ལ་སྟོད་ལྷོ་ཤེལ་དཀར་ཆོས་སྡེ འི་མཁན་ཆེན་གླིང་ག་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་འཛིན ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་(༡༨༥༦-༡༩༣༢) སྐུ་པར། ཕྱི་ལོ་ ༡༩༢༡ ལོར་པར་དུ་བཏབ་པ ར་གསལ།
དེ་ཡང་ཤེལ་དཀར་བཀའ་འགྱུར་བླ་མ་ངག་ དབང་བློ་བཟང་བསྟན་འཛིན་ཚུལ་ ཁྲིམས་རྒྱལ་མཚན། མཚན་གཞན་ལ་བཀྲས་བདེ་སྤྲུལ་སྐུའམ། གླིང་ག་སྐྱབས་རྗེ་ཞེས་ཀྱང་ཞུ་ཞིང་། མཁན་ཆེན་ཁོང་གི་འཁྲུངས་ཡུལ་ ནི་གང་ཉིད་གུང་གྲངས་ ༦༩ ལ་བཞེ ས་པའི་སྐབས་ཤིག་ལ་བྲིས་པའི་ རང་རྣམ་དགེ་སློང་ངག་དབང་ལོ་བཟང་ཚུལ་ཁྲིམས་གྱི་སྤྱོད་ཚུ ལ་དྲང་པོར་བརྗོད་པ་མྱོང་སྣང ་འཁྲུལ་པའི་ཟློས་གར་ལས། ད་ནི་རང་ཉིད་གང་དུ་སྐྱེས་པའི་ཡུལ་ནི་བོད་དང་བོད་ཆེན་པོ འི་རྒྱལ་ཁམས་ལ་ཆོལ་ཁ་གསུམ་དུ་གྲགས་པའི་ནང་ཚན་དབུས་གཙང་ དམ་པ་ཆོས་ཀྱི་ཆོལ་ཁའམ་འབྱུང ་ཁུངས་སུ་གྲགས་པ་འདི་ལ་ཡང་། དབུས་གཙང་རུ་བཞི་ཞེས་དབུས་ལ ་དབུ་རུ་དང་གཡོ་རུ། གཙང་ལ་གཡས་རུ་དང་རུ་ལག་སྟེ་ རུ་བཞིར་ཕྱེ་བའི་ཕྱི་མའི་ནང ་ཚན་དང་། དུད་གྲངས་ཀྱི་སྒོ་ནས་བོད་འདི་ལ་ཁྲི་སྐོར་བཅུ་གསུམ་དུ་གྲགས་པའི་གཙང་ལ་ཁྲི་སྐོར་དྲུག་ཡོད་པ ་ལས། ལ་སྟོད་ལྷོ་པ་ཁྲི་སྐོར་དུ་ག ཏོགས་པ་ཕ་དྲུག་ཅེས་ལྷོ་རོང་ གི་མཚམས་སུ་ཞེས་བྱུང་བ་ལྟར། ལ་སྟོད་ཕ་དྲུག་བཀྲ་ཤིས་འཛོམས་ གྲོང་མིང་ལ་རྒན་ཆེན་བཀྲ་ཤིས ་རབ་བརྟན་ཞེས་འབོད་པར། ཕ་ནོར་བུ་བཀྲ་ཤིས་དང་མ་སྤེན ་པ་རྒྱལ་མོའི་སྲས་སུ། རང་རྣམ་དུ་གསལ་བར་ལྟར་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག ་ལོའི་འབྲས་ལྡན་དུས་ཀྱི་ཁྲུ མ་ཟླའི་དམར་ཕྱོགས་ཀྱི་ཚེས་ལྔའི་ཉི་མ་ཚ་རྟིང་ཁར་འཁྲུངས།

དགུང་ལོ་ལྔ་པར་བཀྲས་བདེ་རྗེ ་དྲུང་དགེ་འདུན་བསྟན་པ་དར་རྒྱས་ཀྱི་ཡང་སྲིད་དུ་ངོས་བཟུ ང་། དགུང་ལོ་དྲུག་པར་ཤེལ་དཀར་ཆོ ས་སྡེར་ཆོས་ཞུགས་མཛད་པ་ནས་སློབ་གཉེར་རིམ་པར་མཛད་དེ། ཤེལ་དཀར་སྔགས་གྲྭའི་སློབ་དཔོན་དང་དབུ་མཛད་ལོ་བརྒྱད་རིང ་གནང་། དགུང་ལོ་སོ་གསུམ་པར་ཤེལ་དཀར ་དབུ་མ་མཁན་ཆུང་གི་གོ་གནས་བཞེ ས། དགུང་ལོ་སོ་བརྒྱད་པར་སྨན་ཁབ ་དཔལ་སྡིངས་དགོན་ཉམས་གསོ་མཛ ད། དགུང་ལོ་ཞེ་ལྔ་པར་གཞུང་ས་དག འ་ལྡན་ཕོ་བྲང་གི་བཀའ་ལྟར་མང འ་རིས་སྤུ་ཧྲེང་འཁོར་ཆགས་ཇོ ་བོ་རིན་པོ་ཆེ་མེ་སྐྱོན་ཉམས་ གསོ་བཀའ་དྲིན་བསྐྱངས། དགུང་ལོ་ལྔ་བཅུ་ང་གྲངས་སྐབས ་༸གོང་ས་བཅུ་གསུམ་པ་ཆེན་པོའི་གཟིམས་ཆུང་མཇལ་ཁ་དང་བཅས། བྱང་ཆུབ་ལམ་རིམ་འཆད་ཉན་གང་ཐུབ་བྱེད་དགོས་པའི་བཀའ་སློབ་ སྩལ། དགུང་ལོ་དྲུག་ཅུར་གཞུང་སའི་ བཀའ་རྒྱ་བཞིན་བཀའ་འགྱུར་གྱི ་ལྗགས་ལུང་རྒྱ་ཆེར་སྤེལ། དགུང་ལོ་རེ་ལྔ་པར་༸གོང་ས་བཅུ་གསུམ་པའི་བཀའ་དགོངས་བཞིན་ གཙང་འགྲམ་བྱེ་མ་ལྷ་ཁང་གི་ཡུ ལ་འཁོར་ལོ་ཉེས་འཁྲུག་རྩོད་ཞི་བར་མཛད། དགུང་ལོ་དོན་གཉིས་པར་ལྷ་རྩེ ་རྒྱང་དམར་གཙུག་ལག་ཁང་ཉམས་གསོའི་ཨར་ཆོག་མཛད། རྗེ་འདིའི་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚད་ལྡན་སྐྱེས་ཆེན ་བླ་མ་མང་པོ་ཞིག་བསྟེན་པ་ལས་ གཙོ་བོ་ཡོངས་འཛིན་གཏིང་སྐྱེ ས་སྤྲུལ་སྐུ་དང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་ རྡོ་རྗེ་གཉིས་ཡིན། དེ་ཡང་། རང་རྣམ་ལས་འགའ་ཞིག་ནས་སྐྱབས ་མགོན་བཀའ་དྲིན་ཅན་རྗེ་བཙུན ་དངུལ་ཆུ་བ་ཆེན་པོ་སོགས་ཚད་ ལྡན་གྱི་དམ་པ་མང་པོ་མཇལ་བས་ ཡོན་ཏན་ཅུང་ཟད་ཡོད་ཤག་གིས། སྔར་ཕྱིར་ལུང་ཁླིད་སོགས་ཆོས ་རྒྱུན་སྤེལ་དགོས་ཚུལ་ནན་ཏན ་ཆེན་པོས་ཡང་ནས་ཡང་ནས་གསུང་ བ་རྣམས་ལ་ཞེས་བྱུང་ལྟར། བླ་མའི་གཙོ་བོ་ནི་རྗེ་བཙུན་ དངུལ་ཆུ་བ་ཡིན་པར་འདུག ཁོང་གསུང་སྐྱེས་སློབ་མ་ནི་གྲངས་ཀྱི་མི་ཆོད་པ་ཡོད་ཅིང་། གསུང་རྩོམ་ལའང་ཁྲི་ཆེན་བྱང་ ཆུབ་ཆོས་འཕེལ་གྱི་རྣམ་ཐར་དག འ་ལྡན་བསྟན་པའི་མཛེས་རྒྱན། གང་ཉིད་ཀྱི་རང་རྣམ་སོགས་པར་ དུ་འཁོད་པ་པོ་ཏི་གསུམ་ཙམ་མཇ ལ་དུ་མཆིས། མཐར་བསྟན་འགྲོ་བྱ་བ་རྒྱ་ཆེར ་མཛད་དེ་དགུང་ལོ་དོན་དྲུག་ཏུ་ཕེབས་པ་ཟླ་བ་དྲུག་པའི་ཚེས ་གཅིག་ཉིན་ཤེལ་དཀར་གླིང་ག་ཟུང་འཇུག་ཏུ་སྐུ་ཞི་བར་གཤེགས ་སོ།།
ཞིབ་པ་རང་རྣམ་ལེའུ་བཅུ་བདུན ་གྱི་བདག་ཉིད་ཅན་ལས་མཇལ་དུ་ མཆིས། རྣམ་ཐར་དེ་ནི་བརྗོད་བྱེད་རྩོམ་གྱི་ཚིག་སྦྱོར་སྒྱུ་རྩལ་ གྱི་ཆ་ནས་བཤད་ནའང་ཚད་ཧ་ཅང་མ ཐོ་བས། རྩོམ་རིག་ལ་འཇུག་པ་དག་གིས་བ ཀླགས་ན་བོད་རྩོམ་རྣལ་མ་ཤེས་ རྒྱུར་སྒོ་འཕར་ཡངས་པོར་འབྱེ ད་ནུས་སོ།།
ཁོང་གི་རང་རྣམ་རྒྱས་པ་པོད་གཉིས་ཙམ་བོད་ཤོག་ཐོག་ཤེལ་ཆོས་དགོན་དུ་བཞུགས་ཤིང་། དེ་མིན་དགེ་སློང་ངག་དབང་ལོ་བཟང་ཚུལ་ཁྲིམས་གྱི་སྤྱོད་ཚུལ་དྲང་པོར་བརྗོད་པ་མྱོང་སྣང་འཁྲུལ་པའི་ཟློས་གར་གྱི་ཁ་སྐོང་གཟིགས་ན་འབྲེལ་ཐག་འདི་ནས་གཟིགས་ཐུབ། https://www.tbrc.org/?locale=bo&fbclid=IwAR1NI6gEKqhurPJRXy1xuO1hgr7Jclfccafip3TukNdMT5YCt3Hy2v23Yqk#library_work_ViewInWIndow-W30166%7C5952%7C1%7C1%7C1%7C330
ལྷ་སྒང་ཆོས་གྲགས་ལགས་ཀྱི་ངོ་དེབ་ལས་དྲངས།