རྩོམ་པ་པོ། དྷཱིཿལྷ་ལྡན།
དེ་བས་རང་ཅག་བོད་ཀྱི་རིག་གནས་དར་རྒུད་ཀྱི་ལོ་རྒྱུས་ལ་དྲན་སོས་བྱེད་སྐབས་དབང་མེད་དུ་ཡིད་ལ་འཆར་ཡོང་བ་ནི་སྔོན་བྱོན་ལོ་ཙཱ་པ་དེ་དག་ཡིན་ཞིང་། བོད་ཀྱི་ཆོས་དང་རིག་གནས་ཀྱི་ཟུར་ཙམ་གླེང་བའམ། པོ་ཏི་རེ་རེའི་ཞལ་ཁ་ཕྱེ་ཙམ་ནས་དབང་མེད་དུ་ཡིད་ནས་དྲན་ཡོང་བའང་ལོ་ཙཱ་བ་བཀའ་དྲིན་ཅན་དེ་དག་ཡིན་ཏེ། ཁོང་ཅག་གི་སྐུ་དྲིན་ཁོ་ན་ལས་ད་ཆ་འཛམ་གླིང་རིག་གནས་ཀྱི་འགྲན་རྩོད་ཆེན་པོའི་ནང་རོལ་ནས་ང་ཚོ་ལའང་བོད་ཀྱི་རིག་གནས་ཞེས་པ་ཞིག་ཡོད་པར་གྱུར་ཅིང་། གདན་གྲུ་བཞི་གཅིག་ཏུ་ལྷོད་པོར་བསྡད་ནས་ཀློག་ཆོག་ཆོག་གི་འཛད་མཐའ་མེད་པའི་རིག་གནས་རི་བོའི་གཏོས་དང་མཉམ་པ་ཞིག་ཀྱང་ང་ཚོའི་སྐལ་བར་བསྐྲུན་པར་བྱས་པས་སོ། །
བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་དཔའ་བོ་གཙུག་ལག་ཕྲེང་བས། “དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བའི་ཆ་ཙམ་ཡང་། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཕེར། །”ཞེས་གང་གསུངས་པ་ཡང་ཐུགས་མད་པའི་གཏམ་དུ་སྣང་ངོ་། །
དེས་ན་ལོ་པཎ་དེ་དག་གིས་བོད་དུ་ཇི་ལྟར་རིག་གནས་གདན་དྲང་ཚུལ་དང་། གཙུག་ལག་གཉིས་ཀྱི་རྨང་གང་ལྟར་བཏིང་ཚུལ། ཧི་མ་ལ་ཡའི་རི་ཚོགས་ཀྱི་བཤུལ་ལམ་རིང་མོ་ནས་སྐུ་ངལ་གང་འདྲ་མྱོང་ཚུལ་སོགས་དང་། ད་དུང་བོད་སིལ་བུའི་སྐབས་ཡས་མས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་སྟངས་དང། རིག་གནས་འཕེལ་འགྲིབ་སོགས་ཀྱི་གནས་ལ་ཚུལ་ལྟ་བའི་མེ་ལོང་ལྟ་བུའི་ལོ་པཎ་གྱི་རྣམ་ཐར་དག་དེབ་ཏུ་བསྒྲིག་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་རིང་མོའི་དུས་ནས་སྨོན་སྨོན་པ་ལས། ད་ཐེངས་དེབ་ཕྲེང་དང་པོ་བདུན་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་ཡོད།
ཞུ་དག་གི་བརྒྱུད་རིམ་དང་། ནང་གི་སྒྲིག་བཀོད། ཕྱིའི་རྒྱུ་སྤུས་སོགས་ནི་ཤིན་ཏུ་ཞིབ་ཅིང་ཕུན་སུམ་ཚོགས་པ་ཞིག་ལ་འབད་པར་བྱས་ཡོད་དེ། དེ་ཡི་ངོ་སྤྲོད་སོགས་ཞིབ་པར་དཔེ་དེབ་རང་གི་མགོ་བརྗོད་དུ་གསལ་བོར་བཀོད་ཡོད། དཔེ་ཚོགས་ཀྱི་དེབ་ཕྲེང་ཆ་ཚང་ངེས་པར་ལྷན་དུ་ཉོ་དགོས་པ་དེ་ནི་ཀློག་པ་པོ་དག་ལ་མཚོན་ན་ཤིན་ཏུ་དཀའ་ངལ་ཞིག་ཡིན་པ་རང་མྱོང་གིས་གྲུབ་པས། འདིར་དེབ་བདུན་ཆ་ཚང་བའམ། ཡང་ན་རང་གང་ལ་མོས་པའི་དེབ་རེ་རེ་གཉིས་རེ་བླུས་ནའང་ཆོག་པར་བྱས་ཡོད། དེབ་ཕྲེང་དག་ཏུ་འཁོད་པའི་བརྩམས་ཆོས་དང་། དེ་དག་མཛད་པ་པོ་དག་ནི་གཤམ་གསལ་ཏེ།
༢ ཨུ་རྒྱན་པའི་ཨུ་རྒྱན་ལམ་ཡིག། ཨུ་རྒྱན་པ་ངག་དབང་རྒྱ་མཚོ།
༣ མན་ལུང་གུ་རུའི་ལམ་ཡིག། མན་ལུང་གུ་རུ།
༤ བལ་ཡུལ་ལ་ཐེགས་དུས་ཀྱི་མ་ཡིག་སྙན་ངག་རྩོམ་འཕྲོ་ཅན། ལྷས་མཐོང་ལོ་ཙཱ་བ།
༥ བལ་ཡུལ་གྱི་སྐོར་པཎྜི་ཏའི་གསུང་ལས་བྱུང་བ། ལྷས་མཐོང་ལོ་ཙཱ་བ།
༦ བལ་ཡུལ་གནས་ཡིག། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།
༧ རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་གནས་ཡིག། དགེ་འདུན་ཆོས་འཕེལ།
༨ འགྲོ་མགོན་ཏི་ཤྲཱི་རས་པའི་རྣམ་ཐར། རས་པ་དཀར་པོ།
དེབ་གཉིས་པ། བསྟན་པ་སྔ་དར་སྐབས་ཀྱི་ལོ་པཎ་རྣམ་ཐར་སྐོར།
༢ ཏུན་ཧོང་ལས་བྱུང་བའི་གནུབས་ནམ་མཁའི་སྙིང་པོའི་སྐོར།
༣ སློབ་དཔོན་པདྨའི་རྣམ་ཐར་ཆོས་འབྱུང་ནོར་བུའི་ཕྲེང་བ། ཉང་ཉི་མ་འོད་ཟེར།
༤ མཁན་ཆེན་ཞི་འཚོའི་རྣམ་ཐར། འཇུ་མི་ཕམ།
༥ སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན། རྗེ་བཙུན་ཏཱ་ར་ན་ཐ།
༦ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ། བསྟན་གཉིས་གཡུང་དྲུང་གླིང་པ།
༧ གནུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རང་རྣམ། གནུབས་ཆེན་སངས་རྒྱས་ཡེ་ཤེས།
༨ ཤུད་བུ་དཔལ་གྱི་སེངྒེའི་རྣམ་ཐར། སྤྲུལ་སྐུ་མི་འགྱུར་རྡོ་རྗེ།
གསུམ། དེབ་གསུམ་པ་ཇོ་བོ་སྨྲིར་ཏི་སོགས་ཀྱི་སྐོར།
༢ རོང་ཟོམ་ཆོས་ཀྱི་བཟང་པོའི་རྣམ་ཐར། ཁོང་གི་དངོས་སློབ་ཡོལ་ལྕགས་རྡོ་རྗེ་དབང་ཕྱུག།
༣ རོང་ཟོམ་གྱི་རྣམ་ཐར་ཡལ་འདབ་བཞི་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག།
༤ འབྲོག་མི་ལོ་ཙཱའི་རྣམ་ཐར། རྗེ་བཙུན་གྲགས་པ་རྒྱལ་མཚན།
༥ བ་རི་ལོ་ཙཱའི་རྣམ་ཐར། ས་སྐྱ་བསོད་ནམས་རྩེ་མོ།
༦ རྒྭ་ལོ་སྔ་མའི་རྣམ་ཐར། ཞང་བརྩོན་འགྲུས་གྲགས་པ།
༧ རྒྭ་ལོ་ཕྱི་མའི་རྣམ་ཐར་དང་གདུང་རབས། ཤེས་རབ་སེངྒེ།
༨ མར་པ་ལོ་ཙཱའི་རྣམ་ཐར། གཙང་སྨྱོན་རུས་པའི་རྒྱན་ཅན།
༢ ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར། གུ་གེ་གྲགས་པ་རྒྱལ་མཚན།
༣ ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར། ཁོང་གི་དངོས་སློབ་གུ་གེ་ཁྱི་ཐང་པ།
༤ རྔོག་ལོ་ཆེན་པོའི་རྣམ་ཐར། ཁོང་གི་དངོས་སློབ་གྲོ་ལུང་པ།
༥ རྔོག་ལོ་ཆེན་པོས་བསྟན་པ་ཇི་ལྟར་སྐྱོང་ཚུལ། པཎ་ཆེན་ཤཱཀྱ་མཆོག་ལྡན།
༢ རྗེ་ཤཱཀྱ་ཤྲཱིའི་རྣམ་ཐར། ཁོང་གི་དངོས་སློབ་ཁྲོ་ཕུ་ལོ་ཙཱ་བ།
༣ པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་རིན་ཆེན་ཕྲེང་བ། མངྒ་ལཾ་ཏཥྛི་མ་ཁ་ཨོ་རྒྱན།
༤ ཁྲོ་ཕུ་ལོ་ཙཱ་བ་ཡབ་སྲས་མཇལ་བ། ཁྲོ་ཕུ་ལོ་ཙཱ་བ་ཉིད་ཀྱིས་མཛད།
༥ པཎ་ཆེན་མི་ཏྲ་ཛོ་གིའི་རྣམ་ཐར། རྒྱལ་ཁམས་པ་གྲགས་པ་རིན་ཆེན།
༦ པཎ་ཆེན་ཤྲཱི་པུ་ཏྲའི་རྣམ་ཐར། ཁོང་གི་དངོས་སློབ་རྒྱལ་ཁམས་པ་གྲགས་པ་རིན་ཆེན།
༢ འགོས་ལོའི་རྣམ་ཐར། ཁོང་གི་དངོས་སློབ་སྨོན་ལམ་གྲགས།
༣ འགོས་ལོའི་རྣམ་ཐར། ཁོང་གི་དངོས་སློབ་ཞྭ་དམར་ཆོས་ཀྱི་གྲགས་པ།
༢ བུ་སྟོན་ལོ་ཙཱ་བའི་རྣམ་ཐར། ཁོང་གི་དངོས་སློབ་ཐུགས་སྲས་ལོ་ཙཱ་བ།
༣ ཐུགས་སྲས་ལོ་ཙཱ་བའི་རྣམ་ཐར། ཁོང་གི་དངོས་སློབ་ཤཱཀྱ་དཔལ།
༤ ཞ་ལུ་ལོ་ཙཱ་བའི་རྣམ་ཐར། ཁོང་གི་དངོས་སློབ་སྐྱོགས་བཙུན་དཔལ་ལྡན་རིན་ཆེན།