བོད་ལ་སྐུ་དྲིན་ཆེ་བའི་གྲགས་ཅན་ལོ་པཎ། སྐ་བ་དཔལ་བརྩེགས།

བོད་ལ་སྐུ་དྲིན་ཆེ་བའི་གྲགས་ཅན་ལོ་པཎ། སྐ་བ་དཔལ་བརྩེགས།

བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ། དབུ་རུ་སྟོད་ཀྱི་འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།《མངའ་བདག་ཉང་གི་ཆོས་འབྱུང་》ཤོག་གྲངས་ ༣༠ ལས། སློབ་དཔོན་བོདྷིསྭཏྭ་དང་འབྲོ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐོར་བསྒྱུར་བ་དང་། ཡང་ཤོག་གྲངས་ ༣༢༩ ལས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙྰ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་བསྐུར་ནས་པཎ་ཆེན་བྰི་མ་ལ་བོད་དུ་གདན་འདྲེན་ཞུ་བར་ཆེད་རྫོང་གནང་ཚུལ་གསུངས་པ་དང་མཐུན་པར་གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གཅིག་མཚུངས་སུ་བཀོད་ཡོད་པ་མ་ཟད།

 

སློབ་དཔོན་ཀྰ་མ་ལ་ཤྰི་ལ་དང་། རྒྱ་ནག་གི་བསམ་གཏན་མཇུག་བསྒྲིལ་རྗེས། རྩོད་གླེང་དེའི་མཇུག་བསྡོམས་ཀྱི་ཆེད་རྩོམ་ལྟ་བུར《སྒོམ་རིམ་རྣམ་གསུམ》ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཞིང་《དབུ་མ་སྣང་བ》ནི་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་གོང་གསལ་གསུང་རྩོམ་སོ་སོའི་འགྱུར་བྱང་གི་ནང་གསལ་པོར་འཁོད་པ་དང་། སློབ་དཔོན་ཀྰ་མ་ལ་ཤྰི་ལ་ནི་བསམ་ཡས་ཆོས་རྩོད་གྲུབ་ནས་ཡུན་རིང་མ་སོང་བར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མ་གཤེགས་གོང་དུ་ཧྰ་ཤང་མྰ་ཧྰ་ཡ་ནས་མངགས་པའི་གཤེད་མ་གཉིས་ཀྱིས་སྐུ་དཀྲོངས་པ་བཅས་ལ་བརྟག་ན་ཡང་། སྐ་བ་དཔལ་བརྩེགས་ནི་ཁྲི་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙྰ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པ་གསལ་པོར་ར་འཕྲོད་བྱུང་ཡོད་པས་དོགས་པ་བྱེད་དགོས་དོན་མི་འདུག་སྙམ། ལོ་ཆེན་དེས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱུང་འཁོད་པ།《འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ》ཤོ་ལོ་ཀ་དྲུག་བརྒྱ་སུམ་ཅུ་(ཡིག་འབྲུ༢༠༡༦༠)《ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ》སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་(ཡིག་འབྲུ་༡༡༥༢༠༠)《འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱད་བརྒྱ(ཡིག་འབྲུ༢༥༦༠༠)《བཟང་པོ་སྤྱོད་པའི་འགྲེལ་པ》སློབ་དཔོན་རྒྱན་བཟང་པོས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ(ཡིག་འབྲུ༡༤༤༠༠)《འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ》སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྷ་ཤྲི་ཛྙ་ནས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་བརྒྱད་བརྒྱ་(ཡིག་འབྲུ༥༧༦༠༠)《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ》སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤོ་ལོ་ཀ་ཆིང་སྟོང་ལྔ་བརྒྱ(ཡིག་འབྲུ༤༨༠༠༠)《མདོ་སྡེ་རྒྱན》རྗེ་བཙུན་བྱམས་པས་མཛད་པ་ཤོ་ལོ་ཀ་དགུ་བརྒྱ(ཡིག་འབྲུ༢༨༨༠)《མདོ་སྡེ་རྒྱན་གྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ
《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བདུན་བརྒྱ(ཡིག་འབྲུ༢༢༤༠༠)《ཆོས་མངོན་པ་བརྗོད་ཀྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་དགུ་སྟོང(ཡིག་འབྲུ༢༨༨༠༠༠)《ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ》སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་ཆིག་ཁྲི་བརྒྱད་སྟོང་(ཡིག་འབྲུ༥༧༦༠༠༠)《འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ》སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱ་ཐམ་པ(ཡིག་འབྲུ༣༢༠༠)《འདུལ་བ་དྲི་བའི་ཚིག་ལེའུར་བྱས་པའི་འགྲེལ་བཤད》སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི(ཡིག་འབྲུ༥༣༢༤༨)《དབུ་མ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ》སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(ཡིག་འབྲུ༤༠༠༠༠)《རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བདུན་ཅུ་(ཡིག་འབྲུ༢༢༤༠)《རྩོད་པ་བཟློས་པའི་འགྲེལ་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ(ཡིག་འབྲུ༡༢༨༠༠)《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ》སློབ་དཔོན་ཞི་བ་ལྷས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《དབུ་མ་དེ་ཁོ་ན་ཉིད་སྣང་བ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《དབུ་མ་སྣང་བ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་ཉིས་སྟོང་དགུ་བརྒྱ(ཡིག་འབྲུ༩༢༨༠༠)《གཏན་ཚིགས་ཐིགས་པ》སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ་ཤོ་ལོ་ཀ་ཉིས་བརྒྱ(ཡིག་འབྲུ༦༤༠༠)《གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《དམིགས་པ་བརྟག་པའི་འགྲེལ་པ》སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ་ང་ལྔ(ཡིག་འབྲུ༡༤༥༦༠)《ཐམས་ཅད་མཁྱེན་པ་གྲུབ་པ》སློབ་དཔོན་དགེ་སྲུང་གིས་མཛད་པ་ཤོ་ལོ་ཀ་ལྔ་བཅུ(ཡིག་འབྲུ༡༦༠༠)《བཤེས་སྤྲིངས》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《བཤེས་སྤྲིངས་ཀྱི་རྒྱ་ཆེར་བཤད་པ》སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(ཡིག་འབྲུ༤༠༠༠༠)《ཤེས་རབ་བརྒྱ་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《སློབ་མ་ལ་སྤྲིངས་པའི་ཡི་གེ》སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ཤོ་ལོ་ཀ་ཉིས་བརྒྱ་(ཡིག་འབྲུ༦༤༠༠)བཅས་མདོ་ཕྱོགས་སྐོར་ཡིན།གསུང་རྩོམ་གྲས《ལྟ་བའི་རིམ་པའི་མན་ངག》《གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤྰཀྱའི་རབས་རྒྱུད》《ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》《ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་》བཅས་སྡེ་དགེ་བསྟན་འགྱུར་སྣ་ཚོགས་ཀྱི་པོད(ཇ་)པའི་ནང་དུ་ཡོད།

ལས་རྒྱུ་འབྲས་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།