འུ་ཤང་རྡོ་རིང་དང་། སྐར་ཆུང་ཤང་རྡོ་རིང་།

འུ་ཤང་རྡོ་རིང་དང་། སྐར་ཆུང་ཤང་རྡོ་རིང་།
ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་སྔ་རྗེས་སོ་སོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་། བཅུ་བཞི་པ་ཆེན་པོ་མཆོག དེ་བཞིན་རྒྱལ་ཚབ་སྲིད་བཀས་མཚོན་པའི་དྲུང་སྐྱ་སེར་རིགས་དང་། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དང་། དགོན་པ། རྡོ་རིང་སོགས་ཀྱི་པར་མང་པོ་ཞིག་བླངས་ཡོད་མོད། ཡིན་ཡང་ལོ་ཤས་ནང་དུ་སྐབས་དེའི་ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་སྔ་རྗེས་སོ་སོ་ནས་རྡོ་རིང་གི་པར་བླངས་པ་ཁག་དེང་གི་ལོ་རྒྱུས་དཔྱད་བརྗོད་པ་རེ་ཟུང་ནས་པར་དེ་མི་འདིས་བཏབ་པ་རེད་ཅེས་མ་དག་རྒྱུན་འབྱམས་ཀྱི་རྩོམ་ཡིག་ཁ་ཤས་སྤེལ་བ་མཐོང་ཐོས་སུ་གྱུར། ད་ལན་རྡོ་རིང་གི་པར་དེ་དག་ཡང་སྙིང་མི་སུས་པར་བླངས་མིན་གཤམ་གསལ། འུ་ཤང་རྡོ་རིང་།

པར་པ། ལྷ་སྡོད་དབྱིན་གཞུང་སྐུ་ཚབ་ཧིའུ་ཨི་རི་ཆར་སོན། Photographer Hugh E. Richardson
པར་ཕྱོགས་བསྡུས་པ། གོང་མཚུངས། Collection Hugh Richardson
པར་བཏབ་ལོ། Date of Photo May 1948
ས་གནས། ལྷ་སའི་ཉེ་ཁུལ། འུན་ཤང་རྡོ་རིང་། Region Lhasa Area > Ushangdo

Uninscribed pillar surmounted on a tiered base in the centre of courtyard at Ushangdo. There is a low wall directly behind the pillar on which flowers are growing. Murals are visible on the cloistered wall of the building in the background which has pillars and cross beams and windows. There is a ladder outside the window on the left. Several people can be seen looking on.

2 Attachments

 

 

 

 

ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་སྔ་རྗེས་སོ་སོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་དང་། བཅུ་བཞི་པ་མཆོག དེ་བཞིན་རྒྱལ་ཚབ་སྲིད་བཀས་མཚོན་པའི་དྲུང་སྐྱ་སེར་རིགས་དང་། རིས་མེད་བླ་ཆེན་དང་། དགོན་པ། རྡོ་རིང་སོགས་ཀྱི་པར་མང་པོ་ཞིག་བླངས་ཡོད་མོད། ཡིན་ཡང་ལོ་ཤས་ནང་དུ་སྐབས་དེའི་ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་སྔ་རྗེས་སོ་སོ་ནས་རྡོ་རིང་གི་པར་བླངས་པ་ཁག་དེང་གི་ལོ་རྒྱུས་དཔྱད་བརྗོད་པ་རེ་ཟུང་ནས་པར་དེ་མི་འདིས་བཏབ་པ་རེད་ཅེས་མ་དག་རྒྱུན་འབྱམས་ཀྱི་རྩོམ་ཡིག་ཁ་ཤས་སྤེལ་བ་མཐོང་ཐོས་སུ་གྱུར། ད་ལན་རྡོ་རིང་གི་པར་དེ་དག་ཡང་སྙིང་མི་སུས་པར་བླངས་མིན་གཤམ་གསལ། སྐར་ཆུང་ཤང་རྡོ་རིང་།

 

པར་པ། ལྷ་སྡོད་དབྱིན་གཞུང་སྐུ་ཚབ་ཧིའུ་ ཨི་ རི་ཆར་སོན། Photographer Hugh E. Richardson

པར་ཕྱོགས་བསྡུས་པ། གོང་མཚུངས། Collection Hugh Richardson

པར་བཏབ་ལོ། Date of Photo 1948-50

ས་གནས། ལྷ་སའི་ཉེ་ཁུལ། སྐར་ཆུང་རྡོ་རིང་། Region Lhasa Area > Karcung

Richardson’s orderly on a ladder propped against the inscription pillar ar Karcung. He is copying the inscription. One of the four reliquary monuments at the site is visible in the background.

པར་དེའི་ནང་གི་མི་དེ་དག་ནི་སྐབས་དེའི་དབྱིན་གཞུང་སྐུ་ཚབ་ཀྱི་ལས་བྱ་འབྲས་ལྗོངས་པ་ལེབ་ཅའི་མི་རིགས་ཀྱི་ཆས་གོས་ཡིན།

བརྒྱུད་སྐུལ།

མཆན་སྤེལ།