རྩ་ཆེའི་གནའ་དཔེ་སྣ་མང་སྤྲིན་ཀློག་ལམ་ནས་ལྟ་ཀློག་ཐུབ་པའི་གཏམ་བཟང་།

རྩ་ཆེའི་གནའ་དཔེ་སྣ་མང་སྤྲིན་ཀློག་ལམ་ནས་ལྟ་ཀློག་ཐུབ་པའི་གཏམ་བཟང་།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བོད་ཡིག་གློག་དེབ་གྲངས་མཛོད།

དེ་ལ་བཟོ་དབྱིབས་སམ་གསར་རྙིང་གི་ཆ་ནས་གནའ་དཔེ་དང་། དཔེ་དེབ་ཀྱི་རིགས་གཉིས་སུ་ཕྱེ་བ་དང་། གནའ་དཔེ་ཡོངས་རྫོགས་བཀའ་འགྱུར་དང་། བསྟན་འགྱུར། གསུང་འབུམ། ཕྱོགས་བསྒྲིགས། ཐོར་བུ་བཅས་ཀྱི་རིགས་ལྔ་རུ་དབྱེ་བ་དང་། གསུང་འབུམ་ལའང་ནང་གསེས་དབྱེ་ན། དཀར་ཆག་རིག་པ་དང་། མཁྱུད་དཔྱད་རིག་པ། གླིང་སྒྲུང་རིག་པ། སྒྲ་རིག་པ། མངོན་བརྗོད་རིག་པ། བཅའ་ཁྲིམས་རིག་པ། སྙན་ངག་རིག་པ། གཏེར་ཆོས་རིག་པ། སྡེབ་སྦྱོར་རིག་པ། ནང་དོན་རིག་པ། དམངས་སྲོལ་རིག་པ། སྨོན་མཆོད་ཆོས་ཆོག རྩིས་རིག་པ། ཚད་མ་རིག་པ། ཟློས་གར་རིག་པ། བཟོ་རིག་པ། ལོ་རྒྱུས་རིག་པ། གསོ་བ་རིག་པ་བཅས་བཅོ་བརྒྱད་དུ་ཕྱེ་ནས་བསྒྲིགས་འདུག

གནའ་དཔེ་དཔེར་ན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟ་བུར་མཚོན་ན། སྤྱིའི་ངོ་སྤྲོད་ལ།

དཔེ་དབྱིབས།   གླེགས་བམ།

ཚན་པ།   རྣམ་ཐར།

རིགས་ཁོངས།   ཐོར་བུ།

རྒྱུ་སྤུས།   བོད་ཤོག

ཡིག་གཟུགས།   དབུ་ཆེན།

ནང་དོན་གནད་བསྡུས།   དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

ལྡེབ་གྲངས།   113

དཔེ་གཞི།   པར་མ།

དམིགས་བསལ་རྟགས།   མི་རིགས་ཕོ་བྲང་ཐམ་ག

ཐག་ཡིག་ཨང་གྲངས།   13596

རྩོམ་སྒྲིག་མཁན།  

ལོ་རྒྱུས་སྨྲ་བ་བཙུན་པ་བློ་བཟང་རྒྱ་མཚོ།

ཡིག་ཕྲེང་།   6

དབུ་ཞབས་ལྷ་སྐུ།   ཡོད།

ལྡེབ་ཚད།   སྣེ་ཐིག་རྒྱ། རྒྱ༥༢.༧×༩.༨cm  སྣེ་ཐིག་རྒྱ། ༤༧×༦

བཅས་བཀོད་འདུག་ལ། གནའ་དཔེ་རྣམས་དྲ་ཐོག་ནས་གཟིགས་རྒྱུ་ལས་ལྟ་བདེའི་ཡིག་ཆའི་ཐོག་ནས་ཕབ་ལེན་གནང་མི་ཐུབ་པ་བཟོས་འདུག་ལ། ད་ལྟ་གནའ་དཔེ་ཆ་ཚང་འཇུག་འགོད་གྲུབ་རྒྱུ་རེད་འདུག་པས། གང་མྱུར་དྲ་ཚིགས་འདིའི་ཐོག་ནས་རིན་བྲལ་གྱི་གནའ་དཔེ་དུ་མ་ཞིག་མིག་གི་དགའ་སྟོན་དུ་འགྱུར་ངེས་ལགས།

གཤམ་ཟུར་དུ། དྲ་ཐོག་ནས་སྔོན་ལྟ། ཞེས་པར་མནན་ན་གནའ་དཔེ་དངོས་ལ་གཟིགས་ཐུབ་པ་བཟོས་འདུག་པར་མ་ཟད། གསལ་འདེབས། བོད་ལྗོངས་དཔེ་མཛོད་ཁང་དུ་བསྡུ་ཉར་བྱས་པའི་བོད་ཡིག་གནའ་དཔེའི་གཞི་གྲངས་མཛོད་དངོས་སུ་སྤྱོད་འགོ་ཚུགས་པ་ཡིན། དེའི་ཁྲོད་ཀྱི་གནའ་དཔེ་ཁ་ཤས་ནི་དུས་ཡུན་རིང་པོ་འགོར་བ་དང་། ཤིང་པར་གྱི་པར་རིས་མི་གསལ་བ་སོགས་ཀྱི་རྐྱེན་གྱིས་ཤན་སྦྱར་གྱི་ཡི་གེ་ལ་ནོར་འཛོལ་ཡོད་སྲིད་པས། ཀློག་པ་པོ་རྣམས་ཀྱིས་གནད་དོན་དེ་རིགས་མཐོང་ཚེ། ཡིག་སྒམ་ 836603047@qq.com འདིའི་ནང་སྐུར་རོགས་གནང་། ང་ཚོས་གང་མགྱོགས་ཀྱིས་དག་བཅོས་བྱས་ནས་ཀློག་པ་པོའི་ཐུགས་འདུན་ཚིམ་པར་བྱ་རྒྱུ་ཡིན། གསལ་འདེབས་ཀྱང་གནང་འདུག

འབྲེལ་ཐག་འདི་ནས་གཟིགས་ཐུབ། http://110.185.107.31:8200/zzqtsg/ls/%E0%BD%91%E0%BD%94%E0%BE%B1%E0%BD%B2%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%98%E0%BD%BC%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BE%B3%E0%BD%B4%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%84%E0%BD%A6?attr=rsdaTitle&restype=%E5%8F%A4%E7%B1%8D&accurate=1

༄༅།།བོད་ལྗོངས་ཀྱིས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་
རྩ་ཆེའི་གནའ་དཔེ་འབོར་ཆེན་ཉེ་ཆར་“སྤྲིན་ཀློག”ལམ་ནས་བཀླག་ཐུབ་རྒྱུ་རེད། དེ་ཡང་མི་དམངས་དྲ་བའི་འཕྲིན་ལྟར་ན། ཟླ་ ༣ ཚེས་ ༡༢ ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ།  ༢༠༡༩ ལོར་བོད་ལྗོངས་ཀྱིས་གནའ་དཔེ་པོ་ཏི་ ༦༠༠༠ ལ་ཉེ་བའི་ཡིག་ཆ་ཡོངས་ཞིབ་ཐོ་འགོད་དང་གྲངས་གཞི་ལེགས་སྒྲིག་བྱས་ནས་ཡིག་ཚགས་སུ་བཅུག་སྟེ། བོད་ཡིག་གི་གནའ་དཔེ་ཚད་ལྡན་ཡིག་ཆ་ TB6 གི་གྲངས་གཞི་ཅན་གྱི་གྲངས་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། གནའ་དཔེ་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་སྲུང་སྐྱོང་དང་བེད་སྤྱོད་གོམ་གང་མདུན་སྤོས་ངང་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་རིགས་གཅིག་མཁས་པས་ཚོད་རྩིས་བྱས་ན། མིག་སྔར་རང་རྒྱལ་གྱིས་ཉར་ཚགས་བྱས་པའི་ད་བར་གནས་པའི་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆའི་གྲངས་འབོར་ཕལ་ཆེར་ཁྲི་བཅུ་ཡན་ཙམ་ཡོད་པ་དང་། དེའི་ཁྲོད་དུ་བརྒྱ་ཆ་ལྔ་བཅུ་ཡན་ཆད་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ཡིག་ཚགས་ཁང་སོགས་གཙོ་གནད་སྲུང་སྐྱོང་སྡེ་ཚན་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་ ༧༤ ཡི་དགོན་པ་ ༡༣༠༠ ཡི་ནང་དུ་ཉར་ཚགས་བྱས་ཡོད་པ་དང་། འདས་པའི་ལོ་གཅིག་གི་ནང་དུ་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་མཉམ་དུ་སོ་སོ་ནས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི་ ༡༢༥༦ དང་པོ་ཏི་ ༨༨༤ ཞིབ་བཤེར་ཐོ་འགོད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ནོར་བུ་གླིང་ཁ་བཅས་ཁྱོན་གནའ་དཔེ་ཚད་ལྡན་ཡིག་ཆ་པོ་ཏི་ ༣༤༤༥ ཡོངས་ཞིབ་གྲངས་གཞི་སྤྱི་བསྡོམས་དང་། ལེགས་སྒྲིག ཕབ་འཇུག་བྱས་པ་རེད། གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་པོ་ཏི་ ༡༡༨༨ ཡོངས་ཞིབ་བྱས་པ་དང་། གཏོར་སྐྱོན་ཕོག་པའི་ཤོག་ངོས་ ༥༣༢ ལ་ཉམས་གསོའི་ལས་དོན་ལེགས་འགྲུབ་བྱུང་ཡོད།
གཞན་ཡང་། རྩ་ཆེ་བའི་གནའ་དཔེ་དག་ལ་དོན་ངོ་མར་གསོན་ཤུགས་རྒྱས་སུ་འཇུག་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་ནས། མིག་སྔར་པོ་ཏི་ ༡༦༧ གྱི་ཤོག་གྲངས་ ༢༤༡༢༦ དང་། བསྡོམས་འབོར་ TB5.94 ཡི་རྩ་ཆེའི་བོད་ཡིག་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་གྲངས་གཞི་ཅན་གྱི་གྲངས་གཞིའི་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད།
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས། བོད་ཡིག་གནའ་དཔེ་གྲངས་གཞི་ཅན་གྱི་ལས་ཀའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཆེད། མིག་སྔའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཉར་ཚགས་གལ་ཆེ་དང་བེད་སྤྱོད་ཉུང་ངུ་ཡི་རྣམ་པ་བསྒྱུར་བཅོས་བྱ་རྒྱུ་ཡིན་ཏེ། འཆར་གཞི་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་རྩ་ཆེའི་གནའ་དཔེ་ཚད་ལྡན་ཡིག་ཆའི་གྲངས་གཞི་ཅན་གྱི་གྲངས་མཛོད་ཉེ་ཆར་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་མ་ཟད་ཀློག་པ་པོས་དྲ་ཐོག་ནས་གཟིགས་ཐུབ་པས། སྐབས་དེར་མང་ཚོགས་ཀྱི་གྲངས་གཞི་ཅན་གྱི་གནའ་དཔེ་ལྟ་ཀློག་གི་དགོས་མཁོ་སྔར་ལས་ལྷག་པར་བསྐང་ཐུབ་རྒྱུ་རེད། ཅེས་བཤད།
གྲངས་གཞི་ལས་མངོན་གསལ། མིག་སྔའི་བར། བོད་ལྗོངས་སུ་བོད་ཡིག་ཡིག་ཚགས་པོ་ཏི་ ༡༨༠༠༠ ཡོངས་ཞིབ་བྱས་ཟིན་པ་དང་། ཡིག་ཚགས་པོ་ཏི་ ༢༩༡ ནི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག་ནང་བདམས་ཐོན་བྱུང་ཡོད། གངས་ལྗོངས་གནའ་དཔེ་གཏེར་མཛོད་སོགས་དེབ་བཅུ་ཡི་བོད་ཡིག་གནའ་དཔེ་ཡོངས་ཞིབ་སྲུང་སྐྱོབ་གྲུབ་འབྲས་ཀྱི་མུ་འབྲེལ་དཔེ་ཚོགས་རྩོམ་སྒྲིག་པར་སྐྲུན་བྱས་ཟིན་པ་དང་། རིམ་རྩིས་བྱས་ན་འཇིག་ཉེན་ཆེ་བའི་གནའ་དཔེ་ཤོག་གྲངས་ ༣༠༠༠ ཙམ་ཉམས་གསོ་བྱས་པ་དང་། གཞི་རིམ་གྱི་གནའ་དཔེ་ཉར་ཚགས་སྡེ་ཁག་ ༡༤ ཡི་ཆ་རྐྱེན་ལེགས་བཅོས་རྣམ་གྲངས་ལེགས་འགྲུབ་བྱུང་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།