མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དུ་ གྱུར་པའི་མཛད་སྒོ་དེ་ནི་མི་ལོ་ སྟོང་གི་གོང་སྟེ། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་ སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ ལྷུན་གྱིས་གྲུབ་པའི་གཙུག་ཁང་ལག་ ཁང་གསར་བཞེངས་ལེགས་གྲུབ་བྱུང་ ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དེ་ ཕྱིར་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་ གནང་བ་དང་འབྲེལ། གུ་རུ་པད་མ་འབྱུང་གནས་ཀྱིས་ལྷ་ སྲིན་གདུག་པ་ཅན་དམ་ལ་བཏགས་པའི་ དུས་དང་བསྟུན་ནས། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོ ང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུ ན་ལ་བསང་གི་བརྔན་པའི་དུས་བཟང་དེ ར། འཛམ་གླིང་སྤྱི་བསང་ཞེས་སུ་གྲགས།
གཙོ་བོ་བོད་དབུས་གཙང་ཁུལ་དུ་བོ ད་ཟླ་ལྔ་པའི་ཚེས་བཅོ་ལྔར་འཛམ་གླི ང་སྤྱི་བསང་ཞེས་པའི་དུས་སྟོན་ཞི ག་གཏོང་སྲོལ་ཡོད་ཅིང༌། དེ་ནི་ཟླ་བ་ལྔ་པ་སྤྲེལ་ཟླ་དེར་ གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ ནས་ལས་བསྐུལ་བས་བསམ་ཡས་ལེགས་བསྒྲུ བས་ཟིན་པའི་གཏང་རག་ཏུ་ཧས་པོ་རི འི་རྩེར་རྒྱགས་རྔན་ལྷ་བསང་གི་ འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ ་ཆེར་གནང་བའི་དུས་ཚོད་དང༌། མུ་ནེ་བཙན་པོས་ཆོས་འཁོར་གསུམ(ལྷ ་ས། ཁྲ་འབྲུག བསམ་ཡས)ལ་སྡེ་སྣོད་གསུམ་གྱི་མཆོ ད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་ འདུལ་བའི་མཆོད་པ་ཞེས་གྲགས་པ་དེ འི་ལམ་སྲོལ་འཛིན་པའི་རྗེས་དྲན་ གྱི་ཟླ་བ་དེའི་ཡར་ངོའི་ཚེས་ཆ་ གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་ དབྱར་གསོལ་ཞེས་གནས་ཆུང་ཆོས་རྒྱ ལ་ཆེན་པོ་དང༌། དགའ་གདོང་ཤིང་བྱ་ཅན་སོགས་གཞུང་ བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོ ལ་ལྷ་ཚེས་རྒྱས་པ་དང་འབྲེལ་རྩེའི ་སྐུ་ཚབ་མཁན་ཆེ་དང༌། ཡིག་ཚང་ནས་སྦུག་དམ་ལུང་ཞུ། སྒྲོན་དར། བཀའ་བློན་གྱིས་གཙོས་ཤོད་སྐོར་ཡོ ངས་རྫོགས་ཕེབས་ཏེ་ཆོས་སྐྱོང་ཆེ ན་པོར་སྒྲོན་དར། ཞལ་ཇ་གསེར་ཕུད་སོགས་འབུལ་གནང་གི ས་རྒྱལ་བསྟན་ཆབ་སྲིད་སྐོར་བཀའ་ ལུང་བསྩལ་ཏེ་གཞུང་ཞབས་རྣམས་ཕྱི ར་ལོག དབྱར་གསོལ་རྗེས་འབྲེལ་དགའ་སྟོན་ གྱི་སླད་ལས་ཁུངས་སོ་སོས་སྤྲོ་ཆུ ང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོ ལ་ཡོད་པ་བཅས་ཀྱི་ཐོག་དུས་དེར་ལྷ ་ས་ཁུལ་དུ་གནམ་གཤིས་དྲོ་ལ་རྩི་ ཤིང་ལོ་འདབ་རྒྱས་པ། མེ་ཏོག་བཞད་ཅིང་ཆརརྒྱུན་གྱི་འགོ ་ཚུགས་པ། ཁུ་བྱུག་གི་གྲེ་འགྱུར་རྣ་བར་འཇེ བས་པ། ཞིང་ལས་བྲེལ་བ་འཇགས་ཐོག་ཟས་རི གས་སོས་པ་ཁྲོམ་རར་དོན་པ་སོགས་ཀྱི ་སྐབས་ཡིན་པས་གྲོང་ཁུལ་ཁོར་ཡུག་ གི་གླིང་ཁ་རྣམས་སུ་དབྱར་སྐྱིད་ སྤྲོ་གསེང་ལ་རོལ་བའི་སྐྱེ་བོ་རྣ མས་གུར་རམ་རས་ཡོལ་གྱིས་བསྐོར་ ནས་ཞིམ་མངར་བཟའ་བཏུང་ལ་རོལ་བཞི ན་པར་སྙན་འཇེབས་ལྡན་པའི་རོལ་དབྱ ངས་ཀྱི་ཁྲོད་དུ་གཞས་དང་ཞབས་བྲོ ས་ཁེངས་པ་དང༌། ལ་ལས་གུར་ནང་ཞག་སྡོད་ཉིན་བཅུ་གྲ ངས་ཀྱང་བྱེད་ཀྱི་ཡོད། ལྷག་པར་ཚེས་བཅོ་ལྔ་ཉིན་ལྷ་སའི་ སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ ་ནས་སྐུ་གསོལ་ཞུ་བ་དང༌། ལྷ་ས་བ་རྣམས་ཀྱིས་རྒྱན་གོས་གཟབ་ འཕྱོར་གང་ལེགས་སྤྲས་ཏེ་དཔལ་ལྷ་ ལྕོག་དང༌། གཙང་པོའི་འགྲམ། གླིང་བསྐོར། རི་རྩེ་སོགས་སུ་བསྐྱོད་དེ་ལྷ་སྲུ ང་སྤྱི་ལ་བསང་གསོལ་གཟབ་རྒྱས་བྱེ ད་པ་དང་འབྲེལ་ལྷ་སའི་ཉེ་འདབ་གླི ང་ཁ་སོ་སོར་སྤྲོ་སྐྱིད་གླིང་ཁ་ གཏོང་བ་བཅས་བྱེད་ཅིང༌། ད་དུང་གྲོང་ཁྱེར་གྱི་ཤར་ངོས་ཀརྨ ་ཤག་གླིང་ཁར་གུར་ཕུབ་པའི་ནང་ཀརྨ ་ཤག་ཆོས་སྐྱོང་དང་རགས་རྒྱབ་བཙན་ ཁང་གི་ཆོས་སྐྱོང་གཉིས་ཁོག་ཞུགས་ ལ་ལྷ་མི་བ(ལྷ་དེ་གཉིས་ལ་གསོལ་ མཆོད་བྱེད་མཁན་གྱི་ཚོགས་པ)ཚོས་ ཆང་ཕུད་བཏེགས་ཤིང༌། གླུ་གཞས་གཏོང་བ་སོགས་འདུ་འཛོམས་ ཆེ་བ་དང༌། དེ་མིན་ད་དུང་གྲོང་ཁུལ་གྱི་བཙན་ ཁང་ཚང་མར་སོ་སོའི་ལྷ་མི་བ་འཛོ མས་ཐོག་ལྷ་ཕེབས་ཀྱི་ཡོད་པའི་ནང་ དར་པོ་གླིང་བཙན་ཁང་དུ་དགྲ་ལྷ་སོ གས་ལྷ་ཁག་བདུན་ཕེབས་ཏེ་འཆམ་ཡང་ རྒྱག་གི་ཡོད། །
དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲ ངས།