དབུས་ཀྱི་ཡིག་མཁན་ཁ་སྤུ་ཅན་གྱི་གཞུང་བྲིས་འབྲི་སྟངས།

དབུས་ཀྱི་ཡིག་མཁན་ཁ་སྤུ་ཅན་གྱི་གཞུང་བྲིས་འབྲི་སྟངས།

༄༅། །ངོ་སྤྲོད་མཚམས་སྦྱོར།

 

དབུས་ཀྱི་བྲིས་པ་ལེགས་བཤད་བཟོད་པ། འཕྲིན་མིང་ཁ་སྤུ་ཅན། སྤྱི་ལོ་ ༡༩༦༧ ལོར་བོད་ལྗོངས་ལྷ་སའི་བྱང་ཕྱོགས་འཕན་ཡུལ་དུ་སྐྱེས། རང་ལོ་བརྒྱད་ཙམ་ནས་སློབ་ཆུང་དུ་བསྐྱོད་ནས་ལོ་མང་བྱང་ཤིང་ཐོག་ཡི་གེ་སྦྱངས།  སྤྱི་ལོ་ ༡༩༨༦ ལོར་དཔལ་ནཱ་ལེནྡྲ་དགོན་དུ་ཞུགས་ནས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་ཞིབ་འཇུག་དང་དོ་སྣང་ཞུས། ཕྱིས་སུ་གཞུང་བྲིས་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་དང་། གླིང་དབོན་པདྨ་སྐལ་བཟང་མཆོག ཅོག་གྲྭ་རིན་པོ་ཆེ་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་བྲིས་བྲིས་རྒྱུན་གྱི་ཁྱད་ཆོས་དང་དཀའ་གནད་དོགས་སེལ་ཞུས། དགེ་བའི་བཤེས་གཉེན་རྣམ་པས་རྟག་ཏུ་ཐུགས་བརྩེ་ཆེན་པོས་མཛུབ་སྟོན་དམར་ཁྲིད་དང་། ཕྱག་འབེབས་ཀྱང་མང་དུ་ཐོབ་པས་གཞུང་བྲིས་ཡིག་གཟུགས་ལ་གཏིང་ཚུགས་པའི་ངེས་པ་རྙེད། གཞན་ཡང་བཀའ་དྲིན་ཅན་གྱི་སློབ་དཔོན་རྒན་ཡེ་ཤེས་ངག་དབང་མཆོག་དང་། ཡིག་མཁན་ཆེན་མོ་རྒན་བསྟན་འཛིན་མཆོག རྒན་ཡེ་ཤེས་ཚུལ་ཁྲིམས་མཆོག ས་བྲིས་དགེ་རྒན་ཆེན་མོ་རྒན་སེངྒེ་དར་རྒྱས་སོགས་དང་། ལྷག་བསམ་ཅན་གྱི་བྲིས་གྲོགས་མང་པོས་རྟག་ཏུ་སྐྱོན་བརྗོད་དང་སློབ་སྟོན་མང་པོ་གནང་བའི་བཀའ་དྲིན་ལས་སྲོལ་རྒྱུན་ཡིག་གཟུགས་སྣ་ཚོགས་ལ་ངེས་ཤེས་གང་ཙམ་རྙེད་ཅིང་། ཁོ་བོའི་ཡིག་གཟུགས་ལ་མཁས་དབང་རྣམ་པའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ།

དེང་བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་གྱི་ཚོགས་མིའི་མིང་ཐོག་ནས་སྤྱི་ཚོགས་ཀྱི་ཚོགས་པ་དང་། དགོན་སྡེ་ཆེ་ཆུང་མང་པོ། དེ་བཞིན་དྲྭ་ཚོགས་ནས་དོན་གཉེར་ཅན་དུ་མར་སྲོལ་རྒྱུན་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་ཡོད། དེང་ཆ་འཕྲིན་གྱི་དགེ་མཚན་རླབས་ཆེན་ཐོན་བཞིན་པའི་སྐབས་བོད་ཡིག་ཡིག་གཟུགས་སྦྱོང་འདོད་དོན་གཉེར་ཅན་ལས་དང་པོ་བ་རྣམས་ལ་ཅུང་ཟད་ཕན་དུ་རེ་ནས། གཞུང་བྲིས་ཚུགས་རིང་གི་དབྱངས་གསལ་བྲི་སྟངས་བརྙན་རིས་སུ་ཕབ་ནས་སྤེལ་ཡོད། (འོན་ཀྱང་མཚམས་འདྲིར་བརྙན་པར་འགོད་འཇུག་མ་ཐུབ།) དེ་ཡང་རང་འདོད་རྟོག་བཟོས་མ་བསླད་པར་གཞུང་བྲིས་འབྲི་རྒྱུན་གཙང་མ་གཙོ་བོར་བཟུང་ཐོག བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་གསུང་སྒྲོས་ཁུངས་དག་དང་། ཚད་ལྡན་ཀ་དཔེར་གཞི་བཅོལ་ནས། སྨྱུག་རིམ་རེ་རེའི་འཐེན་སྟངས་གསལ་བཤད་དང་སྦྲགས་འཐེན་ཚུལ་བརྙན་རིས་སུ་ཕབ་ནས་སྤེལ་བ་ཡིན། འདིར་སྐྱོན་དང་ཞན་ཆ་མང་དག་ཡོད་སྲིད་པས་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་བ་བཅས།

 

ཕྲན་ཁ་སྤུ་ཅན་གྱིས། སྤྱི་ལོ་༢༠༢༠ ལོའི་ཟླ་གསུམ་པར།

 

བོད་ཀྱི་ཡིག་གཟུགས་སྒྱུ་རྩལ།

 

བརྒྱུད་སྐུལ།

མཆན་སྤེལ།