ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་གཞོང་གཞོང་(རྡོ་རྗེ་གདན་)དགོན་པ།

དགོན་གྱི་གནས་གཞི་ངོ་སྤྲོད།

གཞོང་གཞོང་དགོན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་རྣམ་གླིང་རྫོང་ཆབ་འོག་གྲོང་ཚོར་གནས་ཡོད་ཅིང་རྣམ་གླིང་རྫོང་ནས་ཤར་ལྷོ་ངོས་སྤྱི་ལེ་དྲུག་ཙམ་གྱི་སར་དགོན་དེ་ཆགས་ཡོད།

ཤངས་པ་བཀའ་བརྒྱུད་ངོ་སྤྲོད།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དང་བཀའ་བརྒྱུད་ཀྱི་ཐོག་མ་དྭགས་པོ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་ལས་མཆེད་པ། དྭགས་པོ་བཀའ་བརྒྱུད་གྲུབ་ཆེན་ཏེ་ལོ་པ་དང་ན་རོ་པའི་བཀའ་བརྒྱུད་པ་ལས་མཇུག་ཏུ་ཆེ་བཞི་ཆུང་བརྒྱད་དུ་ཕྱེ་བ། ཤངས་པ་བཀའ་བརྒྱུད་མཁས་གྲུབ་ཁྱུང་པོས་གསོལ་འབྱེད་པའི་ནི་གུ་མའི་བཀའ་བརྒྱུད་པ་དུས་རབས་བཅུ་བཞི་པ་ནས་ཕྱི་རྐྱེན་ནང་རྐྱེན་སོགས་ཀྱི་རིམ་བཞིན་ཉམས་རྒུད་དུ་སོང་རྗེས་བརྒྱུད་འཛིན་ཆད་ལ་ཉེ་བའི་མཚམས་སུ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་གིས་དུས་རབས་བཅུ་དགུ་ཙམ་ལ་སླར་ཡང་ཤངས་པ་བཀའ་བརྒྱུད་ཀྱི་ཉམས་ལེན་དང་བཅས་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བར་མཛད་ནས་སྡེ་དགེ་དཔལ་སྤུངས་དགོན་འདི་ཤངས་པའི་གདན་ས་གཉིས་པར་གྱུར། རྗེས་སུ་བླ་མ་རྡོ་རྗེ་འཆང་ཀ་ལུ་རིན་པོ་ཆེ་མཆོག་ནས་ཤངས་པའི་ཉམས་ལེན་དང་བརྒྱུད་འཛིན་གྱི་གཙོ་བོའི་འགན་བཞེས་ནས་ད་བར་མ་ཉམས་པར་གནས་ཡོད།

ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་གཞོང་གཞོང་(རྡོ་རྗེ་གདན)དགོན་པ།

དགོན་གྱི་གནས་གཞི་ངོ་སྤྲོད།

གཞོང་གཞོང་དགོན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་རྣམ་གླིང་རྫོང་ཆབ་འོག་གྲོང་ཚོར་གནས་ཡོད་ཅིང་རྣམ་གླིང་རྫོང་ནས་ཤར་ལྷོ་ངོས་སྤྱི་ལེ་དྲུག་ཙམ་གྱི་སར་དགོན་དེ་ཆགས་ཡོད།

དགོན་གྱི་ལོ་རྒྱུས་མདོ་ཙམ།

གཞོང་གཞོང་དགོན་མཚན་རྒྱས་པར་གཞོང་གཞོང་རྡོ་རྗེ་གདན་ཞུ་ཞིང་བོོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་བོད་རུ་ཆེན་བཞིའི་ཡ་གྱལ་གཡས་རུ་སྟེ། གཡས་རུའི་ལྟེ་བ་ཤངས་ཀྱི་གཞོང་པ་ཚལ་ཞེས་གཞོང་པ་ཚལ་ནི་ད་ལྟའི་གཞོང་གཞོང་དགོན་གྱི་གནས་གཞི་དེ་ཡིན་པར་གྲགས། གཞོང་གཞོང་དགོན་འདི་ཐོག་མར་༡༡༢༡ལོར་ཤིང་རྟའི་སྲོལ་འབྱེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ་གནང་ཞིང་གཞན་ཡང་བོད་ཁུལ་དུ་དགོན་གནས་བརྒྱ་དང་རྩ་བརྒྱད་ཕྱག་བཏབ། དེའི་ནང་ནས་གཞོང་གཞོང་དགོན་འདི་ཤངས་པ་བཀའ་བརྒྱུད་ཀྱི་གདན་ས་མཛད་ཅིང་ཕྱག་བཏབ་སྐབས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཁོང་དགུང་གྲངས་བརྒྱ་དང་སུམ་ཅུར་ཕེབས་པ་ལོ་རྒྱུས་ནང་གསལ། དགོན་དེ་ཕྱག་བཏབ་ནས་ད་བར་ལོ་ངོ་༨༩༦ཙམ་ཕྱིན། དགོན་འདི་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདན་སའམ་མ་དགོན་ཡིན། མཁས་གྲུབ་ཁོང་གི་སྐུ་དུས་སུ་དགོན་པའི་གཞི་ཁྱོན་ཧ་ཅང་ཆེ་ཞིང་དགོན་པ་ཤར་དང་ནུབ་དུ་ཕྱེ་སྟེ། སྐབས་དེར་དགོན་པའི་ཚོགས་དུང་ཡང་ཤར་ནུབ་ཏུ་ཆིབས་རྟ་བཞོན་ནས་གཏོང་བའི་བཤད་སྲོལ་ཡང་འདུག། གཞོང་གཞོང་དགོན་དེ་གནའ་རབས་སུ་ད་ལྟའི་ལྔ་རིག་ནང་བསྟན་སློབ་གླིང་དང་འདྲ་བར་གཞི་ཁྱོན་ཆེ་ལ་མཁས་གྲུབ་ཀྱི་སྐུ་དུས་སུ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་སོགས་ནས་སློབ་མ་དགེ་འདུན་ཁྲི་ཚོ་བརྒྱད་ཙམ་འདུས་པར་གྲགས་ཏེ་སློབ་མ་གྲགས་ཆེ་བར་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། འཇག་ཆེན་བྱམས་པ་དཔལ། མཁས་གྲུབ་གཙང་མ་ཤངས་སྟོན་སོགས་མང་དུ་བྱོན། སྐབས་དེར་སློབ་མ་མང་དག་ཅིག་གདམས་པ་ཞུས་རྗེས་རང་གནས་སུ་ལོག་འགྲོ་བའི་བཤད་སྲོལ་ཡང་འདུག། མཐར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་གྲངས་བརྒྱ་དང་ལྔ་བཅུར་སྐུ་བཞི་བར་བཤེགས།

ཕྱིས་སུ་རིམ་བཞིན་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་བླ་མ་སྐྱེས་ཆེན་དམ་པ་མང་པོས་ཤངས་པའི་ཆོས་བརྒྱུད་འཛིན་ནས་གདན་ས་བསྐྱངས། ལོ་རྒྱུས་འཕེལ་རིམས་འོག་གཞོང་གཞོང་དགོན་འདི་དགའ་ལྡན་ཕོ་བྲང་དུས་སྐབས་ཏེ་སྤྱི་ལོ་༡༧༡༧ལོར་སོག་པོ་ཇུན་གར་བས་གཏོར་སྐྱོན་ཚབས་ཆེན་བཏང་ཞིང་ཤངས་པ་བཀའ་བརྒྱུད་ཀྱང་དུས་རབས་བཅུ་བཞི་པ་ཙམ་ནས་རིམས་བཞིན་ཉམས་རྒུད་དུ་སོང་བ་དང་དགོན་གྱི་ཆ་ཤས་ཅུང་ཟད་ཡོད་པ་འདི་སླར་ཡང་རིག་གསར་སྐབས་གཏོར་སྐྱོན་ཕོག་ནས་རྗེས་སུ་ཁྱུང་པོའི་ཡང་སྤྲུལ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་མཆོག་གིས་ཤངས་པ་བཀའ་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ཀ་ལུ་རིན་པོ་ཆེའི་དགོངས་པ་བཞིན་སྐུ་ངལ་ཁྱད་དུ་བསད་དེ། སྐབས་ཤིག་སྦྲ་གུར་ནང་བཞུགས་ཤིང་དགོན་འདི་དགོན་རོ་ཙམ་ནས་ས་གང་རྡོ་རེ་བྱས་ཏེ་ཐོག་བརྩེགས་གསུམ་ལྡན་གྱི་གཙུག་ལག་ཁང་དུ་རིམས་པས་ཉམས་གསོ་མཛད་ནས་སྔར་མང་ཚོགས་ཁྲོད་གྱར་བའི་རིག་དངོས་བསྡུ་རུབ་དང་དགེ་འདུན་བསྡུས་ནས་རིམ་བཞིན་དགོན་གནས་འདི་སླར་གསོ་མཛད་ཅིང་། དཔལ་ལྡན་ཤངས་པའི་བསྟན་པ་གཙང་གི་གཡས་རུའི་ལྟེ་བ་གཞོང་པ་ཚལ་ན་སླར་ཡང་མ་ཉམས་པར་བསྐྱངས་གནང་སྟེ་རྗེས་སུ་དགུང་གྲངས་བདུན་ཅུ་སྤྱི་ལོ་ ༢༠༠༦ ལོར་སྐུ་བཤེགས།
དེ་རྗེས་ཁམས་ཕྱོགས་ལྷ་རྩེ་སྐྱབས་མགོན་གྱིས་མ་དངུལ་འགྲོ་སོང་ཞལ་འདེབས་འོག་གཞོང་གཞོང་དགོན་གྱི་དགེ་འདུན་རྣམས་ཀྱིས་སླར་ཡང་དགོན་གནས་དང་སྐུ་འདྲ་གསར་དུ་བཞེངས་རྗེས་ཨར་འདམ་ལས་གྲུབ་པའི་དགོན་གྱི་གཞི་ཁྱོན་འདི་ད་ལྟ་མཇལ་ཐུབ།

གཞོང་གཞོང་དགོན་གྱི་རི་འདེབས་མཁའ་འགྲོའི་གནས་སྲིན་མོ་བྲག་ལ་མཁས་གྲུབ་ཁྱུང་པོས་རྫུ་འཁྲུལ་གྱིས་ཟངས་ཐལ་ལ་ཕེབས་ཤུལ།

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་མཁས་གྲུབ་ཁྱུང་པོའི་སྐུ་རུས་དང་རིང་བསྲེལ་གཟུངས་དུ་ཕུལ་བའི་མཆོད་རྟེན།

 

རྣམ་གླིང་ར་ཐང་ཡུལ་ཤོག་ཏུ་ཡོད་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ཐུགས་སྲས་ཆེན་པོ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་་གྱི་གདན་ས་རྨོག་ལྕོག་སྒྲུབ་ཁང་།

 

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་ཆེན་པོའི་ཐུགས་སྲས་འཇག་ཆེན་བྱམས་པ་དཔལ་གྱི་དགོན་གནས་འཇག་ཆེན་དང་། འཇག་ཆུང་གྱི་དགོན་ཤུལ།

ཡང་སྤྲུལ་ཁྱུང་པོ་ཚུལ་ཁྲིམས་མགོན་པོས་(ཁྱུང་པོ་རེན་པོ་ཆེ་དང་གཞོང་གཞོང་རིན་པོ་ཆེ་ཡང་ཞུ་)སྔར་གྱི་ཁྱུང་པོའི་གདན་ས་ཉམས་བཞེངས་མཛད་པའི་གཞོང་གཞོང་དགོན།

གཞོང་གཞོང་དགོན་གྱི་ཉེ་འཁོར་ཡུལ་ལྗོངས།

བརྒྱུད་སྐུལ།

མཆན་སྤེལ།