
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མཚོ་སྣ་རྫོང་གི་གཞི་རིམ་ལོ་རྒྱུས་དང་། རྫོང་གི་མིང་ཐོགས་ཚུལ་སོགས། ༡༽
བདུན་པ། མཚོ་སྣ་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། མཚོ་སྣ་རྫོང་གི་མིང་ཆ་ཚང་ལ་མཚོ་སྣ་ལྷུན་གྲུབ་ཡང་རྩེའི་རྫོང་།[1] ཞེས་བརྗོད། དེ་སྔའི་མཚོ་སྣ་རྫོང་འོག་གི་ཡུལ་སྡེ་ཁག་གི་སྤྱིི་མིང་ལ་མོན་ཡུལ་ལམ་སྦས་ཡུལ་དཀར་མོ་ལྗོངས་དང་ལྷོ་མོན་ཤིང་ལོའི་ཚལ་སོགས་འབོད་རྒྱུན་དུ་སྣང་། མཚོ་སྣ་ཞེས་པའི་མིང་ཐོགས་དོན་ནི་《དུ་ཀཱུ་ལའི་གོས་བཟང་།》ལས།