ས་སྐྱའི་བསུ་བ་ཞེས་པའི་ཞབས་བྲོའི་སྐོར་གླེང་བ།

བསུ་བ་ཞེས་པར་མཆོད་འབུལ་གྱི་དོན་ལྡན་པ་དང་དེ་ནི་དམངས་ཁྲོད་དུ་ཆར་འབེབས་སྨོན་ལམ་ཟློས་གར་ཞིག་ཡིན་ཞིང་། གཙོ་བོ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་དུ་དར་ཡོད། ས་སྐྱའི“བསུ་བ”ནི་གནའ་བོའི་བོད་ཀྱི་དམངས་ཁྲོད་ཀྱི་མཆོད་འབུལ་ཟློས་གར་ཞིག་ཡིན་པ་དེར་ལོ་རྒྱུས་ཡུན་རིང་དང་། ཉམས་འགྱུར་ཟབ་མོ། ས་སྐྱའི་རིག་གནས་ཀྱི་སྣང་ཚུལ་ཟབ་པ་བཅས་ཐུན་མིན་གྱི་ཁྱད་ཆོས་ལྡན།

འདི་ནི་ས་སྐྱའི“བསུ་བ”ཞབས་བྲོ་འཁྲབ་བཞིན་ཡོད་པ།

      བསུ་བ་ཞེས་པ་ཐོག་མར་དམངས་ཁྲོད་ཀྱི་ཆར་འབེབས་སྨོན་ལམ་ཟློས་གར་ཞིག་མིན། ས་སྐྱ་ཀུན་དགའ་རིན་ཆེན་གྱི་སྐབས་སུ་བྲག་དཀར་ལྷ་སའི་ཆོས་ལུགས་ཀྱིས་དེའི་དབང་ཆ་འཕྲོགས་པས་ས་སྐྱ་དགོན་པའི་གྲྭ་བཙུན་ཚོས་སྔགས་བཟླས་ནས་བྲག་དཀར་ལྷ་སའི་ཆོས་ལུགས་ལས་རྒྱལ་བར་རྟེན་འབྲེལ་ཞུ་ཆེད་སྐབས་དེའི་ས་སྐྱའི་མང་ཚོགས་ཀྱིས“བསུ་བ”འཁྲབ་ཀྱི་ཡོད་པ་དང་། དེ་ཐོག་མར་དར་སྐབས་རྒྱལ་ཁ་ཐོབ་པའམ་ཡང་ན་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བའི་ཟློས་གར་ཞིག་རེད། ཕྱིས་སུ་ལོ་རྒྱུས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག “བསུ་བ”ལའང་རིམ་བཞིན་འགྱུར་ལྡོག་བྱུང་ནས་དམངས་ཁྲོད་ཀྱི་ཆར་འབེབས་སྨོན་ལམ་ཟློས་གར་ཞིག་ཏུ་གྱུར་ནས་ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

 

 “བསུ་བ”ཟློས་གར་གྱི་གྱོན་ཆས་དང་འཁྲབ་ཆས་ནས་བཙན་པོའི་དུས་སྐབས་ཀྱི་རིག་གནས་ཀྱི་རྗེས་ཤུལ་དང་དམངས་སྲོལ་དང་དེ་བཞིན་གདོད་མའི་ཆོས་ལུགས་ཀྱི་དད་མོས་བཅས་མཐོང་ཐུབ།

2007ལོར་བོད་རང་སྐྱོང་ལྗོངས་ཀྱི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག

 

བརྒྱུད་སྐུལ།

མཆན་སྤེལ།