མལ་གྲོ་གུང་དཀར་མངའ་ཁོངས་ཀྱི་དགོན་སྡེའི་ལོ་རྒྱུས་ཕྱོགས་བསྒྲིགས། (དེབ་གསར་འགྲེམ་བརྡ།)

མལ་གྲོ་གུང་དཀར་མངའ་ཁོངས་ཀྱི་དགོན་སྡེའི་ལོ་རྒྱུས་ཕྱོགས་བསྒྲིགས། (དེབ་གསར་འགྲེམ་བརྡ།)

དེ་ཡང་ཁ་བ་གངས་ཅན་པའི་ལྗོངས་འདིར་རྒྱལ་བསྟན་དར་འཕེལ་བྱུང་ནས་ལོ་ངོ་སྟོང་ཕྲག་ལྷག་གི་དུས་ཡུན་ནང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་བོད་ཡུལ་ཁྱོན་ཀུན་ལ་རྒྱལ་བསྟན་འཛིན་སྐྱོང་བྱེད་སའི་དགོན་སྡེ་རབ་དང་རིམ་པ་མང་པོ་ཕྱག་བཏབ་ཡོད་པ་ནི་གངས་ཅན་པའི་ལོ་རྒྱུས་ཁྲོད་ནས་ནམ་ཡང་ཡལ་མི་རུང་བ་ཞིག་ཏུ་གནས་ཡོད། འོན་ཀྱང་ལོ་ངོ་མང་པོའི་དུས་རབས་ཀྱི་འཕོ་འགྱུར་དང་འབྱུང་བཞིའི་སྟེས་དབང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་མང་པོ་ཞིག་ཐོར་ཞིག་སོང་བ་དང་། གནའ་ཤུལ་ལྟ་བུ་ཅུང་ཟད་ལྷག་ཡོད་པ་དག་ཀྱང་སྐབས་དེའི་གནས་བབས་ལས་འབྱུང་འཕེལ་དངོས་ཀྱི་ལོ་རྒྱུས་ཡིག་རིགས་རྣམས་མེ་ལྷ་དང་ཆུ་ལྷའི་ཞལ་ཏུ་བསྟབ་ནས་མཐོང་ཆོས་སུ་མ་གྱུར་པ། ཕྱོགས་ཙམ་ཡོད་པ་དག་ཀྱང་རྒན་རབས་རྣམ་པའི་ཞལ་རྒྱུན་ལས་ཡིག་ཚང་དངོས་ཀྱི་གཞུང་གཏུགས་མེད་པ་སོགས་ཉག་ཕྲ་བའི་དེང་སང་གི་དུས་འདིར་འགན་འཁྲིའི་འདུ་ཤེས་ཅན་ཁག་ཅིག་གིས་གནའ་ཤུལ་རིག་གནས་དེ་དག་ལ་སྲུང་སྐྱོབ་ཡོང་ཆེད། ལོ་རྒྱུས་ཡིག་ཚང་རྙིང་ཤས་ཅན་མང་པོར་དཔེ་བསྡུར་བྱས་ཏེ་ཆོས་འབྱུང་ལོ་རྒྱུས་རྣམས་ཡིག་རིས་ཀྱི་ལམ་ནས་དེབ་གཟུགས་ལ་བསྒྱུར་བཀོད་བྱས་དང་བྱེད་བཞིན་པ་ནི་ཅི་འདྲའི་ཡི་རངས་ཞུ་འོས་པ་ཞིག་རེད།

 

དེར་བརྟེན་ཡུལ་ལུང་གཞན་དང་འདྲ་བར་རང་ཡུལ་མལ་གྲོ་གུང་དཀར་མངའ་ཁོངས་ཀྱི་དགོན་སྡེ་རྣམས་ལའང་དེ་ལྟ་བུའི་གོད་ཆགས་དང་ཉམས་རྒུད་བྱུང་ཡོད་པ་ནི་གོར་མ་ཆག དེའི་ཕྱིར་ན། ཡུལ་ལུང་དེ་ནས་འཚར་ལོངས་བྱུང་བའི་ཉམ་ཆུང་བདག་གིས་ལོ་ངོ་མང་པོའི་བསམ་འདུན་མཐའ་དག་བཏང་སྙོམས་སུ་མ་བཞག་པར་མལ་གྲོ་གུང་དཀར་མངའ་ཁོངས་ཀྱི་དགོན་སྡེའི་ལོ་རྒྱུས་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་དེབ་གཟུགས་འདིར་ཕབ་སྒྲིག་ཞུས་ཡོད་པས། རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་དེབ་འདིའི་སྟེང་ནས་དགོན་སྡེ་ཁག་གི་ཆོས་འབྱུང་ལོ་རྒྱུས་རྣམས་ཤེས་རྟོགས་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་བཞིན་ཡོད།

 

སྒྲིག་པ་པོ། སྐྱུ་རའི་རླུང་བུས།

དཀར་ཆག

 

དབུ་རུ་ཀ་ཚལ་གཙུག་ལག་ཁང་གི་ལོ་རྒྱུས།

གུང་དཀར་དམ་ཅན་ལྷ་ཁང་གི་ལོ་རྒྱུས།

རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་ལོ་རྒྱུས།

འབྲི་གུང་ཐེལ་དགོན་པའི་ལོ་རྒྱུས།

ཚྭ་འུག་སྒྲུབ་སྡེའི་ལོ་རྒྱུས།

འབྲོང་ངུར་དགོན་གྱི་ལོ་རྒྱུས།

འབྲི་གུང་གཏེར་སྒྲོམ་དགོན་གྱི་ལོ་རྒྱུས།

བདུད་འདུལ་ཕུག་གི་ལོ་རྒྱུས།

རིབ་མདོ་སྒང་དུ་ཡོད་པའི་འཁོར་ཆེན་ཆུ་འཁོར་ལྷ་ཁང་གི་ལོ་རྒྱུས།

ལྡིང་རྒྱལ་དགོན་གྱི་ལོ་རྒྱུས།

ཡང་རི་སྒར་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་གི་ལོ་རྒྱུས།

གཞུ་སྨད་གཡའ་རི་མི་འགྱུར་བདེ་གླིང་དགོན་གྱི་ལོ་རྒྱུས།

རྫོང་རྩེ་དགོན་གྱི་ལོ་རྒྱུས།

དབུ་རུ་ཞྭ་ལྷ་ཁང་གི་ལོ་རྒྱུས།

ཆོས་ལུང་དགོན་པའི་ལོ་རྒྱུས།

བྱ་ཡུལ་མང་ར་དགོན་གྱི་ལོ་རྒྱུས།

འབྲི་གུང་སྨན་རྩེ་དགོན་གྱི་ལོ་རྒྱུས།

ཀླུངས་ཤོད་སྤྱིལ་བུ་དགོན་གྱི་ལོ་རྒྱུས།

ཀླུངས་ཤོད་རབ་བརྟན་དགོན་གྱི་ལོ་རྒྱུས།

ཀླུངས་ཤོད་ཁྲི་སྟག་དགོན་གྱི་ལོ་རྒྱུས།

ཀླུངས་ཤོད་བྱམས་པ་གླིང་དགོན་གྱི་ལོ་རྒྱུས།

དབུས་སྟོད་བྲག་ཐོག་དགོན་པའི་ལོ་རྒྱུས།

གྲོག་ཨེ་ཝཾ་བསམ་གྲུབ་ཆོས་གླིང་དགོན་གྱི་ལོ་རྒྱུས།

དབུས་སྟོད་ཐང་སྐྱ་དགོན་པའི་ལོ་རྒྱུས།

འབྲང་ཕུ་ཕུག་པ་མཐོང་གྲོལ་དགོན་གྱི་ལོ་རྒྱུས།

འོད་སྣ་དགོན་གྱི་ལོ་རྒྱུས།

དབུས་སྟོད་སྟག་ཕུ་དགོན་པའི་ལོ་རྒྱུས།

སྐམ་སྐམ་དགོན་གྱི་ལོ་རྒྱུས།

མལ་གྲོ་རུ་ཐོག་དགོན་པའི་ལོ་རྒྱུས།

མལ་གྲོ་སྤང་ས་དགོན་གྱི་ལོ་རྒྱུས།

མལ་གྲོ་རིན་ཆེན་གླིང་དགོན་གྱི་ལོ་རྒྱུས།

མལ་གྲོ་མཆད་ཁ་དགོན་གྱི་ལོ་རྒྱུས།

མལ་གྲོ་རྒྱས་སྡིང་དགོན་པའི་ལོ་རྒྱུས།

མལ་གྲོ་བཀྲ་ཤིས་ཆོས་གླིང་དགོན་པའི་ལོ་རྒྱུས།

མལ་གྲོ་མཁར་སྐྱ་དགོན་པའི་ལོ་རྒྱུས།

མལ་གྲོ་ཆོས་སྒང་དགོན་པའི་ལོ་རྒྱུས།

མལ་གྲོ་ལྷུན་གྲུབ་དགོན་གྱི་ལོ་རྒྱུས།

མལ་གྲོ་དག་པ་རྣམ་གྲོལ་གླིང་གི་ལོ་རྒྱུས།

རྒྱ་མ་སྤུ་ལ་དགོན་གྱི་ལོ་རྒྱུས།

རྒྱ་མ་ཁྲི་ཁང་རབ་རྒྱས་གླིང་གི་ལོ་རྒྱུས།

དབུས་ཀྱི་ཕག་རུམ་མཆོད་རྟེན།

རྩ་ཞོལ་ཤང་གད་ཧོར་གྲོང་ཚོའི་མངའ་ཁོངས་གཡུ་བོ་གྲོང་ཚོའི་ནང་གནས་ཡོད་པའི་གནའ་བོའི་རྡོ་བརྐོས་མཆོད་རྟེན།

ཉི་ལྕང་བཤད་གྲྭ་རབ་རྒྱས་གླིང་གི་ལོ་རྒྱུས།

 

བརྒྱུད་སྐུལ།

མཆན་སྤེལ།