ཧོར་ཁང་མི་རྒྱུད་ཀྱི་ལོ་རྒྱུས་རགས་བསྡུས།

སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་དང་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ།

ནང་དོན་རགས་བསྡུས།

སྒེར་ཧོར་ཁང་གསར་རམ་ཡོངས་གྲགས་སུ་ཧོར་ཁང་དུ་འབོད་པའི་མི་རྒྱུད་འདི་བོད་ཀྱི་དགའ་ལྡན་ཕོ་བྲང་བའི་དུས་སྐབས་སུ་ཤུགས་རྐྱེན་ཆེས་ཆེར་ལྡན་་པ་དང་། མི་རྒྱུད་འདིར་ཧོར་ཁང་ཛ་སག་བཀའ་བློན་བསོད་ནམས་བཀྲ་ཤིས་དང་ཧོར་ཁང་བཀའ་བློན་བསོད་ནམས་སྟོབས་རྒྱས་སོགས་གཙོས་པའི་གཞུང་གི་དཔོན་སྣ་ཆེ་ཁག་མང་པོ་དང་།གཞན་ཧོར་ཁང་བསོད་ནམས་དཔལ་འབར་སོགས་མིང་དུ་གྲགས་པའི་རིག་གཞུང་མཁན་པོ་ཡང་དུ་མ་བྱུང་ཡོད་པས།གང་ལྟར་བོད་ཀྱི་ཉེ་བའི་དུས་རབས་འགའ་ནང་དུ་དབང་གྲགས་ཆེ་བའི་སྐུ་དྲག་ཁྱིམ་རྒྱུད་ཅིག་ཏུ་ངེས་སོ།།

 

དེབ་འདི་ནི་རྩོམ་པ་པོ་སྒེར་ཧོར་ཁང་གསར་མི་ཐོག་བཅུ་གསུམ་པ་ཧོ་ཁང་བྱམས་པ་བསྟན་དར་ལགས་ཀྱིས་《སྒེར་ཧོར་ཁང་གསར་གྱི་མི་རབས་བྱུང་བ་ཤིན་ཏུ་བསྡུས་ཙམ་དང་མི་རབས་ཀྱི་གྲལ་མཐར་ཆགས་པ་ཧོར་ཁང་བསོད་ནམས་དཔལ་འབར་གྱི་གནས་ཚུལ་མདོ་ཙམ་བཀོད་པ》་ཞེས་པའི་དང་། 《ལྕགས་ཕག་གོང་མ་ཆེན་པོའི་རྒྱལ་ཁབ་ཏུ་མོང་ཁོལ་སྦྱོར་ཁང་མེ་ཤོར་གྱི་ཡིག་ཆ་གསར་བསྒྲིགས་》། 《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་》སོགས་དཔྱད་གཞི་གཞིར་བྱས་ནས་མཛད་པ་ཞིག་ཡིན་ལ། དེབ་འདི་ཆ་གཉིས་ཀྱིས་གྲུབ་པ་དང་། དང་པོ་ནི་སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་ཞེས་པ། བརྗོད་བྱར་མི་རྒྱུད་འདིའི་བྱུང་བ་དང་མི་ཐོག་སོ་སོའི་སྐབས་ཀྱི་གནས་ཚུལ་རགས་རིམ་ཙམ་འཁོད་ཡོད། གཉིས་པ་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ་ཞེས་པའི་ནི་རྩོམ་པ་པོ་ཁོ་རང་ཉིད་ཀྱི་མི་ཚེའི་བྱུང་པ་རྗེས་དྲན་དུ་བཀོད་པའི་ཚུལ་ཡིན་ལ།  འདིར་ཡང་་ཁོ་རང་གི་ལོ་རྒྱུས་ཙམ་མ་ཡིན་པར་ཁོང་གི་ཡབ་ཧོར་ཁང་བསོད་ནམས་དཔལ་འབར་དང་། གཞན་དགེ་བཤེས་ཆོས་གྲགས། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་གནས་ཚུལ་ཀྱང་མི་ཉུང་བ་འཁོད་འདུག་པས། འབྲེལ་ཡོད་གཟིགས་མོ་བའི་མིག་གི་བདུད་རྩི་རུ་འགྱུར་ངེས་སོ།

རྩོམ་པ་པོའི་ངོ་སྤྲོད།

 

ཧོར་ཁང་བྱམས་པ་བསྟན་དར་ནི་1945ལོར་བོད་ཀྱི་ཧོར་ཁང་གསར་ཞེས་པའི་སྐུ་དྲག་གི་ཁྱིམ་ཚང་དུ་སྐྱེས་ཤིང་། རང་ལོ་15་པར་སྤྱི་ཚོགས་རྙིང་པ་ཞེས་པའི་ནང་འཚར་ལོངས་བྱུང་བ་དང་། 1951ལོར་བོད་ཀྱི་སྒེར་བཙུགས་སྨོན་གྲོང་སློབ་གྲྭར་བོད་ཡིག་ལོ་གཅིག་ཙམ་སྦྱངས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། 1952ལོ་ནས་ལྷ་ས་སློབ་ཆུང་དང་ལྷ་ས་ཡན་ལག་སློབ་ཆུང་།  ལྷ་ས་སློབ་འབྲིང་བཅས་སུ་སློབ་སྦྱོང་བྱས། 1963ལོ་ནས་1971ལོའི་བར་ཆབ་མདོ་དཔའ་ཤོད་རྫོང་དང་འཇོ་མདའ་རྫོང་དུ་གཞི་རིམ་ཆུས་ནང་རྩིས་པ་དང་།  དྲུང་ཡིག བདག་གཉེར་སོགས་ལོ་བཅུ་དྲུག་བྱས། 1980ལོར་ཆབ་མདོ་ས་ཁུལ་ནས་ལྷ་སར་ལས་གནས་བསྒྱུར་ཏེ་ལྗོངས་མི་དམངས་སྲིད་གཞུང་གི་ཡིག་བསྒྱུར་ཁྲུའུ་དང་རྩོམ་སྒྱུར་ཅུའུད་ལ་ཡིག་སྒྱུར་ལས་ཀ་ལོ་བཅུ་ཙམ་བྱས་པ་དང་།  1991ལོ་ནས་1997ལོའི་བར་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་ཚོགས་ལ་ཡིག་བསྒྱུར་གྱི་ལས་ཀ་ལོ་བདུན་ཙམ་བྱས། 1997ལོར་ལས་འཁྱུང་ངལ་གསོ་བྱས་ནས་ཁྱིམ་དུ་བསྡད། 《ཧོར་ཁང་ཁྱིམ་ཚང་གི་མི་རྒྱུད་བྱུང་བ》དང་《ཡིད་ཀྱི་དྲན་གླུ》ནི་ལས་འཁྱུར་ངལ་གསོའི་དུས་ཚོད་ནང་བྲིས་པ་ལགས།

དཀར་ཆག

སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས།

དང་པོ། ཧོར་ཁང་གསར་གྱི་རིགས་ཀྱི་ཐོག་མ་ཐུག་ས་ཇིང་གིར་གནམ་གྱི་རྒྱལ་པོ།

གཉིས་པ། ཧོར་བར་རྟ་ཇིང་གིར་དཔོན།

གསུམ་པ། ཧོར་ཁང་ཛ་སག་དམག་དཔོན་རབ་བརྟན།

བཞི་པ། ཧོར་ཁང་ཛ་སག་ཁོ་ཤོའུ་ཆི།

ལྔ་པ། ཧོར་ཁང་ཛ་སག་ཚེ་དབང་རྡོ་རྗེ།

དྲུག་པ། ཧོར་ཁང་ཛ་སག་དབང་འདུས།

བདུན་པ། ཧོར་ཁང་ཛ་སག་བཀའ་བློན་བསོད་ནམས་བཀྲ་ཤིས།

བརྒྱད་པ། ཧོར་ཁང་ཛ་སག་ཚེ་རིང་དབང་ཕྱུག་རྡོ་རྗེ།

དགུ་པ། ཧོར་ཁང་ཛ་སག་དོན་གྲུབ་གཡུལ་རྒྱལ།

བཅུ་པ། ཧོར་ཁང་ཛ་སག་དབང་ཆེན་དགྲ་འདུལ།

བཅུ་གཅིག ཧོར་ཁང་ཛ་སག་བཀའ་བློན་བསོད་ནམས་སྟོབས་རྒྱལ།

བཅུ་གཉིས་པ། ཧོར་ཁང་ཛ་སག་དབང་ཆེན་ཕུན་ཚོགས་རྣམ་རྒྱལ།

བཅུ་གསུམ་པ། ཧོར་ཁང་ཛ་སག་བསོད་ནམས་དཔལ་འབར།

བཅུ་བཞི་པ། ཧོར་ཁང་བྱམས་པ་བསྟན་དར།

 

ཧོར་ཁང་མི་ཐོ་ག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ།

དང་པོ། སྐྱེས་པའི་ལོ་ཟླ།

གཉིས་པ། ཁྱིམ་གྱི་བྱུང་བ་དང་རྒྱ་མ་ཁྲི་ཁང་གི་ལོ་རྒྱུས་མདོར་བསྡུས།

གསུམ་པ། ཁོ་བའི་ཕ་དམ་པ་ཧོར་ཁང་བསོད་ནམས་དཔལ་འབར།

བཞི་པ། བྱིས་པའི་དུས་ཕ་མ་དང་མཉམ་དུ་མདོ་སྨད་དུ་བསྐྱོད་པ།

ལྔ་པ། མདོ་སྨད་ནས་ཕྱིར་ལོག་རྗེས་སྒེར་གྱི་སློབ་གྲྭ་དང་། ལྷ་ས་སློབ་ཆུང་དང་ཡན་ལག་སློབ་ཆུང་། ལྷ་ས་སློབ་འབྲིང་བཅས་ལ་ཞུགས་པའི་སྐོར།

དྲུག་པ། མཁས་དབང་དགེ་འདུན་ཆོས་འཕེལ་དང་དགེ་བཤེས་ཆོས་ཀྱི་གྲགས་པ་ལགས་མཇལ་བའི་སྐོར།།

བདུན་པ། སླར་ཡང་ལྷ་ས་སློབ་འབྲིང་དང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་བསྐྱོད་ཅིང་དེ་ནས་སླར་ཡང་ཆབ་མདོ་ཁུལ་དུ་བསྐྱོད་པ།

བརྒྱད་པ། ཁམས་ཁུལ་ནས་ལྷ་སར་ཕྱིར་ལོག་ཐུབ་པ་བྱུང་པ།

དགུ་པ། སློང་བཙན་འཁྲུངས་ཡུལ་གྱི་གནའ་ཤུལ་ཉམས་གསོའི་ནང་ཐེངས་གསུམ་ཞུགས་པ།

བཅུ་པ། མཇུག་བསྡུ་བའི་གཏམ།

 

  དཔེ་དེབ་ཀྱི་གཞུང་ངོས།

དཔེ་དེབ་ཀྱི་ཆ་འཕྲིན།

མཚན་བྱང་། སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་དང་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ།

རྩོམ་པ་པོ། ཧོར་ཁང་བྱམས་པ་བསྟན་དར།

དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།

དཔེ་བསྐྲུན་དུས་ཚོད། ༢༠༡༨ལོའི་ཟླ་དང་པོ།

དཔེ་རྟགས། 9787521100228

དཔེ་རིན་སྒོར། 16

བརྒྱུད་སྐུལ།

མཆན་སྤེལ།