌འཆང༌འདིར༌འོངས༌ན༌ཆུ༌བོ༌གངགཱ༌བརྒལ༌བའི༌དཀའ༌ལས༌ཅིག༌པུས༌ཆོག ཤི༌ཡང༌འདིར༌སློབ༌གཉེར༌བྱ༌དགོསསྙ མ་ནས༌བླ༌མ༌ལ། ང༌ཤི༌ཡང༌འདིར༌ཉན༌པར༌ཞུས༌བྱས༌ནས༌བཞུགས༌པས། དབྱར༌ལན༌ཅིག༌སྐུ༌ལ༌ཤུ༌བ༌སུམ༌བརྒྱ༌བྱུང་འོ༌བརྒྱལ༌བར༌བྱུང༌བ༌ལ། བླ༌མའི༌ཞལ༌ནས། ཁྱེད༌བསོད༌ནམས༌ཅན། སྐལ༌པ༌བཟང༌པོ༌ཅན༌དུ༌འདུག༌གསུངས༌ནསདགྱེས༌ཚ ོར༌ཆེར༌མཛད། ང༌འདི༌འདྲའི༌ན༌ཚབས༌ལ༌བླ༌མས༌དགྱེས༌པ༌ཅི༌ཡིན༌སྙམ༌པ༌ལ། བླ༌མའི༌ཞལ༌ནས། ཁྱེད༌ཀྱིཤུ་ནད༌ནང༌དུ༌མ༌བྱུང༌བར༌ཕྱིར༌བྱུང༌བ༌ཡིན། ཤུ༌བས༌སྲོག༌གི༌པར༌ཆད༌མི༌ནུས། ད༌ཁྱེད༌མི༌གྲོང༌གསུངས༌ནས༌དགྱེསསོ། དེ༌དུས༌ན༌གདན༌ཞེ༌རང༌མེད༌པས། འཕྲལ༌དུ༌སྡུག༌སྲན༌ཚུགས༌ཏེ། ཕྱིས༌ཁམས༌ངན༌པར༌འདུག༌གསུངས༌སོ། །པན་ཧཱི༌ཞེས༌པ༌མཐིལ༌ལྷམ༌ཀོ༌རི༌དང༌། ཡུ༌བ༌མེད༌པར༌ཤིང༌ངམ། ཀོ༌བ༌ལ༌མཐིལ༌བྱ༌བ༌རྐང༌པའི༌གོང༌དུ༌སྒྲོག༌གིས༌འཆིང༌། རྒྱ༌གར༌པའི༌ལུགས༌ཡིན། རེས༌འགའ༌དེ༌འདྲའི༌ལྷམ༌ཡང༌མེད༌པར༌བྱུང༌གསུངས༌སོ། ཡུལ༌ཅིག༌ན༌མུ༌སྟེགས༌མང༌པོ་མཆོད༌པར༌བྱེད༌པར༌འདུག༌པ༌ལ། ཤིང༌མང༌ཚན༌ཆེན༌པོ༌རྩིགས༌བྱས༌པའི༌ནང༌དུ༌ཕྱུགས༌མང༌པོ༌བཅུག༌ནས༌ཤིང༌ལ༌མེསྦ ར༌ནས༌ཕྱུགས༌མ༌རྣམས༌བསྲེགས༌པས༌མེ༌ཆུང༌ན༌ཕྱུགས༌མ༌རྣམས༌ཕྲད༌ཕྲད༌བྱེད༌པ༌དེའི༌མཐར༌དཀྱིལ༌འཁོར༌ཟླུམ༌པོ༌དང༌། གྲུ༌གསུམ༌གྲུ༌བཞི༌ལ༌སོགས༌པ༌མང༌པོ༌བྱས༌བྱས༌ནས༌ལབ༌ལབ༌པ༌རི༌པུ༌རེ༌མང༌པོ༌ཟེར༌བར༌འདུག མཆོད༌པ༌སྤྱིན༌པའི༌རིགསདེ་ལ༌ཐབས༌སུ༌འདོད༌དེ། ཐར༌པའི༌ཐབས༌མ༌མིན། འཚེ༌བ༌དག༌ནི༌ཐམས༌ཅད༌དང༌། ཐབས༌མ༌ཡིན༌དང༌ངན༌སོངདང་། འཇིགས༌ཚོགས༌ཐེག༌པ༌དམན༌པ༌ལས། སྐྱོབ༌ཕྱིར༌སྐྱབས༌ཀྱི༌དམ༌པ༌ཡིན། ཞེས༌པའོ། ཐབས༌མི༌མཁྱེན༌པ༌ནི། དེ༌འདྲའི༌ཆོས༌ལོག༌གོ དཀོན༌མཆོག༌གསུམ༌ལ༌སྐྱབས༌འགྲོ༌བྱས༌ན༌དེ༌འདྲའི༌ཆོས༌ལ༌རེ༌མི༌དགོས༌པའང༌འོང༌གསུངས༌སོ། རྒྱ༌གར༌དང༌། བལ༌པོ༌ན༌སྔོའི༌ལོ༌མ༌སའི༌སྟེང༌དུ༌བཀྲམ༌པ༌ལྟར༌སྐྱེ༌བ། ཀོང༌པོ༌མེད༌པ༌ཅིག༌ལ༌ར༌ཕྱུགས༌ཀྱིས༌རྨིག༌པ༌ལ་སོགས༌ཀྱིས༌མ༌རལ༌པ༌དགོས། རལ༌བའམ༌སྐྱོན༌ཅན༌གཅིག༌ཟླ༌ལ༌སོར༌ན༌ཟླ༌བོ༌སྐྱོན༌མེད༌ཐམས༌ཅད༌ཀྱང༌རུལ༌བར༌འདུག གྲོགས༌ངན༌ཡང༌གོ༌ལ༌རུལ༌བ༌དང༌འདྲ། ཟླ༌བོ༌ཐམས༌ཅད༌རུལ༌དུ༌འཇུག༌པར༌འདུག༌གསུང༌། ལོ༌མ༌དེའི༌རུལ༌པ༌གྲིསབཅད་ཅིང༌བོར༌ནས༌འགྲོན༌བུ༌བསྲེགས༌པའི༌ཐལ༌པ༌བཏབ། དེ༌ཆང༌ཕབས༌འདེབས༌པའི༌དོད༌པོ༌ཡིན༌པར༌བར༌དུ༌དྲི༌བཟངབཏབ་ནས༌ཞག༌གཉིས༌གོས༌ཀྱིས༌མནན༌པ༌ལངས༌པ༌དེ༌ལ༌པཱན༌ཟེར། བོད༌སྐད༌དུ༌བཏུང༌བ། དེ༌ལ༌ཆོས༌སྐད༌དུ༌ཏཾ༌བཱུ༌ལ། ཕལ༌སྐད༌དམ། བལ༌པོའི༌སྐད༌དུ༌གོ༌ལ། བོད༌སྐད༌དུ༌སོ༌རྩེ༌ཞེས༌པར༌བསྒྱུར༌ཏེ། དེའི༌ཁ༌དོག༌དམར༌པོ༌སྐྱུར༌སེང༌ངེ༌བབན་དེ༌རྣམས༌ཀྱི༌བཏུང༌བ༌ཡིན། རྒྱ༌གར༌ན༌བན༌དེ༌ཆང༌མི༌འཐུང༌གསུངས༌སོ། ན༌ལེན༌དྲར༌ཆོས༌རོགས༌པར༌ཞུས༌ནས་བླ༌མ༌ལ། ང༌བོད༌དུ༌འགྲོ༌བར༌ཞུས༌པས༌མ༌གནང༌སྟེ། དེ༌ནས༌ཟླ༌བ༌གཅིག༌ཙམ༌སོང༌བ༌ན། བླ༌མའི༌ཞལ༌ནས། ཁྱོད་ཀྱིས༌ཆོས༌མང༌པོ༌མཁྱེན༌པས། སེམས༌ཅན༌ལ༌ཕན༌ཐོགས༌འོང༌། བོད༌དུ༌བཞུད༌དགོས༌གསུངས། འོ༌ན། འགྲོ༌བར༌ཞུ་བྱས༌པས། དེ༌རིང༌བཞུགས༌ཤིག༌གསུངས། སངས༌དེ༌བཞུད༌པས། དོ༌ནུབ༌གྲུ༌ཁར༌ནམ༌ཡང༌སླེབས། སྔོ༌དྲོ༌བཞུད་ཅིག༌གསུངས། དེར༌ནུབ༌མོ༌བསྡད། དེའི༌ནང༌པར༌དེ༌ད༌བཞུད༌དགོས༌གསུངས༌ནས། དེའི༌ཉིན༌མོ༌པབྱབྱི༌ཏ༌མདོ༌ལི༌ལ་བཏེགས༌ནས༌སྐྱེལ༌དུ༌བྱོན། ཁྱོད༌དགེ༌སློང༌ལེགས༌པོ༌ཞིག༌ཡོད༌པས། བོད༌དུ༌བཞུད༌གསུངས༌ནས༌སྤྱན༌ཆབ༌བསིལ། ངན་སོ༌རྒས། བོད༌ས༌ཐག༌རིང༌། སྐྱེ༌བ༌འདིར༌ད༌འཕྲད༌པ༌མི༌འོངས། བདེ༌བ༌ཅན༌དུ༌མཇལ༌འོངས། ཅེས༌གསུངས༌ནསསླ ར༌བཞུད༌དོ། བླ༌མ༌དེ༌ལ༌བསྙེན༌བཀུར༌མཐོན༌པོ༌བྱས༌པ༌ཡིན༌གསུངས། ཆོས༌རྗེ༌ཆག༌ལོ༌ཙཱ༌བས༌ལོ༌རིལ༌པོ༌གཉིས༌ཡུལ་མ༌ག༌ངྷར༌བཞུགས༌སོ། ན༌ལེན༌དྲའི༌ལེའུ༌སྟེ༌བཅུ༌པའོ།། །།

 

ལེའུ༌བཅུ༌གཅིག༌པ། ཚུར༌ལམ༌ཏི༌ར༌ཧུ༌ཏིར༌བྱོན༌པ།

 

དེ༌ནས༌ཆོས༌རྗེ༌ཟླ༌བོ༌མེད༌ཀྱང༌བྱོན༌ཏེ། ཆུ༌བོ༌གངྒའི༌གྲུ༌ནང༌དུ༌གར༌ལོག༌མི༌གཉིས༌ཀྱིས༌ཁྱོད༌བོད༌ཀྱི༌མིར༌འདུག ཁྱོད་ལ༌གསེར༌འདོད༌ཟེར། ཆོས༌རྗེ༌ངས༌རྒྱལ༌པོ༌ལ༌བཤད༌དོ༌བྱས༌ནས། ཁ༌ཤུགས༌ཆེན༌པོ༌བྱས༌གསུངས། ཁོང༌གཉིས་ཀྱིས༌ཆོས༌རྗེའི༌ལྷུང༌བཟེད༌གྲུ༌ནང༌ནས༌ཏོག༌གིས༌ཁྱེར༌བས། གྲུ༌ནང༌ན༌རྒྱ༌གར༌གྱི༌ཡོན༌བདག༌ཕ༌བུ༌གཉིས༌འདུག༌པའིབུ་དེ༌དད༌པ༌ཅན༌ཅིག༌འདུག༌པས། དེ༌ན༌རེ། དགེ༌སློང༌ངོ༌མཚར༌ཅན༌ཞིག༌འདུག། ལྷུང༌བཟེད༌མ༌ཁྱེར། ཁྱོད་གཉིས༌ལ༌ནོར༌གཅིག༌སྦྱིན༌ཟེར། དེ༌གཉིས༌ན༌རེ། ཁྱོད༌ཀྱི༌ནོར༌མི༌འདོད། བོད༌འདི༌ལ༌འདོད༌ཟེར། དེར༌ཁོང༌གཉིས་ལ༌པ༌ཎ༌གཅིག༌ཤོར། པ༌ཎ༌གཅིག༌ཟེར༌ན༌དེ༌འགྲོན༌བུ༌བརྒྱད༌བཅུ༌ལ༌ཟེར༌བ༌ཡིན༌གསུངས། དེ༌ནས༌ཏི༌ར༌ཧུ༌ཏིའི༌གྲོངཁྱེ ར༌པ༌ཊ༌ལ༌ཞེས༌པ༌དེར༌སླེབས༌པའི༌དུས༌ན༌དགེ༌སླེང༌གཅིག༌ལ༌ནང༌པ༌ཡིན༌ནམ༌དྲིས༌པས༌ཡིན༌ཟེར། དེ༌ལ༌གནས་གཡར༌ནས༌བཞུགས༌པས། དེར༌སྐུ༌ཁམས༌བསྙུང༌སྟེ། རྐང༌གར༌ཡོད༌སྟ༌རེས༌བཤགས༌པ༌ལྟར༌གྱུར། གནས༌པོ༌ན༌རེ། སྙུང༌ངམ༌ཟེར། ཁམས༌མ༌བདེ༌གསུངས༌པས། ཡུལ༌དབུས༌ཀྱི༌ཚད༌པ༌ཕྱི༌ལ༌འབྲངས༌པ༌ཡིན། ཅིས༌ཀྱང༌མི༌ཕན༌པར་འཆི༌བ༌ཡིན། ཁྱོད༌འདིར༌མ༌སྡོད། རོ༌ཁང༌ཡོད༌པས། དེར༌སོང༌ཟེར། ཉིན༌རེ༌བཞིན༌དེ༌སྐད༌ཟེར། དེའི༌དུས༌སུ་ཚད༌པས༌སྙུང༌ནད༌དྲག༌པོས༌ནི༌ཐེབས། གསོལ༌བའི༌རྒྱགས༌ནི༌མེད། སྙུང༌བ༌ལ༌གཡོག༌ནི༌མེད། གནས༌པོ༌དེས༌རྟགཏུ་སོང༌ཟེར། ཡུལ༌ཕྱོགས༌ཀྱི༌མི༌ངོ༌ཤེས༌པ༌ནི༌གཅིག༌ཀྱང༌མེད། གྲོགས༌བྱ༌བའང༌མེད། དེར༌གྲོང༌ལ༌ཁད༌པ༌ཤིན༌ཏུ༌འོབརྒྱ ལ༌བ༌བྱུང༌ངོ༌། །དེའི༌དུས༌སུ༌གནོད༌བྱ༌ཡི༌མན༌ངག༌ཐུན༌མོང༌མ༌ཡིན༌པ༌ཡོད༌པས། འཕེལ༌གྱིས༌དོགས༌ནསབསྲེགས། གནས༌པོ༌དེས༌ཀྱང༌དཔེ༌རྐུས། དེ༌དུས༌སྤྱན༌རབ༌རིབ༌ཏུ༌གྱུར༌བས། དབུ༌རྔས༌སུ༌ནག༌པོ༌ཡོལ༌པོ༌ཞིག༌བྱུངསྟེ། སྔགས༌པ༌གཅིག༌ན༌རེ། སྐུ༌ཁམས༌སྙུང༌ངམ༌ཟེར། མ༌བདེ༌ཞུས༌པས། ཁྱོད༌སུ༌ཡིན༌ཟེར། བོད༌ཡིན༌ཞུས༌པས། བོད༌ཀྱི༌གང༌ནས༌འོང༌ཟེར། དབུས༌པ༌ཡིན༌ཞུས༌པས། དབུས༌ཀྱི༌གང༌གི༌ཐད༌ནས༌ཡིན༌ཞེས༌ནན༌ཏན༌ཆེར༌འདྲི༌ཞིང་འདུག༌པས། ང༌གཉལ༌གྱི༌ལྟེའུ༌ར༌ཟེར༌བ༌ཞིག༌ནས༌རྒྱ༌གར༌རྡོ༌རྗེ༌གདན༌དུ༌ཆོས༌སློབ༌པ༌ལ༌ཕྱིན། བོད༌དུ༌ལོག༌འགྲོ༌བ་ཡིན༌ཏེ། འདིར༌ན༌བས༌ལུས༌པ༌ཡིན༌ཞུས༌པས། སྔགས༌པ༌དེ༌ན༌རེ། ཆག༌ལོ༌ཙཱ༌བ༌དགྲ༌བཅོམ༌གྱི༌དབོན༌པོ༌ཞིག༌ནནིང་ཙམ༌ན༌རྒྱ༌གར༌དུ༌བཞུད༌ཟེར༌བ༌དེ༌ཅང༌ཡིན༌ནམ༌ཟེར། དེ༌ཡིན༌ཞུས༌པས། དེ༌ན༌རེ། ངས༌བོད༌དུ༌པབྱྡི༌ཏ༌ཤཱཀྱ་ཤྲཱིའི༌ཕྱག༌ཕྱིར༌ལྟེའུ༌རར༌ཕྱིན༌པ༌ཡིན། ཆག༌ལོ༌ཙཱ༌བ༌གོང༌མ༌དེས༌ཐུགས༌ལ༌འདོགས༌པོ༌བྱས། ང༌ལ༌ནོར༌ཡོད༌ན༌ཁྱོད་ཀྱི༌ཞབས༌ཐོགས༌བྱེད༌དེ། ཅི༌ཡང༌མེད། ང༌རྒྱ༌གར༌ལྷོ༌ཕྱོགས༌སུ༌ལས༌དོན༌གཉེར༌དུ༌འོངས༌པ༌ཡིན། ངས༌རྡོ༌རྗེ༌རྣམ་འཇོམས༌དང༌། གཙུག༌ཏོར༌ཀློག༌ཤེས། ཁྱེད༌ཀྱི༌གཡོག༌དགོས༌ན༌བྱའི༌ཟེར༌བས། དགའ༌ནས། འོ༌ན། དེ༌ལྟར༌ཞུ་བྱས༌པས། སྔགས༌པ༌དེས༌སྙུང༌གཡོག༌བྱས༌པས། ཟླ༌བ༌གཉིས༌ཙམ༌སྙུང༌ནའང༌། མ༌གྲོང༌ཙམ༌བྱུང༌གསུངས༌སོ། དེསྐ ད༌དུའང༌། རྒྱ༌གར༌བལ༌པོར༌བཟབས༌ཀྱང༌ཡུལ༌དུག༌ཀྱི། ཚད༌ནད༌དྲག༌པོས༌ཐེབས༌ཀྱང༌དབང༌པོ༌ཡི། །གཙོ༌བོསྲོག་གི༌བར༌ཆད༌མ༌བྱས༌པ། །དེའང༌མཁན༌པོ༌ཆོས༌རྗེ༌ཆེན༌པོའི༌དྲིན། །ཞེས༌དང༌། སྲུང༌བ༌ཉམས༌སུ༌བླངས༌ཀྱངསྔོན་ལས༌ཀྱི། །རིམས༌ནད༌ཆེན༌པོས༌ཟིན༌ཡང༌བཤེས༌གཉེན༌གྱིས། །བསྐྱངས༌པས༌ཚེ༌ཡི༌འདུ༌བྱེད༌མ༌འགག༌པ། །དེ་ཡང༌མཁན༌པོ༌ཆོས༌རྗེ༌ཆེན༌པོའི༌དྲིན། །ཞེས༌གསུངས༌སོ། སྔགས༌པ༌དེ༌ནི༌མགོན༌པོ༌ཕྱག༌བཞི༌པ༌འདི༌ཡིན༌པར༌སྣངགསུངས། དེ༌ནས༌སྙུང༌བ༌དྭངས། སྐུ༌སྔ༌སོར༌བཞིན༌མ༌སྲོངས༌པའི༌དུས༌སུ༌གྲོང༌ཁྱེར༌པ༌ཊ༌ལའི༌རྒྱལ༌པོ༌དེ༌སྲང༌མདོར་འབྱོན༌པ༌ཡོད༌ཟེར༌ནས༌རྔ༌བྲོ༌བ༌དང༌། གར༌མཁན༌དང༌། རྒྱལ༌མཚན༌དང༌། ཕྱེ༌མ༌ཕུར༌མ༌དང༌། བསིལ༌ཡབ་གཡོབ༌པ༌དང༌། དུང༌དང༌། བུད༌དཀྲོལ༌ལ༌སོགས༌པ༌བྱེད། ཁང༌པའི༌སྟེང༌ཐམས༌ཅད༌དང༌། སྲང༌གི༌མདོ༌ཐམས་ཅད༌དར༌གྱི༌སུ༌སུར༌ཁེངས༌པར༌བྱས། རྒྱལ༌བོ༌རཱམ༌སིང༌ཧ༌ཞེས༌བྱ༌བ༌དེ༌གླང༌པོ༌ཆེ༌ཞིག༌གི༌སྟེང༌ན༌རིན༌པོ༌ཆེའི༌ཁྲི༌དང༌། རྒྱབ༌ཡོལ༌རྒྱན༌སྣ༌ཚོགས༌ཀྱིས༌བརྒྱན༌པ༌ལ༌འཁོད༌ནས༌བྱོན། ཆོས༌རྗེ༌ཡང༌བློན༌པོས༌སྤྱན༌དྲངས༌སྟེ། ཉིད༌མ༌བྱོན༌ན་རྒྱལ༌པོས༌ཆད༌པ༌གཅོད༌དུ༌འོངས༌བས། འབྱོན༌པར༌ཞུ། རྒྱལ༌པོ༌སྲང༌མདོར༌ལོ༌རེ༌ལ༌ལན༌རེ༌ལས༌མི༌འབྱོན། དེ༌ལ་ལྟད༌མོ༌བྱེད༌པ༌ཡིན༌ཟེར། བློན༌པོས༌ཆོས༌རྗེ༌དོ༌ལཱི༌ལ༌སྤྱན༌དྲངས༌ནས༌རྒྱལ༌པོ༌དང༌མཇལ། ཆོས༌རྗེས༌རྒྱལ༌པོ༌དེ༌ལ་སཾསྐྲི༌ཏའི༌ཚིགས༌སུ༌བཅད༌པས༌ཤིས༌པ༌བརྗོད༌པས། རྒྱལ༌པོ༌ཤིན༌ཏུ༌མཉེས༌ནས༌གསེར༌དང༌། རས༌ཡུག༌དང༌། སྨན་མང༌པོ༌དང༌། འབྲས༌དང༌། ཡོན༌བཟང༌པོ༌གྱ༌ནོམ༌པ༌ཕུལ༌ནས། བླ༌མཆོད༌ལ༌བཞུགས༌པར༌ཞུ༌གསུངས༌པ༌ལ། ཆོས་རྗེས༌ཁྱེད༌མུ༌སྟེགས༌ཀྱི༌ཆོས༌ལུགས༌ལ༌ང༌ནང༌པའི༌ཆོས༌ཀྱི༌བླ༌མཆོད༌བྱེད༌པ༌མི༌འཐད༌གསུངས༌པ༌ཐུགས༌ལ༌བཏགས་གསུངས༌པས། འོ༌ན། ཞག༌འགའ༌འདིར༌བཞུགས༌ཟེར༌ནས། རྒྱལ༌པོ༌དེས༌ཅི༌དགོས༌པ༌བསྙེན༌བཀུར༌བྱེད༌གསུངས། ཚུལ༌ལམ༌ཏི༌ར༌ཧུ༌ཏིར༌བྱོན༌པའི༌ལེའུ༌སྟེ༌བཅུ༌གཅིག༌པའོ།། །།

 

ལེའུ༌བཅུ༌གཉིས༌པ། མང༌ཡུལ༌དུ༌བཞུགས༌པ།

 

དེ༌ནས༌ཏི༌ར༌ཧུ༌ཏིར༌གྲོང༌ཁྱེར༌པ༌ཊ༌ལའི༌ཁྲོམ༌ཆེན༌པོ༌ཚོགས༌པར༌བལ༌པོའི༌མི༌ངོ༌ཤེས༌པ༌བྱུང༌བ༌རྣམས༌ན༌རེ། འདི༌ལྟེ༌སྐུ་རིད༌པ༌གྲོང༌འགྲོ། སྐུ༌བཤེགས༌འགྲོ༌ཟེར༌ནས༌ངུས། ཆོས༌རྗེས༌ང༌གསོན༌གཤིན༌ཕྱེད༌པ༌ཡིན། དེའུ༌རང༌ཤི༌སྟེ། སོས༌པ་ཡིན༌གསུངས༌ནས༌ཁོང༌འབའ༌རོ༌རྣམས༌ཀྱིས༌བསྙེན༌བཀུར༌བྱས༌ཤིང༌། མདོ༌ལི༌ལ༌སྤྱན༌དྲངས༌ནས༌བལ༌ཡུལ༌དུ༌བྱོན། བལ་ཡུལ༌ན༌ཕྱུག༌པོ༌ལ༌འབའ༌རོ༌ཟེར། པབྱྡེ༌ལ༌ཧ༌ས༌སི༌ཟེར། སྔགས༌པ༌ལ༌ཧང༌དུ༌ཟེར༌གསུངས། བལ༌ཡུལ༌དུ༌བྱོན༌ཙ༌ན། སྐུ༌མ༌རྟས༌པ༌ལ༌འབའ༌རོ༌རྣམས༌ཀྱིས༌ཟས༌ཞིམ༌པོ༌མང༌པོ༌བྱིན༌པས༌བད༌ཀན༌ཆེ༌བར༌བྱུང༌གསུངས། བལ༌ཡུལ༌དུ༌བབྱྡེ༌ས་ལེ༌ཟེར༌བའི༌འབའ༌རོ༌གཅིག༌ལ༌གསེར༌སྲང༌ལྔ༌དོམ༌བླངས༌ནས༌དཔེ༌རྟེན༌བཞེངས༌ཞེས༌མང༌དུ༌གསུངས། དེར༌མང༌ཡུལ་གུང༌ཐང༌དུ༌ལོ༌ཙཱ༌བ༌ནག༌ཚོ༌ཚུལ༌ཁྲིམས༌རྒྱལ༌བ༌ཡི༌གདན༌ས༌ཡང༌དོག༌ཅེས༌བྱ༌བ༌དེར༌བཞུགས༌པར༌ཞུ༌བའི༌ཞུ༌འབུལ༌བྱུངབ་ལ། ཆོས༌རྗེའི༌ཞལ༌ནས། གཉལ༌གྱི༌ལྟེའུ༌ར༌ཞེས༌པར། མཁན༌པོ༌ལོ༌ཙཱ༌བ༌གོང༌མ༌དེའི༌གདན༌ས༌སྐྱོང༌དགོས༌པ༌ཡོདཔས། སྡོད༌མི༌ཁོམས། ལོ༌གཅིག༌གཉིས༌ཀྱིས༌ཁྱོད༌ལའང༌མི༌ཚོ༌གསུངས༌པས། ལོ༌གཅིག༌ལས༌མ༌ཁོམས༌ཀྱང༌བཞུགསཔ ར༌ཞུ༌ཟེར། བླ༌མ༌ར༌རཱིན༌དྲ༌མངོན༌ཤེས༌མངའ༌བས། ཡང༌དོག༌ཏུའང༌ལོ༌བཞི༌ལྔ༌བཞུགས༌ནས༌བྱོན༌ན༌འཐད། དེ་ཙམ༌རིངས༌པ༌ཁ༌ན༌མེད༌དེ། རྗེས༌ལ༌བྱོན༌པས༌འགྲོ༌དོན༌འོང༌གསུངས༌སོ། གསུངས༌དེས༌ཡང༌དོག༌ཏུ༌བཞུགས༌པ༌ཡིན། དེ༌ནས༌བལ༌པོ༌ནས༌ཡང༌དོག༌ཏུ༌ཕེབས། དེར༌ཧ༌རི༌མནྡལ༌ལ༌སོགས༌པ༌མ༌དང༌འདྲ༌བའི༌བུ༌བཞི༌ལ༌སོགས༌ཏེ། གནས་གཞི༌བརྒྱད༌ཅུ༌ཐམ༌པ༌ཡི༌ལྡེ༌མིག༌ཉིན༌ཅིག༌ལ༌ཕྱག༌ཏུ༌ཕུལ། ཡོན༌བདག༌པོ༌ཕྱུག༌བཙན༌གྲགས༌ཀྱིས༌གསེར༌འབུམ༌ཕུལ། སྦྱིར༌གསེར༌གྱི༌ཉི༌ཁྲི༌ཚར༌བཞི། བརྒྱད༌སྟོང༌པ༌ཚར༌གཉིས། སྣག༌ཚའི༌གསང༌རབ༌མདོ༌སྡེ༌སུམ༌ཙུ༌རྩ༌གཉིས༌དུས༌ཅིགདང་། རྒྱས༌པ༌བཅུ༌དྲུག འབུམ༌གཅིག༌གིས༌སྣ༌དྲངས༌པ༌པོ༌ཏི༌ཕྱེད༌དང༌ཉིས༌བརྒྱ༌ཙམ༌ཕྱག༌ཏུ༌བྱོན། ཆོས༌སྐད༌དུ༌པུ༌སྟཀ༌འཕྲལ༌སྐད༌དུ༌གླེགས༌བམ། གསེར༌གྱི༌མ༌ཡིན༌པ༌སྣག༌ཚས༌བྲིས༌ཀྱང༌། གླེགས༌བམ༌ཡིན༌གསུངས༌སོ། །ལར༌དཔེ༌ཆ༌མ༌གཏོགས༌པའི༌པོ༌ཏི༌ཉིས༌བརྒྱཕྱག་ཏུ༌བྱོན། ཡང༌དོག༌ནས༌དབུས༌སུ༌བྱོན༌དུས། ཡོན༌བདག༌ཕྱུག༌བཙན༌གྲགས༌ན༌རེ། གསེར༌འབུམ༌ཡང༌དོག༌ཏུ་འཇོག༌ན༌མི༌དགའ༌བས། ཆོས༌རྗེ༌ཉིད༌གར༌བཞུད༌དུ༌སྦྱན༌དྲངས༌པར༌ཞུ༌ཟེར། ཁོ༌རང༌གིས༌ཀོ༌གཏུམ༌བྱས༌ནས༌སྔར་གོང༌དུ༌ལམ༌དུ༌བརངས༌སོ། དཀོན༌མཆོག༌རྟེན༌གྱིས༌ཉི༌ཁྲི༌ཉི༌མ༌བཞིའི༌སར༌སྐྱེལ༌དུ༌བྱུང༌བས། དེ༌གཉིས༌ལྟེའུ༌རར༌གདནདྲངས་སོ། ཡོན༌བདག༌དེ༌གཉིས༌བུ༌མེད༌ནས༌ཚད༌པ༌ལ༌དེ༌ནས༌བུ༌གསུམ༌སྐྱེས། མི༌ནོར༌འཛོམས། བདེ༌སྐྱིད༌དང༌ལྡན་པར༌གྱུར༌ཏོ། །བལ༌ཡུལ༌ན༌བཞུགས༌པའི༌དུས༌སུ། ཆོས༌རྗེ༌ས༌སྐྱ༌པབྱྡི༌ཏས༌མཚན༌བརྗོད༌ཀྱི༌འགྲེལ༌པ༌བདུད༌རྩི༌ཐིག༌པའིདཔེ་བསྐུར༌གསུངས༌བྱུང༌བ༌ལ། རྒྱ༌དཔེ༌བསྐུར༌བས། ཁྱེད༌རང༌གིས༌འགྱུར༌མཛད༌པའི༌བོད༌དཔེའི༌འགྱུར༌བལྟ༌བ༌ཡིན་གསུངས༌ནས༌ཡང༌བསྐུར༌བ༌གཟིགས༌པས། ཤིན༌ཏུ༌མཉེས༌ཏེ། ཕྱིས༌ས༌སྐྱར༌མཇལ༌དུས༌གསུང༌གླེང༌མཛད༌པས། ཆོས་རྗེ༌ས༌སྐྱ༌པའི༌ཞལ༌ནས། ལོ༌ཙཱ༌བ༌རིན༌ཆེན༌བཟང༌པོའི༌རྟིང༌ལ༌ཁྱོད༌བས༌མཁས༌པ༌མ༌བྱུང༌ངེས༌པ༌ཡིན། ང༌ཡང༌ཡབ༌མེས་ཀུན༌གྱིས༌གར༌དུ༌མ༌བཏང༌བས༌ལན། སྐུ༌དྲིན༌ཆེ༌ལ༌ཆུང༌དུ༌བྱུང༌། ཆེ༌སྟེ། ཆོས༌དང༌། ལོངས༌སྤྱོད༌དང༌། མ༌བྲལ༌པར་མཛད། ཆུང༌སྟེ། རྒྱ༌གར༌དུ༌མ༌བཏང༌གསུངས༌སོ། ཕྱིས༌ཧོར༌ཡུལ༌དུའང༌ཆག༌ལོ༌ཙཱ༌བ༌རང༌མཁས༌པ༌ཡིན༌པས། ཡོནཏན་སློབ༌འདོད༌ན༌ཁོང༌ལ༌གཏུགས༌ཤིག༌གསུངས༌སྐད༌དོ། །ཡང༌དོག༌ཏུ༌ཆོས༌གསུངས༌པས༌བླ༌མ༌ས༌སྐྱ༌པའི༌སློབ༌མ༌དགེབཤེས་བཅུ༌ཙམ༌ལའང༌ཆོས༌ཀྱི༌ཕན༌ཐོགས༌ཆེ༌བར༌བྱུང༌གསུངས༌སོ། །མང༌ཡུལ༌ཡང༌དོག༌ཏུ༌ལོ༌ཙཱ༌བ༌བཞུགས༌པའི༌ལེའུ་སྟེ་བཅུ༌པའོ།། །།

 

ལེའུ༌བཅུ༌གསུམ༌པ། གདན༌ས༌སྐྱངས༌པ།

 

དེ༌ནས། གཉལ༌ལྟེའུ༌ར༌པ༌རྣམས༌ཀྱི༌སྤྱན༌དྲངས༌པས། ཡང༌དོག༌ནས༌བྱོན༌པའི༌ཚེ༌གསེར༌འབུམ༌ཉི༌ཁྲི༌སོགས༌དང༌། ཕྱག་དཔེ་བོད༌དཔེ། རྒྱ༌དཔེའི༌སྣག༌ཚར༌བཞགས༌པ༌རྣམས༌མཛོ༌མང༌པོར༌ཁལ༌བཀལ༌ནས༌བྱོན༌པས། མི༌ལ༌ལ༌ན༌རེ། དཔེདང་ཆོས༌དེ༌ཙམ༌མི༌སྲིད། ཆོས༌དང༌། བུ༌རམ༌མང༌པོ༌ཡོད༌འདུག༌ཟེར༌སྐད། དེའི༌དུས༌སུ༌རང༌ཐག༌ཅིག༌མ༌གཏོགསཔ་ཅི༌དགོས༌པ༌འབུལ༌བ༌བྱུང༌། མི༌ཆེ༌རྒུ༌ཅོག༌གིས༌ཆོས༌རྗེའི༌ཞབས༌རྡུལ༌སྤྱི༌བོར༌བླངས༌ཏེ། གཉལ༌གྱི༌ལྟེའུ༌རར༌ཕེབས། ས༌གཞི༌རྟ༌དང༌། མིས༌གང༌ཞིང༌། ནམ༌མཁའ༌འཇའ༌དང༌། དར༌གྱིས༌གང༌བ། ཞབས༌ཀྱིས༌གང༌དང༌། གང༌བཅགསས ར༌བཀྲ༌ཤིས༌ལོ༌ལེགས༌བདེ༌སྐྱིད༌ལྡན། ལྟེའུ༌རའི༌སློབ༌དཔོན༌དོན༌ཞགས༌པ༌ཆོས༌རྗེས༌སྔོན༌གཞོན༌ནུའི༌དུས༌སུ༌ལྷའི༌ཞལ་གཟིགས༌གསུངས༌པ༌ལ། ཡིད༌མ༌ཆེས༌པ༌བར༌ཆད༌ཡིན། རྒྱ༌གར༌ནས༌ལོག༌མི༌འོངས༌གསུངས༌པ༌ལ། ལོ༌ཉི༌ཤུ༌རྩ༌བཞི་མ༌མཇལ༌ཀྱང༌། ད༌གཟོད༌བར༌ཆད༌མེད༌པར༌བྱོན༌པ༌ལ༌དད༌གུས༌གཞན༌པས༌ཆེ༌སྐད། མཁས༌གྲུབ༌བཙུན༌པའི༌སྙ ན༌གྲགསཕྱོགས་བཅུར༌ཁྱབ། །ཧོར༌ཡུལ༌ནས༌ཀྱང༌ཆོས༌ཀྱི༌རྒྱལ༌པོ༌འཕགས༌པ༌དང༌། རྒྱལ༌པོ༌ལོ༌གོ༌ལོཀས༌བདག༌གོ༌པེ༌ལ།། གུས༌པའི༌ཐུགས༌ཀྱིས༌སྤྱན༌འདྲེན༌བཏང༌བར༌གྱུར། །དེ༌ལ༌སློབ༌དཔོན༌ཤིག༌ཤཏ༌དང༌ལ༌སོགས༌པའི༌གསེར༌ཡིག༌པ༌འགའ་ཡང༌དང༌ཡང༌དུ༌བྱུང༌ཞིང༌། གུས༌པས༌བསྙེན༌བཀུར༌བྱས༌ཏེ། ཧོར༌ཡུལ༌དུ༌སྤྱན༌འདྲེན༌པའི༌གཏམ༌ཞུས༌སོ། །འགྲོ༌བ་མང༌པོ༌ཕན༌བདེ༌ལ༌བཀོད༌ཅིང༌ལྟེའུ༌རར༌བཞུགས༌སོ། །རྒྱ༌གར༌དུ༌ཕེབས༌ནས༌ལོ༌ཕྱེད༌དང༌། བཅོ༌ལྔ༌ཙམ༌སོང༌བའི༌དུསསུ་འབྲུག༌གི༌ལོ༌ལ༌སུ༌ཐུ༌ཨ༌སྐྱིད༌དང༌། དཔོན༌པོ༌འཇུར༌ནང༌དང༌། ཨབ༌རྐན༌ལ༌སོགས༌ཀྱིས༌ཧོར༌ཡུལ༌དུ༌སྤྱན༌དྲངས༌པ་ལ༌མདོ༌ལི༌ལ༌སྤྱན༌དྲངས༌ནས༌བྱང༌སྙིང༌འབྲུམ༌དུ༌བྱོན། དེའི༌ཚེ༌ཞབས༌བསྙུངས། དེའང༌ཡོས༌བུའི༌ལོ༌ལ༌ས༌གཡོས༌ཆེནཔོ་ཁང༌པ༌ཞིག༌མང༌བས། བླ༌བྲང༌དུ༌བཞུགས༌མ༌ནུས། ཕྱིར༌བཞུགས༌པས༌ཀྱང༌ལན། ཆོས༌སྐྱོང༌གི༌ཞབས༌ལ༌ལྕགས་སྒྲོགས༌བཅུག ནས༌ཧོར༌ཡུལ༌མི༌གཏོང༌བ༌འདུག༌ཅེས༌ཀྱང༌མིག༌མཐོང༌མཁན༌གྱིས༌ཟེར། ཧོར༌བོད༌ཀྱི༌མི༌བློ༌ཅན༌ཀུན་གྱིས༌ལམ༌དུ༌གྲོང༌ན༌ཕངས༌པར༌མཐོང༌། དཔོན༌ཟིན༌ཤེས༌རབ༌སྐྱབས༌ཀྱིས༌ཧོར༌བོད༌ཀྱི༌མི༌སྣ༌ཀུན༌བསགས༌ཏེ། ལམ༌དུ་གྲོང༌པ༌ན༌རྒྱལ༌པོ༌ཡང༌མི༌མཉེས། བོད༌དུ༌བཞུགས༌ན༌འགྲོ༌བ༌ཀུན༌ལ༌ཕན༌ཁམས༌ཆེ༌བས། ཧོར༌བོད༌ཀུན༌གྲོས༌གྱིས༌ཟེར་བ༌ལ༌བརྟེན༌ནས༌ཧོར༌བོད༌ཀུན༌གྱིས༌བོད༌དུ༌བཞུགས༌པར༌ཞུས། དེའི༌དུས༌སུ༌དཔོན༌ཤེས༌རབ༌སྐྱབས༌ཀྱིས༌ཞུས༌པ། བླ་མ༌པབྱབྱི༌ཏ༌ཆེན༌པོ༌བཅུ༌གཉིས། བོད༌དུ༌ལོ༌ཙཱ༌བ༌བཞི། མཁས༌བཙུན༌ཉི༌ཤུ༌ལ༌ཆོས༌གསན༌པའི༌གསན༌ཡིག༌ཆེན༌མོ༌དེ༌མཛདདེ་གནང༌། སླར༌ཡང༌གཉལ༌དུ༌བྱོན། རྒྱ༌གར༌ནས༌གཉལ༌དུ༌བྱོན༌ནས༌ལོ༌གཉིས༌ཙམ༌ན༌འཕྲུལ༌སྣང༌གི༌ཤཱཀྱ༌མུ༌ནི༌ལ༌མཆོདཔ་འབུལ༌དུ༌བྱོན༌པའི༌ལམ༌དུ༌ཡར༌ལུང༌སྟག༌ཚལ༌དུ༌པབྱབྱི༌ཏ༌དཱ༌ན༌ཤཱིལ༌ལ༌སྒྲུབ༌ཐབས༌བསྡུས༌པའི༌རྒྱ༌དཔེ༌ཡོད༌མེད༌འདྲི༌བ་ལ༌བྱོན༌ཏེ། ཆུ༌བ༌བེར༌ཅིག༌དང༌། ལྒ༌པི༌པི༌ལིང༌ཕུལ༌ནས༌རྒྱུད༌བླ༌མའི༌མཆོད༌བརྗོད༌སཾསྐྲི༌ཏའི༌སྐད༌དུ༌གསུངས༌ཏེ། ཤིསཔ་བརྗོད༌པས། པབྱབྱི༌ཏ༌འདར༌ཤིག༌ཤིག༌སྤྱན༌ཆབ༌ཉི༌ལི༌ལི༌བྱུང༌། མཁས༌མཁས༌ང༌བས༌ཁྱེད༌མཁས༌པར༌འདུག ཁྱོད༌རྒྱག ར༌དུ༌ཡུན༌རིང༌དུ༌སྦྱངས༌པས༌པབྱབྱི༌ཏ༌ཆེན༌པོའི༌ཆེན༌པོར༌འདུག ང༌བོད༌དུ༌བསྡད༌པས༌བ༌གླང༌དུ༌སོང༌། ཁྱེད༌མཁས་གྲགས༌པས། ངའི༌སྤུ༌ལངས༌པ༌ཡིན༌གསུངས༌སོ། །གསེར༌ཕྱེ༌ཕུལ༌བའི༌དྲུང༌དུ༌ཆོས༌གསུང༌སྟེ། རྒྱ༌གར༌གྱི༌ལོ༌རྒྱུས༌གསུངསཔས་། མི༌ཚོགས༌པ༌ཐམས༌ཅད༌མཆི༌མ༌ཤོར༌བ༌ཤ༌སྟག༌བྱུང༌། དེའི༌ལོ༌ལ༌གསེར༌ཕུལ༌བའི༌ཡུལ༌ཁམས༌དེར༌ནད༌མེད༌པ་ལོ༌ལེགས༌པ༌བྱུང༌ངོ༌། ལྟེའུ༌རའི༌གདན༌ས༌སྐྱངས༌པའི༌ལེའུ༌སྟེ༌བཅུ༌གསུམ༌པའོ།། །།

 

ལེའུ༌བཅུ༌བཞི༌པ། ཐང༌པོ༌ཆེར༌བྱོན༌པ།

 

དགུང༌ལོ༌དྲུག༌ཅུ༌རེ༌གཅིག༌པ༌རྟའི༌ལོ༌ལ༌ཐང༌པོ༌ཆེར༌བྱོན། དཔྱིད༌དབྱར༌སྟོན༌གསུམ༌གྱི༌ཆོས༌དགོན༌པ༌ཆེན༌མོར༌བཞུགསནས་གསུངས། དཔྱིད༌ཆོས༌ལ༌ཏིང༌ངེ༌འཛིན༌རྒྱལ༌པོའི༌འགྲེལ༌པ༌དང༌། སེམས༌བསྐྱེད༌ཆེན༌མོ༌ལ༌སོགས༌པ༌གསུངས། དབྱར་ཆོས༌ལ༌སྐྱེ༌རབས༌དང༌། སྤྱོད༌འཇུག༌དང༌། བཤེས༌པའི༌སྤྲང༌ཡིག༌དང༌། ཀ༌མ༌ལ༌ཤཱི༌ལའི༌སྒོམ༌རིམ༌གསུམ༌དང༌། རྟ་དབྱ ངས༌ཀྱི༌ཀུན༌རོབ༌བྱང༌ཆུབ༌ཀྱི༌སེམས༌སྒོམས༌པ༌དང༌། དོན༌དམ༌བྱང༌ཆུབ༌ཀྱི༌སེམས༌སྒོམས༌པ༌རྣམས༌གསུངས། སྟོན་ཆོས༌ལ༌འཕགས༌སྐོར༌གྱི༌ཆོས༌ཕྲན༌སྣ༌གཅིག༌ཀྱང༌མ༌ལུས༌པར༌གསུངས། གཞན༌ཡང༌། བླ༌མ༌ཉིད༌ཀྱིས༌མཛད༌པའི༌མབྱབྱལ་གྱི༌ཆོག༌གསུམ༌དང༌། ཆོས༌སྤྱོད༌ནོར༌བུའི༌ཕྲེང༌བ། བསྔོ༌བའི༌མན༌ངག༌རིན༌པོ༌ཆེའི༌གཏེར། ངན༌སོང༌སྦྱོང༌བའི༌རྒྱུད༌ཆ་ལག༌དང༌བཅས༌པ། ཀླུ༌སྒྲུབ༌ཀྱི༌སྨོན༌ལམ༌ཚིགས༌སུ༌བཅད༌པ༌དགུ༌པ༌འགྱུར༌བཅོས༌ནས༌གསུངས༌པ། གཞན༌ཡང༌ཆོསབཀ འ༌མང༌དུ༌གསུངས༌ནས༌སྟོན༌ཆོས༌གཟབས༌པ༌ཡིན། དེས༌ཐོན༌པ༌ཡིན༌ནོ། །ད༌གྲོཧལ༌བཞུད། གྲོ༌ཐོན༌པ༌དང༌གྲ༌པ་ཀུན༌ངའི༌དྲུང༌དུ༌བྱོན༌ཅིག༌གསུངས༌པས། སྤྱན༌སྔར༌ཕྱིན༌པ༌ན། ཆོས༌འདི༌ཤེས༌པ༌རང༌གིས༌མི༌ཆོག ཉམས༌སུ༌ལེནདགོས་པར༌གདའ༌བས། ཉམས༌ལེན༌དང༌། ཐོས༌པ༌གཉིས༌ཀ༌གྱིས༌ཤིག སྔོན༌ལ༌ཆོས༌བསླབས༌ནས༌ད༌གདོད༌ཉམས༌སུ་ལེན༌སྙམ༌ན༌རྩིས༌སུ༌མི༌འོང༌། སློབ༌པ༌རང༌ལ༌བར༌ཆད༌འོང༌བ༌ཡིན༌པས། ཉམས༌ལེན༌སྤྱོད༌པ༌དང༌། འཕྲལ༌རང༌ལ་གྱིས། འོ༌ལྐོལ༌འཆི༌ཁར༌མི༌འགྱོད༌པ༌རེ༌བྱེད༌འཚལ༌བ༌ལ། ཆོས༌ཤེས༌པར༌བྱས༌ནས༌ཉམས༌སུ༌ལེན༌དགོས། ཁོ༌བོ༌ཡངད་ལོ༌གཉིས༌བཤད༌པ༌བྱེད༌ནས༌སྒྲུབ༌པ༌རང༌བྱེད༌རྩིས༌སུ༌བྱུང༌བ༌ཡིན། ཨེ༌ཡོང༌མི༌ཤེས། ཆོས༌རྗེ༌གོང༌མ༌དེ༌དགུང༌ལོདྲུག་ཅུ༌རྩ༌བཞི༌ལ༌སྐུ༌གཤེགས༌པ༌ཡིན། ཁྱེད༌ཡི༌དམ༌གྱི༌མངོན༌རྟོགས༌གང༌ལ༌མོས༌པ༌རེ༌རེ༌བློར༌བཟུང༌ལ༌སྒོམས། བླ༌མ་ལྔ༌བཅུ༌པ༌བཟུང༌། གཞོན༌ནུའི༌དུས༌སུ༌ཡི༌དམ༌ལྷའི༌བསྙེན༌པ༌ཐེབས༌དགོས༌པ༌ཡིན། ཁོ༌བོས༌ཀྱང༌གཞོན༌དུས༌སུ༌ཡི༌དམ་ལྷའི༌བསྙེན༌པ༌འབུམ༌ཚོ༌ཉི༌ཤུ༌རྩ༌དྲུག༌བསྐྱལ༌བས། རྒྱ༌གར༌ནས༌མ༌ཤི༌བར༌ལོག༌ཙམ༌བྱུང༌བ༌འདི༌ཡིན། རྗུད༌རྗུད༌པར་འདུག༌སྟེ༌གསུངས༌ནས། ཕྱག༌གི༌བར༌ལྷུ༌ལ༌བྱིལ༌བྱིལ༌མཛད༌དེ། ཡང༌ལན༌ཅིག༌ཁོ༌བོ༌ལྷོ༌བལ༌དུ༌འགྲོ༌ཙ༌ན༌རྡོ༌རྗེ༌གདན་མ༌མཐོང༌བར༌དུ༌མི༌ལྡོག༌པའི༌དམ༌བཅའ༌བྱས། ལོ༌བཅུ༌བདུན༌ལོན༌ནས༌བཞི༌བཅུ༌རྩ༌ལྔའི༌བར༌དུ༌སྣག༌སྨྱུག༌དང༌མི༌འབྲལ་བའི༌དམ༌བཅའ༌བྱས། ད༌ལྟ༌དགེ༌སྦྱོར༌གྱི༌དམ༌བཅའ༌དང༌། དཀོར༌ལ༌མི༌འབག༌པ༌དང༌། གཞིས༌ཁ༌མི༌སྤྱོད༌པ༌དང༌། གསེར༌སེ༌བ༌གཅིག༌ནས༌བྲེ༌གང༌ཡང༌བེད༌འགྱུར༌དུ༌མི༌གཏོང༌བ༌དང༌། འཁོར༌ལ༌ཁྲལ༌མི༌སྡུད༌པ༌དང༌། མི༌སྡེའི༌དཔོན་མགོ༌མི༌བྱེད༌པའི༌དམ༌བཅའ༌འགའ༌ཡོད༌གསུངས༌སོ། །སྟོན༌ཆོས༌ཐོན༌མ༌ཐག༌དགོན༌པ༌ཆེན༌མོ༌ནས༌འཇུའི༌ཕུར༌བྱོན། རྒྱལ་དུ༌ཟླ༌བ༌གསུམ༌མཚམས༌ལ༌བཞུགས༌ཏེ། གསུང༌བཅད། ཐུགས༌དམ༌མཛད། ཐུན༌མཚམས༌སུ༌སྒྲོན༌གསལ༌ལེའུ༌དང་པོ འི༌ཊཱིཀཱ༌མཛད། བོད༌ལྟ༌བ༌མ༌དག༌པར༌ཡོད། སྔོན༌ཧ༌ཤང༌མ༌ཧཱ༌ཡཱནའི༌ལྟ༌བ༌དར། ད༌ལྟའང༌དེ༌དང༌འདྲ། ལྟ༌བ༌དགཔ ར༌བྱེད༌པ༌ལ༌དབུ༌མ༌རིན༌ཆེན༌ཕྲེང༌བ༌བཤད༌ན༌ཕན། ཐང༌དུ༌དགུན༌འདི༌ཚོགས༌ཆོས༌ལ༌བཤད༌དགོས༌གསུངས༌ནས༌བླ་མ༌ཉིད༌ཀྱི༌རྒྱ༌དཔེ༌འབྲུ༌རེ༌རེ༌ནས༌ཡོད༌ཅིང༌། སྟོན༌པ༌འཇུ༌བས༌བོད༌ཡིག༌ཏུ༌བྲིས༌ཏེ། ཕྱག༌དཔེའི༌མཆན༌བུར༌བཏབ། དགུནཐང་པོ༌ཆེར༌བྱོན། ཤུད༌ཀེའི༌ཁང༌པ༌ནི། དགུན༌ཆོས༌ལ༌སྒྲོན༌གསལ༌དང༌། རིན༌ཆེན༌ཕྲེང༌བ༌གསུངས། ཕྱག༌དཔེ༌དེདགེ་བཤེས༌རིག༌རལ༌གྱིས༌ཞུས༌པས། ཁོང༌ལ༌གནང༌ནས༌ཡོད། དཔྱིད༌ཆོས༌བདེ༌ཕུག༌ཏུ༌གསུངས། དབྱར༌ཆོས༌འཁོར་རྡོ༌དགོན༌པར༌གསུངས༌ཤིང༌བླ༌བྲང༌བཏབ། དབྱར༌ཐོག༌གཉིས༌ཀྱིས༌བླ༌བྲང༌གི༌མཁར༌ལས༌ཀྱང༌ཚར། དེ༌དུས༌སུ༌ཚ༌དང༌། ཇ༌དུང༌། ཚོགས༌ཆོས༌ཆོས༌དང༌། ཕྱི༌དྲོའི༌ཆོས༌དུང༌རྣམས༌དང༌། དགུང༌ཇའི༌དུང༌། དགོང༌མོ༌ཆོས༌སྤྱོད༌དུང༌། དམ་བཅས༌པའི༌ཉིན༌རེ༌དུང༌ལན༌བཅུ༌གསུམ༌བཅུ༌གསུམ༌བསྒྲགས། གྲ༌པའང༌དཔེ༌འགྲེམས༌བརྒྱ༌བརྒྱས༌མབྱབྱལ༌ཕུལ། མབྱབྱལ་གྱི༌སྟེགས༌བུའང༌བརྒྱ༌བརྒྱ༌བྱུང༌། དེ༌ནས༌ཕག༌མོ༌གྲུ༌པའི༌དཔོན༌གཞོན༌ཚུལ༌གྱིས༌ཐང༌པོ༌ཆེར༌མི༌བཞུགས༌པར༌ཞུ༌པའི༌ཡི་གེ༌བྱུང༌བས། དབྱར༌ཆོས༌སྟོན༌ཆོས༌དང༌བཅས༌པ༌གུང༌ཐང༌དུ༌གསུངས། འདྲེན༌ཕུ༌ནས༌ལྷས༌ལྡེངས༌སུ༌སོ༌སོར༌ཐུགསདམ༌མ ཛད། དེར༌སྔར༌བོད༌དུ༌མ༌འགྱུར༌བའི༌གཙུག༌ལག༌དགུའི༌རྒྱུད༌བསྒྱུར། བྱིང༌གི༌འོ༌དཀར༌བྲག༌ཏུའང༌ཐུགས༌དམ་མཛད། ལར༌ཡར༌ལུང༌ཕྱོགས༌སུ༌ལོ༌རིལ༌པོ༌ལྔ༌བཞུགས༌སོ། ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌ཐང༌པོ༌ཆེར༌བྱོན༌པའི༌ལེའུ༌སྟེ༌བཅུ་བཞི་པའོ།། །།

 

ལེའུ༌བཅོ༌ལྔ༌པ། འཇུ༌ཕུར༌བྱོན༌པ།

 

འཇུ༌བ༌སྟོན༌པ༌བདག༌གིས༌འཇུ༌ཕུར༌གདན༌དྲངས༌ཏེ༌ཞུས༌པ༌ལ། འཕགས༌པ༌ཀླུ༌སྒྲུབ༌ཀྱིས༌མཛད༌པའི༌གསང༌བ༌འདུས༌པའིདབང༌མཛད། རྡོ༌རྗེ༌དབྱིངས༌ཀྱི༌དཀྱིལ༌འཁོར༌ཆེན༌པོ༌བཞེངས། སྟོན༌པ༌དང༌། སྟོན༌པའི༌ཉེ༌འབྲེལ༌གྱིས༌ཞུས༌པ༌ལ༌ཆོསཞག་བཅུ༌གནང༌། སེམས༌བསྐྱེད༌ཆེན༌མོ༌དང༌། སེམས༌བསྐྱེད༌བསྡུས༌པ༌དང༌། ཚོགས༌ཆོས༌མང༌དུ༌གསུངས། ཆོསགསུངས་པའི༌ཐོག༌མར༌འཇམ༌དབྱངས༌ཀྱི༌བསྟོད༌པ༌དང༌། བདུད༌ཚར༌གཅོད༌པའི༌གཟུངས༌དང༌། བླ༌མའི༌བསྟོད༌པ༌རེ་རྒྱ༌སྐད༌དུ༌གསུངས། ཆོས༌བཤད༌ཙ༌ན༌ཐོག༌མར༌བླ༌མའི༌བསྟོད༌པ༌རེ༌བྱས༌པས། གསུང༌སྒྲོས༌མི༌བརྗེད༌པ༌ཡིན༌གསུངསནས། གུ༌རུ༌ཤ༌ར༌ཎ༌ཞེས༌པ༌སོགས༌བསྟོད༌པ༌རེ༌མཛད༌དོ། །བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌འཇུ༌ཕུར༌བྱོན༌པའི༌ལེའུ༌སྟེ༌བཅོ་ལྔ༌པའོ།། །།

 

ལེའུ༌བཅུ༌དྲུག༌པ། སྐུ༌མྱ༌ངན༌ལས༌འདས༌པ།

 

དེ༌ནས༌རི༌གུད༌དུ༌དབྱར༌ཆོས༌དགུན༌ཆོས༌རྒྱས༌པར༌གསུངས། དེའི༌དུས༌སུའང༌གྲྭ༌པ༌དཔེ༌འགྲེམས༌བརྒྱ༌བརྒྱ༌བྱུང༌། དེ་ནས་ས༌སྐྱར༌བྱོན། ཆོས༌འཁོར༌ཆེན༌མོ༌ལ༌དགེ༌འདུན༌ཇི༌སྙེད༌ཚོགས༌པའི༌དབུ༌མཛད༌བླ༌མ༌ཆེན༌པོ༌ཤར༌པས༌དབུ༌དྲངས་པ འི༌ཆེ༌ཆེ༌ལ༌དབང༌བསྐུར། ལ༌ལ༌ལ༌སྡོམ༌པ༌ཕོག ལ༌ལ༌སྐྱབས༌འགྲོ༌ལ༌བཀོད། ཁྱིམ༌པ༌རྣམས༌བསྙེན༌གནས༌ལ༌བཀོད། འགྲོ༌བ༌གྲངས༌མེད༌པ༌སེམས༌བསྐྱེད༌ལ༌བཀོད༌དེ། དཔོན༌ཆེན༌ཤཱཀྱ༌བཟང༌པོ༌དང༌། བླ༌མ༌ཤར༌པས༌བསྙེན༌བཀུར༌གྱ༌ནོམ་པ༌མཛད༌ཅིང༌། ས༌སྐྱར༌བཞུགས༌པར༌ཞུས༌པ༌ལ། ཁམས༌བཟང༌ན༌ད༌གཟོད༌འོང༌། ད༌རེས༌གཉལ༌དུ༌ཅིས༌ཀྱང༌འགྲོ་གསུངས༌ནས། སུའི༌ངོ༌ལའང༌མ༌བཞུགས༌པར། གདན༌ས༌ལྟེའུ༌རར༌ཕེབས༌ཏེ༌ཆོས༌འཁོར༌མཛད༌ནས། ཉེ༌གནས༌དཀོན་མཆོག༌དཔལ༌གྱིས༌བསགས༌པའི༌བདོག༌པ༌ཐམས༌ཅད༌སྦོང༌དག༌མཛད། དེ༌སྟོན༌པ༌ཆོས༌རྒྱལ༌གྱིས༌བཏང༌བ༌ལ༌རིན༌པོ་ཆེའི༌སྡེར༌མ༌རང༌ཡང༌སུམ༌བརྒྱ༌བཏང༌། དེ༌ལྟར༌བརྩོན༌པ༌མཛད༌པ༌ནི༌སྐུ༌མྱ༌ངན༌ལས༌འདའ༌བར༌བཞེད༌པ༌སྟེ། དེ༌ཡངསངས་རྒྱས༌སྤྲུལ༌པའི༌སྐུ༌རྟག༌ཏུ༌མི༌བཞུགས༌པའི༌རྒྱུ༌མཚན༌དྲུག༌ཡོད༌པས༌སོ། །དྲུག༌གང༌ཞེ༌ན། ཐེག༌བསྡུས༌ལས། མཛདཔ་རོགས༌བར༌གྱུར༌པའི༌ཕྱིར། །ཞི༌བ༌མི༌འདོད༌བཟློགས༌པའི༌ཕྱིར། །སངས༌རྒྱས༌བརྙ ས༌པ༌བཟློག༌པའི༌ཕྱིར། །སྤྲོ༌བབསྐྱེད་པར༌བྱ༌བའི༌ཕྱིར། །སོ༌སོ༌རང༌བརྩོན༌བརྩམས༌བྱའི༌ཕྱིར། །མྱུར༌དུ༌ཡོངས༌སུ༌སྨིན༌པའི༌ཕྱིར། །སངས༌རྒྱས༌རྣམསནི་སྤྲུལ༌པའི༌སྐུ། །གཏན༌དུ༌བཞུགས༌པར༌མི༌བཞེད༌དོ། །ཅེས༌སོ། །རྒྱུ༌དེས༌ན༌གདུལ༌བྱའི༌དོན༌ལ༌དགུང༌ལོ༌དྲུག༌ཅུ༌རྩ་བདུན༌བཞུགས༌ནས༌ཤིང༌ཕོ༌བྱི༌བའི༌ལོའི༌དགུན༌ཟླ༌ར༌བ༌དབོའི༌ཟླ༌བ༌ལ། རེས༌གཟའ༌ལྷག༌པ། སྐར༌མ༌ནམ༌གྲུའི༌དུས། བྱེད༌པ༌ཁྱིམ༌སྐྱེས། སྦྱོར༌པ༌ཤིན༌ཏུ༌མཆོག༌ཅན༌ཚེས༌བཅུའི༌ཉིན༌མོ༌ཉི༌མ༌ལྷན༌དྲོས༌པ༌ལ༌ནི༌ཞི༌བར༌གཤེགས། འཇིག༌རྟེན༌སྒྲོན༌མེ༌ཉི༌མ༌འདྲ༌བ༌ནུབ།། སྒྲ༌དང༌ས༌གཡོས༌རྒྱལ༌ཁམས༌ཀུན༌གྱིས༌ཚོར།། དྲི༌བཟང༌སྔ༌ན༌མེད༌པ༌ལྟེའུ༌རར༌བྱུང༌།། ལ༌ལས༌ལྷའི༌སིལ༌སྙན༌ཐོས༌པའང༌བྱུང༌།། དེ༌ཚེ༌བླ༌མ༌ཆོས༌ཀྱི༌རྒྱལ༌པོ༌འཕགས༌པ༌རྒྱ༌ཡུལ༌ནས༌ཡར༌བྱོན༌པ༌བྱང༌འདམ༌དུ༌ཕེབས༌པ༌དེར། བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ་བ་འདི༌ལྟར༌མྱ༌ངན༌འདས༌ཞུ༌བའི༌ཡི༌གེ༌གཟིགས༌པས། ཆོས༌ཀྱི༌རྒྱལ༌པོ༌རྡོ༌རྗེ༌ལྟ༌བུའི༌ཏིང༌ངེ༌འཛིན༌མངའ༌བ༌ཡིན། སྤྱན་ཆབ༌བསིལ། དེར༌ཆོས༌ཀྱི༌རྒྱལ༌པོའི༌ཞལ༌ནས། ན༌ནིང༌སྔར༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌ཧོར༌ཡུལ༌དུ༌བྱོན༌པའམ། ཡང༌ན། ང༌ཡར༌འོངས༌ནས༌མཇལ༌བར༌ཞུ༌བའི༌ཡེ༌གེ༌བཏང༌བའི༌ལན༌ལ། སྐྱེ༌བ༌འདི༌ལ༌མཇལ༌མི༌འོངས༌དྭོགས༌ཡོད། སྐྱེ༌བ༌ཕྱི་མ༌ཞིང༌ཁམས༌དག༌པར༌ཡང༌ཡང༌མཇལ༌པའི༌སྨོན༌ལམ༌འཚལ༌གསུངས༌པའི༌ཡི༌གེ༌བྱུང༌བ༌ཡིན། ད༌དེའི༌ཐོག༌ཏུ༌བབས། ཁོང༌ལ༌མངོན༌ཤེས༌མངའ༌བར༌བརྡའ༌གསུངས༌སོ། །སྐུ༌གཤེགས༌པ༌དེ༌ཕྱིར༌མ༌ཚོར༌བར༌ཡོད༌པ༌ལ། བྱ༌མཁར༌བའི༌གནསབརྟན་བགྲེས༌པོ༌བ༌ན༌རེ། ཨཱ༌ཙཱརྱ༌གཉིས༌ཀྱིས༌བཤད༌པ༌ཡིན། ཆོས༌རྗེ༌ད༌ལྟ༌བར༌ཉིན༌མ༌ལྷན༌དྲོས༌པ༌ལ༌སྐུ༌བཤེགས༌ཟེར་ཏེ༌བྱུང༌། དེ༌བཤད༌པའི༌ཨཱ༌ཙཱརྱ༌གཉིས༌པོ༌དེ༌ནི༌ཆོས༌སྐྱོང༌ཡིན༌པར༌གྲགས༌སོ། །སྐུ༌བཤེགས༌པའི༌ཉིན༌བླ༌བྲང༌གི༌ཐོག༌ཁར་འཇའ༌ཚོན༌སྣ༌ལྔ༌བཀྲ༌བ༌མི༌ཀུན༌གྱིས༌མཐོང༌བས། ལྷོ༌པ༌རྗེ༌བཙུན༌ནམ༌མཁའ༌དཔལ༌ན༌རེ། སྐུ༌ཁམས༌དགའ༌རབ༌ཡོད་གསུངས༌ཀྱང༌། འཇའ༌མང༌པོ༌ཡ༌མཚན༌མ༌ལེགས༌ཟེར༌སྐད། སྤུར༌མཆོད༌བྱེད༌པའི༌ཉིན༌པར༌ཉི༌མ༌གཞན༌པས༌རིང༌། དེའི༌ལྟེའུ༌རིའི༌གོང༌ཙམ༌ན༌ཉིན༌རེ༌བཞིན༌དུ༌འཇམ༌དཔལ༌མཚན༌བརྗོད༌འདོན༌པའི༌དམ༌བཅའ༌ཅན༌ཞིག༌ཡོད༌པ༌དེས༌ཚོར་ནས༌མཚན༌བརྗོད༌ཚར༌སུམ༌ཅུས༌མང༌དུ༌ཐོན༌བྱུང༌། ཉིན༌དེ༌ཙམ༌གྱིས༌རིང༌ཟེར༌སྐད། དེ༌ལྟར༌ཆོས༌རྗེ༌མྱ༌ངན༌ལས༌འདས། མཐོང༌བ༌ཙམ༌གྱིས༌དད༌གྱུར༌པའི།།རྗེ༌དེ༌མཐོང༌བ༌མེད༌པར༌གྱུར།། ཆུ༌ཙོང༌ཆགས༌པའི༌ཆུ༌ཟླ༌བཞིན། །གདུང༌སེལ༌གསལ༌བར༌ཚོར༌བར༌གྱུར། །ཆོས༌དོན༌ཐེ༌ཚོམ༌ཕྱོགས༌ཀུན༌ལ། །དྲིཔ འི༌ལན༌ལྡོན༌མེད༌པར༌གྱུར། །རྒྱལ༌གྱི༌ཟླ༌བའི༌ཚེས༌བཅོ༌ལྔའི༌ཉིན༌སྤུར༌ལ༌ཞུ༌ཕུལ༌བའི༌དུས༌སུ༌ནམ༌མཁའི༌དྭངས༌པ༌འཇའ་ཚོན༌གྱིས༌གང༌བ། དཀར༌ཡོལ༌ལྟ༌བུའི༌མེ༌ཏོག༌དཀར༌པོའི༌ཆར༌བབས༌པ། མི༌ལ༌ལའི༌ལག༌གཉིས༌ཀྱིས༌བཟུང༌ནས༌སྙིམ་པ༌ཁ༌ཕྱེ༌ཙ༌ན༌དངོས༌མེད༌དུ༌ཡལ༌ཏེ། ས༌ལ༌ཤོར༌བ༌ཡིན༌སྙམ༌ནས༌ས༌ལ༌བལྟ༌ཞིང༌འཚོལ། ལ༌ལ༌གནམ༌དུ༌བལྟ༌ཞིང༌དདུང་འཛིན། ཞག༌གསུམ༌གྱི༌བར༌དུ༌འཁྱག༌ཧྲོམ༌ཐམས༌ཅད༌ཞུ། གདུང༌ལ༌རིགས༌ལྔའི༌ཕྱག༌མཚན༌ལ༌སོགས༌པ༌ངོ༌མཚར་ཆེ༌བ༌བྱོན། ཕྱིས༌གདུང༌ཞལ༌མཇལ༌བའི༌དུས༌སུ༌བླ༌བྲང༌གི༌སྟེང༌དུ༌དར༌པོ༌ཆེ༌གྱེན༌དུ༌ཕྱར༌བ༌ལྟ༌བུའི༌འཇའ༌ཚོན༌རབ༌ཏུ༌གསལ་བ༌བྱུང༌། སང༌སྐུ༌གཤེགས༌པའི༌དེ༌རིང༌དགོང༌མོ༌གཟིམ༌མལ༌དུ༌སྤྱན༌ཁར༌ཁྲོ༌བོ༌བཅུ༌བྱུང༌ཞེས༌གསུངས༌བ༌ལ། ཉེ༌གནསསློབ་དཔོན༌སྟོན༌རིན༌གྱིས༌ཅི༌ལགས༌ཞུས༌པས། ཁྲོ༌བོ༌བཅུའི༌བྲིས༌སྐུ༌གཅིག༌བྲི༌སྙམ༌ཡོད༌པས། དེའི༌འབག༌ཁྱེར༌འདུགགསུངས། དེ༌ནི༌ཁྲོ༌བོ༌བཅུ༌ཞལ༌གཟིགས༌པའོ། །བླ༌མ༌ཆོས༌རྗེ༌ཆག༌ལོ༌ཙཱ༌བ༌སྐུ༌མྱ༌ངན༌ལས༌འདས༌པའི༌ལེའུ༌སྟེ༌བཅུ༌དྲུག་པ འོ། །

མཛད༌བྱང༌སྨོན༌ཚིག བདག༌འདྲའི༌རྨོངས༌པས༌བླ༌མ༌སངས༌རྒྱས༌ཀྱི།། ཐུགས༌ཀྱི༌ཡོན༌ཏན༌འབྲི༌བརྗོད༌ནུས༌མིན༌ཏེ།། འོན༌ཀྱང༌གསུང༌ལ༌བརྟེན༌ནས༌བྲིས༌པའི༌ཚུལ།། འདི༌ལ༌ནོངས༌པ༌མཁྱེན༌ལྡན༌བཟོད༌མཛད༌རིགས།། དགེ༌བས༌འགྲོ༌ཀུན༌བླ༌མ༌མཆོག༌རྙེད༌ཅིང༌།། སྟོང༌ཉིད༌རྟེན༌འབྲེལ༌ལྟ༌བ༌རྒྱལ༌བ༌ཡིས།། གསུང༌གི༌མཛོད༌ཀྱི༌བཅས༌པ༌ཟབ༌མོའི༌དོན།། ཐོས༌ཤིང༌རྟོགས༌ནས༌ཀུན༌མཁྱེན༌ཐོབ༌པར༌ཤོག།།བླ༌མའི༌གསུངས༌དྲི༌མ༌མེད༌པ༌བསྒྲིགས༌པ༌ཞེས༌བྱ༌བ༌འདི༌ནི། བླ༌མ༌ཆོས༌རྗེ༌ལོ༌ཙཱ༌བའི༌གསུང༌བདུད༌རྩིའི༌རྒྱུན༌ལ༌སྣོད༌ཀྱི་སྐྱོན༌གསུམ༌སྤང༌བ། གསུང༌ཟིན༌ཚད༌བྲིས༌ལ༌འབྲི༌བའི༌དམ༌བཅའ༌ཅན། ཤཱཀྱའི༌དགེ༌བསྙེན༌ཆོས༌དཔལ༌དར༌དཔྱང༌གིས་ལྷོ༌པའི༌དགེ༌བཤེས༌ཤེས༌རབ༌དབང༌ཕྱུག༌ལ༌སོགས༌པས༌བསྐུལ༌བའི༌ངོར༌བླ༌མ༌ལོ༌ཙཱ༌བ༌ཆེན༌པོ༌དེ༌ཉིད༌ཀྱིས༌ཞབས༌བཅགསཔ འི༌ས༌འཇུའི༌ཕུརསྡེབས༌པ༌རོགས༌སོ། །གསུང༌སྙན༌ནོར༌བུའི༌ཕྲེངབ་འདི།། ཉིེད༌ཀྱི༌མགུལ༌ལ༌རྒྱན༌དུ༌འབུལ།། སརྦ༌ཀཱ༌ལ༌ཡཱ༌ཎ༌མི༌ཏྲ།། ཏྲི༌པི༌ཊཀ༌ངྷཱ༌ར༌ཡི༌ཕྱག༌ཏུ༌འབུལ།། གུས༌བཞིན༌གཞན༌ལའང༌གསུང༌བར༌ཞུ།། མངྒ༌ལམ།།  །།

བརྒྱུད་སྐུལ།

མཆན་སྤེལ།