སྤེལ་ཞིབ་ཕྲ།

གསང་སྔགས་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་བྱ་བ་གླེང་བ།

གསང་སྔགས་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་བྱ་བ་གླེང་བ།   ར་སེ་དཀོན་རྒྱམ།   བོད་ཀྱི་ནང་པའི་ཆོས་འབྱུང་ཀུན་ན་དབུས་སུ་མ་གྷ་དྷ་རྡོ་རྗེ་གདན། ཤར་དུ་རི་བོ་རྩེ་ལྔ།ལྷོ་རི་བོ་གྲུ་འཛིན། ནུབ་ཏུ་ཨུ་རྒྱན་ཡུལ། བྱང་དུ་ཤམ་བྷ་ལ་ཞེས་པ་ཡང་ཡང་འབྱུང་ལ། ལྷག་པར་དུ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཞེས་ཡོངས་སུ་གྲགས་ཤིང་། དེ་ནི་རྒྱ་གར་དབུས་ཀྱི་ནུབ་ཕྱོགས་སུ་ཡོད་པར་གསུངས་ལ།
ལྕང་བུའི་རྡོ་རིང་གི་ཐོག་མའི་གནས་ཡུལ།

  དེ་ཡང་དཔལ་འགྲོ་མགོན་བཀའ་བརྒྱུད་ལས་ཀར་མ་བཀའ་བརྒྱུད་ཀྱི་གདན་ས་གོང་མར་གྱུར་པའི་སྟོད་ལུང་མཚུར་ཕུ་དགོན་པའི་ཆོས་རའི་དབུས་སུ་འགྱིང་ངེེར་བཞུགས་པའི་ལྕང་བུ་རྡོ་རིང་ཞེས་བྱ་བ། བོད་ཀྱི་གནའ་བོའི་རྡོ་རིང་ཁྲོད་ལ་གལ་ཆེའི་གནས་བབ་ལྡན་ཡོད། དེ་ལ་རྡོ་རིང་རང་གིས་ངོས་སུ་སྟོད་ཀྱི་ལྕང་བུ་ན་བཙུགས་ཡོད་ཚུལ་གསལ་ཡོད་པས། དེར་བརྟེན་ཁ་ཅིག་གིས་ལྕང་བུ་ནི་མཚུར་ཕུ་དགོན་པ་ཡོད་སའི་གནའ་མིང་ཡིན་པར་བཞེད་ལ། ཁ་ཅིག་གིས་མཚུར་ཕུ་དང་ཉེ་བ་ཅིག་ནས་དབོར་འོང་བར་འདོད།
མིང་ཙམ་ཡང་རྙེད་དཀའ་བའི་རི་སྟེང་མཁར་རྫོང་གི་ཤུལ་ཅིག

ང་ཙམ་ཡང་རྙེད་དཀའ་བའི་རི་སྟེང་མཁར་རྫོང་གི་ཤུལ་ཅིག ར་སེ་དཀོན་རྒྱམ། ཁ་བྱང་འདི་ལྟར་བྲི་དོན་ནི། རི་སྟེང་མཁར་རྫོང་ཉམས་དགའ་བའི་གནའ་ཤུལ་དེ་ཉིད་ནི། ལོ་རྒྱུས་ཡིག་ཚང་དང་དམངས་ཁྲོད་ངག་རྒྱུན་གཉིས་ཀར་བརྟགས་ན། རྫོང་མཁར་གྱི་བྱུང་བ་ཡོད་པ་ལྟ་ཞོག རི་སྟེང་དེར་སྔོན་དུས་བརྗིད་ཉམས་ཆེ་བའི་མཁར་རྫོང་ཅིག་བྱུང་མྱོང་བའང་གཏིང་བརྗེད་དུ་སོང་ནས་ཡུན་རིང་འདས་ཟིན་པ་མངོན་འདུག
ཡར་ཆབ་གཙང་པོ་དང་ཡར་ལུང་གཙང་པོ་གཉིས་གླེང་བ།

ཡར་ཆབ་གཙང་པོ་དང་ཡར་ལུང་གཙང་པོ་གཉིས་གླེང་བ། རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ། ཁོ་བོའི་དཔེ་ཀློག་གི་ཟིན་བྲིས་འདི་འགོད་དོན་ནི། རང་རེ་བོད་ཀྱི་ས་བཀྲའི་ཐོག་ལ་གཟིགས་ན། མངའ་རིས་ནས་གཙང་ཁུལ་བརྒྱུད། དབུས་ཀྱི་ལྷོ་ཁའི་ལྗོངས་འགྲིམས་ཏེ་དྭགས་ཀོང་བརྒྱུད་ཅིང་། རིམ་པས་རྒྱ་གར་ཤར་ཕྱོགས་སུ་འབབས་པའི་གཙང་པོ་ཆེན་པོ། བྷར་མ་པུ་ཏར་ཞེས་པ་དེ་ཉིད་ལ་ཡར་ཀླུང་གཙང་པོ་ཞེས་བྲིས་ཡོད་ལ།
ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པ་གང་དུ་ཡིན་ནམ།

ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པ་གང་དུ་ཡིན་ནམ། ཡར་ཤམ་གྱི་རང་སྒྲ། དུས་རབས་ཀྱི་འཕོ་འགྱུར་ཁྲོད། ད་ལྟའི་ཆར་དགོན་པ་དེ་གནས་ཡུལ་ཡར་སྟོད་ཀྱི་ས་ཆ་གང་དུ་ཡིན་མིན་སོགས་དྲིས་ཚེ། ཕལ་ཆེར་ཡུལ་དེའི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་གོ་མ་མྱོང་བ་ལྟ་བུའི་ཚད་དུ་སླེབས་ཡོད། ངེད་རང་ཆུང་དུས་དགོན་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒན་བློ་བཟང་མཐར་ཕྱིན་ལགས་ནས་དེའི་སྐོར་གསུང་མྱོང་མོད།
བྲག་ཡེར་པའི་རྡོ་རིང་ངམ་རྡོ་བརྐོས་ཆག་དུམ།

བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པའི་བྲག་ཡེར་པའི་རྡོ་རིང་ངམ་རྡོ་བརྐོས་ཆག་དུམ། རྡོ་བརྐོས་སམ་རྡོ་རིང་འདི་གཏོར་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཡི་གེ་ཐར་ཐོར་ལས་མཇལ་རྒྱུ་མེད། ད་ཡོད་རྡོ་བརྐོས་ཆག་དུམ་ལས་བཤུས་པའི་ཡི་གེ། 1 དགེསློངམ རྒྱལབཻབློགྲོས 2 དགེ་སློང དཔལགྱིརྡོརྗེ 3 སློནལེགས སུཾརྗེལྗངས༼ཀླངས༽ 4 བློན་མངx ལེགསགཟྀགས
ཇོ་གདན་བྲག་ལྷ་རྣམ་གསུམ་ལས། ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་། སྙེ་ཐང་ལྷ་ཆེན་མོ་བཞེངས་མཁན་འདི་སུ་ཡིན་ནམ།

ཇོ་གདན་བྲག་ལྷ་རྣམ་གསུམ་ལས། ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་། སྙེ་ཐང་ལྷ་ཆེན་མོ་བཞེངས་མཁན་འདི་སུ་ཡིན་ནམ། སྤོས་ཁང་སྒྲོལ་བཟང་།   བཞེངས་པ་པོ་ནི་སུ་ཡིན་གསུང་ན་འདི་ནི་རུས་ཁྱུང་ཡིན་པའི་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞུ་བ་ཁོང་ཡིན། ཁོང་ནི་གཙང་རུ་ལྷག་གི་སའི་ཆ་ཉང་རོ་སྟོད་ཀྱི་ཕུ་གམ་རོའི་མདའ་མང་བཙན་གྱི་ཡུལ་རྒྱ་རའི་གནས་གཞི་དགེ་འདུན་གྱི་སྡེ་ཆེན་པོ་བྱུང་བའི་གྲོང་དུ་འཁྲུངས། དེང་ཁང་དམར་རྫོང་སབ་སྒང་ཡུལ་ཤོག་མང་བཙན་གྲོང་ཚོ་ཡིན།
ཟིང་པོ་རྗེའི་རྒྱལ་ཕྲན་གྱི་ཐོག་མའི་གནས་སྟངས་དང་། མཐར་བཙན་པོའི་མངའ་འོག་ཏུ་བཅུག་པའི་སྐོར་ལ་རགས་ཙམ་དཔྱད་པ།

 ཟིང་པོ་རྗེའི་རྒྱལ་ཕྲན་གྱི་ཐོག་མའི་གནས་སྟངས་དང་མཐར་བཙན་པོའི་མངའ་འོག་ཏུ་བཅུག་པའི་སྐོར་ལ་རགས་ཙམ་དཔྱད་པ། ནང་དོན་གནད་བསྡུས། རྩོམ་ཡིག་འདིར་སྔོན་ལྷ་སའི་བྱང་ཕྱོགས་སུ་གནས་པའི་ཡུལ་ངས་པོའི་ཁྲ་སུམ་བྱ་བའི་ཟིང་པོ་རྗེའི་རྒྱལ་ཕྲན་དེའི་ཐོག་མའི་གནས་སྟངས་དང་བར་དུ་རྒྱལ་ཕྲན་གཉིས་ལ་འགྱེས་ཚུལ། མཐར་གནམ་རི་སྲོང་བཙན་གྱིས་དབང་དུ་བསྡུས་ནས་བོད་གཅིག་འགྱུར་གྱི་བྱ་བའི་ལྟེ་གནས་སུ་གྱུར་ཚུལ་སོགས་ངོ་སྤྲོད་རགས་ཙམ་བྱས་ཡོད།
ཡིག་རྙིང་ནང་གསལ་བའི་ལྷ་ཡུལ་གུང་ཐང་ཞེས་པ་གང་ལ་ངོས་འཛིན་དགོས་སམ།

ཡིག་རྙིང་ནང་གསལ་བའི་ལྷ་ཡུལ་གུང་ཐང་ཞེས་པ་གང་ལ་ངོས་འཛིན་དགོས་སམ། རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ། བོད་ཀྱི་གནའ་བོའི་ཡིག་ཚངས་ལ་རགས་མཇལ་ཞུས་ན། ལྷ་ཡུལ་གུང་ཐང་ཞེས་པའི་ས་མིང་དམིགས་བསལ་ཅན་ཞིག་རིག་རྒྱུ་ཡོད་དེ། ལོ་རྒྱུས་ཆེན་མོའི་དོན་མཁས་དགར། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །ཞེས་པ་དང་།
སྐྱིའི་ཤོ་མ་ར་ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས་སམ།

སྐྱིའི་ཤོ་མ་ར་ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས་སམ། རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ། དེ་ཡང་རང་རེའི་གནའ་བོའི་གཏམ་ལ། མི་ཆོས་ལ་གོམས་གལ་ཆེ། །ལོ་རྒྱུས་ལ་ཞིབ་གལ་ཆེ། །ཞེས་པའི་གདམས་པ་ཟབ་མོ་བཞག་ཡོད་པ་ནི། ལོ་རྒྱུས་ལ་ཞིབ་ཆ་མེད་ན་ཆབ་ཆོབ་དང་འར་འུར། ཧྲལ་ཧྲོལ་མ་གཏོགས་སྤུས་ཚད་ཡིད་རྟོན་འཕེར་བ་ཅིག་འབྱུང་མི་ཐུབ་པའི་དབང་གིས་ཡིན་པར་སྣང་།