སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག

སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག
  གླང་བདུན་དཔལ་འབྱོར་ལགས་ནི་ ༡༩༤༡ ལོའི་ཟླ་ ༡༡ པར་བོད་ལྗོངས་ཀྱི་གྲོང་ཁྱེར་ལྷ་ས་རུ་འཁྲུངས་ཤིང་། ༡༩༥༩ ལོར་ཀྲུང་དབྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན། ཁོང་གིས་ ༡༩༨༠ ལོར་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》འདོན་ཐེངས་འགོ་མའི་སྟེང་《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》ཞེས་པའི་བརྩམས་ཆོས་ཐོག་མ་སྤེལ་བ་ནས་བཟུང་། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》དང་།《གཙུག་གཡུ་》སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་རྩོམ་འབྲི་གནང་ཞིང་།  

 གོང་གསལ་བརྩམས་ཆོས་ལ་སོ་སོར་ཞིང་ཆེན་དང་ལྗོངས་ལྔའི་གསར་རྩོམ་བྱ་དགའ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ།  བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་བྱ་དགའ་ཨང་དང་པོ་ཐོབ་མྱོང་། གླང་བདུན་དཔལ་འབྱོར་ལགས་ཀྱིས་ད་ལྟ་གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མྱོང་ཡོད། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༢༨ ཉིན་ལྷ་སར་སྐུ་གཤེགས་པ་བཅས་སོ།།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

བརྒྱུད་སྐུལ།

མཆན་སྤེལ།