བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོ( 1432-1496 )ས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ། མངོན་པར་བྱང་ཆུབ་པའི་ཟླ་བ་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་(ལྷ་ལྡན་སྐྱིད་ཆུའི་སྟོད་ཀྱི་སྟག་རྩེ་རྫོང་རྙིང་པའི་ཕུ་ངོས་)དཔལ་ལྡན་ལོ་དགོན་པའི་དབེན་གནས་དགའ་ལྡན་རྩེར་སྦྱར་བའོ། །”

 

ཞེས་པ་ལས། བཀའ་གདམས་ཀྱི་དགེ་བཤེས། “ཞང་ཤར་བ་པ་ཆེན་པོ་ནི། པ་ཚབ་རོམ་པོའི་རྒྱུད་དུ་ལྕགས་ཁྱི་(1070)ལ། ཡུམ་ཕྱུགས་བསྐྱོང་བའི་དུས་རྡོ་ལེབ་སྟེང་དུ་འཁྲུངས་ཏེ། དེ་ལ་ཞབས་རྗེས་ཀྱང་བྱོན། དགུང་ལོ་བཅོ་བརྒྱད་པ་ལ་ཀླུང་ཤོད་ཕྱོར་བར་བྲོས་ཏེ་རབ་ཏུ་བྱུང་། མཚན་ཡོན་ཏན་གྲགས་སུ་བཏགས། དེ་ནས་སྤྱན་སྔ་བ་(ཀླུང་ཤོད་)ཕྱོར་ཕུར་སྐུ་མཚམས་མཛད་པའི་སར་མཇལ། ཟླ་བ་བཞི་མཚམས་ཁྲོད་དུ་བཞུགས་ཏེ་ཆོས་གསན། ར་ངའི་གྲོགས་པའི་རྩར་བཏུགས་གསུང་བས། (ཀླུང་ཤོད་ཀྱི་)སྟག་ལུང་དུ་སྤོ་ཏོ་བའི་སྤྱན་སྔར་བྱོན། གྲ་པ་ལོ་དགུ། ནང་མི་ལོ་དགུ་སྟེ་བཅོ་བརྒྱད་བསྟེན། བར་ལ་ཕུ་ཆུང་པ་དང་། སྤྱན་སྔ་བ་ལ་ཡང་འདོད་ཆོས་རྫོགས་པར་གསན། སྤོ་ཏོ་བ་གཤེགས་ནས་ཡོན་ཏན་གྱི་རྗེས་སུ་འབྲང་བའི་འཁོར་རྣམས་དང་ལྷན་ཅིག་ཀླུང་ཤོད་དུ་བྱོན་ཏེ་ཚོགས་པ་བསྡུས། དེ་ནས་གནས་མེད་དུ་འཆད་ཉན་མཛད་པས། གྲ་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས། དེ་རྣམས་ཕལ་ཆེར་ཆོས་དོན་གཉེར་ཤ་སྟག་གོ །དེ་ཡང་བཤེས་གཉེན་སྟོན་པ། རྣལ་འབྱོར་པ། དགོན་པ་བ། སྐུ་མཆེད་གསུམ། སྣེའུ་ཟུར་པ། ཤར་བ་པ་རྣམས་ལ་བཀའ་གདམས་ཞལ་བརྒྱད་དུ་གྲགས་སོ། །” ཞེས་དང་། “གཞན་ཡང་ཤར་བ་པས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས། ཤར་བ་པའི་འཕྲིན་ཡིག་སུམ་བཅུ་རྩ་བཞི། (པོ་ཏོ་བའི་རྣམ་ཐར་ཚིགས་བཅད་མ་བཅས་ཡོད་པར་གྲགས།)“ཞེས་དང་། “བཀའ་བབས་ཀྱི་ནང་ནས་ཞང་སྟོན་ཤར་བ་པ་སྤོ་ཏོ་བའི་ཆོས་སྲོལ་འཛིན་པའི་མཆོག་སྟེ། འདི་ལ་སློབ་མའི་མཆོག་བཀའ་བབས་ལྔར་གྲགས་པ་ནི། བྱང་ཆུབ་ཀྱི་བཀའ་བབས་མཆད་ཁ་བ། བྱིན་བརླབས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཀ་བ། རྣམ་ཐར་བཀའ་བབས་སྟེ་མལ་འདུལ་འཛིན། འདིས་ཀླུངས་ཤོད་མདར་དགོན་པ་བཏབ། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་ཤེས་རྡོར། འདིས་ཤར་བ་པའི་གདན་ས་ལོ་གསུམ་མཛད་དོ།།”

ཞེས་གོང་གསལ་སྤྱན་སྔ་ལྷ་དབང་ཆོས་འབྱུང་ལས་ཕྱུང་།

བརྒྱུད་སྐུལ།

མཆན་སྤེལ།