གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག

གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག

གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས། 

 དཀར་ཆག

རྒྱལ་རྩེ་རྫོང་ཁོངས།

ཁང་དམར་རྫོང་ཁོངས།

གྲོ་མོ་རྫོང་ཁོངས།

གམ་པ་རྫོང་ཁོངས།

གཏིང་སྐྱེས་རྫོང་ཁོངས།

དིང་རི་རྫོངཁོངས།

གཉའ་ལམ་རྫོང་ཁོངས།

སྐྱིད་རོང་རྫོང་།

ས་དགའ་རྫོང་།

འབྲོང་པ་རྫོང་ཁོངས།

ངམ་རིང་རྫོང་ཁོངས།

ལྷ་རྩེ་རྫོང་ཁོངས།

བཞད་མཐོང་སྨོན་རྫོང་ཁོངས།

གཞིས་རྩེ་རྫོང་ཁོངས།

པ་སྣམ་རྫོང་ཁོངས།

ས་སྐྱ་རྫོང་ཁོངས།

རྣམ་གླིང་རྫོང་ཁོངས།

རིན་སྤུངས་རྫོང་ཁོངས།

 རྒྱལ་རྩེ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།
རྒྱལ་རྩེ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

 རྒྱལ་རྩེ་རྫོང་།

རྒྱལ་རྩེ་རྫོང་ནི་ཤར་ངོས་གནོད་སྦྱིན་གང་བཟང་ངམ་དེའི་རི་བརྒྱུད་ཁ་རོ་ལ། ལྷོ་ངོས་མྱང་ཆུ་གཙང་པོའི་ཆུ་མགོའི་མཚམས་དང་ཁང་དམར་རྫོང་། ནུབ་ངོས་པ་རྣམས་རྫོང་། བྱང་ངོས་རིན་སྤུངས་རྫོང་བཅས་དང་འབྲེལ་ཡོད། ༼རྒྱལ་རྩེ་རྫོང་ཐོག་མར་ཆགས་ཚུལ་རྒྱལ་རྩེ་རྫོང་གི་གནས་བཤད་དུ་གསལ་ཡོད་པས་དེར་གཟིགས་༽དེ་ཁུལ་དུ་རྒྱུགས་པའི་གཙང་པོ་ལ་མྱང་ཆུ་གཙང་པོ་ཞེས་ཟེར། དེའང་མྱང་ཆུ་ཞེས་པ་ནི་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་དང་བཅས་གནོད་སྦྱིན་གང་བཟང་གི་རྩེ་མོར་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས། དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་སྦྱིན་གྱིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་སློབ་དཔོན་ལ་ཕུལ་ཏེ་ལྷའི་བདུད་རྩིའི་བུམ་པ་ཟད་མི་ཤེས་པའི་བྱིན་གྱིས་བརླབས། རྗེ་འབངས་ཉེར་ལྔ་ལ་བདུད་རྩིའི་བུམ་པ་སྐྱེས་ཏེ། རིགས་ཀྱི་བུ། ལྷའི་བདུད་རྩིའི་རོ་མྱང་བར་བྱའོ་ཞེས་གསུངས་པས་ཡུལ་གྱི་མིང་ལ་མྱང་ཞེས་དང་། དེ་ནས་བུམ་པ་ཐོགས་ཏེ་གནོད་སྦྱིན་གང་བཟང་གི་རྩེར་བདུད་རྩི་ནས་བླུགས་ཏེ་བྱིན་གྱིས་བརླབས་པས་དེ་ལས་བཞུར་བའི་ཆུ་རྒྱུན་ལ་མྱང་ཆུ་ཞེས་ཐོགས། ཆུ་བོ་དེ་རྒྱལ་རྩེའི་ཁུལ་དུ་སླེབས་སྐབས་ཉིང་རོའི་ཆུ་བོ་སོགས་དང་འདུས་ཡོད་པ་དང་། ཡུལ་དེའི་འབྲོང་རྩེ་ཡན་ལ་མྱང་སྟོད་དང་། དེ་མན་ལ་མྱང་སྨད་ཞེས་ཟེར།

ད་ལྟའི་རྒྱལ་རྩེ་རྫོང་གནས་ཡུལ་ནི་སྔོན་གྱི་རྒྱལ་རྩེ་རྫོང་ཞོལ་གྱི་ལྷོ་ངོས་སུ་[page 3གནས་ཡོད་པ་དང་། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༣༧༧༡ཙམ་དང་། ས་ཞིང་མུའུ་ཁྲི་༡༣·༤ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༣༨༦ད་དུང་ཞིང་ར་དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༣༧༦ ད་དུང་ཞིང་ར་དང་རྩྭ་ཐང་བྱེད་ཆོག་པའི་ས་སྟོང་མུའུ་ཁྲི་༤ཙམ། མི་འབོར་ཁྲི་༥·༦ རྫོང་ཡོངས་ལ་གྲོང་བརྡལ་༡དང་ཤང་༡༨ གྲོང་ཚོ་ལྷན་ཁང་༡༥༧ གྲོང་མི་ལྷན་ཁང་༣བཅས་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༡༠༠ཙམ་ཟིན་པའི་ཞིང་ལས་གཙོ་བོར་གྱུར་པའི་རྫོང་ཞིག་ཡིན་པ་རེད།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྒྱལ་ཚབ་དར་མ་རིན་ཆེན་སྤྱི་ལོ་༡༣༦༥ལོར་མྱང་སྟོད་རི་ནང་དུ་འཁྲུངས། དགའ་ལྡན་ཁྲི་ཐོག་༣༢ཚུལ་ཁྲིམས་ཆོས་འཕེལ་འབྲོང་རྩེར་འཁྲུངས། བོད་ཀྱི་གསོ་རིག་མཁས་པ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་སྤྱི་ལོ་༡༡༣༦ལོར་མྱང་སྟོད་སྒོ་བཞི་རི་ཐང་དུ་འཁྲུངས། འབྲུག་པ་བཀའ་བརྒྱུད་སྲོལ་གཏོད་པ་སྒྲུབ་ཆེན་གླིང་རས་པདྨ་རྡོ་རྗེ་སྤྱི་ལོ་༡༡༢༨ལོར་མྱང་སྟོད་དུ་འཁྲུངས། རྒྱ་རས་ཡེ་ཤེས་རྡོ་རྗེ་སྤྱི་ལོ་༡༡༦༡ལོར་མྱང་སྟོད་དུ་སྐུ་འཁྲུངས། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྡོ་རྗེ་༡༤༥༢ལོར་མྱང་སྟོད་སྟག་ཚང་དུ་སྐུ་འཁྲུངས་པ་བཅས་སོ།

 ར་ལུང་དགོན།

མཚན་རྒྱས་པར། ར་ལུང་མེ་ཏོག་མདང་འཕྲོག་ཅེས་ཞུ། ལྷ་ས་ནས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༨༥༢ཙམ་མཐོ་བའི་གམ་པ་ལ་བརྒྱབ། དེ་ནས་སྣ་མཁར་རྩེ་བརྒྱུད་ལྷོ་བྲག་དང་རྒྱལ་རྩེར་འགྲོ་སའི་ལམ་ཁ་རག་ནས་མྱང་སྟོད་ཁ་རི་ལ་བརྒྱབ་སྟེ་མར་ཡོང་བས་ལམ་ཟུར་ཤིང་བྱང་ཡོད་པ་ལྟར་བྱང་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། ༼ཁྱོན་བསྡོམས་ལྷ་ས་ནས་ལམ་ཐག་སྤྱི་ལེ་༢༠༠མ་ཟིན་ཙམ་ཡོད་༽

དགོན་དེ་ནི་སྤྱི་ལོ་༡༡༩༣ལོར་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཕྱག་བཏབ་གནང་མཛད། ར་ལུང་ཞེས་པ་ནི་ཁུལ་དེའི་འབྲོག་པ་ཞིག་ལ་ར་མོ་[page 4དཀར་པོ་ཞིག་ཡོད་པ་རྟག་ཏུ་བོར་བརླགས་སོང་ཡང་སླར་རང་ལོག་ཡོང་ཚུལ་སྒྲུབ་ཆེན་གླིང་རས་པ་དང་། འགྲོ་མགོན་གཙང་པ་རྒྱ་རས་ལ་ཞུས་པར་ཁོང་རྣམས་ལྷན་དུ་ད་ལྟའི་དགོན་གནས་སུ་ཕེབས་པས། དེར་ར་མོ་དཀར་པོ་དེ་ཉལ་ནས་བསྡད་ཡོད་པ་དང་དེ་མར་ཡར་ལངས་པས་དེའི་འོག་ཏུ་རྡོ་ལེབ་ཅིག་སྟེང་རའི་འོ་མ་བབས་ཤུལ་དུ་ཨོཾ་ཨཱ་ཧུཾ། ཞེས་པའི་རང་བྱོན་འབུར་དོད་དུ་ཡོད་པ་༼རང་བྱོན་གྱི་རྡོ་དེ་ཕྲེང་འགོ་སྣ་ཕུ་ཆོས་ལུང་ཞེས་པར་ཡོད་ཚུལ་གསུངས་༽གཟིགས་ཏེ་རྒྱ་རས་ལ་གནས་དེར་དགོན་པ་འདེབས་སུ་འཇུག་གནང་མཛད། དགོན་ས་དེ་ར་ཡིས་ལུང་བསྟན་པ་ལྟར་བྱུང་བས་དགོན་མིང་ལའང་ར་ལུང་ཞེས་བཏགས། དེ་ནས་གཙང་པ་རྒྱ་རས་ཀྱི་མཛད་འཕྲིན་གྱིས་འདུས་ཚོགས་ཤིན་ཏུ་རྒྱས་པར་གྱུར། གཙང་པ་རྒྱ་རས་ནི་ཡབ་རྒྱ་ཟུར་བོ་ཚབ་པེ་ཞེས་རུས་རྒྱུད་རྒྱ་བྱ་བའི་རྒྱུད་ཡིན་པས་རྒྱ་དང་། འཁྲུངས་ཡུལ་གཙང་མྱང་སྟོད་ཁུ་ལེའི་ཡུལ་ནས་ཡིན་པས་གཙང་། དབུ་ལ་རལ་པ་ཡོད་པས་རལ་པ་ཞེས་འབྲི་དགོས་ཀྱང་བརྗོད་བདེའི་དབང་གིས་རྒྱ་རས་ཞེས་འབྲི་སྲོལ་དར་བ་ཡིན་ཞེས་གསུངས། ད་ལྟ་འཇིགས་མེད་མི་འགྱུར་བར་སྐུ་ཕྲེང་བཅུ་གཉིས་བྱུང་། ད་བར་འབྲུག་པ་བཀའ་བརྒྱུད་ཕྱག་བཞེས་གནང་བ་ཡིན། དགོན་དེར་ཐུན་མོང་མ་ཡིན་པ་ཕྱིའི་གནས་ལ་ཁྱད་འཕགས་བཞི་དང་། ནང་གི་གནས་ལ་ཁྱད་འཕགས་བཞི། གསང་བའི་གནས་ལ་ཁྱད་འཕགས་བཞི། དེ་ཁོ་ན་ཉིད་ཀྱི་གནས་ལ་ཁྱད་འཕགས་གཅིག་བཅས་ཁྱད་འཕགས་བཅུ་གསུམ་དང་ལྡན་པ་ཞེས་གསུངས་ལ། དེ་ལས་མཆེད་པའི་ཆོས་ལ་འབྲུག་པ་ཞེས་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་ས་ཡི་རྩི་ཤིང་། བར་འབྲུག་དབུ་ཆེན་གདུགས་ཐོབ་པ་ཉེས་སྟོང་ལྔ་བརྒྱ་ཞེས་སོགས་གྲགས་པ་ཡིན།

སྔར་ར་ལུང་དགོན་དེར་གཙུག་ལག་ཁང་ཞེས་འདུ་ཁང་ཀ་བ་༤༢ཀྱི་གཙང་ཁང་ཕྱོགས་གསུམ་དུ་ཡོད་པ་ནི་དབུས་ཀྱི་གཙང་ཁང་དུ་བྱམས་པ་ཐོག་སོ་[page 5གསུམ་དང་། ཤར་གྱི་གཙང་ཁང་དུ་གདན་ས་ལྷ་ཁང་ཞེས་ཐུབ་པ་རབས་བདུན་ཐོག་སོ་མ་ཟིན་ཙམ། དེའི་གཞོགས་གཡས་གཡོན་དུ་ཤར་ལི་དང་གསེར་ཟངས་ལས་གྲུབ་པའི་སྨན་བླའི་སྐུ་བརྙན་མི་ཚད་ལྷག ནུབ་ཀྱི་གཙང་ཁང་དུ་རྟེན་གཙོ་གསེར་ཟངས་ཀྱི་ཚེ་དཔག་མེད་ཐོག་ཚད་མ་ཞིག་ཡོད་པ་དེའི་མཛོད་སྤུར་མུན་གསལ་གཡུ་རྡོག་བྱ་གོང་གི་ཚད་ཙམ་ཞིག་ཡོད་པ། བྱམས་པའི་དབུ་ཐོད་བླ་མ་ལྷ་ཁང་ནང་བཀའ་བརྒྱུད་གསེར་ཕྲེང་ཞེས་བླ་བརྒྱུད་ཀྱི་སྐུ་བརྙན་ལྔ་བཅུ་ལྷག་ཙམ་དང་རིན་ཆེན་སྣ་ལྔ་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར། ཤར་ངོས་སྒྲོལ་མ་ལྷ་ཁང་ནང་སྐུ་རྒྱུ་ཤར་ལི་ལས་གྲུབ་པའི་སྒྲོལ་མའི་སྐུ་བརྙན་ཁྲུ་གང་ལྷག་ཙམ་བྱས་པ་སྟོང་སྐུ། དེའི་གཞོགས་ཀྱི་ལྷ་ཁང་ནང་བཀའ་གདམས་མཆོད་རྟེན་སྟོང་ཕྲག་གཅིག་ལྷག་ཙམ་དང་ལྷ་ཁང་དེའི་ནང་ཙན་དན་དཀར་དམར་གྱི་ཀ་བ་གཉིས། སྒོ་འཕྱོར་གྱི་སྟེང་དུ་སྟོད་འབྲུག་ལྷ་ཁང་ཞེས་པའི་ནང་གི་རྟེན་གཙོར་ཤར་ལི་ལས་གྲུབ་པའི་རྒོད་ཚང་མགོན་པོ་རྡོ་རྗེའི་སྐུ་བརྙན་དང་གླང་དར་ཁྲིམས་ཕོག་མ་ཞེས་ཞབས་ལ་འཛེར་གར་བཏབ་པའི་སྟོན་སྐུ། ཆོས་མགོན་རིན་པོ་ཆེའི་སྐུ་བརྙན་དྲོད་རྟ་རྔ་ཙམ་ཡོད་ཅེས་པའི་འཇིམ་སྐུ། གཞན་ཡང་རྒྱ་གར་ཤར་ནུབ་དང་གསེར་ཟངས་སོགས་ཀྱི་སྐུ་བརྙན་ཇི་སྙེད། ནུབ་ངོས་སུ་པེ་ཧར་རྒྱལ་པོའི་བཞུགས་གནས་བཅས་ཡོད། སྐུ་འབག་ཁམས་གསུམ་ཟིལ་གནོན་ཀ་བརྒྱད་ནང་གི་རྟེན་གཙོར་རྒྱ་རས་ཀྱི་སྐུ་བརྙན་སྐུ་རྒྱུ་ཛྷཻ་ཀྵིཾ་ལས་གྲུབ་པ། ཡེ་ཤེས་དངོས་བཞུགས་ཡིན་ཞུ་བ། སྐྱེ་བོ་སོ་སོར་མཇལ་ཚུལ་མི་འདྲ་བ་བྱོན་པ་མི་ཚད་ལྷག་ཞིག་དང་། དེའི་གཡས་སུ་སྒྲུབ་ཐོབ་གླིང་རས་དང་གཡོན་དུ་འབྲུག་པ་པདྨ་དཀར་པོས་བཞེངས་གནང་བའི་དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་རིན་ཐང་གསེར་ཞོ་གསུམ་སྟོང་གནས་པ། དེའི་གཡས་སུ་ཤར་ལི་ལས་གྲུབ་པའི་པདྨ་དཀར་པོའི་སྐུ་བརྙན་མི་ཚད་ལྷག དེའི་གཡས་སུ་གསེར་ཟངས་ཀྱི་ཚེ་དཔག་མེད་ཀྱི་སྐུ་བརྙན་མི་ཚད་ལྷག དེའི་གཡས་སུ་སྨད་འདམ་གྱི་འབྲུག་པ་ཀུན་ལེགས་ཀྱི་སྐུ་བརྙན། དཔལ་རེག་པ་མེད་པའི་མཆོད་[page 6རྟེན་གྱི་གྱོན་ངོས་སུ་སྐུ་རྒྱུ་ཤར་ལི་ལས་གྲུབ་པ་གཅུང་རིན་པོ་ཆེ་ངག་གི་དབང་ཕྱུག དེའི་གཡོན་ངོས་སུ་ཆོས་རྗེ་ང་འདྲ་མ་ཞེས་གསེར་ཟངས་ལས་གྲུབ་པ་རྒྱ་རས་ཀྱི་སྐུ་བརྙན། འབུམ་ནག་བྲིས་མ་དང་བརྒྱད་སྟོང་གསེར་བྲིས་མ། གཞན་ཡང་རྒྱ་རས་ཀྱི་སྐུ་ཆས་སྣ་ཚོགས། ཆོས་བདག་ཇག་མེའི་སྐུ་ཕེབས་ཀྱི་སྐུ་ཆས་སོགས་ཡོད། དེའི་ནུབ་ངོས་སུ་ལྷ་མོ་དུས་གསོལ་མའི་མགྲོན་ཁང་། ཐོག་ཀར་སྐྱབས་མགོན་འབྲུག་པའི་བླ་རྒྱུད་ཀྱི་རིང་སྲེལ་བཞུགས་པའི་མཆོད་རྟེན་སྣ་ཚོགས། དངུལ་གར་བླུགས་ཀྱི་བཀའ་བརྒྱུད་གསེར་ཕྲེང་གི་བླ་བརྒྱུད། རྟེན་གཙོར་ཤར་ལིའི་རྗེ་བཙུན་སྒྲོལ་མ་བྱིས་པ་ལོ་བརྒྱད་ཙམ་གསུམ། གཡམ་འབག་གི་སྒོ་སྒྲིབ་སྟོད་ལ་གངས་རིའི་རང་བྱོན་དང་འོག་ཏི་སེང་གེའི་རང་བྱོན་ཅན་གཏེར་མ། འབྲུག་པ་བཀའ་བརྒྱུད་ཀྱི་ཞལ་འདོན་པར་ཤིང་ཆ་ཚང་། དེའི་ཤར་དུ་འབྲུག་པའི་གཟིམ་ཆུང་ཀ་བཞིའི་ནང་ལའང་རྟེན་དང་བརྟེན་པར་བཅས་པ། ཤར་ངོས་མུ་ཏིག་ལྷ་ཁང་ནང་ཡི་དམ་བདེ་མཆོག་གི་སྐུ་བརྙན་ཡབ་དངུལ་དང་ཡུམ་ཟངས་དམར་ལས་གྲུབ་པ་ཐོག་སོ་ཅན། དེའི་གཡོན་ངོས་སུ་བདེ་མཆོག་གི་སླངས་གཟུགས་དཀྱིལ་འཁོར་ཤར་སོས་སུ་མུ་ཏིག ལྷོ་ངོས་སུ་པུ་ཤེལ། ནུབ་ཏུ་བྱུ་རུ། བྱང་དུ་མུ་མེན་ལས་གྲུབ་པ་ཁྲ་རྒྱན་མང་ཆེ་བ་མུ་ཏིག་ལས་གྲུབ་པས་མུ་ཏིག་ལྷ་ཁང་ཞུ་དོན་ཡང་དེ་ལྟར་ཡིན། དེའི་གཡས་ངོས་སུ་འབྲུག་པ་སྐུ་ཕྲེང་གཉིས་པ་ཀུན་དགའ་དཔལ་འབྱོར་གྱི་དངུལ་གདུང་གསེར་གྱི་བབ་ལ་ཅན་ཐོག་སོ་གཅིག་མ་ཟིན་ཙམ། དེའི་ནུབ་ངོས་སུ་མགོན་པོ་ཕྱག་བཞིའི་མགོན་ཁང་ཀ་བརྒྱད་ཅན་ནང་གསེར་དཀར་པོ་ལས་གྲུབ་པའི་རྟེན་མདོས་ཁྲུ་ཕྱེད་དོ་ཙམ། དར་སྤུངས་ཀྱི་དབུས་སུ་སྒ་ལོས་ཕུལ་བའི་རྡོ་ནག་གི་ཡེ་ཤེས་མགོན་པོ་མཐོ་གང་ཙམ། དེའི་མདོར་སྲུང་མ་ཁག་གི་སྐུ་སོབ། མུ་ཏིག་ལྷ་ཁང་གི་འོག་ཏུ་གསང་བའི་མགོན་ཁང་ཞེས་ནང་གནམ་ལྕགས་ཕུར་པ་ཀ་བའི་རིང་ཐུང་ཙམ་དང་། རིན་ཆེན་བརྡར་ལུ་ཁྲུ་ཕྱེད་དོ་ཙམ། དེའི་མཐའ་འཁོར་དུ་འབྲུག་པ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་བླུགས་པའི་སྒམ་སྣ་ཚོགས། དྲིལ་བུ་ཐེག་ཆེན་ཞེས་པ་[page 7སྒམ་གང་། གཞན་ཡང་རབ་གསལ་གཟིམ་ཆུང་ཁག་བཅས་ཡོད། དགོན་དེའི་འོག་གི་ཆུ་འགྲམ་དུ་རྡོ་རྗེ་སེམས་དཔའ་ཞེས་པའི་ལྷ་ཁང་ཀ་བ་བཅོ་བརྒྱད་ཀྱི་གཙང་ཁང་ཀ་བཞིའི་ནང་གསེར་ཟངས་ཀྱི་རྡོར་སེམས་ཐོག་སོ་གསུམ་ལྡན་གྱི་དབུ་རྒྱན་རིགས་ལྔའི་ཤར་རྡོ་སེམས་མུ་ཏིག ལྷོ་རིན་འབྱུང་པུ་ཤེལ། ནུབ་སྣང་མཐའ་བྱུ་རུ། བྱང་དོན་ཡོད་གྲུབ་པ་གཡུ། དབུས་རྣམ་སྣང་པུ་ཤེལ་བཅས་ལས་གྲུབ་པ་སོ་སོར་ཁྲུ་གང་ཙམ། གཞན་ཡང་ར་ལུང་སྐོར་ཆེན་གྱི་འཆམ་ཆས་དང་དུང་རྒྱ་རོལ་མོ་སོགས་ཕུན་སུམ་ཚོགས་པ། བཀའ་འགྱུར་པར་མ། སྒོ་འཕྱོར་སྟེང་རབ་གསལ་ནང་སྨན་འདམ་གྱི་གནས་བཅུ་ཁྲུ་གང་ཙམ། ཆུའི་ཁ་གནོན་ཡིན་ཞེས་ཕྱག་རྡོར་བྱིན་ཅན། མགོན་ཁང་དམར་པོ་ཞེས་པའི་ནང་གསང་བའི་རྟེན་བྱེ་མའི་མཆོད་རྟེན་ཉིས་ཐོག་ཅན་གྲང་གསེར་གྱིས་ན་བཟའ་བསྒྲོན་པ། དེའི་གཟུངས་སུ་རྒྱ་རས་ཀྱི་སྐུའི་སྒལ་ཚིགས་ཉེར་གཅིག་ལ་ཁ་སར་པ་ཎི་ཉེར་གཅིག་འཁྲུངས་པ་ལས་གཅིག་དེའི་ནང་བཞུགས་པ། དེའི་གཞོགས་སུ་ཆོས་རྗེ་གཞོན་ནུ་སེང་གེའི་གསེར་ཟངས་ཀྱི་འདྲ་སྐུ་མི་ཚད་ལྷག ལྷོ་ངོས་སུ་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་མཐུ་ཁང་ཞེས་པའི་ནང་འདྲེའི་མགོ་ལག་ཅེས་པའང་བཀལ་ཡོད། ལྷ་ཁང་དེའི་རྩིག་ལྡེབས་སུ་འབྲུག་པ་ཀུན་ལེགས་ཀྱི་སྲས་ཞིང་སྐྱོང་འབྲུག་གྲགས་ཀྱི་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད། དེའི་ནུབ་ངོས་གླིང་རས་ཀྱི་གྲུབ་ཕུག་ནང་གསེར་ཟངས་ལས་གྲུབ་པ་གླིང་རས་ཀྱི་འདྲ་སྐུ་བྱིས་པ་ལོ་བརྒྱད་ཙམ། དེའི་ཤར་ངོས་སྤང་སྟེང་དུ་དགོན་དེ་མ་བཞེངས་གོང་ས་ཕུད་རྡོ་ཕུད་ལས་བཞེངས་པའི་གཙང་པ་རྒྱ་རས་ཀྱི་འདྲ་སྐུ་མི་ཚད་ཙམ། དེ་ནས་གཙང་པ་རྒྱ་རས་དགོངས་རྫོགས་སུ་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ནང་གི་རྟེན་གཙོར་གསེར་ཟངས་ཀྱི་སྤྱན་རས་གཟིགས་ཁ་སརྤ་ཎིའི་ཁྲ་རྒྱན་རྣམས་ཟ་ཧོར་རྒྱལ་པོའི་ལྷ་ལྕམ་གྱི་མགུལ་རྒྱན་ཡིན་ཞུ་བ་ཐོག་སོ་གཅིག དེའི་ཆོས་འཁོར་བཅུ་གསུམ་ནང་གསེར་ཟངས་ཀྱི་རྡོ་རྗེ་འཆང་མི་ཚད་མ་ཟིན་ཙམ། བཀྲ་ཤིས་སྒོ་མང་གི་གཟིམ་སྒོ་རྣམས་ལ་རྒྱུད་སྡེ་[page 8བཞིའི་ལྷ་ཚོགས། གཉྩིར་ཉི་མའི་སྙིང་པོ་ཞེས་པ་ཨར་ལས་པས་བསྒྲོན་མི་ཐུབ་པའི་ཚེ་ཨར་ལས་པ་རྣམས་ལྟོ་ཟ་བའི་དུས་དང་བསྟུན་ནས་སངས་རྒྱས་དབོན་དྷརྨ་སེང་གེས་སྤྲུལ་པའི་རྐྱང་ལ་ཆིབས་ཏེ་བསྒྲོན་གནང་བ་ཡིན་ཞུ་བ་དང་། རྐྱང་གི་ཞབས་རྗེས་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་ཡིན།

ད་ལྟ་སྐུ་འབག་ཟིལ་གནོན་ཉམས་གསོ་གནང་བའི་ནང་སྔོན་གྱི་ནང་རྟེན་ས་འོག་ནས་ཐོན་པ་དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་སྐུ་སྨད་སྟེང་སྐུ་སྟོད་གསར་དུ་བཞེངས་པ་དང་། གླིང་རས་གྱི་སྐུ་བརྙན། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། དགོན་དེའི་དུས་ཆེན་ར་ལུང་སྐོར་ཆེན་ནི་ལོ་ལྟར་བོད་ཟླ་༧ཚེས་༡༣·༡༤·༡༥བཅས་སུ་དྭགས་པོ་ལྷ་རྗེའི་དགོངས་རྫོགས་སུ་མགོན་པོ་བཀའ་བརྒྱུད་ཀྱི་སྒོ་ནས་གར་འཆམ་དང་། འབྲུག་པ་ངག་དབང་རྣམ་རྒྱལ་གྱི་སྐུ་བརྙན་གྲྭ་ཆུང་ཞིག་གིས་རྟ་བཞོན་ནས་གདན་འདྲེན་བཞིན་དགོན་པར་སྐོར་བ་བསྐྱོན་པ་དང་། དད་ལྡན་མང་ཚོགས་ཀྱིས་མཆོད་ཆང་དང་། ཞོ་འོ་མ། དར་བ་སོགས་འབུལ་སྲོལ་ཡོད།

ཡང་དགོན་དེའི་སྟོད་དུ་གྲྭ་དགོན་སྤེ་བྱ་དགོན་ཞེས་པ་དང་། བྱང་ངོས་སུ་མོ་དགོན་གཞོང་ཁང་ཞེས་པ། ལྷོ་ངོས་སུ་མོ་དགོན་བཙན་བཅུ་ཞེས་པ་སོགས་ཀྱི་གྱང་གོག་ཀྱང་མཇལ་རྒྱུ་ཡོད།

 དབེན་བདག་དགོན།

མཚན་རྒྱས་པར་། འགྱུར་མེད་འོད་གསལ་གླིང་ཞེས་ཞུ། ར་ལུང་དགོན་ནས་འཁོར་ལམ་བརྒྱུད་སྤྱི་ལེ་༢༢ཙམ་མར་ཡོང་ན་ལུངདམར་གྲོང་གི་ལྟག་ཏུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ལུང་དམར་དཔོན་ལྡིང་ཆེན་གྱིས་སྲས་མོར་དགོན་དེ་བཏབ་གནང་མཛད། ཡར་འབྲོག་བསམ་ལྡིང་དགོན་གྱི་དགོན་ལག་ཡིན། སྔོན་འདུ་ཁང་ཀ་བ་བཅུ་དྲུག་ནང་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་ཕྱག་སྟོང་སྤྱན་སྟོང་གི་ཞལ་ཐང་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལགཡི་སྐུ་བརྙན་སྨན་འདམ་ལས་[page 9གྲུབ་པ། སྐུ་རྒྱུ་དེ་མཚུངས་ཀྱི་སྤྱན་རས་གཟིགས་ཕྱག་བཞི་པ་སོགས་རྟེན་དང་བརྟེན་པར་བཅས་པ་ཡོད། བཙུན་མ་རྣམས་ལོ་གསར་སོགས་ཚེས་བཟང་དུས་བཟང་ལ་ཚོགས་པ་ལས་དེ་བྱིངས་རང་ཁྱིམ་དུ་སོ་ནམ་གནང་ནས་བཞུགས་སྲོལ་དར། ཆོས་ཐེབས་ནི་དཔོན་པོ་ལྡིང་ཆེན་གྱིས་གནང་བའི་ཞིང་གསུམ་ཡོད་པ་དེ་ག་ཡིན།

ད་ལྟ་ནི་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་ཆོས་ལུང་སྤྲུལ་གསུམ་གྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དེ་ནས་མར་ཡོང་དུས་རྒྱབ་བྲག་ཅེས་པར་ཆོས་སྡེ་བླ་ཁག་བཅུ་དྲུག་གི་ཁོང་ཡིན་པ་རྒྱབ་བྲག་དགོན་དང་། རྩ་བ་ནང་ཞེས་པར་ལྷ་རི་གཟིམ་ཕུག་ཅེས་པ་སོགས་མཇལ་རྒྱུ་ཡོད།

 གླིང་བུ་དགོན།

མཚན་རྒྱས་པར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཞུ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་སྤྱི་ལེ་༢༥ཙམ་ཤར་ངོས་སུ་འཁོར་ལམ་དེད་སོང་ན་ལམ་ཟུར་ཤིང་བྱང་ཡོད་སར་སེམས་སྐབས་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་པཎྜི་ཏ་སྨྲྀ་ཏི་ཛྙ་ནའམ་དྲན་པའི་ཡེ་ཤེས་ནི་ཐོག་མར་བོད་དུ་ཕེབས་སྐབས་ཕེབས་ལམ་ནས་ལོ་ཙཱ་བ་སྐུ་གཤེགས། བོད་སྐད་མི་གསན་པས་གཙང་རྟ་ནག་ཁུལ་དུ་བོད་སྐད་སློབ་ཕྱིར་ཕྱུགས་རྫི་གནང་ནས་བཞུགས། དེ་ནས་གནས་དེ་དང་ཉེ་བ་འཁྲུངས་ཡུལ་ཞེས་པར་ཕེབས་སྐབས་ཡི་དམ་དཔལ་ཆེན་གྱི་སྐུ་བརྙན་ཞིག་བཞེངས་དགོས་དགོངས་ཏེ། ཉིན་ལྟར་ཕྱུགས་འཚོ་ཞོར་དུ་སྐུ་སྨད་བཞེངས་པར་མཛད་པས་ཉིན་ཞིག་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཅན་ཞིག་རང་བྱོན་དུ་འཁྲུངས། གནས་དེར་འཁྲུངས་ཡུལ་ཞེས་ཐོགས་དོན་ཡང་དེ་ལྟར་ཡིན། དེ་ནས་སྐུ་འདི་བཞུགས་གནས་གང་དུ་བྱེད་དགོས་སམ་དགོངས་པར་ཡི་དམ་གྱིས་ངའི་སྡོད་ས་ང་རང་གིས་འཚོལ་གྱི་ཡིན་

[page 10ཞེས་གསུང་བྱོན་པ་དང་ཆབས་ཅིག་ཡབ་མིར་སྤྲུལ་པ་དང་ཡུམ་ར་མོ་ཞིག་ཏུ་སྤྲུལ་པའི་ཞབས་རྗེས་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་དཔལ་ཆེན་གྱིས་ཕྱག་མདའ་ཞིག་གནང་ནས་མདའ་འདི་གང་དུ་བབས་ཀྱང་གནས་དེར་ངའི་སྟོད་གནས་ཡིན་གསུངས་ནས་ཡར་ཕེབས་པས་ཕྱག་མདའ་གནང་ཡུལ་དེར་བྲག་ལ་ཁུང་ཕུག་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་ཡར་ཕེབས་ཏེ་ད་ལྟའི་དགོན་ཞབས་རྒྱལ་པོའི་ལྷ་རྟེན་དཀར་པོ་ཡོད་སར་ཕེབས་སྐབས་དེར་ལུག་རྫི་ཞིག་ཡོད་པ་དེར་ངས་མདའ་ཞིག་བརྒྱབ་ཡོད་པས་ཁྱོད་ཀྱིས་མཐོང་བྱུང་ངམ་ཞེས་གསུངས་པར། ལུག་རྫིས་མདའ་མཐོང་མ་བྱུང་གླིང་བུའི་སྒྲ་ཞིག་ཐོས་བྱུང་ཞེས་ཞུས་པས། ད་འོ་ན་གནས་འདིར་གླིང་བུ་ཞེས་ཐོགས་ཤིག་གསུངས་པས་གླིང་བུ་ཞེས་པ་དེ་ལྟར་བྱུང་། དེ་ནས་གནས་དེར་དགོན་དེ་བཏབ་གནང་ནས་བཤད་སྒྲུབ་ཀྱི་ཆོས་གྲྭ་འཕེལ། ཕོ་དགོན་མོ་དགོན་སོ་སོར་འདུས་ཚོགས་ཤིན་ཏུ་རྒྱས་པ་བྱུང་། འོན་ཀྱང་ཇུན་གར་དམག་དུས་སུ་སྨེག་མེད་དུ་སོང་ཡང་དགོན་དེའི་སྐུའི་རྟེན་གོང་གསལ་ཡི་དམ་གྱི་སྐུ་བརྙན་དེ་དང་། གསུང་གི་རྟེན་རྡོ་ནག་སྟེང་དཔལ་ཆེན་གྱི་གཟུངས་སྔགས་“རུ་ལུ་”ཞེས་པ་འབྲུ་བརྒྱད་འབུར་དོད་དུ་ཡོད་པ་༼དེ་ནི་རྒྱ་གར་ནས་འཕུར་ཕེབས་ཏེ་དགོན་ཞབས་སུ་བབས་པ་དང་། ས་དེར་ད་ལྟ་ཡང་རུ་ལུ་སྒང་ཞེས་ཟེར་༽དེ་གཉིས་བཞུགས་ཡོད། དེ་རྗེས་༡༩༢༨ལོར་དགོན་དེའི་བླ་མ་ལྷ་བཙུན་ནམ་མཁའ་འཇིགས་མེད་སྐུ་ཕྲེང་བཅུ་གསུམ་པ་ལྷ་བཙུན་འགྱུར་མེད་འཇིགས་བྲལ་བསྟན་འཛིན་དཔའ་བོ་དཔལ་བཟང་པོ་མཆོག་ནི་འབྲས་ལྗོངས་རྒྱལ་སྲས་ཡིན་སྟབས་དགོན་དེ་ཉམས་གསོ་གཞི་རྒྱ་ཆེ་བ་གནང་། སྔོན་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་༨༠སྐོར་གྱིས་ལྷོ་གཏེར་སྨིན་སྒྲོལ་གླིང་གི་ཕྱག་བཞེས་ཇི་བཞིན་ཕྱག་ལེན་གནང་བ་ཡིན།

ད་ལྟ་སྔོན་གྱི་རྩིག་སྟེང་དུ་ཐོག་བཀབ་གནང་བའི་འདུ་ཁང་ཀ་བ་བཅུ་དང་། གཡས་སུ་མགོན་ཁང་། གཡོན་དུ་མཚན་རྒྱས་ལྷ་ཁང་། ཡང་སྟེང་གཟིམ་ཆུང་ལྷུན་གྲུབ་དགའ་ཚལ་དང་འཆི་མེད་བདེ་ལྡན་བཅས་པར་སྔོན་གྱི་[page 11རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 སྔོན་གྱི་རྒྱལ་རྩེ་རྫོང་།

མཚན་གཞན་ལ། ཕོ་བྲང་རྒྱལ་མཁར་རྩེ་ཡང་ཞུ། རྒྱལ་རྩེ་རྫོང་ནི་རྒྱལ་རྩེ་གྲོང་བརྡལ་གྱི་དབུས་སུ་རི་འབྲུག་དབྱིབས་འདྲ་བའི་སྟེང་དུ་ཆགས་པས་ཐག་རིང་ནས་ངོ་མཚར་ཆེ་བ་མཐོང་ཐུབ། རྫོང་དེ་ནི་ཐོག་མར་རྒྱལ་པོ་གླང་དར་གྱི་སྐུ་ཚ་དཔལ་འཁོར་བཙན་གྱིས་སྤྱི་ལོ་༩༦༧ལོར་བཏབ། ཕག་གྲུས་སྲིད་དབང་བཟུང་སྐབས་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡབ་ནང་ཆེན་འཕགས་པ་དཔལ་བཟང་གིས་རྒྱས་བསྐྲུན་གནང་། ཕག་གྲུ་སྣེ་གདོང་གི་གོ་གནས་བཟུང་ནས་མུ་མཐུད་མྱང་ཆུའི་དཀྱིལ་སྟོད་ཁུལ་གྱི་སྲིད་དབང་བཟུང་། དགའ་ལྡན་ཕོ་བྲང་དུས་རྫོང་ཆེན་དང་། རྫོང་འབྲིང་། མཐའ་རྫོང་། རྫོང་ཆུང་བཅས་རིགས་ལྔ་ལ་དབྱེར་ཡོད་པས་རྒྱལ་རྩེ་རྫོང་ནི་རྫོང་ཆེན་གྱི་ཁོངས་སུ་གཏོགས་པ་ཡིན།

སྔར་རྒྱལ་རྩེ་རྫོང་གི་ཕྱོགས་བཞིར་ལྷ་ཁང་བཞི་ཡོད་པ་ལ་ཤར་གུ་རུ་ལྷ་ཁང་ནི་བྱང་གཏེར་རྡོ་བྲག་ལུགས་དང་། ལྷོ་རབ་རྒྱས་ཚོགས་ཁང་ལྷོ་གཏེར་སྨིན་སྒྲོལ་གླིང་ལུགས། ནུབ་ལྷ་ཁང་སེར་པོར་འགྲོ་བ་ཀུན་སྒྲོལ་ཕྱག་བཞེས། བྱང་ལ་རྩད་གཞུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ཡིན། ད་ལྟ་བཞུགས་པ་ཤར་རྫོང་མདུན་གུ་རུ་ལྷ་ཁང་ནང་སྨན་འདམ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འཁོར་གསུམ་གསར་བཞེངས་དང་། ལྡེབས་རིས་རྙིང་མ་མང་པོ་ཡོད་པ་ནི་ཤར་དུ་ཞི་ཁྲོའི་ལྷ་ཚོགས་དང་། ནུབ་ཏུ་ཨོ་རྒྱན་སྟོང་སྐུ་སོགས་མཇལ་རྒྱུ་ཡོད་ལ་དེ་ཁུལ་གྱི་གྲོང་མི་ཚོས་ཚེས་བཅུ་ཉེར་ལྔ་སོགས་ལྷ་ཁང་དེའི་ནང་གཏོང་གནང་བ་ཡིན།

 རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།

མཚན་རྒྱས་པར། རྒྱལ་རྩེ་དཔལ་འཁོར་ཆོས་ཀྱི་སྡེ་ཆེན་པོ་ཞེས་ཞུ། གཞིས་རྩེ་བཀྲ་ཤིས་ལྷུན་པོ་ནས་ཤར་ལྷོའི་[page 12མཚམས་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་༩༠ཙམ་སོང་ན་རྒྱལ་རྩེ་གྲོང་དབུས་སུ་དགོན་དེ་མཇལ་བ་ཡིན། “དཔལ་འཁོར་”ཞེས་པ་ནི་དགོན་དེའི་དབྱིབས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་རིས་སུ་བྱས་པས་མཚན་དེ་ལྟར་ཐོགས། དགོན་དེ་ནི་ཐོག་མར་སྤྱི་ལོ་༡༩༡༨ལོར་ཆོས་རྒྱལ་རབ་བརྟན་ཀུན་འཕགས་ཀྱིས་བཏབ། རབ་བརྟན་ཀུན་བཟང་འཕགས་ཐོག་མར་སྣེ་གདོག་རྒྱལ་པོའི་གཟིམ་དཔོན་ཡིན་པ་ལ་དགུང་ལོ་ཉི་ཤུ་ཙམ་དུ་ཕེབས་སྐབས་རྒྱལ་རྩེ་རྫོང་སྟེ་ཕོ་བྲང་རྒྱལ་མཁར་རྩེའི་རྫོང་དཔོན་དུ་བསྐོ་བཞགས་མཛད། ཐོག་མར་དགོན་དེ་དང་ཉེ་བ་སྤྱི་ལེ་༤∕ ༥ཙམ་ན་ལྕང་ར་ཆོས་སྡེ་ཞེས་པ་བཏབ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དགོན་དེའི་མཁན་པོ་མཛད། དེ་ནས་ལྕང་ལོ་ཟམ་ཆེན་ཞེས་ཟམ་མིག་དགུ་ཅན་སྟེང་དུ་མཆོད་རྟེན་གསུམ་ཡོད་པ་ལ་དེའི་འོག་ནས་འགྲོ་སྐྱོད་ཆོག་པ་ཞིག་ཀྱང་བསྐྱོན། དེ་ནས་ཕོ་བྲང་རྒྱལ་མཁར་རྩེ་རུ་གཙུག་ལག་ཁང་ཡོད་ཀྱང་གཞི་ཁྱོན་ཆུང་བར་གཟིགས་ཏེ་ད་ལྟའི་གནས་དེར་གཙུག་ལག་ཁང་ཞིག་བཞེངས་དགོས་ཐུགས་ལ་འཁྲུངས། གུང་ཐང་གཙུག་ལག་ཁང་ལ་དཔེར་བྱས་ཏེ་དཔལ་འཁོར་ཆོས་སྡེ་བཏབ། དེའང་ཆོས་རྒྱལ་རིན་ཆེན་རྩེར་བཞུགས་བཞག་མཛད་སྐབས་སྐུ་པང་དུ་ཤོག་དྲིལ་ཞིག་བབས་པ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ཇོ་བོ་མ་ཧཱ་བྷོ་ཏིའི་སྐུ་ཚད་དང་སྐུ་རྒྱུའི་རིན་ཐང་སོགས་འཁོད་ཡོད་པས། ཆོས་སྡེ་དེའི་རྟེན་གཙོའང་དེ་ལྟ་བུ་ཞིག་བཞེངས་དགོས་པའི་བརྡ་རུ་གསན། ཐོག་མར་ཚོགས་ཆེན་འདུ་ཁང་ཀ་རིང་༨དང་ཀ་ཐུང་༤༨ཀྱི་ས་དང་། གཙང་ཁང་ཀ་རིང་༢དང་ཀ་ཐུང་༦སར་དབུས་སུ་གསེར་ཟངས་ཀྱི་ཐུབ་དབང་བལ་བཟོ་ཅན་དང་། གཡས་གཡོན་དུ་སྤྱན་རས་གཟིགས་དང་འཇམ་དབྱངས་མི་ཚད་ལྷག་བཅས་རྫོང་མདུན་རྡུང་ར་ཞེས་པར་བརྡུང་པས་ད་ལྟའང་ས་དེར་རྡུང་ར་ཞེས་ཟེར། མཐའ་འཁོར་དུ་བྱང་སེམས་བཅུ་དྲུག་སྨན་འདམ་ལས་གྲུབ་པ་ལྷ་བཟོ་བ་ལྷ་ས་ནས་ཡིན་ཞེས་ཟེར། གཡས་ནས་རྩིས་པའི་གཙང་ཁང་དང་པོའི་ནང་གསེར་ཟངས་ཀྱི་ཀུན་རིགས་རྣམ་པར་སྣང་[page 13མཛད་དབུས་བཞུགས་རྒྱལ་བ་རིགས་ལྔ་དང་ཀུན་རིགས་ལྷ་ཚོགས་རྣམས་སྨན་འདམ་ལས་གྲུབ་པ། གཙང་ཁར་ཤར་དུ་རྟེན་གཙོ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་གཟུངས་སུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་སྐུ་རས་སཙྪ་བཞུགས་པ་སྐུ་རྒྱབ་ཏུ་སྨན་འདམ་གྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། མཐའ་འཁོར་དུ་གཡོན་ནས་རྩིས་པས་ཨ་ཏི་ཤ། ཀརྨ་ལ་ཤི་ལ། པདྨ་སཾ་བྷ་བ། མཁན་ཆེན་བྷོ་ཏི་སཱ་ཏོ། འཇམ་དབྱངས། ཕྱག་རྡོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཆོས་རྒྱལ་མེས་དབོན་རྣམ་གསུམ་བཅས་དང་། སྦུག་ཏུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་ཡུམ་གྱི་གདུང་རྟེན་ཡིན་ཞུ་བ་གསེར་ཟངས་ཀྱི་དྲི་མེད་མཆོད་རྟེན་བྱོན་ལེགས་ལ་མཐའ་འཁོར་དུ་བཀའ་འགྱུར་གསེར་བྲིས་མ་ཆ་ཚང་ཁ་ཤས་ཡོད་པ་དེ་དག་ནི་ཆོས་རྒྱལ་གྱིས་དབུས་གཙང་ཡིག་གཟུགས་མཁས་པ་ཡོད་ཚད་བསྐོངས་ནས་དེའི་ནང་ནས་ཡིག་གཟུགས་ལྟར་བྲིས་པ་ཡིན་ཞུ་བ། གཞན་ཡང་བཀའ་འགྱུར་ཐེམ་སྤངས་མས་གཙོ་བོར་གྱུར་པའི་བཀའ་འགྱུར་བྲིས་མ་ཚར་གྲངས། བཀའ་འགྱུར་དྲུང་ཡིག་ཅེས་པའི་བྲིས་པའི་རྒྱུན་ནི་༡༩༥༩ལོ་བར་ཡོད། མགོན་ཁང་ནང་གཙོ་བོ་གུར་གྱི་མགོན་པོ་དང་། ལྷ་མོ་ཨེར་ཀ་ཛ་ཏི། ཀྭེ་མོ་འདོད་ཁམས་མ་སོགས་སྨན་འདམ་ལས་གྲུབ་པ། ཡང་སྟེང་ནུབ་ངོས་སུ་གཅུང་ནང་ཆེན་རབ་འབྱོར་བཟང་པོའི་རྗེས་འཇུག་ཏུ་བཞེངས་པའི་སྨན་འདམ་གྱི་རྡོ་རྗེ་འཆང་དང་། ས་སྐྱའི་བླ་རྒྱུད། དབུས་སུ་སྨན་འདམ་གྱི་བདེ་མཆོག་ལུ་ཧི་པའི་དཀྱིལ་འཁོར། གཞལ་ཡས་རྩེ་ལྷ་ཁང་དུ་གསེར་ཟངས་ཀྱི་ཇོ་བོའི་སྐུ་བརྙན་ཞིག་ཡོད་པ་ནི་དགོན་དེའི་ཆོས་གཞིས་ཕན་བདེ་ཞེས་པ་ནས་གདན་དྲངས་པ། གཞན་ཡང་སྐུ་བརྙན་ཆེ་ཆུང་སྣ་ཚོགས། དེ་ནས་གནས་བཅུ་ལྷ་ཁང་ནང་སྨན་འདམ་གྱི་འཕགས་པ་གནས་བརྟན་བཅུ་དྲུག འཇམ་དབྱངས་རིགས་ལྔ། སྒྲོལ་མ་འཇིགས་བརྒྱད། སྒྲོལ་མ་ལྷ་ཁང་རྒྱ་དངུལ་གྲུབ་པའི་རྒྱལ་བ་བྱམས་པ་མདའ་ཚད་མ་དང་། རྟེན་གཙོར་གནས་བརྟན་ནགས་རིན་གྱི་ཐུགས་[page 14དམ་རྟེན་ཡིན་ཞུ་བ་རི་ཁྲོད་དགའ་ལྡན་གྱི་རྟེན་གཙོ་སྒྲོལ་མ་གསུང་བྱོན་མཐོ་གང་ཙམ། རྡོ་རིང་གཟིམ་ཤག་དགའ་བཞི་ནས་ཕུལ་བ་ཡིན་ཞུ་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་བྱོན་ལེགས་སོགས་འབུར་སྐུ་ཇི་སྙེད་མཇལ་རྒྱུ་ཡོད། དེ་བཞིན་ལྡེབས་རིས་སུ་འདུ་ཁང་ནང་སྒྲོལ་མ་དང་བྱམས་པ་སོགས་ཀྱི་ཞིང་བཀོད་ཆེར་མི་གསལ་བ། ཡང་སྟེང་ལམ་འབྲས་ལྷ་ཁང་ནང་ལྷོ་ངོས་སུ་འགྲོ་མགོན་དང་ཧུ་པི་ལི་སེ་ཆེན་ཧན་དང་མཇལ་ཚུལ། བྱང་ངོས་སུ་མུ་སྟེགས་སྟོན་པ་དགའ་བོ་དང་འཕྲོག་བྱེད་ས་པཎ་དང་རྩོད་པ་མཛད་ཚུལ། ནུབ་ངོས་སུ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུ། གཞལ་ཡས་རྩེ་ལ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར། གནས་བརྟན་ལྷ་ཁང་དུ་རྒྱ་བྲིས་ཀྱི་རྒྱལ་ཆེན་སྡེ་བཞི། འཁྱམས་ཀྱི་ལྡེབས་རིས་སུ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཁག་ཅིག་བཅས་ལྡེབས་རིས་ཇི་སྙེད་ཡོད་པ་ལས། ལ་ལ་བལ་བྲིས་ཡིན་ཟེར་ཡང་ལྷ་བྲིས་པ་སོ་སོའི་མིང་ནི་བོད་མིང་འཁོད་ཡོད་པ་བཅས་སོ།

 དཔལ་འཁོར་ཆོས་སྡེའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ནི།

ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་ལོ་དགུའི་སྟེང་སྟེ་སྤྱི་ལོ་༡༤༢༧ལོར་དབུ་བཙུགས་པ་དང་། ཆ་ཚད་ནི་ལོགས་རེར་ཆོས་རྒྱལ་ཉིད་ཀྱི་ཁྲུ་༡༠༨ཐེམ་སྐས་རིམ་པ་གསུམ་དང་ལྡན་པ་བཅས་མཐོ་ཚད་ཐོག་སོ་བཅུ་གཅིག་ལྷག་ཙམ། བང་རིམ་རིམ་པ་བཞི་ཡོད་པ་ལ། དང་པོ་སྒོ་ཆེན་བཞིར་ལྷོ་ནས་རྩིས་པའི་ཤཱཀྱ་ཐུབ་པ་དང་། ཚེ་དཔག་མེད། མར་མེ་མཛད། རྒྱལ་བ་བྱམས་པ་སོགས་ཀྱིས་གཙོས་ཆོས་སྐྱོང་དང་ནོར་ལྷ་ཁག བང་རིམ་གཉིས་པར་རྒྱལ་བ་མི་འཁྲུག་པ་དང་ཚེ་དཔག་མེད་སོགས་ཀྱི་ལྷ་ཚོགས། བང་རིམ་གསུམ་པར་ཕྱོགས་བཞིར་སྒོ་ཆེན་བཞི་སྟེ་ལྷོ་ནས་རྩིས་པའི་འོད་དཔག་མེད། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ། མི་སྐྱོད་རྡོ་རྗེ་ལ་སོགས་པའི་ལྷ་ཚོགས། བཞིར་པར་གྲུབ་མཐའ་ཁག་གི་བླ་རྒྱུད། བུམ་པའི་ནང་ལྷོར་ཐུབ་པ་གནས་བརྟན་བཅུ་[page 15དྲུག ནུབ་ཏུ་ཤཱཀྱ་སེང་གེ་གཙོ་འཁོར་གསུམ། བྱང་དུ་ཡུམ་ཆེན་མོར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། ཤར་དུ་ཐོག་མར་སྨན་འདམ་ཡིན་པ་ལ་རྗེས་སུ་གསེར་ཟངས་ཀྱི་རྣམ་པར་སྣང་མཛད། བྲེའི་ནང་དུས་འཁོར་དང་འཇིགས་བྱེད་དགྱེས་རྡོར་ལ་སོགས་པའི་ལྡེབས་རིས། ཆོས་འཁོར་བཅུ་གསུམ་ནང་ལི་མའི་རྡོ་རྗེ་འཆང་དྲོད་རྟ་རྔ་ཙམ་ཡོད་ཞུ་བ། མདོར་ན་བང་རིམ་བཞི་ལ་ཕྱོགས་བཞིར་ལྷ་ཁང་ལྔ་རེ། བུམ་པའི་ཕྱོགས་བཞིར་ལྷ་ཁང་རེ། བྲེ་ཡི་ཕྱོགས་བཞིར་ལྷ་ཁང་རེ། ཆོས་འཁོར་སྟོད་སྨད་གཉིས་ལ་ལྷ་ཁང་རེ་བཅས་ཁྱོན་ལྷ་ཁང་༩༠ལྷག་ཙམ་ཡོད། གཞན་ཡང་ལྷ་ཁང་ཚང་མར་མདོ་རྒྱུད་ཀྱི་ལྷ་འབུར་སྐུ་དང་། བྲིས་མ། དཀྱིལ་འཁོར་བཅས་བར་མཚམས་མེད་པར་བཀོད་ཡོད་པ་བཅས་ཡིན།

ད་དུང་དགོན་དེར་ཕྱིའི་གནས་བརྟན་བཅུ་དྲུག་ཅེས་ལྕགས་རིའི་ལྕོག་སོ་སོའི་ནང་གནས་བརྟན་རེ་བཞུགས་པའི་ལྕོག་བཅུ་དྲུག་དང་། ནང་གི་གནས་བརྟན་བཅུ་དྲུག་ནི་གཞི་གནས་གྲྭ་ཚང་དང་། གསེར་ཁང་འོག གསེར་ཁང་གོང་། ལེགས་གྲུབ། གྲངས་མེད་ཅན། མངོན་དགའ། བདེ་འབྱོར། ཤར་ཆེན་བཅས་དགེ་ལུགས་དང་། གུར་པ་གྲྭ་ཚང་། བདེ་བ་ཅན། ཆོས་འཁོར། ཁང་གསར་བཅས་ས་ལུགས། རིན་སྟེང་གྲྭ་ཚང་། དུས་འཁོར། ནོར་བུ་དགའ་ལྡན་སོགས་བུ་སྟོན་བཅས་གྲྭ་ཚང་ཁག གསང་བའི་གནས་བརྟན་བཅུ་དྲུག་ནི་ཐོག་མར་དགེ་འདུན་༡༥༠༠སྐོར་ནས་རྗེས་སུ་དགེ་འདུན་༧༠༠ཙམ་གྱིས་ས་བུ་དགེ་གསུམ་གྱི་རྒྱུད་སྡེ་བདུན་ཅུ་ཙམ་གྱི་སྒྲུབ་མཆོད་ཁག་ཕྱག་ལེན་གནང་བ་བཅས་ཡིན།

ད་ལྟ་རིན་སྟེང་གྲྭ་ཚང་ལས་གྲྭ་ཚང་གཞན་རྣམས་ཉམས་གསོ་ཞུ་ཐུབ་མེད་ཀྱང་། ཚོགས་ཆེན་དང་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་ཉམས་ཆག་ཆེར་བྱུང་མེད་པ་སྔར་གྱི་དེ་ཉིད་ལགས།

གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡ནས་བཟུང་ས་ལུགས་ཀྱི་[page 16ཕུར་པའི་སྒྲུབ་མཆོད་དང་འབྲེལ་བའི་གར་འཆམ། བུ་ལུགས་རིན་སྟེང་གྲྭ་ཚང་གིས་རྒྱལ་བ་མི་འཁྲུག་པའི་སྦྱིན་བསྲེག་དང་འབྲེལ་བའི་གར་འཆམ། ཟླ་༤ཚེས་༡༨ལ་གོས་སྐུ་ཞལ་དབྱེ་དང་ཟླ་༤སྒྲུབ་མཆོད་རྣམས་འགྲུབ་པའི་གྲོལ་སྟོན་དང་འབྲེལ་རྒྱལ་རྩེ་མདའ་མང་ཞེས་པའི་རྟ་རྒྱུག་མདའ་འཕེན་སོགས་ལྟད་མོ་ཆེན་པོ་ཡོད།

 དགའ་རུ་དགོན།

མཚན་གཞན་ལ། ལ་རྩད་ཨ་ནིའི་དགོན་ཞེས་ཞུ། ཐོག་མར་གནས་དེར་དགེ་སློང་ཨུཏྤ་ལ་ཞབས་སྐོར་དུ་ཕེབས་སྐབས་“ཨང་སྐྱིད་པོ་”ཞེས་པ་ནས་རི་ཁྲོད་མཇལ་བས་ལ་ཆུང་དེར་“དགའ་རུ་ལ་”ཐོགས་ཞེས་གསུངས་ཏེ་དགའ་རུ་ལ་རྩེར་མཆོད་རྟེན་ཞིག་ཀྱང་བཏབ་གནང་མཛད་ཅེས་གསུངས།

དེ་ནས་སྤྱི་ལོ་༡༩༨༧ལོར་སྐུ་ཞབས་མཐུ་སྟོབས་ལགས་ཀྱིས་གཙོ་བོ་གནང་བའི་དད་ལྡན་པ་ཚོས་ཐོག་མར་དབྱེན་འདུམ་མཆོད་རྟེན་ཞིག་བཞེངས་རྩིས་གནང་བ་ལ་མཆོད་རྟེན་གྱི་རྨང་འབྲུ་སྐབས་ཟངས་མདོག་དཔལ་རིའི་སཙྪ་ཐོན་པས་མཆོད་རྟེན་དེ་བདུད་འདུལ་མཆོད་རྟེན་དུ་བསྒྱུར། མཆོད་རྟེན་གྱི་གཟུངས་སུ་དགེ་སློང་ཨུཏྤ་ལ་ཡི་ན་བཟའ་དང་། བཞེས་ཆས། གུ་རུ་ཆོས་དབང་གི་སྐུ་ཤ་སོགས་ནང་རྟེན་དུ་ཕུལ། སྒོ་འཁྱིམས་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་བརྙན་བཅས་ཕུལ། དེ་ནས་རིམ་བཞིན་དབྱེན་འདུམ་མཆོད་རྟེན་དང་། རྣམ་རྒྱལ་མཆོད་རྟེན། བྱང་ཆུབ་མཆོད་རྟེན་སོགས་གསར་བཞེངས་གནང་། དེ་ནས་རིན་ཆེན་སྒང་དགོན་པའི་ཚབ་ཏུ་བཙུན་མའི་དགོན་དེ་བཞེངས་པར་མཛད། སྨན་བླ་དང་། བླ་མཆོད། སྒྲོལ་ཆོག་སོགས་ཕྱག་བཞེས་གནང་སྟེ་སྤུངས་རིའི་དུར་ཁྲོད་དུ་སྨོན་ལམ་གསུང་བ་སོགས་ལ་ཕེབས་པ་ཡིན། འདུ་ཁང་ཀ་རིང་གཉིས་དང་། ཀ་ཐུང་བརྒྱད་ཀྱི་གདོང་གྲལ་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་བརྙན། གཙང་ཁང་

[page 17ནང་དུས་གསུམ་སངས་རྒྱས་ཐོག་སོ་གཅིག་ལྷག་དང་འབྲེལ་བའི་གནས་བརྟན་བཅུ་དྲུག་བརྐྱངས་ཁྲུ་གང་ལྷག་ཙམ་དང་སྨན་བླ་བདེ་གཤེགས་བརྒྱད་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 རྒོད་ལུང་རི་ཁྲོད།

རི་ཁྲོད་དགའ་ལྡན་ཞེས་ཞུ། རི་ཁྲོད་དེ་ནི་རྒྱལ་རྩེ་དཔལ་ཆོས་དགོན་གྱི་གླིང་སྐོར་དུ་འགྲོ་སྐབས་བྱང་ངོས་ནས་རི་ཁྲོད་དེ་མཇལ་བ་ཡིན། དཔལ་ཆོས་དགོན་མ་བཏབ་གོང་ནས་རི་ཁྲོད་དེ་ཡོད་པ་དང་། རི་ཁྲོད་དགའ་ལྡན་ཞུ་དོན་ཡང་པཎ་ཆེན་སྨྲི་ཏིའི་ཕྱག་བཟོ་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཞིག་བཞུགས་པས་དགའ་ལྡན་དང་། རྒོད་ལུང་ཞུ་བ་ནི་རྔོག་ལོའི་སློབ་མ་ཕར་ཕྱིན་ལ་མཁས་ལ་འབྲེ་ཆེན་པོ་ཤེས་རབ་མཐར་བྱེ་མདའ་ལྷ་ཁང་ལ་བཞུགས་པའི་ཚེ། གཏོར་སྡེར་བྱ་རྒོད་ཅིག་གིས་ཁྱེར་ནས་ད་ལྟའི་རི་ཁྲོད་གནས་ཡུལ་དུ་བཞག་པས་དེར་སྒྲུབ་གནས་ལུང་བསྟན་པར་དགོངས་ནས་འབྲེ་ཆེན་ཡུན་རིང་བཞུགས། དེ་རྗེས་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤྲི་ཏི་པུ་ཏྲ་ཡིས་ཀྱང་གནས་དེ་ཁྱད་དུ་འཕགས་པར་གཟིགས་ཏེ་ཕྱོགས་བཞིར་བུམ་གཏེར་བཞག་གནང་མཛད། དེ་རྗེས་སྤྱི་ལོ་༡༩༣༤ཙམ་ལ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཕྱག་བཏབ་རྗེས་ཆོས་སྡེ་དེའི་ཐོས་བསམ་མཐར་ཕྱིན་པའི་གང་ཟག་རྣམས་སྒྲུབ་ལ་གཞོལ་བའི་ཕྱིར་རི་ཁྲོད་རྒོད་ལུང་དུ་སྒྲུབ་ཁང་བརྒྱ་རྩ་གཅིག་ཙམ་བཏབ་གནང་མཛད་ནས་སྒྲུབ་གྲྭར་མཐུན་རྐྱེན་སྦྱར། དེ་རྗེས་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་ཐུགས་དམ་གྱི་རྟེན་སྐུ་རྒུ་ཛྷི་ཥིམ་ལས་གྲུབ་པ་སྒྲོལ་མ་གསུང་བྱོན་མའང་གནས་དེར་དུས་འགྱུར་བར་བཞུགས་པ་ད་ལྟ་དཔལ་ཆོས་དགོན་གྱི་ཡང་སྟེང་སྒྲོལ་མ་ལྷ་ཁང་དུ་མཇལ་རྒྱུ་ཡོད། སྔོན་དགེ་འདུན་ཞལ་གྲངས་༡༠༠ལྷག་རྟག་ཏུ་བཞུགས་པ་ཡིན།

ད་ལྟ་སྔོན་གྱི་གྱང་གོག་སྟེང་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་སྨྲི་[page 18ཏིའི་ཕྱག་བཟོ་བྱམགས་མགོན་དང་། དེ་བཞིན་རྟེན་གསུམ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།

 རྩེ་ཆེན་དགོན།

མཚན་རྒྱས་པར། ཐུབ་བསྟན་རབ་རྒྱས་གླིང་ཞེས་ཞུ། རྒྱལ་རྩེ་དཔལ་ཆོས་དགོན་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་ནུབ་ངོས་སུ་སོང་ན་རྩེ་ཆེན་གྲོང་ཚོ་ཞེས་པའི་རྒྱབ་རིར་དགོན་དེ་མཇལ་རྒྱུ་ཡོད། རྩེ་ཆེན་ཞེས་པ་ནི་བུ་མོ་སྣང་ས་འོད་འབུམ་འཁོར་བར་ཐུགས་ཞེན་ལོག་སྟེ་དགོན་པ་བསེ་བྲག་སྒྲུབ་སྡེར་ལྷ་ཆོས་གནང་བར་ཕེབས་རྒྱུར་ཐུགས་ཐག་བཅད། གནང་བས་རྗེས་སུ་ཟམ་པའི་མིང་ལའང་རྩེ་ཆེན་ཟམ་པ་དང་། དགོན་མིང་ལའང་རྩེ་ཆེན་དགོན་ཞེས་ཐོགས། དགོན་དེ་ནི་ཉ་དབོན་ཀུན་དགའ་དཔལ་གྱིས་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་ཚན་དུ་ཕྱག་བཏབ་གནང་མཛད། གྲངས་མེད་ཆེ་གྲྭ་ཚང་དང་། དབོན་དགའ། དུང་འཁོར། བཟོད་དཔལ། ཡོལ་དགའ། དགའ་ལྡན་པ། དཔོན་ཆོས་པ། སྒྲོལ་མ་ལྷ་ཁང་། བདེ་བ་ཅན་བཅས་གྲྭ་ཚང་དགུ་དང་། སྤྱི་གསོ་འམ་ཆོས་སྡེ་ཞེས་ཚོགས་ཆེན་གཅིག་བཅས་ཡོད། སྔོན་འདུ་ཁང་ཀ་བ་ཞེ་གཉིས་ནང་རྟེན་གཙོ་སྒྲོལ་མ་གསུང་བྱོན་སོགས་རྟེན་གསུམ་ཇི་སྙེད་དང་གྲྭ་ཚང་ཁག་ལའང་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་བླ་ཁག་དགུ་ཡོད་པ་ལས་དུང་འཁོར་དང་ཡོལ་དགའ་བུ་ལུགས་དང་། གྲངས་མེད་ས་ལུགས་ཡིན་པ་ལས་གཞན་རྣམས་དགེ་ལུགས་ཡིན། ཐོག་མར་དགེ་འདུན་༥༠༠སྐོར་ནས་རྗེས་སུ་དགེ་འདུན་༣༠༠ཙམ་གྱིས་བླ་ཁག་སོ་སོའི་འདོན་ཆོས་གྲུབ་མཐའ་ཁག་ཕྱག་བཞེས་མཛད་པ་ལ་ཚོགས་ཆེན་ལ་དགེ་ལུགས་ཕྱག་ལེན་མཛད་པ་དང་ལོ་ལྟར་བོད་ཟླ་༡༢ནང་གྲྭ་ཚང་སོ་སོའི་གར་འཆམ་ཡང་བསྐྱོན་སྲོལ་ཡོད། སྔར་རྒྱལ་རྩེ་དཔལ་ཆོས་དང་། རི་ཁྲོད། རྩེ་ཆེན་དགོན་བཅས་བསྟན་རྒྱས་གླིང་གི་ཁོངས་ཡིན།

[page 19ད་ལྟ་སྔར་གྱི་རྩེ་ཆེན་དགོན་གྱི་འོག་ཏུ་གསར་བཞེངས་གནང་བའི་ནང་སྔོན་གྱི་ཐུབ་སྐུའི་སྐུ་སྨད་སྟེང་སྐུ་སྟོད་གསར་བཞེངས་གནང་བའི་ཐུབ་དབང་གི་སྐུ་བརྙན་དང་འབྲེལ་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 འབྲོང་རྩེདགོན།

མཚན་རྒྱས་པར། དཔལ་ལྡན་འབྲོང་མཁར་རྩེ་ཞེས་ཞུ། རྩེ་ཆེན་དགོན་ནས་མུ་མཐུད་སྤྱི་ལེ་༡༥ཙམ་མར་ཡོང་ན་འབྲོང་རྩེ་གྲོང་གི་རྒྱལ་རིའི་སྟེང་དགོན་དེ་མཇལ་བ་ཡིན། འབྲོང་རྩེ་ཞེས་པ་ནི་མྱང་སྟོད་ཁུལ་དེར་ཕུངས་རི་བཅུ་གསུམ་ཞེས་ས་བཀྲ་ངན་པའི་རི་བཅུ་གསུམ་ཡོད་པ་ལ། འབྲོང་རྩེའི་རི་དེ་ནི་འབྲོང་འདྲ་བའི་རྭ་ཅོ་གཡོན་མའི་ཐོག་ཁ་གནོན་དུ་ཕྱག་བཏབ་གནང་བས་འབྲོང་རྩེ་ཞེས་པ་དེ་ལྟར་བྱུང་། དེའང་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་ལ་ཕེབས་སྐབས་འབྲོང་རྩེ་སྡེ་སྲིད་ཅེས་པས་གདན་དྲངས་པ་ལྟར་ཕེབས་ཏེ་འཇམ་དཔལ་ཞི་ཁྲོའི་དབང་ལེགས་པར་གནང་། ལྷ་བཙུན་རིན་ཆེན་རྒྱ་མཚོར་དགེ་བའི་ཤེས་སུ་བསྟེན། རྗེ་ཙོང་ཁ་པར་རོལ་མོ་ཞིག་ཀྱང་གནང་བ་ད་ལྟའི་བར་དུ་བཞུགས་ཐོག་མར་བླ་བྲང་དཀར་པོ་བཏབ། དེ་ནས་ལོ་བདུན་གྱི་བར་རིམ་བཞིན་དབུ་རྩེ་བྱང་ཆུབ་གླིང་བཏབ། བཤད་སྒྲུབ་ཀྱི་བསྟན་པ་རིམ་བཞིན་འཕེལ་ནས་སྔགས་པ་གྲྭ་ཚང་དང་། མཚན་ཉིད་གྲྭ་ཚང་། ཚོགས་ཆེན་བཅས་མདོ་སྔགས་ཟུང་འབྲེལ་ཕྱག་བཞེས་མཛད། འབྲོང་རྩེ་བེའུ་བུམ་སྔོན་པོ་ཞེས་པ་སྨན་རྩིས་སྐོར་གྱི་བསྟན་བཅོས་ལྗགས་རྩོམ་མཛད། འབྲོང་རྩེ་ཨར་བརྒྱད་ཅེས་པ་དེ་ནས་བྱུང་། སྔོན་ཚོགས་ཆེན་འདུ་ཁང་ནང་གཡས་ནས་རྩིས་པའི་གསེར་ཟངས་ཀྱི་ཚེ་དཔག་མེད་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ཡུམ་གྱི་འཁྲུངས་རྟགས་ཡིན་ཞུ་བ་[page 20དང་། སྨན་འདམ་གྱི་རིགས་གསུམ་མདོན་པོ་སྐུ་ཚད་གོང་མཚུངས། འདུ་ཁང་ནུབ་མགོན་ཁང་ནང་རྣམ་སྲས་གསུང་བྱོན། གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཇོ་བོ་མི་ཚད་མར་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ལྡེབས་རིས་སུ་ཕྱོགས་བཅུའི་སངས་རྒྱས་དང་། སྨན་བླ་བདེ་གཤེགས་བརྒྱད། གསུམ་ཐོག་དུས་འཁོར་ལྷ་ཁང་ནང་འཇིམ་གྱི་དུས་འཁོར་སྐུ་བརྙན་ཐོག་སོ་གཅིག་ལྷག་ཙམ། ལྡེབས་རིས་སུ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་། ཐོག་མཚམས་སུ་རིགས་ལྡན་ཉེར་ལྔའི་ལྡེབས་རིས། དེ་བཞིན་གྲྭ་ཚང་གཉིས་ལའང་རྟེན་དང་བརྟེན་པར་བཅས་བཞུགས།

སྔོན་དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༢༨ ∕ ༢༩གཉིས་ལ་འབྲོང་རྩེ་སྤྱི་རིམ་ཆེན་མོ་ཞེས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་སྒྲུབ་མཆོད་དང་། ཙིའུ་དམར་པོ་དང་། སྐུ་ལྔ་གཙོ་བོར་གྱུར་པའི་རུ་འདྲེན་ཁག་གི་གར་འཆམ་དང་དྲུག་ཅུ་མའི་གཏོར་ཟློག་སོགས་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་ཚོགས་ཆེན་འདུ་ཁང་གི་ཤུལ་དུ་བསྐྱར་བཞེངས་གནང་བའི་འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་བཅུ་དྲུག་ལྷོ་བལྟ་ཅན་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དུས་འཁོར་ལྷ་ཁང་ནང་སེང་ཆེན་སྐུ་ཕྲེང་དྲུག་པའི་དངུལ་གདུང་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

 སྨྱུང་གནས་ལྷ་ཁང་།

འབྲོང་རྩེ་དགོན་གྱི་འོག་འཁོར་ལམ་གྱི་ཟུར་དུ་ལྷ་ཁང་དེ་མཇལ་བ་ཡིན། དེ་དང་ཉེ་བར་སློབ་དཔོན་ཁྲོན་པ་ཞེས་བྱིན་ཅན་ཞིག་དང་གུ་རུ་སྣང་སྲིད་ཟིལ་གནོན་གྱི་འདྲ་སྐུ་བྲག་བརྐོས་ཤིག་ཡོད་པ་ལ་ལྷ་བྲིས་སྟོབས་རྒྱལ་ལགས་དང་། བུ་འཇམ་དཔལ་རྡོ་རྗེ་རྣམ་གཉིས་ཀྱིས་ཡུལ་དེའི་སྨྱུང་གནས་ལྷ་ཁང་དུ་དམིགས་ཏེ་ཆོག་མཆན་རིམ་ཞུས་ཀྱིས་མཐར་༡༩༨༠ལོར་ཆོག་མཆན་ཕེབས་པ་བཞིན་ལྷ་ཁང་ཀ་བ་དྲུག་གི་སར་རྟེན་གཙོ་[page 21སྨན་འདམ་གྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། གཡས་སུ་འོད་དཔག་མེད། གཡོན་དུ་གུ་རུ་རིན་པོ་ཆེ་བཅས་ཆོས་ལུང་སྤྲུལ་གསུམ། གཡོན་ངོས་ཚེ་དཔག་ལྷ་ཁང་ནང་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དང་སྤྱན་རས་གཟིགས་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་འཁོར། འདུ་ཁང་ལྷོ་ངོས་སྒྲོལ་མ་ལྷ་ཁང་ནང་སྒྲོལ་མའི་ལྷ་ཚོགས། དེ་མཚམས་སྨན་རྒྱལ་ལྷ་ཁང་། ད་དུང་བྱང་ངོས་སུ་ཐང་སྟོད་ལྷ་ཁང་བཅས་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

 ཐེག་མཆོག་གླིང་དགོན།

མཚན་རྒྱས་པར། དགའ་ལྡན་གསང་སྔགས་ཐེག་མཆོག་གླིང་ངམ་རྒྱལ་བྱེད་ཚལ་ཞེས་ཞུ། འབྲོང་རྩེ་དགོན་ནས་སྤྱི་ལེ་༥ཙམ་ལྷོ་ངོས་སུ་ཡར་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་འབྲུག་པ་པདྨ་དཀར་པོས་ཕྱག་བཏབ་གནང་མཛད་པའི་འབྲུག་པ་བཀའ་བརྒྱུད་ཀྱི་བཤད་སྒྲུབ་གཉིས་ལྡན་གྱི་དགོན་གནས་ཤིག་ཡིན་པ་ལ་ཇུན་གར་དམག་དུས་རྨེག་མེད་དུ་སོང་། དེ་ནས་རྒྱལ་བ་ལྔ་པའི་དུས་སྒྱུར་གླིང་བཅུ་གསུམ་གྲས་རྙིང་དགོན་དུ་བསྒྱུར་ནས་མཚན་ཐེག་མཆོག་གླིང་ཞེས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བློ་བཟང་རིག་རྒྱལ་དགོན་དེའི་མཁན་པོར་གཏོང་གནང་མཛད་དེ་དགེ་འདུན་ཞལ་གྲངས་༡༣༠གཏན་འཁེལ་མཛད། སྔོན་འདུ་ཁང་ཀ་རིང་༤དང་ཀ་ཐུང་༢༠་གཙང་ཁང་སྦུག་མར་སྐུ་རྒྱུ་ཛྷི་ཥིམ་ལས་གྲུབ་པ་བཟོ་རྒྱལ་བྷི་ཀར་གྱི་ཕྱག་བཟོ་ཡིན་ཞུ་བ་ཐུབ་དབང་ཐོག་སོ་གསུམ་ཉན་ཐོས་དང་བཅས་པ། སྨན་འདམ་གྲུབ་པ་སྨན་བླ་བདེ་གཤེགས་བརྒྱད། འདུ་ཁང་ནུབ་ངོས་སུ་ཛྷི་ཥིམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་གསུང་བྱོན་མ་ཐོག་སོ་གཅིག་ཙམ་ཞིག་ཡོད་པ་དེ་ནི་སྔོན་ཇུན་གར་དམག་གིས་གདན་འདྲེན་པའི་ཚེ་དགོན་འོག་མཆོད་རྟེན་ཉིས་གཤིབ་ཡོད་ས་ནས་མ་ཐེག་པས་ཐུགས་རྗེ་ཆེན་པོས་“ཁྱེད་ཚོས་ང་མི་ཐེག་ང་འདིར་བཞག་སྟེ་བཙུན་ཆུང་ལོ་བརྒྱད་པ་ཞིག་གིས་དགོན་པར་རང་ལོག་ལ་གདན་འདྲེན་ན་ཐེག་”ཅེས་གསུངས་པ་བཞིན་བཙུན་ཆུང་ཞིག་གིས་རང་ལོག་[page 22ལ་གདན་དྲངས་པ་ཞེས་པ་དེ་དང་། དེའི་གཡས་གཡོན་དུ་མཁན་ཆེན་བློ་བཟང་རིག་རྒྱལ་དང་། མཁན་ཆེན་དགེ་འདུན་བཀྲ་ཤིས་ཀྱི་སྐུ་བརྙན་སོ་སོ་སྨན་འདམ་ལས་གྲུབ་པ། ཤར་དུ་དམག་ཟོར་མའི་མགོན་ཁང་། ལྡེབས་རིས་སུ་སྲུང་མ་ཁག་དང་། གུ་རུའི་འཁྲུངས་རབས་བཅས་ཡོད། གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་༥ཚེས་༩ནས་བྱང་གཏེར་ཕུར་པའི་སྒོ་ནས་རྩ་འཆམ་དང་། ཚེས་༡༠ཉིན་གསང་འདུས་ལེའུ་བརྒྱད་པའི་སྒོ་ནས་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་གཙང་ཁང་སྦུག་མ་ཀ་བ་བཞི་ཆུང་ངུ་སོང་བ་ལས་དེ་མིན་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་གཙང་ཁང་ནང་སྔོན་གྱི་ཐུབ་དབང་གི་སྐུ་བརྙན་གྱི་ཕྱག་གཡས་པ་རང་འཇག་ལ་དེ་བྱིངས་སྨན་འདམ་གྱིས་གསར་བཞེངས་གནང་བ་དང་། སྔོན་གྱི་ཐུགས་རྗེ་ཆེན་པོའི་ཞབས་གཡས་པའི་སྟེང་གསར་བཞེངས་གནང་འཆར་ཡོད་པ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་ན་ལྷ་ཐོ་ཆེ་ཞེས་པའི་ལྷ་རི་དེ་མཇལ་བ་ཡིན། རི་དེ་ནི་མྱང་ཡུལ་གྱི་རི་བོ་མཐོ་ཤོས་ཡིན་པས་རི་དེར་སྒྲུབ་ཕུག་༡༠༨ལྷ་ཐོ་༡༠༨ཆུ་མིག་༡༠༨དུར་ཁྲོད་༡༠༨བཅས་ཡོད་པ་དང་བསྟན་པ་སྔ་དར་དུས་གངས་རི་ཡིན་ཞེས་ཟེར།

 ཀླུ་རི་དགོན།

འབྲོང་རྩེ་དགོན་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་༥ཙམ་པ་སྣམ་རྫོང་གི་ཕྱོགས་སུ་སོང་ན་ར་སོག་ཅེས་པའི་ཡུལ་གྱི་ལྷོ་ངོས་རི་ཁུག་ཏུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། ཀླུ་རི་ཞེས་པ་ནི་རྒྱབ་རི་གློ་བའི་དབྱིབས་ཅན་ཞིག་ཡོད་སྟབས་རི་མིང་དགོན་པར་ཐོགས་ཀྱང་རྗེས་སུ་རིམ་བཞིན་ཀླུ་རི་ཞེས་པར་སྒྲ་འགྱུར་ཞེས་གསུངས། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེ་ཅུང་ཐོས་ཞེས་པ་ནས་དགོན་དེའི་མདུན་རིའི་སྟེང་གི་གཟིམ་ཕུག་ཅེས་པར་བཞུགས་པ་དང་དེར་གུ་རུའི་ཞབས་རྗེས་དང་དུར་ཁྲོད་ཅིག་ཀྱང་ཡོད། དེ་[page 23ནས་ད་ལྟའི་དགོན་གནས་དེར་ཕེབས་ཏེ་ཞག་གསུམ་བཞུགས་པའི་སྒྲུབ་ཕུག་ད་ལྟའང་མཇལ་རྒྱུ་ཡོད་ལ། དགོན་དེའི་ལྟག་ཏུ་སྒྲུབ་ཆུ་ཞིག་ཀྱང་ཡོད་པས་མཁྲིས་པ་དང་མགོ་ནད་སོགས་ལ་ཕན་ཞེས་ཟེར། དེ་ནས་ད་ལྟའི་བཙུན་མའི་དགོན་དེ་ཉིད་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བཞིའི་ནང་གུ་རུ་གཙོ་འཁོར་གསུམ་དང་། སྒྲུབ་ཕུག་ནང་གུ་རུའི་སྐུ་བརྙན་སོགས་ཡོད། སྔོན་བཙུན་མ་བཅུ་གཅིག་གིས་ཐེག་མཆོག་གླིང་དང་གཅིག་མཚུངས་སྙིང་ཐིག་ཕྱག་ལེན་མཛད་པ་ཡིན།

ད་ལྟ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྒྲུབ་ཆུ་བྱིན་ཅན་སྔར་བཞིན་ཡོད་པས་ཁྲུད་ཆུ་ཞུ་བར་ཕེབས་མཁན་མང་པོ་ཡོད།

ཡང་དེ་ནས་པ་སྣམ་རྫོང་གི་ཕྱོགས་སུ་སོང་ན་གནས་གསར་ཞེས་པའི་གྲོང་གི་དབུས་སུ་ཡུམ་ཆེན་མོ་ཞེས་པ་དང་། དེའི་ལྟག་རུ་སྤྱན་རས་གཟིགས་ཞེས་པའི་གྲྭ་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

 མྱང་མཚོ་དགོན།

མཚན་རྒྱས་པར། མྱང་མཚོ་བཀྲ་ཤིས་ཆོས་གླིང་ཞེས་ཞུ། འབྲོང་རྩེ་ནས་སྤྱི་ལེ་༨ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་སྟག་རྩེ་གྲོང་གི་ལྟག་ཏུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་མྱང་ཏིང་ངེ་འཛིན་བཟང་པོས་ཕྱག་བཏབ་གནང་ཞིང་། དེ་རྗེས་ཇོ་བོ་རྗེའང་ཞབས་བཅགས་པ་ཡིན་ཞེས་གསུངས། ད་ལྟ་བསྐྱར་བཞེངས་གནང་བའི་དགོན་གནས་དེར་བྱང་གཏེར་རྡོར་བྲག་ལུགས་ཕྱག་ལེན་མཛད་པ་ཡིན།

ཡང་དགོན་དེའི་ཕུར་བསམ་གཏན་ཆོས་ཉིད་དང་། བྱང་ཆུབ་དགོན་ཞེས་པའི་བཙུན་མའི་དགོན་ཤུལ་དང་། བྲག་དམར་གཏེར་ཁུང་ཞེས་པའི་གུ་རུའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད།

[page 24]

 རྒྱལ་སྨད་དགོན།

མཚན་གཞན་ལ། རྒྱལ་སྨད་ཟླ་ཞོལ་ལྷ་ཁང་ཞེས་ཞུ། མྱང་མཚོ་དགོན་ནས་སྤྱི་ལེ་༡༠ཙམ་སྤྱིར་འཁོར་ལམ་བརྒྱུད་དེ་སོང་ན་རྒྱལ་སྨད་གྲོང་གི་ནུབ་བྱང་གི་རི་ལྡེབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་རྒྱལ་སྨད་ཤར་ཞེས་ད་ལྟའི་དགོན་དེའི་ཤར་ངོས་རི་ལྡེབས་སུ་དགོན་ཤུལ་ཡོད་པ་ལ། ད་ལྟའི་དགོན་གནས་དེར་༡༩༨༤ལོར་ཐོག་མར་ཉམས་ལེན་པ་སྐུ་ཞབས་ངག་དབང་དོན་གྲུབ་ལགས་ཀྱིས་མཚམས་ཁང་ཞིག་བསྐྱོན་གནང་མཛད། དེ་རྗེས་རྒྱལ་སྨད་གྲོང་གི་ཟླ་ཞོལ་ཞེས་པའི་ཁྱིམ་ཚང་ནས་རྒྱུ་སྦྱར་གྱིས་ད་ལྟའི་བཙུན་མའི་དགོན་དེ་རྟེན་གསུམ་དང་བཅས་གསར་བཞེངས་གནང་སྟབས་ཟླ་ཞོལ་ལྷ་ཁང་ཞེས་པའི་མཚན་དེ་ལྟར་བྱུང་། ད་ལྟ་བཙུན་མ་རྣམས་ཀྱི་ས་ལུགས་ཕྱག་ལེན་གནང་བ་ཡིན།

ཡང་དེ་ནས་རིམ་བཞིན་སོང་ན་གཡུལ་ཞེས་པར་གཡུལ་དགོན་ཞེས་པའི་གྲྭ་དགོན་དང་། དེ་ནས་རིམ་བཞིན་སོང་ན་ཉི་ཕུག་བཙུན་མའི་དགོན་དང་། ཡང་རྒྱལ་སྨད་ཀྱི་རི་རྒྱུད་དེད་ནས་རིམ་བཞིན་སོང་ན་མཁར་སྟོད་ཞེས་པ་ན་ཕུ་སྟོད་བཙུན་མའི་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

 དབེན་རྩ་དགོན།

མཚན་གཞན་ལ། དུས་འཁོར་བྱམས་ཆེན་གྲྭ་ཚང་ཞེས་ཞུ། རྒྱལ་སྨད་ནས་སྤྱི་ལེ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཕན་ཕུ་ཞེས་པའི་གྲོང་གི་ལྷོ་ངོས་ཤིང་སྣ་སྣ་ཚོགས་ཀྱི་དབུས་སུ་དགོན་དེ་མཇལ་བ་ཡིན། དབེན་རྩ་ཞེས་པ་ནི་དུས་རབས་བཅུ་བཞི་པའི་དུས་འགོར་ཞ་ལུའི་བླ་མ་གུ་རུ་དཔལ་ལྡན་ལེགས་གནས་དེར་དབེན་པ་སྒྲུབ་གནང་ནས་བཞུགས་པས་དབེན་རྩ་ཞེས་པའི་མཚན་དེ་ལྟར་བྱུང་། དེ་ནས་བུ་སློབ་མང་པོ་འདུས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རིམ་བཞིན་རྒྱས་པར་གྱུར།བུ་སྟོན་རིན་ཆེན་གྲུབ་ཀྱང་གནས་དེར་ཞབས་བཅགས་པ་ཡིན་ཞེས་གསུངས། སྔོན་གཙུག་ལག་ཁང་ཐོག་

[page 25སོ་གསུམ་གྱི་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་དབུས་མའི་བྱམས་པ་ལྷ་ཁང་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཉིས་ཐོག་ཅན་དང་། གཡས་གཡོན་ཉེ་སྲས་བརྒྱད་མི་ཚད་ཙམ། སྐུ་ཚད་དེ་མཚུངས་ཀྱི་རྒྱལ་བ་རིགས་ལྔའི་སྐུ་རྒྱབ་བྲག་བཟོ་སྤུས་ལེགས། བྱང་ངོས་དུས་འཁོར་ལྷ་ཁང་ནང་དྲུང་པ་ཆོས་ཉིད་རང་གྲོལ་གྱི་ཕྱག་བཟོ་དུས་འཁོར་སྐུ་ཚད་ཉིས་ཐོག་དང་། ལྡེབས་རིས་སུ་རིགས་ལྡན་བླ་རྒྱུད་དང་སྨན་རྒྱལ་སྐུ་བརྙན་སྟོང་ཚར། རྒྱལ་བའི་བཀའ་འགྱུར་པར་མ། འདུ་ཁང་གི་གཡས་སུ་ཤར་ལི་ལས་གྲུབ་པའི་ཇོ་བོའི་སྐུ་བརྙན་མི་ཚད་ཙམ་གྱི་གཡས་གཡོན་དུ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་སོགས་ཁྲུ་གང་ཙམ་དང་སྨན་འདམ་གྱི་བུ་སྟོན་རིན་པོ་ཆེའི་སྐུ་བརྙན་སོགས་བཞུགས། གུ་རུ་རིན་པོ་ཆེ་དང་རྗེ་ཙོང་ཁ་པའི་སྐུ་བརྙན་སྐུ་ཚད་ཇོ་བོ་དང་འདྲ་བ། དེའི་གཡས་ངོས་སུ་བཀའ་འགྱུར་པར་མ། གཡོན་གྲལ་གྱི་གྲལ་འགོར་ཁྱུང་སྤྲུལ་པདྨ་དབང་ཆེན་གྱི་སྐུ་བརྙན་མི་ཚད་མ། སྨན་འདམ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། མགོན་ཁང་ནང་གུར་གྱི་མགོན་པོ་དང་རྣམ་སྲས། ལྷ་མོ་རྡོ་རྗེ་རབ་བརྟན་མ། པེ་ཧར་རྒྱལ་པོ། གནོད་སྦྱིན་ཙིའུ་དམར་པོ། དབུ་རྩེའི་ལྷ་ཁང་གི་དབུས་སུ་གནས་བརྟན་བཅུ་དྲུག་དང་ལྟུང་བཤགས་སོ་ལྔ་སོགས་སྨན་འདམ། དབུ་རྩེའི་གཡས་ངོས་སུ་བསྟན་འགྱུར་ལྷ་ཁང་གི་དབུས་སུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་ཁྲ་རྒྱན་ཁོ་ནར་འབྲི་བརྒྱ་ཐམ་པ་རེ་བ་ཡོད་ཅེས་དང་། གཡོན་གྱི་བླ་མ་ལྷ་ཁང་ནང་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཆ་ཚང་དང་རྟེན་གཙོ་དུས་གསུམ་སངས་རྒྱས་དང་ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ་སོགས་ཁྱོན་ལི་སྐུ་ལྔ་བཅུ་ཙམ་དང་དེའི་ནང་སྤྱན་གཟིགས་ཆོས་རྫས་ཤིན་ཏུ་རྒྱས་པ་ཡོད། སྔོན་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་ཞ་ལུ་བུ་སྟོན་ལུགས་ཕྱག་ལེན་གནང་བ་ཡིན། དཔལ་ཆོས་དགོན་གྱི་བླ་ཁག་༡༦གི་ནང་ཚན་དུས་འཁོར་གྲྭ་ཚང་ཞེས་པའང་དགོན་དེ་ཡིན། [page 26སྔར་དགོན་དེར་ལོ་ལྟར་བོད་ཟླ་ཚེས་༢༨ ∕ ༢༩གཉིས་ལ་ཆོས་སྐྱོང་གཏང་རག་ཅེས་པའི་གར་འཆམ་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་གསར་བཞེངས་གནང་བའི་གཙུག་ལག་ཁང་གི་འདུ་ཁང་ནང་སྔོན་གྱི་ཇོ་བོའི་སྐུ་བརྙན་དང་། སྔོན་གྱི་འཇམ་དབྱངས་ཀྱི་སྐུ་སྨད་སྟེང་སྐུ་སྟོད་གསར་བཞེངས་གནང་བ། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་མདུན་ངོས་རི་སྡེབས་སུ་བཙུན་མའི་དགོན་དགོན་པ་ཤར་ཞེས་པའི་སྟོངས་རོ་དང་། དེའི་བྱང་ངོས་སུ་གསེར་ཁང་གྲྭ་ཚང་། དེའི་ཕུར་ན་རོང་ཅུང་ཐོས་དང་དེའི་རྒྱབ་ཏུ་དང་པོ་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

 བྱ་ཁྱུང་དགོན།

གུ་ལའི་བྱང་ངོས་ཀྱི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཁམས་ཀྱི་བླ་མ་ཐུབ་བསྟན་འཇམ་དབྱངས་ཞུ་བས་༡༩༤༠ཙམ་ལ་བཞེངས་གནང་མཛད། བླ་མ་ཐུབ་བསྟན་འཇམ་དབྱངས་ཐོག་མར་གླིང་བུ་དགོན་དུ་བཞུགས། དེ་ནས་རྒྱ་གར་ལ་གནས་སྐོར་དུ་ཕེབས། དེ་ནས་གཞིས་རྩེ་བརྒྱུད་གུ་ལ་བླ་བྲང་ཞེས་པར་ཕེབས་པས་བྱ་ཁྱུང་ཨ་ནིའི་དགོན་དུ་མཚམས་ཁང་ཞིག་བསྐྱོན་ནས་བཞུགས་པ་ལ་རྗེས་སུ་ད་ལྟའི་གནས་དེར་སྤོས་གནང་མཛད། བྱ་ཁྱུང་དགོན་ཡང་ཐོག་མར་དགེ་འདུན་༣༠༠སྐོར་གྱི་གྲྭ་དགོན་ཞིག་ཡིན་པ་ལ་ཇུན་གར་དམག་དུས་གཏོར་རྗེས་བཙུན་མའི་དགོན་དུ་གྱུར།

ད་ལྟ་བྱ་ཁྱུང་དགོན་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐྱ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 སྐྱིད་སྦུག་དགོན།

མཚན་རྒྱས་པར། མྱང་སྟོད་སྐྱིད་སྦུག་དགོན་ཞེས་[page 27ཞུ། འབྲོང་རྩེ་དགོན་ནས་སྤྱི་ལེ་༥ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འབྲོང་རྩེ་ཟམ་སྣེར་འབྱོར། དེ་ནས་སྤྱི་ལེ་༡༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་མྱང་ཆུའི་བྱང་ངོས་སུ་སོང་ན་དབྱར་དཔེ་གྲོང་ཞེས་པའི་རི་རྒྱབ་ཏུ་དགོན་དེ་མཇལ་བ་ཡིན། གནས་དེར་ཐོག་མར་དགོན་གནས་ཆུང་ངུ་ཞིག་ཡོད་པ་ལ་དེ་རྗེས་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་ངག་དབང་བཟང་པོའི་སློབ་མ་རྗེ་བཙན་ཤེས་རབ་འབྲུག་རྒྱལ་གྱིས་དགོན་དེ་སྐྱོང་གནང་མཛད། དེའང་ངག་དབང་བཟང་པོ་ཐོག་མར་ཐེག་མཆོག་གླིང་དུ་ཕེབས། དེ་ནས་དགོན་གནས་དེར་ཕེབས་སྐབས་ང་ཚོའི་དགོན་ཆུང་འདིར་བླ་མ་ཞིག་གནང་བར་ཞུ་ཞེས་ཞུས་པས་ཁྱེད་ཚོའི་བླ་མ་ད་ལྟ་སླེབས་མ་སོང་ཞེས་གསུངས། དེ་ནས་རྒྱལ་རྩེ་རྩེ་ཆེན་དུ་ཕེབས་པའི་སྐབས་རྗེ་བཙུན་ཤེས་རབ་འབྲུག་རྒྱལ་ལུག་རྫི་ཡིན་པ་ལ་ཡོངས་འཛིན་ལ་བཅོས་མ་མིན་པའི་དད་པ་སྐྱེད་དེ་མཇལ་བར་ཕེབས་པས། ཡོངས་འཛིན་མཇལ་མ་ཐག་ཡོངས་འཛིན་གྱིས་སྐྱིད་སྦུག་པར་ཁྱེད་ཚོའི་བླ་མ་འདི་ཡིན། “ཕྱི་ནས་བལྟས་ན་སྤྲང་འདྲ་ལ། ནང་དུ་རྡོ་རྗེ་འཆང་དངོས་ཡིན།” ད་ཁྱེད་རང་སྐྱིད་སྦུག་གི་བླ་མར་སོང་ཞིག་ཞེས་གསུངས་ཏེ་སྐུ་གཟན་ཞིག་གནང་། རྗེ་བཙུན་གྱིས་ནང་དུ་པགས་ཚག་ཞིག་བཞེས། དེའི་སྟེང་དུ་སྐུ་གཟན་དེ་བཞེས་ཏེ་ལོ་གསུམ་བཞུགས། ལོ་གསུམ་སོང་མཚམས་འབྲོང་རྩེ་སྡེ་པས་ཡོངས་འཛིན་གདན་དྲངས་པས་རྗེ་བཙུན་དང་མཇལ། ཡོངས་འཛིན་གྱིས་ད་ནས་བཟུང་ཁྱེད་ཚོའི་བླ་མ་ང་མི་དགོཔས་པར་རྗེ་བཙུན་གྱིས་གནང་བས་ཆོག་ཅེས་གསུངས་ཏེ་གྲྭ་ཆས་ཆ་ཚང་གནང་། སྡེ་པས་སྦྱིན་བདག་མཛད་དེ་སྐྱིད་སྦུག་དགོན་རྒྱས་བསྐྲུན་མཛད་པ་བཅས་སོ། སྔར་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་སྦུག་མར་གདུང་རྟེན་དང་གསེར་ཟངས་ཀྱི་ཚེ་དཔག་མེད་མི་ཚད་ལྷག་དང་བསྟན་འགྱུར། ཡང་སྟེང་བླ་མ་ལྷ་ཁང་ནང་རྗེ་བཙུན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་དང་ཤར་ལི་ལས་གྲུབ་པའི་གཙང་པ་རྒྱ་རས་ཀྱི་སྐུ་བརྙན། འདུ་ཁང་གྱི་གཡས་ངོས་བླ་བྲང་ནང་ལའང་ཤར་ལི་སོགས་ཀྱི་སྐུ་བརྙན་ཇི་སྙེད་བཅས་བཞུགས། སྔོན་དགེ་[page 28འདུན་༧༠ཙམ་གྱིས་བདེ་ཆེན་ཆོས་འཁོར་ལྟར་ཕྱག་ལེན་མཛད་པ་ཡིན། གཞིས་རྩེ་བསམ་གྲུབ་ཆོས་སྡིང་དང་དགོན་དེ་རེས་མོས་ཀྱིས་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོའི་ཟླ་༡༡ནང་ཞ་ལུ་མ་ཧེ་མཆོད་པ་ཞེས་རྩ་རླུང་ལ་རང་དབང་ཐོབ་པའི་སྒྲུབ་རྟགས་སྟོན་གནང་དགོས་པ་ཡིན། ༼འདི་སྐོར་ཞིབ་ཕྲ་ཞ་ལུའི་གནས་བཤད་གསལ་བས་གཟིགས་༽

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 29]

 

ཁང་དམར་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 30]

 ཁང་དམར་རྫོང་།

ཁང་དམར་ཞེས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་ད་ལྟའི་ཁང་དམར་གྲོང་ཚོ་ཆགས་ཡུལ་དེར་ངག་འཇམ་དཔལ་རྒྱལ་མཚན་གྱིས་བཏབ་པའི་ལྷ་ཁང་དམར་པོ་ཞིག་ཡོད་སྐད་ལ། མཁར་མིང་ཡུལ་ལ་ཐོགས་ཏེ་ཁང་དམར་ཞེས་པ་དེ་ལྟར་བྱུང་ཞེས་ཟེར། ད་ལྟའི་ཁང་དམར་རྫོང་ཆགས་ཡུལ་ཡང་གནས་དེར་ཡིད་པ་དང་རྫོང་གི་མིང་ཡང་སྔར་མིང་རང་སོར་བཞག་པ་ཞིག་ཡིན། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༦༡༧༦དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༤·༣ རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་༢༣༠ མི་འབོར་ཁྲི་༡·༨ ཤང་༩་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་༤༥ རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༣༠༠ཙམ་གྱིས་མཐོ་བའི་ས་བབ་བཅས་ཀྱི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

ཡུལ་དེར་གྲགས་ཅན་མི་སྣ་སྐུ་བལྟམས་པ་ནི་དགའ་ལྡན་ཁྲི་ཐོག་༢༦པ་དམ་ཆོས་དཔལ་འབར་ཁང་དམར་ཤར་དུ་འཁྲུངས། རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྤྱི་ལོ་༡༤༡༩ལོར་གནས་རྙིང་དུ་འཁྲུངས་པ་བཅས་ཡིན།

 གནས་རྙིང་དགོན།

མཚན་རྒྱས་པར། མྱང་སྟོད་གནས་རྙིང་ཆོས་སྡེ་དགོན་ནམ། མྱང་རྩིས་ཀྱི་ལྷ་ཁང་། སྐྱེགས་ཀྱི་ལྷ་ཁང་སོགས་མཚན་གྱི་རྣམ་གྲངས་མང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་བརྒྱུད་དེ་སྤྱི་ལེ་༡༠ཙམ་སོང་ན་ཁང་དམར་རྫོང་སྣེར་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེའི་དངོས་སློབ། ཁྲི་སྲོང་[page 31ལྡེ་བཙན་གྱི་ཆོས་གནས། མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས། ཕྱག་འདེབས་གནང་མཛད། དེའི་སྲས་བདུད་འཇོམ་དང་། དེའི་སྲས་ཕུར་པ་འཕེལ་ལ་སོགས་པས་དགོན་དེ་བསྐྱབས། མྱང་རྩིས་ཀི་ལྷ་ཁང་ཞུ་བ་ནི་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་གྲུབ་རྗེས་ཚང་རྩིས་བསྐྱོན་ས་ཡིན་ཞེས་དང་། སྐྱེགས་ཅེས་པ་ནི་ལུང་པའི་མིང་། དགོན་དེར་ཐོག་མར་ལྔ་རྩེག་ལི་མ་ལྷ་ཁང་དང་དབུ་རྩེ་ལྷ་ཁང་ཞེས་བསྐྲུན་གནང་མཛད། ཇོ་བོ་རྗེ་གནས་དེར་གདན་འདྲེན་པར་བྱེད་པ་ན། ང་འོང་མི་དགོས་རབ་གནས་བྱས་པས་ཆོག་ཅེས་གསུངས་ཏེ་དུས་བཀག་ལྟར་དེ་ཉིན་ལྷ་ཁང་རྣམས་ལ་མེ་ཏོག་དང་མཆོག་འབུ་བབས་པ་ཀུན་གྱིས་མཐོང་། གནས་རྙིང་ཞེས་པའང་ཇོ་བོ་རྗེས་བཏགས་གནང་བ་ཡིན་ཞེས་གསུངས། དེ་རྗེས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་མཛད་ཅིང་རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་མཛད། མཁས་གྲུབ་དགེ་ལེགས་དཔལ་བཟང་ཡང་གདན་འདྲེན་པ་ལྟར་ཕེབས་པ་བཅས་རྗེས་སུ་དགེ་ལྡན་ཕྱག་བཞེས་མཛད་པར་གྱུར། སྔོན་འདུ་ཁང་ཆེན་མོའི་རྟེན་གཙོར་གསེར་ཟངས་དང་ལི་མ་ལ་སོགས་པའི་བླ་མ་རིམ་བྱོན་གྱི་ཐུགས་དམ་གྱི་རྟེན་བཞུགས་པ། གཙང་ཁང་སྦུག་ཏུ་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་རྒྱ་འཇམ་དཔལ་གསང་བས་བཞེངས་གནང་བའི་ཐུབ་པ་ཉན་ཐོས་གཙོ་འཁོར་གསུམ། གཡས་གཡོན་དུ་བྱམས་འཇམ་དབྱངས། མཐར་འཁོར་དུ་གདུང་རྟེན་ཁག་བཅས་བཞུགས། གཙང་ཁང་ཤར་བླ་མ་ལྷ་ཁང་དུ་རྒྱ་འཇམ་དཔལ་གསང་བ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་བཞུགས་པའི་འདྲ་སྐུ། རྒྱ་འཇམ་གསང་གི་གདུང་རྒྱུད་ནང་སྐུ་ཚེའི་གྲངས་དང་མཉམ་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིམ་པར་བྱོན་པ་ལས། དགའ་ལྡན་ཁྲི་པ་ཁོ་ན་བཞི་བཅུ་ཞེ་བཞི་ཙམ་བྱུང་བ་ལ་སོགས་པའི་འདྲ་སྐུ། གཞན་ཡང་རྒྱལ་རྩེ་དང་པ་སྣམ་སོགས་བསྐུལ་ཏེ་དུས་འགོར་ལོ་

[page 32གསུམ་ནང་ལྷ་ཁང་དང་ལྕགས་རི་སོགས་བསྐྲུན་ཏེ་དགེ་འདུན་རྣམས་ལྕགས་རིའི་སྟེང་ནས་ཞབས་སྐོར་ལ་ཕེབས་ཆོག་པ་ཡོད། ཐོག་མར་ཚོགས་ཆེན་གཅིག་དང་གྲྭ་ཚང་བཞི་ཡོད་པ་ནི་ནག་པོ་ཤར་གྲྭ་ཚང་དང་། སྐྱིད་ཚལ་གྲྭ་ཚང་། སེ་ར་གྲྭ་ཚང་། ཟུར་མཁར་གྲྭ་ཚང་བཅས་ཡོད། སེ་ར་ཀུན་མཁྱེན་པའང་སེ་ར་གྲྭ་ཚང་དུ་དབྱར་དུས་གཅིག་བཞུགས་པ་བཅས་སོ། འོན་ཀྱང་ལི་མ་ལྷ་ཁང་སོགས་༡༩༠༤ལོར་དབྱིན་དམག་གིས་མེར་བསྲེགས། ད་ལྟའི་འདུ་ཁང་ཆེན་མོ་ཀ་རིང་༤དང་ཀ་ཐུང་༢༦ཅན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་གསར་བཞེངས་གནང་བ་བཅས།

དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡༥∕ ༡༦སོ་སོར་གནས་རྙིང་གཟུངས་སྒྲུབ་ཅེས་སྤྱན་རས་གཟིགས་དོན་ཡོད་ཞགས་པ་དང་། གསང་འདུས། འཇིགས་བྱེད། ཁྱད་པར་དུ་སྒྲུབ་ཐོབ་དར་འཕྱར་ནས་བརྒྱུད་པའི་རྟ་མགྲིན་ཡང་གསང་གི་སྒོ་ནས་གཟུངས་སྒྲུབ་སོགས་མཛད་པ་དང་། ཚེས་༡༧ཉིན་རྟ་མགྲིན་གྱི་ལིང་ཀའི་བསྒྲལ་ཆོག་དང་འབྲེལ་གར་འཆམ་སོགས་བསྐྱོན་སྲོལ་ཡོད།

ད་ལྟ་ཚོགས་ཆེན་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་དེའི་བླ་མ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་གོང་མའི་དབུ་བླ་གནང་སྐབས་ཕུལ་བའི་སྟོན་པ་ཆབ་བསིལ་མ་ཞེས་པའི་སྐུ་ཐང་སོགས་དང་། སེ་ར་གྲྭ་ཚང་དུ་རྟ་མགྲིན་གསར་བཞེངས་གནང་བ། ལྷ་ཁང་དབུ་རྩེ་ཉམས་གསོ་གནང་བ་སོགས་མཇལ་རྒྱ་ཡོད།

ཡང་དགོན་དེ་དང་ཅུང་ཉེ་བའི་དྲ་མ་དྲེལ་རྡོག་ཅེས་པར་རུ་ལག་གཡུང་དྲུང་གླིང་ཐོག་མར་གནས་དེར་ཆགས་ཞེས་ཀྱང་གསུང་སྲོལ་ཡོད།

Nenying
 གཙང་སྦྲ་དགོན།

མཚན་གཞན་ལ། གསེར་གོང་གྲྭ་ཚང་ཞེས་ཞུ། གཙང་སྦྲ་ཞེས་པ་ནི་གནས་རྙིང་དུ་རྗེ་ཙོང་ཁ་པའི་དབུ་སྐྲ་བསིལ་ནས་འདི་ས་[page 33གཙང་ས་ཞིག་ཏུ་གཏོར་ཞིག་ཅེས་གསུང་པས་དབུ་སྐྲ་ས་དེར་གཏོར་བས་གཙང་སྦྲ་ཞེས་དང་། གསེར་གོང་ཞེས་པ་ནི་དགོན་དེའི་གཤམ་གྱི་གསེར་རི་བྲག་ཅེས་པ་ནས་གསེར་གྱི་གཉའ་ཤིང་གཏེར་ལས་བཞེས་པ་དང་དེའི་གོང་དུ་གནས་པས་གསེར་གོང་གྲྭ་ཚང་ཞེས་པའི་གསུང་སྲོལ་དར། སྔོན་རྒྱལ་རྩེ་བླ་ཁག་བཅུ་དྲུག་གི་ཁོངས་ཡིན། གནས་རྙིང་ནས་སྤྱི་ལེ་༨ ∕ ༩ཙམ་ཁང་དམར་གྱི་ཕྱོགས་སུ་སོང་ན་གཙང་སྦྲ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ངག་དབང་དོན་གྲུབ་ཀྱིས་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བ་༡༢ཀྱི་རྟེན་གཙོར་བ་སོའི་ཐུབ་དབང་དང་། བྱུ་རུའི་རྟ་མགྲིན། གཡུ་ཡི་སྒྲོལ་མ་ལ་སོགས་རྟེན་དང་བརྟེན་པར་བཅས་ཇི་སྙེད་བཞུགས། དགེ་འདུན་ཞལ་གྲངས་༥༠སྐོར་གྱིས་རི་བོ་དགེ་ལུགས་ཀྱི་རྒྱུད་སྡེ་ཁག་ཕྱག་བཞེས་མཛད་པ་ལ། ཁྱད་དུ་འཕགས་པ་འཇིགས་བྱེད་ཀྱི་སྒྲུབ་མཆོད་འབྲུ་དཀར་ལྷུན་གྲུབ་ཅེས་པ་ཚོགས་གནང་བ་ཡིན། དགོན་དེར་ལོ་ལྟར་བོད་ཟླ་༡༠ཚེས་༡༡ ∕ ༡༢ ∕ ༡༣བཅས་ཉིན་གསུམ་རིང་གཙང་སྦྲ་ལྔ་མཆོག་ཆེན་མོ་ཞེས་དམ་ཅན་ཆོས་རྒྱལ་གྱི་སྒོ་ནས་གཏོར་རྒྱག་དང་སྲུང་མ་ཁག་གི་སྐུ་མཆམ་སོགས་གནང་སྲོལ་ཡོད།

ད་ལྟ་སྔར་གྱི་འདུ་ཁང་གི་གྱང་སྟེང་གསར་དུ་ཐོག་བཀབ་པའི་སྔོན་གྱི་ལྡེབས་རིས་རྙིང་མ་མང་པོ་དང་། རྟེན་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་གད་ཅེས་པར་དགོན་དེའི་དགོན་ལག་གད་ལྷ་ཁང་ཞེས་པ་ཞིག་མཇལ་རྒྱུ་ཡོད།

 བྲག་དམར་དགོན།

མཚན་རྒྱས་པར། བླ་བྲང་བྲག་དམར་དགོན་ཞེས་ཞུ། གཙང་སྦྲ་དགོན་ནས་སྤྱི་ལེ་བཞི་ལྔ་ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སོང་ན་ས་ཕུད་སྒང་དུ་སླེབས། དེ་ནས་གངས་རོ་གྲོང་བར་སྤྱི་ལེ་[page 34༡༧ཙམ་སོང་ན་བྲག་དམར་དགོན་དུ་སླེབས་པ་ཡིན། བྲག་དམར་ཞེས་པ་ནི་དགོན་དེ་ཆགས་ཡུལ་གྱི་བྲག་རིའི་ཁ་དོག་དམར་པོ་ཡིན་པས་བྲག་དམར་ཞེས་ཞུ། ཡང་གནས་དེར་གངས་རོའང་ཟེར་ཞིང་གངས་རོ་ཞེས་པ་ནི། “གངས་རུ་མྱང་རུ་ཉིང་རུ་གསུམ། ཨ་ཁུ་འབྲོག་པའི་ཕ་གཞིས་ཡིན་”ཞེས་ཟེར་བས་གངས་རུ་ཞེས་པ་ནས་རིམ་བཞིན་གངས་རོ་ཞེས་པར་སྒྲ་འགྱུར་ཞེས་ཀྱང་ཟེར། དགོན་དེ་ནི་ཐོག་མར་རྭ་ལོ་ཆོས་སྐྱབས་དང་། རྭ་ལོ་ཡེ་ཤེས་སེང་གེ རྭ་ལོ་མཐུ་སྟོབས་དབང་ཕྱུག རྭ་ལོ་རྟོགས་ལྡན་རྡོ་རྗེ་བཅས་རྭ་ལོ་བཞི་ཡི་ཡ་གྱལ་རྭ་ལོ་རྟོགས་ལྡན་རྡོ་རྗེ་ཐོག་མར་གནས་རྙིང་གྲ་ཤིང་འཚེར་མ་ཞེས་པར་བཞུགས་ཞག་མཛད། དེ་ནས་བླ་བྲང་ཆོས་ལུང་། དེ་ནས་གངས་རོ་བླ་བྲང་བྲག་དམར་བཅས་སོ་སོར་བཞུགས་ཞག་མཛད་རྗེས་རྫ་འཕྲང་ཞེས་པ་ནས་ནོར་གཏེར་བཞེས་པའི་བདག་རྐྱེན་དུ་གཞིས་ཀ་ཁ་ཤས་ཤིག་ཕུལ་བའི་ནང་ཚན་བྲག་དམར་དུ་དགུན་གནས་དང་། ཆུ་ཕ་རིའི་རི་ཆུང་པོ་ཏོག་ཅེས་པར་དབྱར་ས་མཛད་དེ་དེར་གསོ་རིག་གི་མཛད་པ་རྒྱ་ཆེར་སྤེལ་གནང་མཛད། སྔོན་བྲག་དམར་གྱི་གནས་དེར་གོང་འོག་བར་གསུམ་ཡོད་པ་ལས་འོག་ཏུ་བཀའ་འགྱུར་ལྷ་ཁང་ཀ་བཞིའི་གཙང་ཁང་སྦུག་མ་ཨོ་རྒྱན་ལྷ་ཁང་ནང་ཨོ་རྒྱན་གང་བ་རྡོ་རྗེའི་སྐུ་སྨར་གདུང་བཞུགས་པའི་གདུང་རྟེན་དང་། ཀུན་བཟང་ཉི་ཟླ་དབང་མོའི་གདུང་རྟེན། སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་གདུང་རྟེན་བཅས་དང་། ཡང་སྟེང་གཟིམ་ཆུང་ཤར་ནུབ་གཉིས་ལས་ཤར་དུ་གསུང་རྟེན་བཀའ་འགྱུར་དང་། སྐུའི་རྟེན་དུ་སྟོན་པ་གཙོ་འཁོར་བྱིས་པ་ལོ་བརྒྱད་ཙམ་ལི་མ། ཐུགས་རྟེན་དུ་བྱང་ཆུབ་མཆོད་རྟེན་ལི་མ་བཅས་དང་། གཟིམ་ཆུང་ནུབ་དུ་སྙིང་ཐེག་བླ་མ་རྒྱུད་པའི་ཕྱག་དཔེ་ལ་སོགས་པ། བར་དུ་བླ་བྲང་ཕུན་ཚོགས་ཆོས་གླིང་ཞེས་པ་ན་བདུད་རྩི་སྨན་སྒྲུབ་དང་གསོ་རིག་ཉམས་ཞིབ་གནང་ཡུལ་ཡིན་པས། དེའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད་དང་གསོ་རིག་རྒྱུད་བཞི་ལ་སོགས་བཞུགས། གཞན་ཡང་དགོན་དེར་མཁས་མང་ཇི་སྙེད་ཅིག་བྱུང་བ་ལས་རྭ་ལོའི་གདུང་རྒྱུད་[page 35སྐྱབས་རྗེ་བཟོད་པ་རིན་པོ་ཆེ་ཞུ་བ་ནི་སྨན་དཔྱད་ལ་ཤིན་ཏུ་ནས་མཁས་པ་ཞིག་ཡིན། དེའང་ལྷག་བཟང་རྒྱ་མཚོ་ཞེས་པ་དང་བླ་བྲང་བྲག་དམར་གཉིས་རྩྭ་བཟའི་དོན་རྩོད་པ་བྱུང་སྟེ་ལྷག་བཟང་གི་གཡོག་འཁོར་ཀ་ལི་བཤགས་ཏེ་འཆི་ཉེར་ཐུག་པའི་ཚེ་བཟོད་པ་རིན་པོ་ཆེས་《ཐོད་སྦྱོར་མན་ངག་དྲུག་སྦྱོར་》གསར་གཏོད་གནང་བས་བདུན་ཕྲག་གཅིག་ལྷག་སོང་མཚམས་རྨས་སྐྱོན་དྲགས་ཏེ་རྨ་རྗེས་ཙམ་ལས་མེད་པར་གྱུར་ཞེས་དང་། གཞན་ཡང་དགོན་དེའི་བྱང་ངོས་ཀྱི་བྲག་རི་དེ་སེང་གེ་གནམ་ལ་འཕྱོ་འདྲ་བ། རྒྱབ་རི་ཁྱུང་གི་དབྱིབས་ཅན། ཕུར་དཔལ་ལྡན་ལྷ་མོའི་ཞལ་རས་ཀྱི་རང་བྱོན་དོད་པ། དེའི་ཕུར་ཚེ་རིང་རྣམ་དྲུག་ཚང་ལ་དེ་ལས་བབས་པའི་ཆུ་ནི་ཚེ་ཆུ་ཡིན་ཞེས་དེའི་གཤམ་གྱི་མི་རྣམས་ཚེ་རིང་པོར་འཚོ་བ་ཡིན། ཚེ་རིང་པོར་འདུག་པའི་རྒྱུ་མཚན་གཞན་ཞིག་ནི་ཡུལ་དེའི་བགྲེས་སོང་འདས་རྗེས་སྐུ་ཕུང་གཞན་ལ་བསྐྱེལ་ན་གཡང་ཤོར་བ་ཡིན་ཞེས་བཀྲ་རུས་བྲག་ཕུག་ཅེས་ངོ་མཚར་ཅན་གྱི་བྲག་ཕུག་ཁ་ཆུང་ལ་ནང་དུ་ས་ཁྲིའི་རྣམ་པ་ཅན་རིམ་པར་ཡོད་པ་དེའི་སྟེང་དུ་ཕུང་པོ་འཇོག་པ་དང་། དེ་དག་ནམ་ཡང་དཀྱིལ་དཀྲུང་གིས་བཞུགས་པ་ལས་འབུ་དང་གཅན་གཟན་སོགས་ཀྱིས་གནོད་མི་སྲིད། གཞན་ཡང་ཡུལ་དེའི་ཕུར་གནས་དྲན་ཆེན་དྲན་ཆུང་ཞེས་པའི་དབུས་སུ་མའི་པང་དུ་བུ་ཉར་བ་ལྟར་གྱི་མི་རྒན་མཚོ་སྐྱིད་ཅེས་མི་ཚེ་རིང་གི་རྣམ་པ་ཅན་ཞིག་ཡོད། བྲག་ཉི་ཟླ་ཞེས་ཆོས་བཀའ་བསྟན་གཉིས་དང་ཉེ་སྲས་བརྒྱད། ཆོས་ཀྱི་མཐར་དུང་དཀར་གྱིས་ལྕགས་རིའི་རྣམ་པ་ཅན་དོད་པ། ཡང་དགོན་དེའི་མཐའ་འཁོར་དུ་སྟག་སེང་ཁྱུག་གི་རང་བྱོན་དང་། བཟོད་པ་རིན་པོ་ཆེས་སྐུ་རྩེད་ཀྱི་ཚུལ་དུ་ལུག་རྫི་ཞིག་གི་ཡོག་ཤིང་ལ་ཐུགས་སྨོན་མཛད་དེ་འབར་བ་སྤུན་བདུན་གྱི་བླ་ཤིང་ཡོང་བར་ཤོག ཅེས་ཐུགས་སྨོན་གནང་སྟེ་བཏབ་གནང་བ་ལ། ཉིན་བདུན་གྱི་མཚམས་སུ་ཡོག་ཤིང་ལ་ལོ་མ་བཏང་སྟེ་སྐྱེས་པའི་བླ་ཤིང་ད་ལྟའང་མཇལ་རྒྱུ་ཡོད། དགོན་དེའི་གཤམ་དུ་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་ལ་དེའི་ཕྱིར་དུས་གསུམ་སངས་རྒྱས་ཀྱི་རང་བྱོན་དང་། [page 36ནང་དུ་སྒྲོལ་མ་ཉེར་གཅིག་གི་རང་བྱོན། གསང་བར་མ་དང་མཁའ་འགྲོའི་དཀྱིལ་འཁོར་གྱི་རང་བྱོན། མདུན་རི་བྱང་ཆུབ་ཕུག་པ་ཞེས་པར་བཟོད་པ་རིན་པོ་ཆེར་བྱམས་པ་དང་། སྙིང་རྗེ་། དགའ་བ། བཏང་སྙོམ་བཅས་ཚད་མེད་བཞི་ཅིག་ཅར་དུ་འཁྲུངས་པ་ཡིན་ཞེས་པའི་ཕུག་པ། དེའི་ཤོད་དུ་འོད་གསལ་ཕུག་པ་ཞེས་པར་བླ་མར་སྐུ་གསུམ་གྱི་གཏེར་བཞེས་དགོས་པའི་ལུང་བསྟན་བྱུང་བ་ཞེས་པ། དགོན་པ་རྩེ་རུ་འདུ་ཁང་ཀ་བཞིའི་གཙང་ཁང་ནང་མགོན་ཁང་དང་། གཡང་ཁག་ནང་གནམ་ལྕགས་ཀྱི་དུམ་བུ་ཞེས་པ་དང་། རྟའི་རྭ་ཅོ། ཀུན་བཟང་ཉི་དབང་གི་དབུ་ཐོད་ལ་གུ་རུའི་ཕྱག་རྗེས་ཀྱི་རང་བྱོན་ཉི་ཟེར་ལ་བལྟས་ན་དམར་མདང་རྒྱས་པ། ཙན་དན་ཛ་ལ་ནག་པོ་ཞེས་པའི་ཕུར་པ། ༼འདི་རྒྱལ་རྩེ་རྫོང་དུ་ཡོད་ཅེས་༽དེ་ནས་ཅུང་ཟད་སོང་ན་ཀུན་བཟང་ཉི་ཟླ་དབང་མོ་རྫུས་སྐྱེས་སུ་ཕེབས་སའི་བླ་བྲང་བདེ་ཆེན་གླིང་གི་སྒྲུབ་ཕུག་ལ་སོགས་མཇལ་རྒྱུ་ཡོད། སྔོན་དགོན་དེར་དགེ་འདུན་བརྒྱ་སྐོར་གྱིས་རྙིང་མ་བྱང་གཏེར་ཕྱག་བཞེས་མཛད་པ་དང་། ལོ་ལྟར་བོད་ཟླ་༦ཚེས་༤ལ་བྲག་དམར་དྲུག་པ་ཚེས་བཞི་ཞེས་པའི་དུས་ཆེན་དང་། བོད་ཟླ་༡༠ཚེས་༢༢ནས་འགོ་བཙུགས་ཏེ་བདུན་ཕྲག་གཅིག་རིང་མ་ཎིའི་སྒྲུབ་མཆོད་ཅེས་པ་འཚོགས་སྲོལ་ཡོད་པ་བཅས།

ད་ལྟ་སྔར་གྱི་བཀའ་འགྱུར་ལྷ་ཁང་གི་རྩིག་པའི་སྟེང་ཐོག་བཀའ་པའི་ནང་གུ་རུ་གཙོ་འཁོར་གསུམ་གྱིས་གཙོས་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། རྭ་ལོ་རྟོགས་ལྡན་རྡོ་རྗེའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད།

 དགའ་ལྡན་ཆོས་གླིང་།

མཚན་རྒྱས་པར། དགའ་ལྡན་བཤད་སྒྲུབ་གླིང་ངམ། བྱ་བ་རྩེ་ཞེས་ཞུ། ཁང་དམར་རྫོང་ནས་ཤར་ངོས་སུ་སྤྱི་ལེ་༢༤ཙམ་སོང་ན་དགོན་པ་གྲོང་གི་རྒྱབ་རིའི་ངོས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོ་༡༤༢༨ལོ་ཙམ་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཕྱག་[page 37བཏབ་གནང་མཛད། རྒྱལ་རྩེ་དཔལ་ཆོས་དགོན་གྱི་བླ་ཁག་བཅུ་དྲུག་གི་ནང་ཚན་ནོར་བུ་དགའ་ལྡན་ཞུ་བ་དེ་ཡིན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྒྱལ་རྩེ་དཔལ་ཆོས་དགོན་ཕྱག་བཏབ་གནང་རྗེས་གནས་དེར་དགོན་དེ་ཕྱག་བཏབ་གནང་མཛད། དགོན་པའི་མཚན་ལའང་དགའ་ལྡན་བཤད་སྒྲུབ་གླིང་ཞེས་གསོལ། སྔོན་དགོན་དེར་དགེ་འདུན་ཉེར་གཅིག་ཙམ་གྱིས་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན། སྔོན་འདུ་ཁང་ཀ་བ་༡༢ཀྱི་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཆོས་འཁོར་གྱི་སྐུ་བརྙན་སོགས་དང་། མགོན་ཁང་ནང་སྐྱེས་བུ་གསུམ་གྱི་སྲུང་མ། གཞན་ཡང་ཞལ་ཐང་མང་པོ་བཅས་རྟེན་དང་བརྟེན་པར་བཅས་མཇལ་རྒྱུ་ཡོད།

ད་ལྟ་སྔར་གྱི་འདུ་ཁང་བསྐྱར་བཞེངས་གནང་བའི་ནང་རྗེ་བཙུན་བྱམས་པ་ཐོག་སོ་ལྷག་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་ལྷོ་ངོས་སུ་གངས་མེ་ལོང་མ་ཞེས་སྤང་རིའི་དབུས་སུ་གངས་སྒོར་མོ་མེ་ལོང་འདྲ་བ་ཞིག་དང་། དེའི་ཕུར་སྟག་རིས་དགོན་ཞེས་བཀའ་བརྒྱུད་ཀྱི་དགོན་ཞིག་དང་། རི་རིགས་གསུམ་མགོན་པོ་ཞེས་པ་དང་། ཆུ་རིགས་གསུམ་མགོན་པོ། ཐང་རིགས་གསུམ་མགོན་པོ་ཞེས་དང་། གངས་མེ་ལོང་མའི་རྒྱབ་རི་གངས་རི་ལ་ཐོབ་བཟང་རྒྱལ་པོ་ཞེས་ཟེར། གངས་རི་དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༨༣༠༠ཙམ་ཡོད་ཅེས་པ། དེའི་གཡོན་ངོས་སུ་ཨོ་རྒྱན་འབྲུག་རི་ཞེས་པ་དེ་ལས་ལ་ཕར་བརྒྱབ་ན་འབྲུག་ཡུལ་དུ་སླེབས། སྔོན་རྒྱལ་རྩེར་ཆུ་སྐྱོན་བྱུང་བའང་ཉིང་རུའུ་ཆུ་མྱང་ཆུར་འདྲེས་པས་ཡིན་པ་དང་། དེའང་སྤྱིར་ན་ཉིང་རུའི་ཆུ་ཆེན་པོ་ཡོད་པའི་སྟེང་ཉིང་རུ་ཕུའི་སེ་བོ་མཚོ་བརྡོལ་བས་ཡིན་པ་རེད་ཅེས་ཟེར།

གཞན་ཡང་ཡུལ་དེར་བཙུན་མའི་དགོན་བསམ་གཏན་གླིང་དང་། [page 38འབྲུག་རྒྱལ་དགོན། སྡིངས་ཆེན་དགོན། འབྲུག་དབུ་དགོན་བཅས་ཆགས་ཤུལ་གྱི་སྟོངས་རོ་དང་། ཉིང་རུ་སྨད་དུ་འབྲས་མོ་དགོན་ཞེས་པ་དགེ་ལུགས་པའི་དགོན་ཉམས་གསོ་གནང་བ་ཞིག་བཅས་མཇལ་རྒྱུ་ཡོད།

 གཡེ་དམར་དགོན།

ཁང་དམར་རྫོང་ནས་སྤྱི་ལེ་༡༣ཙམ་འཁོར་ལམ་དེད་གམ་པ་དང་གྲོ་མོའི་ཕྱོགས་སུ་སོག་ན་ལམ་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཙན་པོའི་དུས་ཀྱི་ལྷ་ཁང་ཞིག་ཡིན་སྐད་ལ་རྗེས་སུ་ཁ་ཆེ་མཆོད་འཆང་ཞུ་བས་རྒྱས་བསྐྲུན་གནང་། ཁ་ཆེ་མཆོད་འཆང་གིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིར་“ངས་དགོན་པ་མཎྜལ་ཁ་སྦུག་པ་ལྟར་ཞིག་བཏབ་ཡོད་པས་ཁྱེད་ཀྱིས་དགོན་འདི་སྐྱོང་བར་ཞུ་”ཞེས་ཞུས་པས། པཎ་ཆེན་དགོངས་པ་མ་རྫོགས་བར་གནས་དེར་བཞུགས་པ་དང་རྗེས་སུ་དགོངས་པ་གཞན་དོན་དུ་ཕེབས་རྗེས་སུའང་སྐུ་སྨར་གདུང་ཡང་གནས་དེར་བཞུགས་སུ་གསོལ་ཡོད། སྔོན་ལྷ་ཁང་གསུམ་ཡོད་པ་ལས་དཀྱིལ་གྱི་ལྷ་ཁང་ནང་སྟོན་པ་མཛད་པ་བཅུ་གཉིས་ཀྱི་སྐུ་བརྙན། དེའི་འོག་ཚེ་དཔག་ལྷ་ཁང་ནང་སྟོན་པ་ཉེ་སྲས་བརྒྱད་དང་ཚེ་དཔག་མེད་བཅས་ཞུགས། སྔོན་བྲ་ཁུད་དགོན་གྱི་དགོན་ལག་ཡིན་པ་ལ་ཇུན་གར་དམག་རྗེས་དགེ་འདུན་༡༤༠སྐོར་གྱིས་རི་བོ་དགེ་ལུགས་ཕྱག་ལེན་མཛད་པར་གྱུར།

ད་ལྟ་སྔོན་གྱི་ལྷ་ཁང་གི་རྩིག་སྟེང་ཐོག་བཀབ་གནང་བའི་ནང་ལོ་མང་རིང་ཉི་ལྷག་གངས་ཆར་ཁྲོད་ལུས་པའི་བཟོ་རྩལ་ལེགས་པའི་སྐུ་བརྙན་རྣམས་ངོ་མཚར་ཆེ་བ་མཇལ་རྒྱུ་འདུག གཙུག་ལག་ཁང་གྱི་དབྱིབས་ནི་ས་སྐྱ་འདྲ་ལ་ལྡེབས་རིས་ཞ་ལུ་དང་ཡང་འདྲ་པོ་འདུག

ཡང་དགོན་དེ་ནས་མུ་མཐུད་སོང་ན་བྲ་ཁུད་དགོན་དང་། སྤྲེལ་དམར་དགོན། སྒྲུབ་ཆེན་ཀུན་དགའ་བློ་གྲོས་བཞུགས་མྱོང་བའི་རྐྱང་ཕུ་དགོན། ཚེ་[page 39དཔག་ལྷ་ཁང་བཅས་ཀྱི་གྱང་རོ་མཇལ་རྒྱུ་ཡོད་ལ། ཀ་ལ་ཞེས་པའི་ཡུལ་དུ་ཕྱི་དགོན་ཞེས་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

[page 40]

གྲོ་མོ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 41]

 གྲོ་མོ་རྫོང་།

གྲོ་མོ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།​

གྲོ་མོ་ཞེས་པ་ནི་ཤིང་གྲོ་དགའ་སོགས་སྐྱེས་པའི་ཡུལ་དང་། རི་མགོར་སྨུག་སྤྲིན་ལང་ལོང་དུ་འཁྲིགས་པས་གྲོ་སྨུག་ཅེས་པ་ནས་རིམ་བཞིན་གྲོ་མོ་ཞེས་པར་སྒྲ་འགྱུར་ཞེས་དང་། ཡང་རྒྱ་སྐད་དུ་“དབྱ་ཏུང་”ཞེས་དབྱིན་འབོད་དོན་ནི་དབྱིན་ཇི་ཐོག་མར་གཉའ་གདོང་ཞེས་པར་འབྱོར་སྐབས་ཡུལ་དེའི་མིང་དབྱིན་སྐད་དུ་བོད་སྐད་ཇི་བཞིན་མ་ཐོན་པ་དང་རྗེས་སུ་རྒྱ་སྐད་ལའང་“དབྱ་ཏུང་”ཞེས་དབྱིན་སྐད་ཀྱི་སྒྲ་ཟུར་ཆགས་པ་ཡིན་ཀྱང་བོད་སྐད་དུ་གྲོ་མོ་ཞེས་བརྗོད་པ་དང་། ད་ལྟའི་གྲོ་མོ་རྫོང་ནི་ཤར་གསིང་མར་ཆགས་ཡོད་པ་དང་། སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་རེད།

རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༢༧༦དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༡·༢ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༢༤ མི་འབོར་༡༡༦༨༡ རྫོང་ཡོངས་སུ་ཤང་༥དང་། གྲོང་བརྡལ་གཉིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་༢༥ རྫོང་ས་བབས་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༤༠༠ཙམ་གྱིས་མཐོ་བའི་ས་མ་འབྲོག་གོ་རྫོང་ཞིག་ཡིན་པ་བཅས་རེད།

 སྤྲིན་ཟམ་དགོན།

མཚན་རྒྱས་པར། གུ་རུ་སྤྲིན་ཟམ་དགོན་ཞེས་ཞུ། ཁང་དམར་རྫོང་ནས་སྤྱི་ལེ་༡༠༠ཙམ་གྲོ་མོའི་ཕྱོགས་སུ་སོང་ན་གུ་རུ་ཞེས་པའི་ཡུལ་ནས་ནུབ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ཁ་ཤས་ཤིག་སོང་ན་བྱང་ངོས་བྲག་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་མཁའ་[page 42འགྲོའི་སྤྲུལ་པ་དགོ་བ་མ་བུ་གཉིས་ཀྱིས་ལུང་བསྟན་པ་ལྟར་གུ་རུས་སྦས་དགོན་དུ་ཕྱག་བཏབ་གནང་མཛད། ད་ལྟའི་འདུ་ཁང་ནང་དུ་སྐུ་མཚམས་སུ་བཞུགས་སྐབས་ཕུག་པ་འདི་ཅུང་དམའ་དྲགས་འདུག་གསུངས་ནས་དབུ་ཡར་བཏེགས་པས་དབུ་ཞྭའི་རང་བྱོན་གསལ་ཞིང་། ལུང་བསྟན་མཁན་གྱི་དགོ་བ་མ་བུའི་རང་བྱོན་ཡང་དགོན་འདབས་གྱི་སྐོར་ལམ་ནང་དུ་གསལ། སྤྲིན་ཟམ་ནི་བཀའ་བརྒྱུད་ཕོ་བྲང་ནས་གཟིམ་དབེན་ཕོ་བྲང་དུ་ཕེབས་ལམ་གྱི་འོག་ཏུ་ཐོག་རྩེག་དགུ་དང་སྟེང་དུ་ཐོག་རྩེག་དགུ་ཅན་གྱི་བར་དུ་ཆགས་པའ་ཟམ་པ་ནི་སྤྲིན་གྱི་ཟམ་པ་ལྟར་ངོ་མཚར་ཅན་ཞིག་ཡོད་པས་སྤྲིན་ཟམ་མམ། ཡང་ན་གཡང་གཟར་ཅན་གྱི་སྟབས་བདེའི་ཟམ་པར་སྤེན་ཟམ་ཞེས་བརྗོད་སྲོལ་ཡོད་པས་སྤེན་ཟམ་ནས་རིམ་བཞིན་སྤྲིན་ཟམ་ཞེས་པར་སྒྲ་འགྱུར་བ་མིན་ནམ་སྙམ་པ་སོགས་དགོན་མིང་ལ་དཔྱད་པར་འཚལ། དེ་ནས་གནས་དེར་འབའ་རོམ་དགོན་གྱི་བླ་མ་ཞིག་ཕེབས་ཏེ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། སྐུ་ཕྲེང་རེར་མཆོད་རྟེན་རེ་བཞེངས་མཛད་པ་ལ་སྐུ་ཕྲེང་དྲུག་པ་བཞད་པ་རྒྱལ་མཚན་གྱིས་རྒྱལ་རྩེར་ཆུ་ཉེན་བྱུང་རྗེས་ཙམ་ལ་མཆོད་རྟེན་ལྔ་པོ་གསུམ་དུ་སྒྲིལ་ནས་རིགས་གསུམ་མགོན་པོའི་མཆོད་རྟེན་ཞེས་པ་བཞེངས་གནང་མཛད། ༡༩༤༩ལོར་བཞད་པ་རྒྱལ་མཚན་འབྲས་ལྗོངས་སུ་ཕེབས་ཏེ་འབྲས་ལྗོངས་སུ་བཞུགས། སྔོན་གཟིམ་དབེན་ཕོ་བྲང་དུ་ཇོ་བོ་འོ་འདིར་བཟང་པོ་ཞེས་པ་ཞིག་ཡོད་པས། ཇོ་བོ་དེ་རྒྱ་གར་ནས་འཕུར་ཕེབས་ཏེ་གནས་དེར་ཕེབས་སྐབས་“འོ་འདིར་སྡོད་”ཅེས་གསུངས་པས་མཚན་ལའང་དེ་ལྟར་ཐོགས་པའི་ཇོ་བོ་དང་། གུ་རུའི་ཞབས་རྗེས་གསུམ། སྟོན་པའི་རང་བྱོན་ལ་སོགས་པ་བཅས་ཡོད། དེའི་འོག་གི་སྒྲུབ་ཁང་ནང་བཞུགས་ཁྲིའི་རང་བྱོན་དང་། བཀའ་བརྒྱུད་ལྷ་ཁང་ནང་སྨན་འདམ་ལས་གྲུབ་པའི་བཀའ་བརྒྱུད་ཀྱི་བླ་སྐུ་ཁག དེ་ནས་བདེ་ལྡན་གཟིམ་ཆུང་དང་འདུ་ཁང་ནང་གསེར་ཟངས་ཀྱིུ་གུ་རུ་སྣང་སྲིད་[page 43གཟིལ་གནོན། གཞན་ཡང་གཟིམ་ཆུང་ཁག་ལ་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད།

དགོན་དེར་ཕྱི་ནང་གསང་གསུམ་གྱི་སྐོར་ལམ་ཡོད་པ་ལས་ཐོག་མར་གཡས་ནས་འགོ་བཙུགས་ཏེ་ཕྱིའི་སྐོར་ལམ་ནང་རང་བྱོན་ཇི་སྙེད་ཅིག་ཡོད་པ་ནི་ཐོག་མར་དུང་གི་རང་བྱོན་དང་། ཨོ་རྒྱན་གཞོན་ནུའི་ཞབས་རྗེས། རྔ་མོང་གི་རང་བྱོན། ཚེ་རིང་རྣམ་དྲུག་གི་རང་བྱོན། སྤེལ་གྱི་རང་བྱོན། ཚོགས་ཁང་ནང་རྒྱ་བཟའ་སྐུ་མཚམས་སུ་བཞུགས་གནས་དང་། རྒྱ་བཟའི་གསོལ་ཐབ་ནང་ལག་པ་འཆང་ན་ཟས་བཅུད་འཕེལ་ཞེས་པ། རྒྱ་བཟའི་གསོལ་ཞིབ་ཡིན་ཞེས་པ། དགུ་འདྲེན་སྐབས་ཀྱང་ཚོགས་ཁང་དེའི་ནང་སྒྲུབ་ཆུ་ཕེབས་པ། དམྱལ་བའི་ལས་མཁན་ཞེས་པ་གཉིས་ཀྱི་བར་ན་དམྱལ་བའི་འཕྲང་ལམ་ཞེས་པ་དང་། ལྕགས་ཀྱི་ཤམ་མ་ལི། དཔལ་རྟ་མགྲིན་གྱིས་བདུད་མ་ཊ་རུ་ཊའི་ཁོག་པའི་ནང་ཞུགས་ནས་དབུ་སྟེང་ཏུ་རྟ་མགོའི་གཟུགས་ཐོན་པ་དང་། སྙིང་བཤགས་ཏེ་སྙིང་ཁྲག་རྒྱུགས་པའི་རང་བྱོན། རིགས་གསུམ་མགོན་པོའི་རང་བྱོན། བདེ་མཆོག་འཕོ་ཁུང་ཞེས་པའི་ནང་མཆོངས་ན་གསོན་འཕོ་ཐེབས་པ་ཡིན་ཞེས་པ་དང་། དེའི་སྟེང་གུ་རུའི་བྲག་གི་གདུང་ཟམ། དེ་ནས་ནེའུ་ལིའི་རང་བྱོན། དེ་ནས་དགོན་པའི་བླ་ཤིང་ཞེས་ཤུག་སྟོང་ཞིག་ཡོད་པ་དེ་སྐབས་ཀྱང་རྗེས་སུ་དགོན་པ་ཉམས་གསོ་གནང་རྗེས་ཤུག་སྟོང་ཞིག་རང་བཞིན་དུ་འཁྲུངས་ཡོད་པ། དེ་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རང་བྱོན། དེ་ནས་རྒྱལ་པོ་གུར་ཆེན་ཞེས་པ་དང་། དེའི་འོག་རུ་ཞལ་ཟས་དང་། མཆོད་རྟེན། བུམ་པ་བཅས་ཀྱི་རང་བྱོན། དེ་ནས་རྩེ་ཞྭའི་རང་བྱོན། མཁའ་འགྲོའི་བྲོ་རར་སྐོར་བ་ལན་གསུམ་བརྒྱབ་ན་ལོ་གཅིག་གི་བགེགས་སེལ་ཞེས་པ། དེ་ནས་སྡིག་པ་ཤན་འབྱེད་ཀྱི་རང་བྱོན། དེ་ནས་ཕུར་པ་བྲག་ཕུག་ཅེས་པར་གུ་རུས་ཕུར་པ་བཙུགས་གནང་བའི་རང་བྱོན། དེ་ནས་སྒོ་ཁྱིའི་རང་བྱོན། གུ་རུའི་མཐེ་བོང་གི་རང་བྱོན། རྒྱབ་རིའི་བྲག་སྟེང་དུ་ལྷ་མོ་ནོར་རྒྱུན་མའི་རང་བྱོན། ཛམ་བྷ་ལྷའི་རང་བྱོན། དེའི་སྟེང་[page 44དུ་ཙོང་ཁ་པའི་རང་བྱོན། དེའི་འོག་ཏུ་ཐང་སྟོང་གི་རང་བྱོན། དེའི་གཡས་སུ་དུང་གི་རང་བྱོན་དང་ཨ་ཡིག་གི་རང་བྱོན། དགོན་པའི་མདུན་གྱི་བྲག་སྟེང་དུ་སངས་རྒྱས་སྟོང་སྐུའི་རང་བྱོན། དེ་ནས་གུ་རུ་སྣང་སྲིད་གཟིལ་གནོན་གྱི་རང་བྱོན། དེ་ནས་མར་བབས་ན་ཤམ་བྷ་ལའི་རྒྱལ་སྒོ་སོགས་ཀྱི་རང་བྱོན་ཇི་སྙེད་མཇལ་རྒྱུ་ཡོད།

སྔོན་དགོན་དེར་བཙུན་མ་སུམ་ཅུ་སྐོར་གྱི་བཀའ་བརྒྱུད་ཕྱག་ལེན་གནང་བ་ཡིན། དགོན་དེའི་གཡས་ངོས་སུ་ཨོ་རྒྱན་པཎ་ཞྭའི་དབྱིབས་འདྲ་བའི་བྲག་རི་ཞིག་ཡོད་པ་དེའི་འོག་ཏུ་སྤྲིན་ཟམ་ཕོ་དགོན་གྱི་གྱང་རོའི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

ད་ལྟ་སྤྲིན་ཟམ་མོ་དགོན་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད་ལ་དགོན་དེ་རྒྱང་ནས་མཇལ་ན་རྒྱབ་རིར་མགོན་པོའི་བསྐང་རྫས་ཀྱི་རང་བྱོན་ཆ་ཚང་མཇལ་བ་དང་། དགོན་དེའི་ལྷོ་ངོས་སུ་གངས་རི་ཇོ་མོ་ལྷ་རི་ཞེས་པ་དེ་མཇལ་བ་ཡིན།

 རི་ཆུང་པོ་ཏོ།

མཚན་རྒྱས་པར་དགའ་ལྡན་འོད་ཟེར་ཆོས་གླིང་ཞེས་ཞུ། སྤྲིན་ཟམ་དགོན་ནས་མདོ་ཆེན་མཚོ་དང་ཇོ་མོ་ལྷ་རི་བརྒྱུད་སྤྱི་ལེ་༤༠ཙམ་སོང་ན་ཕག་རིར་འབྱོར། ཕག་རི་ཞེས་པ་ནི་ཡུལ་དེའི་ཤར་ངོས་རི་ཟུར་ཕག་པའི་སྣ་འདྲ་བ་དང་དེའི་ཟུར་དུ་ཆགས་པའི་གྲོང་བརྡལ་ལ་ཕག་རི་ཞེས་པ་དེ་ལྟར་བྱུང་། གྲོང་བརྡལ་དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཤོས་ཀྱི་གྲོང་བརྡལ་ཞིག་ཡིན་ཞེས་ཟེར། རི་ཆུང་པོ་ཏོ་དགོན་ནི་ཡུལ་དེའི་ཤར་ངོས་རི་ཆུང་ཞིག་གི་སྟེང་དུ་ཆགས་ཡོད་སྟབས་མཚན་དེ་ལྟར་ཐོགས། དགོན་དེ་ནི་སྤྱི་ལོ་༡༩༡༤ལོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ལ་ལྷ་རམས་པ་[page 45དཔལ་ལྡན་བསྟན་དར་ཞུ་བས་ཕྱག་བཏབ་གནང་མཛད། དེའང་དགེ་བཤེས་ལྷ་རམས་པ་རྗེ་བཙུན་དཔལ་ལྡན་བསྟན་དར་མཆོག་དང་གྲྭ་རྒྱུན་བརྒྱད་བཅས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་ནས་ཕག་རིའི་དད་སྦྱིན་ཡོངས་ཀྱི་རེ་འདུན་བཞིན་ཕག་རིའི་བྲག་ཏོག་སྒང་གི་མཁན་པོར་ཕེབས། དེ་ནས་མཁན་པོའི་མཚན་བཞེས་གནང་ཡུན་ཐིམ་རྗེས་ལྷ་སར་ཕྱིར་ལོག་མ་ཕེབས་པར་ཕག་རིར་བཞུགས་ཏེ་རི་ཆུང་པོ་ཏོའི་སྟེང་མཚམས་ཁང་ཞིག་བསྐྱོན་ཏེ་སྐུ་མཚམས་སུ་བཞུགས། དེ་རྗེས་རི་གཤམ་དུ་དགའ་ལྡན་འོད་ཟེར་གླིང་ཞེས་པ་བཏབ་གནང་མཛད། སྔོན་འདུ་ཁང་གྱིས་གཙོས་རྟེན་དང་བརྟེན་པར་བཅས་པ་བཞུགས་སོ་གསོལ་ཡོད།

ད་ལྟ་སྔོན་གྱི་དགོན་པར་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 གྲོ་མོ་དུང་དཀར་དགོན།

མཚན་རྒྱས་པར་དུང་དགོན་བཀྲིས་ལྷུན་གྲུབ་ཅེས་ཞུ། ཕག་རི་ནས་སྤྱི་ལེ་༤༠ཙམ་གྲོ་མོའི་ཕྱོགས་སུ་སོང་ན་ས་རུས་ཁ་གྲོང་ཚོའི་རི་སྟེང་དུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་དང་པོ་སྐྱབས་རྗེ་ངག་དབང་སྐལ་བཟང་གིས་ཕྱག་བཏབ་གནང་མཛད། གྲོ་མོ་དགེ་བཤེས་རིན་པོ་ཆེ་ནི་ཐོག་མར་བཀྲས་ལྷུན་དགོན་དུ་ཆོས་ཞུས་ཀྱིས་དགེ་བཤེས་ཀྱི་མཚན་རྟགས་བཞེས། དེ་ནས་གྲོ་མོ་ཁུལ་དུ་ཕེབས་ཏེ་སྦས་པའི་རྣལ་འབྱོར་གྱི་བརྟུལ་བཞུགས་མཛད། ཇོ་མོ་ལྷ་ནང་ཞེས་པར་སྐུ་མཚམས་སུ་བཞུགས་སྐབས་མི་མ་ཡིན་གྱིས་སེང་གེའི་འོ་མ་ཕུལ་བ་བཞེས། སྐད་གྲགས་ཡོད་པའི་གྲོ་མོ་དགེ་བཤེས་རིན་པོ་ཆེའི་རིལ་བུའི་ནང་སེང་གེའི་འོ་མའི་ཕབ་རྒྱུན་ཡོད་ཅེས་པའང་དེ་ལྟར་བྱུང་།དེ་ནས་ས་སྐོང་ཞེས་པར་ཕེབས་ཏེ་ཨ་མ་དབང་མོ་ཞེས་པའི་ཁྱིམ་དུ་གནས་ཚང་གཡར་ཏེ་སྐས་འཛེག་འོང་ཏུ་ཡུན་རིང་བཞུགས། དེ་ནས་དགེ་བཤེས་རིན་པོ་ཆེའི་མཚན་སྙམ་གང་སར་ཁྱབ། [page 46དགའ་གླིང་དཔོན་མོ་ཞེས་པ་དང་། རུ་པའི་སྒང་དཔོན་མོ་ཞེས་པ་གཉིས་ཀྱིས་སྦྱིན་བདག་ཞུས་ཏེ་ད་ལྟའི་དགོན་གནས་དེ་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་རྟེན་གཙོར་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་གསུམ་ཐོག་དང་རྗེ་ཙོང་ཁ་པ་ཡབ་སྲས་གསུམ། རྒྱལ་བ་སེང་གེ་ང་རོ། ཇོ་བོ་རྗེ། འབྲོམ་སྟོན་པ་བཅས་དང་། ལྡེབས་རིས་སུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་སོགས་རྟེན་དང་བརྟེན་པར་བཅས་པར་བཞུགས། སྔར་དགེ་འདུན་༢༠༠སྐོར་གྱིས་བཀྲ་ཤིས་ལྷུན་པོ་དགོན་གྱི་ལུགས་ལྟར་ཕྱག་བཞེས་མཛད་པ་དང་བཀྲས་ལྷུན་དགོན་གྱི་དགོན་ལག་ཀྱང་ཡིན། སྔར་བོད་ཟླ་༩པའི་ནང་མགོན་ཆོས་ལྷ་མོ་ཡུལ་ལྷ་སོགས་ཀྱི་གར་འཆམ་དགུ་གཏོར་ཞེས་པ་བསྐྱོན་སྲོལ་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་དུང་དཀར་དགོན་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 གཡུང་དྲུང་ལྷ་སྡེ་དགོན།

དུང་དཀར་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༤ནས་༥ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་བོན་གྱི་བླ་མ་གཡུང་དྲུང་སྐྱིད་ཞུ་བས་ཕྱག་བཏབ་གནང་མཛད། བླ་རབས་བཅོ་ལྔ་བར་བྱུང་བ་ལ་བཅོ་ལྔ་པ་བསྟན་པ་རྒྱ་མཚོ་ནི་འབྲུག་ཡུལ་དུ་སྐུ་གཤེགས། སྔར་དགེ་འདུན་༡༤སྐོར་གྱིས་བོན་ཞུ་ཡི་ལུགས་ཕྱག་ལེན་གནང་བ་ཡིན། སྔར་འདུ་ཁང་ནང་སྟོན་པ་ཁྲི་གཙུག་རྒྱལ་བ་མི་ཚད་ལྷག་དང་། རྣམ་རྒྱལ་རྒྱ་ནག་པ། ཤེས་རབ་སྨྲ་བའི་སེང་གེ གུ་རུ་སྣང་སྲིད་ཟིལ་གནོན། ཞུ་བཙན་རྒོད་གྲགས་པ་རྒྱལ་མཚན། མ་ཅིག་སྲིད་པའི་རྒྱལ་མོའི་སྐུ་བརྙན་སོགས་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་ཞུས་པའི་ནང་སྨན་འདམ་ལས་གྲུབ་[page 47པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 སྐྱིད་ཚལ་དགོན།

མཚན་གཞན་ལ་སྐྱིད་རོལ་དགོན་ཡང་ཞུ། གཡུང་དྲུང་ལྷ་སྡེ་དགོན་ནས་རི་ལམ་བརྒྱུད་སྤྱི་ལེ་གཉིས་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་ད་ལྟའི་དགོན་དེའི་ལྟག་ཏུ་ཡོད་པ་ལ་རྗེས་སུ་གནས་དེར་སྤོས་གནང་བ་རེད། སྔར་དགོན་དེར་གསེར་ཟངས་ཀྱི་ཇོ་བོའི་སྐུ་བརྙན་རྩ་ཆེན་མཐོ་གང་ཙམ་ཞིག་ཡོད་པ་དེ་ནི་ལྷ་ས་ནས་འཕུར་ཕེབས་པ་ཡིན་ཞེས་ཞུ། དེའང་ཇོ་བོ་གཉིས་བཙན་ལ་ཞེས་པའི་སྟེང་ཕེབས་སྐབས་“ད་བཙན་སར་ཚུད་སོང་”ཞེས་གསུང་བྱོན་པས་བཙན་ལ་ཞེས་པ་དེ་ལྟར་བྱུང་། དེ་ནས་རྒྱལ་ལམ་ཞེས་པར་ཕེབས་སྐབས་“ད་འོ་བརྒྱལ་སའི་བྱུང་”གསུངས་པས་རྒྱལ་ལམ་ཞེས་པ་དེ་ལྟར་བྱུང་། དེ་ནས་ལམ་བུ་དུང་ཞེས་པར་ཕེབས་སྐབས་“ད་དུང་གི་སྐད་ཅིག་ཐོས་བྱུང་”གསུངས་པས་ལམ་བུ་དུང་ཞེས་པ་དེ་ལྟར་བྱུང་། དེ་ནས་ལམ་བུ་དུང་ཞེས་པ་དེ་ལྟར་བྱུང་། དེ་ནས་ཇོ་བོ་གཉིས་པོ་ད་ལྟའི་དགོན་དེའི་རྒྱབ་རི་མུ་མན་ཞེས་པར་ཕེབས་ནས་དབུ་ཞྭ་གཡུགས་གནང་བས་གཅིག་གི་དབུ་ཞྭ་འདམ་གསལ་ཞེས་པར་བབས་པ་དང་ཇོ་བོའང་གནས་དེར་བཞུགས། གཅིག་གི་དབུ་ཞྭ་ད་ལྟའི་དགོན་གནས་དེའི་ཁུལ་གྱི་ཤུག་སྟོང་ཞིག་གི་སྟེང་དུ་བབས་པས་དེར་ཇོ་བོ་དང་དེའི་མདུན་དུ་མཆོད་མེ་སྤར་ཡོད་པ་མཇལ་བས་ཇོ་བོ་དགོན་ནང་དུ་གདན་སྟེ་རྟེན་གཙོར་བཞུགས། སྔར་ས་སྐྱ་དགོན་གྱི་དགོན་ལག་ཡིན།

ད་ལྟ་བསྐྱར་བཞེངས་གནང་བའི་དགོན་གྱི་ནང་སྔར་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 གྲོ་མོ་བཀའ་བརྒྱུད་དགོན།

མཚན་རྒྱས་པར་བཀའ་དགོན་ཚེ་མཆོག་གླིང་ཞེས་ཞུ། གྲོ་མོ་ཤར་གསིང་མ་སྟེ་ད་ལྟའི་གྲོ་མོ་རྫོང་ནས་སྤྱི་ལེ་༢༧ཙམ་སོང་ན་ཐང་ཤིང་གི་ཁྲོད་རི་བོའི་པོར་དགོན་དེ་ངོ་མཚར་དང་བཅས་[page 48མཇལ་རྒྱུ་ཡོད། དེའང་བོད་རང་བྱུང་བཅུ་གཉིས་པའི་དུས་འགོ་ཙམ་དུ་གྲོ་མོའི་འབྲོག་སྡེར་སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གྱི་འཇིགས་པ་ཆེ་བར་བྱུང་བས། ཁུལ་དེའི་ཕྱུག་བདག་རིན་སྒང་སྒོམ་རྩ་བ་ཞེས་པས་སྣ་ཐོད་ལ་དང་ཉེ་བར་ཉི་བྲག་ཁུང་བུ་ཞེས་པའི་སྒྲུབ་ཕུག་ཏི་བསྙེན་སྒྲུབ་མཛད་ཅིང་མཚམས་གཡོག་མི་མ་ཡིན་གྱིས་མཛད་པའི་གྲུབ་དབང་མཚམས་པ་མངའ་བདག་ཅེས་ཞུ་བ་ཞིག་ཡོད་དེའི་མདུན་བཅར་ཏེ་གཅན་གཟན་གྱི་གནོད་པ་བྱུང་ཚུལ་དང་དེ་ལས་སྐྱོབ་པར་སྐབས་འཇུག་ཞུས་པས། གྲུབ་དབང་མཚམས་པ་མངའ་བདག་གིས་ཁྱོད་ཀྱི་འབྲོག་ས་དགུན་མལ་ཞེས་པ་དེ་ང་ལ་སྤྲད་ན་ངས་སྟག་གཟིག་ལ་སོགས་གཅན་གཟན་རྣམས་ཨ་སམ་དུ་བརྫང་ཆོག་ཅེས་གསུངས་པ་བཞིན་དགུན་མལ་ཞེས་པའི་འབྲོག་ས་དེ་བླ་མར་ཕུལ། བླ་མས་སྟག་གཟིག་ལ་སོགས་པའི་གཅན་གཟན་དུག་པ་ཅན་རྣམས་ཨ་སམ་དུ་བསྐྲད། ཁམ་བུ་སྟོད་འབྲི་མ་དགོན་གྱི་བླ་མ་གྲུབ་ཆེན་ས་ར་ཧའི་རྣམ་སྤྲུལ་གོང་མ་བསྟན་འཛིན་ཉི་ཟླ་བཟང་པོ་མཆོག་ལ་དགུན་མལ་ཞེས་པའི་གནས་དེར་རྡོ་རྗེ་ཕག་མོའི་རང་བྱོན་ཡོད་པས་དགོན་གནས་འདེབས་པའི་སྐྱབས་ཞུས་པར། ཐོག་མར་ད་ལྟའི་དགོན་དེ་དང་ཉེ་བར་བཞུགས་ཏེ་བཞུགས་གནས་ཀ་བཞི་དང་འཁོར་བརྒྱད་གྲྭ་གཅིག་དང་བཅས་གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པ་གནང་། དགོན་གནས་ཀྱི་མཚན་ལ་མཚམས་བྲག་དགོན་ཞེས་ཟེར། དེ་ནས་མཚམས་བྲག་དགོན་གྱི་ལྡབ་བཞི་ཙམ་ཡོད་པའི་ད་ལྟའི་དགོན་དེ་ཉིད་བཏབ་གནང་མཛད། འདུ་ཁང་ཀ་བཞི་གདུང་བརྒྱད་ནང་རྟེན་གཙོར་གསེར་ཟངས་གྱི་རྡོ་རྗེ་འཆང་ཐོག་ཚད་མ་དང་། སྨན་འདམ་གྱི་ཆོས་ལོངས་སྤྲུལ་གསུམ་མི་ཚད་མ། རྒྱལ་བ་རྡོ་རྗེ་འཆང་ནས་རྩ་བའི་བླ་མ་བར་གྱི་བླ་བརྒྱུད་མི་ཚད་མ། འདུ་ཁང་གི་ནུབ་ངོས་མགོན་ཁང་ཀ་བཞིའི་སྦུག་ཏུ་ཡེ་ཤེས་མགོན་པོ་སོགས་དང་། སྟེང་དུ་རིན་ཆེན་གཏེར་མཛོད་ཁང་ཀ་གཅིག འདུ་ཁང་གི་ཤར་ངོས་གནས་ཆུང་ལྷ་ཁང་ཀ་བཞིའི་ནང་རྒྱལ་པོ་སྐུ་ལྔའི་སྐུ་བརྙན་དང་། སྟེང་དུ་གུ་རུ་བདེ་བ་ཆེན་པོའི་སྟོང་སྐུ་ལྷ་ཁང་སོགས་རྟེན་དང་། [page 49བརྟེན་པ་བཅས་བཞུགས་སུ་གསོལ་ཡོད་། སྔར་དགོན་དེས་ཤངས་པ་བཀའ་བརྒྱུད་ཕྱག་ལེན་གནང་སྟབས་དགོན་པའི་མཚན་ལའང་གྲོ་མོ་བཀའ་བརྒྱུད་དགོན་ཞེས་གསོལ་།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་། དགོན་དེའི་ལྷོ་ནུབ་ངོས་སུ་རྫ་ལེབ་ལ་དང་།་ སྣ་ཐོད་ལ་། ཡ་ཏུང་ཞེས་པའི་མིང་ཐོགས་སའི་ཡུལ།ཤར་ངོས་ནས་མར་བལྟས་ན་གྲོ་མོ་རེན་ཆེན་སྒང་། གཞན་ཡང་ཆུ་བཟང་དགོན་གྱི་གྱང་རོ་སོགས་མཇལ་རྒྱུ་ཡོད།

 ཁམ་བུ་ཆུ་ཚན།

ཆུ་ཚན་དེ་ནི་ཐོག་མར་ཁམ་བུ་སྨད་དུ་གངས་དཀར་ཆུ་ཚན་ཞེས་པ་ཞིག་ཡོད་པ་ལ་རྗེས་སུ་གནས་དེར་སྤས་ཞེས་པའི་གསུང་སྲོལ་ཡོད། ཁམ་བུ་ཞེས་པ་ནི་ཁ་སྦུག་སྟེ་སྤས་ལུང་ཞིག་ཡིན་ཀྱང་རྗེས་སུ་ཁམ་བུ་ཞེས་པར་སྒྲ་འགྱུར་ཞེས་པ་ནི་ཁ་སྦུག་སྟེ་ད་ལྟའི་གྲོ་མོ་རྫོང་ནས་སྤྱི་ལེ་༥༠ཙམ་ཡར་ཡོང་ན་ཁམ་བུ་ཆུ་ཚན་ཞེས་པ་དེར་སླེབས། ས་དེར་ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་སྒྲོན་མ། སློབ་དཔོན་པདམ་འབྱུང་གནས་བཅས་ཀྱིས་བྱིན་གྱིས་རླབས་པའི་སྤས་གནས་ཁྱད་པར་ཅན་ཞིག་ཡིན་ཞེས་ཟེར། ཆུ་ཚན་ཞེས་ཟེར།དེའང་མུ་ཟི་དང་། ཅོང་ཞི། བྲག་ཞུན། རྡོ་ཞོ། བྲག་མཚུར། རྡོ་སྲོལ་སོགས་གཏེར་དངོས་རྫས་རིགས་མང་པོ་བཞུར་ནས་འདྲེས་ཡོད་སྟབས། འདྲེས་བྱའི་གཏེར་རྫས་མི་འདྲ་བ་གཞིགས་ཏེ་ཆུ་ཚན་སོ་སོའི་དྲི་མ་དང་། མདོག། རོ། ནུས་པ་སོགས་མི་འདྲ་བ་འབྱུང་ཞིང་ནད་རིགས་ཀྱང་མི་འདྲ་བ་བཅོས་ཐུབ་པས། ཁམ་བུ་ཆུ་ཚན་གྱི་ཆུ་རྫིང་བཅུ་གཉིས་པོའང་ཕན་ནུས་མི་འདྲ་བ་བཅུ་གཉིས་ཡོད་པ་ནི་གཤམ་གསལ།

༡ ལྷ་མོ་རྫོང་ཞེས་པ་ནི་གཙོ་བོ་མོ་ཅོང་དཀར་པོ་ལས་གྲུབ་པས་བད་[page 50རླུང་མགོ་འཁོར་དང་། གྲིབ་ནད། ཁྲག་མཁྲིས། ཆུ་སེར་གྱི་ནད་རྙིང་། ཚད་པའི་ནད་སོགས་ལ་ཕན་ཞེས་ཟེར།

༢ བྱ་རྒོད་རྫིང་ནི་མུ་ཟི་ལྗང་གུ་དང་མོ་ཅོང་ལས་གྲུབ་བས་མགོ་ནད་དང་། རུས་པ་གས་ཆག་ རེག་དུག་ རྐང་འབམ། དམུ་ཆུ། བད་ཀན་སྐྱ་སེར། ཀླད་གཟེར། གྲུམ་བུ་དཀར་ནག་ཁྲ་གསུམ་བཅས་ལ་ཕན།

༣ ཡ་མ་རྫིང་དང་དཔོན་རྫིང་ཞེས་རྫིང་གཉིས་ཡོད་པས་རྫིང་བྱང་མུ་ཟི་དཀར་པོ་དང་། རྫིང་ལྷོ་མུ་ཟི་ནག་པོ་ལས་གྲུབ་པས་ཁྲག་སྲིན་དང་། རླུང་སྲིན། རུས་སྲིན་སོགས་ཡ་མ་དཀར་ནག་ཁྲ་གསུམ་དང་། མཁྲིས་པ་ཀྶྷའ་ཡའི་ནད་སེལ་ཞེས་དང་། རྫིང་ལྷོ་མས་ནད་སློང་ཞིང་བྱང་མས་ནད་འཇོམ་ཞེས་ཟེར། ན་རྒས་མཁལ་རྐེད་ན་བ་དང་། རྐང་ནད་དྲེག་གྲུམ་སོགས་ལ་འཛེམ་དགོས་།

༤ བྲག་རྐེད་རྫིང་ནི་མུ་ཟི་དང་ཅོང་ཞི་ཕོ་མོ་གཉིས་ལས་གྲུབ་པས་ཆུ་སེར་ནད་དང་། སྐྱ་རྦབ། མིག་ནད། སྙིང་ནད། ཁྱད་པར་ཁྲག་མཁྲིས་ནད་ལ་ཕན།

༥ ཨར་རྒན་རྫིང་ངམ་ཡང་ཐར་རྫིང་ནི་ཅོང་ཞི་རྡོ་ཧུལ་ལས་གྲུབ་བས་དྲེག་དང་གྲུབ་བུ། མཛེ་ནད། རྐང་འབམ། མཁལ་རྐེད་ནད་སོགས་ལ་ཕན། འོན་ཀྱང་དྲང་སྲོང་གཟའ་ནད་ཡོད་པས་འཛེམ་པར་བྱ་ཞེས་གསུངས།

༦ སེར་ཉ་རྫིང་ནི་གཙོ་བོ་མོ་ཅོང་ལས་གྲུབ་ཅིང་། བད་ཀན་སྐྱ་སེར་དང་། རླུང་ནད། མཁལ་ནད་། གྲང་ནད། ཆུ་སྙི། གྲུམ་བུ། དྲེག་ནད་སོགས་སྨད་ནད་ཀུན་ལ་ཕན་ཡང་མིག་ལ་ཅུང་གནོད་ཅེས་ཀྱང་གསུངས།

༧ བད་ཁྲག་རྫིང་ངམ་དུང་སྨུག་རྫིང་ནི་མ་ནིང་ཅོང་ཞི་དང་ མོ་ཅོང་། མུ་ཟི་སེར་པོ་བཅས་ལས་གྲུབ་ཅིང་གློ་ནད་དང་མཆིན་ནད། འདུས་ནད།སྨུག་པོ་དུག་ནད་སོགས་ལ་ཕན་ཀྱང་ཟུངས་ཟད་རླུང་ལ་ཕོགས་པས་ཟབ་དགོས།

༨ བླ་མ་རྫིང་ནི་མོ་ཅོང་དང་མུ་ཟི་ནག་པོ་ལས་གྲུབ་པས་ཆུ་སེར་གསར་པའི་ནད་དང་། བད་ཀན་སྐྱ་བོ། མགོ་ནད། རྩ་བྱེར་ནདལ་ཕན་ཞེས་ཟེར། [page 51༩ རྩ་དཀར་རྫིང་ངམ་བྲག་རྒྱབ་རྩ་དཀར་རྫིང་ནི་ཕོ་ཅོང་སེར་པོ་དང་མུ་ཟི་ལྗང་ཁུ་ལས་གྲུབ་ཅིང་བད་ཀན་དང་། མཁྲིས་པའི་ནད། ཕོ་བའི་ནད་། རྒྱུ་མའི་ནད། ཆུ་སེར་པགས་ནད། རྩ་དཀར་རྩ་ནག་གི་ནད་དང་དྲང་སྲོང་ཆུ་ནད་བཅས་ལ་ཕན་པ་ཡིན།

༡༠ མཛེ་པོ་རྫིང་ནི་མུ་ཟི་ནག་པོ་དང་། བྲག་ཞུན་ཅོང་ཞི་ཕོ་མོ་བཅས་ལས་གྲུབ་ཅིང་ཕོ་བའི་གྲང་སྐྲན་དང་། རྡོ་སྐྲན་། ཕོ་བ་དང་མཁལ་མའི་དྲོད་ཉམས་པ། ལྒང་པའི་ནད། བསམ་སིའུ་ཡི་ནད། མཛེ་ནད། སེ་དུག་བཅས་ལ་ཕན་ཀྱང་མཁྲིས་ནད་ཅན་ལ་འཛེམས་དགོས།

༡༡ ནུབ་རྫིང་ནི་ཅོང་ཞི་ཕོ་མོ་ལས་གྲུབ་ཅིང་། དྲེག་དང་གྲུམ་བུ། རྐང་འབམ། གྲང་ཁྲག་ཐུར་དུ་བབས་པ། ཆུ་སེར་ཚིགས་སྒྲིལ། རྨ་འབྲས། ཤུ་རྒན་དང་འདུས་ནད་བཅས་ལ་ཕན་ཀྱང་། བད་རླུང་སྟོད་ཁྲག་རྒྱས་པ་དང་མཁྲིས་པ་སྟོད་བྱེར་སོགས་ལ་འཛེམས་དགོས་

༡༢ ཨར་ཕྲུག་རྫིང་ངམ་དུས་བསྟུན་རྫིང་ནི་ཕོ་ཅོང་དང་མ་ནིང་ཅོང་ཞི་ལས་གྲུབ་ཅིང་། གྲང་བ་དཀར་དམར་འཛག་པ་དང་། མཁལ་སྐྲན། དཔྱི་མིག་གཟེར་བ། རྨ་འབྲས། རྨ་རྒན། བད་ཀན་བཅས་ལ་ཕན་ཞེས་གསུངས་པ་བཅས་སོ་། །

གཞན་ཡང་ཆུ་ཚན་དེ་དང་ཉེ་བར་སྒང་དགོན་ཞེས་རྙིང་མའི་དགོན་ཞིག་དང་ དྲི་མ་དགོན་ཞེས་བའི་གྱང་གོག་སོགས་མཇལ་རྒྱུ་ཡོད།

 དགེ་རུ་དགོན།

མཚན་རྒྱས་པར་དགེ་རུ་བདེ་ཆེན་ཆོས་གླིང་ཞེས་ཞུ། ཁམ་བུ་ཆུ་ཚན་ནས་འ་དགའ་ལ་དང་རྐེད་ཆག་ན་ཁྲ་ལ་བཅས་བརྒྱབ་ནས་སྤྱི་ལེ་༦༠ཙམ་འཁོར་ལམ་སྤྱིར་བཏང་བ་དེད་ནས་སོང་ན་དགའ་རུ་དགའ་རུ་གྲོང་གི་དབུས་སུ་དགོན་དེ་མཇལ་བ་ཡིན། མཆོད་རྟེན་ཉེ་མ་མཇལ་དུ་འགྲོ་སྐབས་ཀ་ལ་ཞེས་པ་ནས་སྤྱེ་ལོ་༤༥ཙམ་སོང་ནའང་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་

[page 52ཐོག་མར་༡༩༨༨ལོར་ད་ལྟའི་དགོན་དེའི་གཤམ་དུ་དགེ་རུ་རིན་པོ་ཆེས་ལྷ་ཁང་ཀ་བཞི་ཞིག་དང་། མ་ཎི་འཁོར་ཆེན་ཞིག་བསྐྱོན་གནང་མཛད། དགེ་རུ་རེན་པོ་ཆེ་ནི་༡༩༦༢ལོར་དགེ་རུ་བདེ་ཕུན་ཞེས་པར་མཚན་ལྷས་བཟང་པོ་དང་བཅས་འཁྲུངས། བྱིས་པའི་དུས་སུ་དམངས་བཙུགས་སློབ་གྲྭར་ལོ་བཞི་ཙམ་སློབ་སྤྱོང་གནང་། དེ་ནས་ཕྱུགས་རྫི་ལོ་མང་གནང་། སྐུ་ན་ཆུང་དུས་ནས་ཐུགས་རྒྱུས་བཟང་ལ་གཞན་ཕན་གྱི་ཐུགས་རྒྱ་ཆེ་བར་བརྟེན་ཡབ་ཡུམ་དང་སྐུ་མཆེད་སོགས་ཀྱིས་“ཐོད་དཀར་བྱ་ཆུང་ཁྱེད་དེ་ལྟ་བུ་བྱས་ན་མི་ཚེ་ཇི་ལྟར་བསྐྱེལ་ལམ་”ཞེས་འཇིག་རྟེན་དང་མི་མཐུན་པའི་བྱ་བ་ལ་ཤ་ཚའི་བསླབ་བྱ་རྟག་ཏུ་བྱེད་པ་ཡིན། དེ་རྗེས་ཀུན་གཟིགས་པཎ་ཆེན་རེན་པོ་ཆེ་བོད་ལ་ཕེབས་སྐབས་མཇལ་བར་ཕེབས་པས་བཎ་ཆེན་རེན་པོ་ཆེས་ཕྱག་འཛྱབ་དགེ་རུ་རེན་པོ་ཆེར་གཏད་གནང་ནས་“མི་མ་ཀི་ཡར་ཐོངས་ཤོག་”ཅེས་གསུངས་པས་སྐུ་མདུན་དུ་བཅར་བས་“ཁྱེད་ལུང་ཁུག་ནས་ཡོང་པས་སྙིང་རྗེ་། ད་ཧུར་ཐག་བགྱིས། ངས་མུན་ལམ་བཏབ་ཆོག་”ཅེས་གསུངས་ནས་སྐུ་པར་དང་ཕྱག་ཚ་ལྷོ་ཕད་གང་གནང་བས་གདུལ་བྱ་སྐྱོང་བའི་རྟེན་འབྲེལ་འགྲིགས། དེ་ནས་དགའ་ལྟན་དགོན་གྱི་དགེ་བཤེས་ཐུབ་བསྟན་ཀུན་བཟང་ཞུ་བ་སྣམ་ཆུ་ནུབ་ཕུར་ཚེ་མཚམས་སུ་བཞུགས་ཡོད་པའི་དྲུང་ནས་དགེ་བསྙེན་གྱི་སྟོམ་པ་ཞུས་པ་དང་འབྲེལ་ལམ་རིམ་སོགས་མང་གསན། དེ་ནས་སེ་ར་དགོན་གྱི་དགེ་སེང་གི་རེན་པོ་ཆེ་དང་ཟངས་མདོག་དཔལ་རིའི་སྐྱབས་རྗེ་ཆོས་ཉིད་རིན་པོ་ཆེ་སོགས་ལས་གྲུབ་མཐའ་རིས་མེད་གསན་བསམ་གནང་སྟེ་སྐབས་ཤིག་རིང་བྱ་བྲལ་ལྷ་བུའི་ཚུལ་མཛད་པས་སྐྱེ་འགྲོ་མང་པོས་དད་གུས་ཆེན་པོས་ཕུལ་བའི་དད་རྫས་རྣམས་ཀྱི་ད་ལྟའི་དགོན་དེ་ཉིད་བཏབ་གནང་མཛད་པ་ནི། འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྤུག་མར་སྐུ་རྒྱུ་འཇིམ་ལས་གྲུབ་པའི་ཇོ་བོའི་སྐུ་བརྙན་ཐོག་སོ་གཉིས་ལྡན་དང་། གཡོན་དུ་འཇམ་དབྱངས་། གཙང་ཁང་གི་གཡས་སུ་རྗེ་ཚེ་འཛིན་མ་དང་། གཡོན་དུ་གུ་རུ་རེན་པོ་ཆེ། འདུ་ཁང་ནང་རྗེ་ཙོང་ཁ་པ་[page 53ཡབ་སྲས་གསུམ་གྱི་སྐུ་བརྙན། ལྡེབས་རིས་ནི་དབུས་སུ་སྟོན་པ་མཛད་པ་བཅུ་གཉིས་དང་། གཡས་སུ་གུ་རུ་མཚན་བརྒྱད། གཡོན་དུ་རྗེ་རྩོང་ཁ་པ་འཁོར་དག་པ་རྣམ་བརྒྱད་དང་བཅས་པ། འདུ་ཁང་གི་སྨད་ཆར་ལྷ་མགོན་ཆོས་གསུམ་དང་མ་གཟའ་དམ་གསུམ། རྒྱལ་ཆེན་རྣམ་སྲས་ལ་སོགས་སྤུས་ལེགས། ཡང་སྟིང་བཀའ་འགྱུར་ལྷ་ཁང་ནང་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་ཁྲི་རྒྱབ་ཡོལ་དང་བཅས་པ་དང་། ལྷ་ས་པར་མའི་བཀའ་འགྱུར་དང་མདོ་སྨད་པར་མའི་བསྟན་འགྱུར། གུ་རུ་ལྷ་ཁང་ནང་གུ་རུ་སྟོང་སྐུ། བླ་མ་ལྷ་ཁང་ནང་དབུས་སུ་བླ་མ་སྐྱེན་ཆེན་དུ་མའི་བྱིན་རླབས་ཞུགས་པའི་བྱང་ཆུབ་མཆོད་རྟེན་དང་། དེའི་གཡས་སུ་དགེ་སེང་གེ་རེན་པོ་ཆེའི་འདྲ་སྐུ་དང་གཡོན་དུ་ཚར་སྟག་རེན་པོ་ཆེའི་འདྲ་སྐུ་། ད་ལྟའི་འདུ་ཁང་གི་ཞོགས་གཡོན་དུ་ཐོག་མའི་འདུ་ཁང་ཀ་བཞིའི་ནང་གཙོ་བོ་ཆོས་ལུང་སྤུས་གསུམ་དང་། འབུམ་རྒྱས་འབྲིང་བསྡུས་གསུམ། བྱང་ཆུབ་མཆོད་རྟེན། སྐུ་འདྲའི་གཟུངས་ཀྱི་པར་ཤིང་སྣ་ཚོགས། དིའི་ཤར་མ་ཎི་ལྷ་ཁང་ནང་མ་ཎི་དུང་འཁོར། ལྡེབས་རིས་སུ་སྨན་བླ་བདེ་གཤེགས་བརྒྱད་དང་། གུ་རུ་གཙོ་འཁོར་གསུམ། ཚེ་ལྷ་རྣམ་གསུམ། སྤྱན་རས་གཟིགས་བཅུ་གཅིག་ཞལ་གཙོ་གྱུར་གྱི་རིགས་གསུམ་མགོན་པོ། གདུགས་དཀར་ལ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།།

[page 54]

 གམ་པ་རྫོང་།

གམ་པ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 55]

གམ་པ་ཞེས་པ་ནི་སྔར་མིང་རང་གནས་སུ་བཞག་པ་ཞིག་ཡིན་པ་དང་།རྫོང་དེའི་མིང་གཞན་ལ་ལྷུན་གྲུབ་སྟག་རྩེ་རྫོང་ཡང་ཟེར། རྫོང་དེའི་ཤར་ངོས་སུ་གཞི་བདག་གངས་ཅན་རྒྱ་བོ་ཟེར་བའི་གངས་རི་དང་། ནུབ་ཏུ་ཇོ་མོ་གངས་རི་ཞེས་པ་གཉིས་ཀྱི་མདུན་ནམ་གམ་དུ་ཆགས་པས་གམ་པ་ཞེས་པའི་མིང་དེ་ལྷར་བྱུང་། གཞན་ཡང་ཡུལ་དེའི་ས་བཀྲ་དུག་སྤྲུལ་ཕོ་མོ་མགོ་སྤྲོད་ཡོད་པའི་ས་བཀྲ་ངན་པ་བཟློག་ཕྱིར་ཐོག་མར་ཁྲ་ཚང་དགོན་ཞེས་པ་ཞིག་ཀྱང་ཡོད་པའི་ལོ་རྒྱུས་ཡོད། སྔར་རྒྱལ་རྩེ་རྫོང་གི་མངའ་ཁོངས་ཡིན་པ་དང་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་གི་དབྱར་ཁ་བཞུགས་ས་ཡིན་ཞེས་ཟེར། སྔར་རྫོང་དེ་འབྲོག་ས་ཁོ་ན་ཡིན་ནའང་བཅིངས་བཀྲོལ་རྗེས་ས་ཞིང་གསར་སྦོལ་གྱིས་ད་ལྟ་ས་མ་འབྲོག་གི་རྫོང་ཞིག་ཡིན། རྫོང་དེའི་སྦྱིའི་རྒྱ་ཁྱོན་ནི་སྤྱེ་ལེ་ངོས་སྙོམས་གྲུ་བཞི་མ་༤༡༩༨དང་། ས་ཞིང་ཁྱོན་མུའུ་༢༡༣༣༨རྩྭ་ཐང་མུའུ་ཁྲི་༥༥༥རྫོང་ཡོངས་ལ་ཐད་གཏོགས་ཤང་༩དང་། གྲོང་བརྡལ་༡ གྲོང་ཚོ་ཨུ་ཡོན་ལྷན་ཁང་༣༠ ཐེམ་དུད་༩༠༧༦དང་ མི་འབོར་༩༥༦༨ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༩༧༠༠ཙམ་ལ་སླེབས་པ་བཅས་ཀྱི་རྫོང་ཞིག་ཡིན་རེད།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་རྗེ་ཤེས་སེང་གེ་གཙང་སྟོད་སའི་ཆ་སྲད་ཀྱི་གུར་མོ་ཞེས་པར་ཡབ་དམ་པ་དམར་པོ་དང་ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༣༣༣ལོར་འཁྲུངས། རྒྱལ་བ་དགེ་འདུན་གྲུབ་པ་ནི་སྲད་ཀྱི་ལུང་ལག་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་[page 56མགོན་པོ་རྡོ་རྫེ་དང་། ཡུམ་ཇོ་མོ་ནམ་མཁའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༣༩༡ལོར་སྐུ་བལྟམས་པ་བཅས་ཡིན།

 མཆོད་རྟེན་ཉི་མ་དགོན་།

མཚན་དངོས་ལ་རྡོ་རྗེ་ཉི་མ་མཆོད་རྟེན་ཞེས་ཞུ་ གམ་པ་རྫོང་ནས་སྤྱི་ལེ་༩༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གནས་དེར་སླེབས་པ་ཡིན། རྡོ་རྗེ་ཉི་མ་མཆོད་རྟེན་ཞུ་དོན་ནི་རྫི་བོའམ་ཨོ་རྒྱན་འདྲེན་མཆོག་པདམ་ཆོས་འཕེལ་ལ་གཟིགས་སྣང་དུ་ཉི་མ་ཤར་བ་དང་དུས་མཚུངས་ཤར་ཕྱོགས་ཀྱི་ནམ་མཁོར་གསེར་གྱི་རྡོ་རྗེ་ལྔ་པ་ཞིག་དང་། ཤེལ་གྱི་མཆོད་རྟེན་ཞིག་གཟིགས་པས་རྡོ་རྗེ་ཉི་མ་མཆོད་རྟེན་ཞེས་པ་དེ་ལྟར་བྱུང་། དེའང་གུ་རུ་རེན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ཉེའི་མཚམས་ཞིག་ལ་གནས་དེར་ཡབ་རིག་འཛིན་མཐོང་མཆོག་མཐོང་སྒྲོལ་ཞེས་པར་སྲས་ཞིག་ཡོད་པ་དེ་ནི་ཕྱི་ལྟར་རྫི་བོའི་རྣམ་པ་ཅན་ཞིག་ཡིན་ཀྱང་། དོན་དུ་ཡི་དམ་ཐུགས་རྗེ་ཆེན་པོའི་ལྗགས་བསྙེན་ལ་རྩེ་གཅིག་ཏུ་གཞོལ་བ་གསང་སྔགས་རྙིང་མའི་བླ་མ་ཞིག་ཡིན་པ་རེད། དེའང་ཁོང་ཕྱུགས་རྫེ་གནང་ནས་བཞུགས་སྐབས་ཉི་མོ་གཡག་ལུག་རྣམས་གང་འདོད་རྩྭ་ཁར་འཁྱོལ་བ་དང་། དགོང་མོ་རང་བཞེན་དུ་ཁྱིམ་དུ་ལོག་ཡོང་བ་སོགས་ངོ་མཚར་ཆེ་བ་ཡོད། དེ་ནས་དུས་ནམ་ཞིག་གི་ཟླ་༡ཚེས་༡༨ཉིན་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་རྟ་མགྲིན་དམར་པོའི་སྐུ་གཟི་རྗེད་དང་ལྡན་པ་ཞིག་འཕྲོས་ཏེ་རྟ་སྐད་ལན་གསུམ་དང་བཅས་“རྫི་ཁང་སྤྲོ་པོ་འདིང་དགོས་”ཞེས་གསུངས་པར། རྫི་བོས་ཕྱག་དང་བཅས་ཁྱེད་ཀྱི་བཞུགས་གནས་རང་བློར་གང་ཤར་གྱི་མཆོད་རྟེན་ཞིག་བཞེངས་ཆོག་ཅེས་ཞུས་པས། མཆོད་རྟེན་བཞེངས་ན་གཟུངས་མེད་དུ་མི་རུང་བས་དེས་ན་རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་ན་ང་དང་དབྱེར་མེད་བྱུ་རུ་ཁྲུ་གང་ལ་ང་ཡི་རང་བྱོན་ཡོད་པ་ཞིག་ཡོད་པས་དེ་ཁྱོད་ལ་གཏེར་ཆོག་གསུངས་པས་མཆོད་རྟེན་བཞེངས་ཏེ་བུམ་པའི་མཚམས་སུ་སླེབས་སྐབས་གོང་དུ་གསུངས་པའི་བྱུ་རུར་རྟ་

[page 57མགྲིན་གྱི་རང་བྱོན་ཕེབས་པ་དེ་ཉིད་ནམ་མཁའ་ནས་བྱོན་ཏེ་གཟུངས་སུ་ཕེབས།རབ་གནས་ཉིན་རྟ་སྐད་ལན་གསུམ་འཚེར་ཞིང་“སྐལ་ལྡན་ལས་འཕྲོ་ཅན་ལ་སྙིགས་དུས་ཀྱང་རྟ་སྐད་འཚེར་འོང་”ཞེས་གསུང་བྱོན། དེ་ནས་རྫི་བོར་གཡག་ཞོལ་པོ་ཞིག་ཡོད་པ་དེ་འཚུབ་འདྲོག་བྱས་སྟབས་རྫི་བོས་ཕྱག་འཁར་ལན་གསུམ་བསྐྱོན་པས་ཞོལ་པོ་ཐུགས་ཕམ་གྱི་ཚུལ་བཅས་གངས་རིའི་ཁུལ་དུ་ཤོར། གཡག་ལུག་བྱིངས་རྣམས་ཟུར་ནས་བསྡད། རྫི་བོས་རྗེས་དེད་བྱས་པས་ཞོལ་པོ་མི་སྣང་བར་འོད་ཆེན་པོ་ཞེག་གཟིགས་སྣང་དུ་བྱུང་། ཞིབ་བར་གཟིགས་སྐབས་ཁྲི་ཆེན་པོ་ཞིག་གི་སྡེང་དུ་ཨོ་རྒྱན་སྐུ་དངོས་བཞུགས་པ་དང་། གཡས་སུ་ལྷ་ལྕམ་མན་དྷ་ར་བ་དང་། གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་། མཐའ་འཁོར་དུ་རིག་འཛིན་གྲུབ་ཆེན་ཕོ་མོ་མཁའ་འགྲོའི་ཚོགས་དང་བཅས་པས་བླ་མ་རེན་པོ་ཆེ།ཁྱེད་ཡུལ་གང་ནས་ཕེབས་། ད་གང་དུ་བྱོན། གང་ན་བཞུགས་ཞེས་ཞུས་པས། གུ་རུས་ང་ནི་པདམ་འབྱུང་གནས་ཡིན།སྲིན་པོ་འདུལ་ཕྱིར་ལྷོ་ནུབ་ཀྱི་ཕྱོགས་སུ་འགྲོ་བ་ཡིན་ཞེས་གཟུངས་པས། རྫི་བོས་ཨིནྡ་ནི་ལའི་ཕྱག་ཕྲེང་ཞིག་ལ་ཀེ་རུའི་ཏོག་ཡོད་པ་ཞེག་མནྡལ་གྱི་རྟེན་དུ་ཕུལ་ཏེ་ལྔ་བརྒྱའི་མཐའ་མར་མི་རྣམས་ཚེ་ཐུང་ནད་གདོན་རྐྱེན་ངན་མང་། ཁྱད་པར་མི་དགེ་བཅུ་དང་མཚམས་མེད་ལྔ། དེ་དང་ཉེ་བ་ལྔ་གསོག་པའི་དུས་དེར་གདུལ་བྱའི་གནས་འདིར་འདུལ་བྱེད་ཁྱད་པར་ཅན་ཞིག་སྩལ་དུ་གསོལ་ཞེས་ཞུས་པས། གུ་རུས་གསུང་གཏོར་མཛད་པས་ཕྱག་ཕྲེང་ཐོར་བའི་ཚུལ་གྱིས་དེ་མ་ཐག་བདུད་རྩིའི་ཆུ་མིག་ཞིག་རང་བཞིན་དུ་རྡོལ་(ད་ལྟ་མཆོད་རྟེན་ཉི་མའི་གཏེར་ཆུ་ཞེས་པའི་འཐུང་བྱ་དེའང་ཆུ་དེ་ཡིན་)གུ་རུས་བདུད་རྩིའི་ཆུ་འདི་བཏུང་བ་དང་ཁྲུས་བྱས་ན་ནད་གདོན་བར་ཆད་ཞི་ཞིང་། ཁྱད་པར་མི་དགེ་བཅུ་དང་མཚམས་མེད་ལྔའི་ལས་ལ་སྤྱོད་ཅིང་སྤུན་ཉེ་འཁྲིག་སྤྱོར་དང་། རིགས་ངན་དང་ལུས་འདྲེས་བྱས་བ་སོགས་དག་ཅིང་ཤེས་རབ་འཕེལ་ཞེས་གསུངས་། གཞན་ཡང་རྒྱབ་ཕྱོགས་ཀྱི་བྲག་རིར་རྡོ་རྗེ་རྣམ་འཇོམས་ཀྱི་རང་བྱོན་དང་། དཀྱིལ་འཁོར་གྱི་རང་བྱོན། དབུས་སུ་གཟའ་[page 58མཆོག་ར་ཧུ་ལའི་གནས་རི་དང་ དེའི་མདུན་དུ་མཚོ་གསུམ་ཡོད་པ་ནི་དཀྱིལ་དུ་གསེར་མཚོ་དང་། གཡས་སུ་གཡུ་མཚོ། གཡོན་དུ་དུང་མཚོ། (དུང་མཚོ་ནི་འབྲས་ལྗོངས་སུ་ཡོད་)བཅས་ཡོད་པས་མཚོ་དེ་དག་ལས་སེམས་ཅན་སོ་སོའི་ལས་དང་གྲིབ་པ་ལྕི་ཡང་གཤིན་རྗེའི་མེ་ལོང་ལྟར་གསལ་ཞེས་དང་ དེ་ནས་བྱང་ངོས་སུ་ཕེབས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ་ལྟར་གུ་རུས་ཕྱག་འཁར་བཙུགས་གནང་ནས་བདུད་རྩི་ཡན་ལག་བརྒྱད་ལྟན་གྱི་ཆུ་བཞེས་ཏེ་མ་འོངས་སེམས་རྣམས་ལ་སྨན་པར་མཛད། དེ་ནས་གུ་རུའི་བཀའ་བཞེན་རང་བྱུང་ཤེལ་གྱི་མཆོད་རྟེན་དང་། རྫི་བོས་བཞེངས་བའི་མཆོས་རྟེན། མཚོ་རྒྱལ་གྱིས་བཞེངས་པའི་འབྲོག་མོའི་མཆོད་རྟེན་བཅས་ལ་གུ་རུས་རབ་གནས་མཛད་སྐབས་མེ་ཏོག་གི་ཆར་བབས་། དེར་སྐོར་བ་བསགས་ན་གོང་གསལ་ཆུ་མིག་ལྟར་གྱི་ཕན་ཡོན་ཡོད་ཚུལ་གསལ། དེ་ནས་གུ་རུ་སྲེན་པོའི་ཡུལ་དུ་གདན་འདྲེན་པའི་བསུ་མ་ནམ་མཁར་ཁེངས་པས་རྗེ་འབངས་རྣམས་ལ་ཡན་ལག་བརྒྱད་ལྟན་གྱི་ཆུ་བོའི་མདུན་ངོས་རྡོ་སྟེང་དུ་ཞབས་རྗེས་ཤིག་བྱིན་རླབས་གྱི་ཚུལ་དུ་འཇོག་གནང་མཛད། རྫི་བོར་ཡང་སྐུ་ཚེ་གཅིག་ལ་མཚན་གསུམ་གསོལ་བ་ནི་འཇིག་རྟེན་ཐུན་མོང་སྣང་ངོར་རྫི་བོ་ཞེས་དང་། དོན་དུ་རྟ་མགྲིན། ཨོ་རྒྱན་ཆེན་པོས་འདྲེན་མཆོག་པདམ་ཆོས་འཕེལ་ཞེས་མཚན་གསོལ་གནང་། གཞན་ཡང་གུ་རུ་རེན་པོ་ཆེས་ལུང་བསྟན་རྒྱ་ཆེར་གསུངས་པའི་མ་དཔེ་ནི་བལ་ཡུལ་འབྲས་ལྗོངས་སུ་བཞུགས་པའི་གསང་བའི་གནས་ཡིག་ཏུ་གསལ། གནས་དེ་ནི་འབྲས་ལྗོངས་གནས་སྒོ་ཕྱེ་སྐབས་བྱང་སྒོའི་སྒོ་འཕྱོར་ལྷ་བུ་ཡིན་ཞེས་དང་གནས་བདག་ནི་གཟའ་མཆོག་ར་ཧུ་ལ་དང་། འབར་བ་སྤུན་བདུན། ཇོ་མོ་ཚེ་རིང་མ་བཅས་ཡིན།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་གསར་བཞེངས་གནང་བའི་མཆོད་རྟེན་ཉི་མ་དགོན་ནང་སྔར་གྱི་རྟ་མགྲིན་གྱི་རང་བྱོན་དང་། སྔོན་གྱི་མཆོད་རྟེན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་[page 59གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད། གཞན་ཡང་མཆོད་རྟེན་ཉི་མ་རྟགས་ཅན་གྱི་འཐུང་བྱ་བཟོ་གྲྭའང་དགོན་དེའི་འོག་ཏུ་ཡོད་པ་བཅས།

[page 60]

གཏིང་སྐྱེས་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 61]

 གཏིང་སྐྱེས་རྫོང་།

གཏིང་སྐྱེས་ཞེས་པ་ནི་རྫོང་དེའི་རྒྱབ་རི་སའི་གཏིང་ནས་སྐྱེས་པ་ལྟ་བུ་ཞིག་ཡོད་པས་གཏིང་སྐྱིས་ཞེས་པ་དེ་ལྟར་བྱུང་། ད་ལྟའི་གཏིང་སྐྱེས་རྫོང་གནས་ཡུལ་ནི་རྒྱང་མཁར་ཞེས་པར་སྤོས་ཀྱང་རྫོང་མིང་རང་སོར་བཞག་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལོ་ངོས་སྙོམས་གྲུ་བཞི་མ་༧༦༠༠ཙམ་དང་རྨོ་ཞིང་མུའུ་ཁྲི་༩ རྩྭ་ར་མུའུ་ཁྲི་༢.༣ནགས་ཚལ་མུའུ་ཁྲི་༡.༦ ཤང་༡༡གྲོང་ཚོ་ལྟན་ཁང་༨༡ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༩༥༠༠ཙམ་གྱིས་མཐོ་བའི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད་

 གཟར་ཆོས་འཁོར་དགོན།

མཚན་རྒྱས་པར་ཆོས་འཁོར་བདེ་ཆེན་གླིང་ཞེསཞུ། མཆོད་རྟེན་ཉི་མ་ནས་སྤྱེ་ལེ་༨༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གཟར་ཞེས་པའི་རྒྱབ་རིའི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་དགོན་དེའི་རྒྱབ་རིར་གཟར་རྣམ་རྒྱལ་རྫོང་ཞེས་པ་ཆགས་ཡོད་ཀྱང་གུ་གེའི་དམག་འཁྲུག་ལྕགས་ཕག་དགྲ་ཤོར་ཞེས་པའི་སྐབས་གཏོར་བཤིག་བཏང་བའི་རྗེས་ཤུལ་ད་ལྟའང་མཐོང་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་བཙུན་ཏ་ར་ན་ཐ་ལྷ་རྩེ་རྫོང་ཕུན་ཚོགས་གླིང་ནས་གནས་དེར་ཕེབས་ཏེ་དགོན་དེ་ཕྱག་བཏབ་གནང་མཛད། དེའང་རྗེ་བཙུན་ཕུན་ཚོགས་གླིང་དུ་བཞུགས་སྐབས་གཏིང་སྐྱེས་ཁུལ་དུ་ནད་རིམས་དུག་པ་ཅན་ཞིག་བྱུང་བ་བཟློག་ཕྱིར་གཏིང་སྐྱེས་ཆོས་རྒྱལ་གྱིས་རྗེ་བཙུན་གདན་དྲགས་ཏེ་རིམས་ནད་ཞི་བར་མཛད་པས་ཆོས་རྒྱལ་

[page 62ཐུགས་མཉེས་ཏེ་ཁྱེད་ལ་ཡོན་ཇི་འདྲ་ཞིག་ཕུལ་ན་ལེགས་སམ་ཞེས་ཞུས་པར།རྗེ་བཙུན་གྱིས་ང་ལ་གཞན་གང་ཡང་མི་དགོས། རོང་མཚམས་འདིར་དགོན་པ་འདེབས་སའི་ས་ཞིག་གནང་བར་ཞུ་ཞེས་ཞུས་པས། ཆོས་རྒྱལ་གྱིས་དེ་ལྟར་ཞལ་གྱེས་བཞེས་ཏེ་གཟར་སྐྱ་རག་ཅེས་པ་དེ་ཕུལ་བས་ད་ལྟའི་དགོན་གནས་དེ་ཉིད་བཏབ། ཇོ་ནང་ལུགས་སྤེལ་གནང་མཛད་དེ་དགེ་འདུན་ལྔ་བཅུ་སྐོར་འདུས་སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྤུག་མར་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་གཙོ་རྒྱལ་ཐོག་སོ་གཉིས་ཙམ་ལ་གཡས་གཡོན་དུ་བྱམས་འཇམ་དབྱངས། འདུ་ཁང་ནང་རྗེ་ཙོང་ཁ་པ་ཡབ་སྲས་གསུམ། ལྡེབས་རིས་ནི་ལྷོ་ངོས་སུ་ཐུབ་པ་གནས་བརྟན་བཅུ་དྲུག་དང་། བྱང་ངོས་སུ་ཇོ་ནང་རྗེ་བཙུན་ཏ་ར་ན་ཐ་གཙོ་བོར་གྱུར་པའི་བླ་རྒྱུད་ཁག་གསུང་རྟེན་དུ་བཀའ་འགྱུར་དང་བསྟན་འགྱུར། གཞན་ཡང་ལྷུང་བཤགས་ལྷ་ཁང་དང་། རྣམ་འབྱོར་མའི་ལྷ་ཁང་། དེ་བཞིན་བླ་བྲང་བཅས་པ་བཞུགས་སུ་གསོལ།

ད་ལྟ་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་ཐུབ་གངས་ཅན་གཙོ་རྒྱལ་གྱི་བཞུགས་ཁྲིའི་སྟེང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་ཐུབ་པ་གངས་ཅན་གཙོ་རྒྱལ་སྐུ་ཚད་སྔོན་གྱི་དེ་མཚུངས་ལ་གཡས་གཡོན་དུ་བྱམས་འཇམ་དབྱངས་དང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ཆགས་ཡུལ་གྱི་རི་རརྒྱུད་དེད་ཕུར་ཕྱིན་ན་གངས་བློན་ཆེན་ཞེས་པའི་བཙུན་མའི་དགོན་ཞིག་གི་རྗེས་ཤུལ་དང་། བྱང་ཕུག་ཅེས་པར་འབྱུང་བ་རླུང་གི་ཁ་གནོན་ཞེས་ཇོ་བོ་ཁ་སར་པ་ཎིའི་ལྷ་ཁང་ཉམས་གསོ་ཞུས་པ་དང་། གཏིང་སྐྱེས་རྫོང་རྙིང་པར་བཀྲིས་ཆོས་འཕེལ་དགོན་ཉམས་གསོ་གནང་བ་བཅས་མཇལ་རྒྱུ་ཡོད།

[page 63]

 དགོན་པ་བྱང་།

མཚན་རྒྱས་པར་དགོན་བྱང་བསམ་གཏན་ཕུག་ཅེས་ཞུ། གཟར་ཆོས་འཁོར་ནས་སྤྱི་ལེ་གསུམ་ཙམ་བྱང་ངོས་སུ་སོང་ན་དགོན་དེར་སླེབས་ དགོན་དེ་ནི་ཐོག་མར་རིག་འཛིན་ཀུན་བཟང་རྡོ་རྗེ་ཞུ་བས་ཕྱག་བཏབ་གནང་མཛད། ད་ལྟ་ཉམས་གསོ་གནང་སྐབས་གྱང་རོའི་དཀྱིལ་ནས་ཐོན་པའི་སྔོན་གྱི་ཕྱག་དཔེ་པོ་ཏི་མང་པོ་དང་། རིག་འཛིན་ཀུན་བཟང་རྡོ་རྗེའི་སྐུ་སྨར་གདུང་བཞུགས་པའི་འདྲ་སྐུ་དང་རྡོ་གཡམ་གྱི་བཞུགས་སྒྲོམ་བཅས་མཇལ་རྒྱུ་ཡོད་པ་དང་། འདུ་ཁང་ནང་གུ་རུ་གཙོ་འཁོར་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་།

[page 64]

དིང་རི་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 65]

 དིང་རི་རྫོང་།

དིང་རི་ཞེས་པ་ནི་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་དགོན་གནས་འདེབས་ས་དཔྱད་ཕྱིར་དིང་རྡོ་སྨུག་པོ་ཞེས་པའི་རྡོ་སྨུག་པོ་ཞེས་པའི་རྡོ་དེ་གཡུགས་གནང་བས་དིང་རི་གླ་འཁོར་ཞེས་པའི་རི་འགྲམ་དུ་བབས་ཏེ་ཡུལ་གྲུ་ཀུན་དུ་“དིང་”ཞེས་བའི་སྒྲས་ཁྱབ་པས་དིང་རི་ཞེས་པ་དེ་ལྟར་བྱུང་(ཞིབ་ཕྲ་དིང་རི་གླ་འཁོར་དགོན་གྱི་གནས་བཤད་དུ་གསལ་བས་དེར་གཟིགས་)

རྫོང་དེ་ཐོག་མར་དིང་རི་གངས་དཀར་ཏེ་སྔོན་གྱི་དིང་རི་རྫོང་ཤུལ་དུ་ཆགས་པ་ལ་རྗེས་སུ་ཤེལ་དཀར་དུ་གནས་སྤོས་བྱང་ཀྱང་རྫོང་མིང་དིང་རི་ཞེས་པ་རང་སོར་བཞག་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༣༩༧༠དང་། ས་ཞེང་རྒྱ་ཁྱོན་མུའུ་ཁྲི་༨.༩རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༡༡༣༢ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༨༠མི་འབོར་ཁྲི་༩.༢གྲོང་བརྡལ་༡དང་། ཤང་༢༠གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༨༢ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༥༠༠༠ཙམ་གྱིས་མཐོ་རྫོང་ཞིག་ཡིན་པ་བཅས་རེད།

ཡུལ་དེར་གྲགས་ཅན་མི་སྣ་སྐུ་བལྟམས་པ་ནི་ཀོ་གྲགས་པ་བསོད་ནགས་རྒྱལ་མཚན་སྤྱི་ལེ་༡༡༨༢ལོར་དིང་རིར་སྐུ་འཁྲུངས།

 ཟེ་དཀར་དགོན་

མཚན་རྒྱས་པར་ཟེ་དཀར་སྐྱིད་ཚལ་གླིང་ངམ་གྲམ་མཚོ་(རྒྱུན་དུ་གྲང་སོ་ཞེས་འབྲི་སྲོལ་དར་)ཤེལ་དཀར་དགོན་ཞེས་ཞུ་། གཏིང་སྐྱེས་རྫོང་ནས་སྤྱི་ལེ་༢༠༠ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སོང་ན་གྲམ་[page 66མཚོའི་ལྷག་ཏུ་དགོན་དེ་མཇལ་བ་ཡིན། ཟེ་དཀར་ཞེས་པ་ནི་དགོན་དེ་ཕྱག་འདེབས་མཁན་གྱི་བླ་མའི་སྤྱན་གྱི་ཟེ་མ་དཀར་ཞེས་པ་དེ་ལྟར་བྱུང་གསུངས་། དགོན་དེ་ནི་སྔོན་སེར་སྨད་གྲྭ་ཚང་གི་ཁོངས་ཡིན་པ་དང་། དེའང་སྟོད་ཁུལ་དུ་སེར་སྨད་གྲྭ་ཚང་གི་ཁོངས་ཡིན་པ་དང་། དེའང་སྟོད་ཁུལ་དུ་སེར་སྨད་གྲྭ་ཚང་གི་དགོན་ལག་བཞི་ཡོད་པ་ནི་༡.ཟེ་དཀར་སྐྱིད་ཚལ་གླིང་། ༢.སྐྱིད་རོང་བསམ་གཏན་གླིང་། ༣.ཆུ་ཕན་འགྲོ་ཕན་གླིང་། ༤.གཉའ་ནང་འཕེལ་རྒྱས་གླིང་བཅས་ལས་འདི་དགོན་ལག་བཞིའི་ཡ་གྱལ་ཡིན་། དགོན་དེ་ནི་ཐོག་མར་གངས་ཅན་དགོན་གྱི་ཁྲི་ཐོག་གསུམ་པ་བྱམས་པ་དམ་འཕེལ་བློ་བཟང་ཆོས་རྒྱལ་ཞུ་བས་དུས་རབས་བཅོ་ལྔ་པའི་དུས་འགོར་ཕྱག་བཏབ་གནང་མཛད་ཅེས་གསུངས་། སྔར་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་སེར་སྨད་གྲྭ་ལུགས་ཀྱི་ཕྱག་བཞེས་མཛད་པ་དང་། དགོན་དེའི་མཁན་པོའང་སེར་སྨད་གྲྭ་ཚང་ནས་བཏང་གནང་མཛད་དེ་ལོ་གསུམ་རེའི་ཐོག་བརྗེ་ལེན་གནང་བ་ཡིན་། འདུལ་ཁྲིམས་ཤིན་ཏུ་དམ་ཞིང་དབྱར་ཆོས་དགུན་ཆོས་འཆར་ཅན་མི་ཉམས་པའི་ཐོག་རི་བོ་དགེ་ལྡན་ལུགས་ཀྱི་རྒྱུད་སྡེ་ཁག་ཕྱག་ལེན་གནང་བ་ཡིན། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་སྐུ་རྒྱུ་ལི་ལས་གྲུབ་པའི་ཇོ་བོ་ཐོག་སོ་གཉིས་ཙམ་དང་། གཡས་གཡོན་དུ་སྨན་བླ་བདེ་གཤེགས་བརྒྱད། གསེར་ཟངས་ཀྱི་རྗེ་ཡབ་སྲས་གསུམ་། ཐུབ་དབང་ང་འདྲ་མ། ཇོ་བོ་ལོ་ཀེ་ཤྭ་ར། དེའི་གཡས་གཡོན་དུ་བཀའ་འགྱུར་དང་གསུང་འབུམ་ཁག་བཅས་ཡོད། ཡང་སྟེང་མགོན་ཁང་ནང་འཇིགས་བྱེད་ལྷ་བཅུ་གསུམ་དང་། རྣམ་སྲས། ཆོས་རྒྱལ། མགོན་པོ་སོགས་ཀྱི་འཇིམ་སྐུ་དང་ཞལ་ཐང་སོགས་མཇལ་རྒྱུ་ཡོད་ལ་དེ་བཞེན་མཁན་པོའི་བླ་བྲང་སོགས་ལའང་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། གཞན་ཡང་དགོན་དེར་ལོ་ལྡར་བོད་ཟླ་༡༢ཚེས་༢༩ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གར་

འཆམ་དང་འབྲེལ་བའི་གཏོར་རྒྱག་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་པའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་[page 67པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིའི་ལྡེབས་སུ་འབྲུག་པ་བཀའ་བ་རྒྱུད་ཀྱི་རྫོང་ཕུག་དགོན་ཞེས་བའི་བཙུན་མའི་དགོན་ཞིག་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

 སོས་སྔ་ཆོས་སྡེ།

གྲམ་མཚོ་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བརྒྱད་ཙམ་དིང་རིའི་ཕྱོགས་སུ་སོང་ན་སོས་སྔ་གྲོང་ཚོའོ་དཀྱིལ་དུ་དགོན་དེ་མཇལ་རྒྱུ་ཡོད། སོས་སྔ་ཞེས་པ་ནི་ཡུལ་དེར་ས་གཞན་ལས་སོས་འཕར་སྔ་བས་སོས་ལྔ་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་ཀ་ཐོག་རིག་འཛིན་ཞུ་བས་ཕྱག་བཏབ་གནང་མཛད་ དེ་རྗེས་བོ་དོང་ཕྱོགས་ལས་རྣམ་རྒྱས་གནས་དེར་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད། གསང་བདེ་འཇིགས་གསུམ་དང་ཀུན་རིགས་སོགས་རྒྱུད་སྡེ་ཁག་གི་ཕྱག་བཞེས་ཀྱང་གནས་དེ་ནས་དར་བ་ཡིན་ཞེས་གསུངས། སྔོན་དུ་ཁང་ཀ་བ་༡༢ནང་དུས་གསུམ་སངས་རྒྱས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་མི་ཚད་ཙམ་དང་། ཙན་དན་དཀར་པོའི་སྤྱན་རས་གཟིགས་དང་དམར་པོའི་ཚེ་དཔག་མེད། གཞན་ཡང་གསེར་གདུང་དང་དངུལ་གདུང་སོགས་མང་པོ་ ཡང་སྟེང་དུ་གསང་བདེ་འཇིགས་གསུམ་གྱི་ལྷ་ཁང་དང་། ཨོ་རྒྱན་ལྷ་ཁང་སོགས་རྟེན་གསུམ་ཇི་སྙེད་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་ནང་ཀ་ཐོག་རིན་པོ་ཆེའི་ཞབས་རྗེས་དང་། དེང་གི་འཕྲུལ་པར་ལས་བསྐུན་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་རྩོམ་པོད་༡༣༧དང་གཞན་ཡང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྔོན་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་དགོན་དེར་ལོ་ལྟར་བོད་ཟླ་༡༠ཚེས་༢༨∕༢༩∕༣༠བཅས་ལ་སྒྲུབ་མཆོད་ཅེས་པའི་གཏོར་རྒྱག་དང་གར་འཆམ་སོགས་གནང་སྲོལ་ཡོད།

[page 68ཡང་དགོན་དེའི་ལྷོ་ངོས་ཆུ་ཕར་ཕྱོགས་ལ་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་དགེ་སློངབྱམས་པ་རིན་ཆེན་ཞུ་བས་ཕྱག་བཏབ་གནང་པའི་རྙིང་མའི་དགོན་ཆོས་ལུང་ཞེས་པ་དང་། ལྷོ་ནུབ་ངོས་སུ་སོས་སྔ་ཆོས་ལྡེའི་ཉེ་ལོག་དགོན་བདག་ཕུག་ཅེས་པ་མཇལ་རྒྱུ་ཡོད་།

 ཤེལ་དཀར་ཆོས་སྡེ།

མཚན་རྒྱས་པར་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་ཞེས་ཞུ། སོས་སྔ་ཆོས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༤༧ཙམ་དིང་རིའི་ཕྱོགས་སུ་སོང་ན་སྔོན་གྱི་ཤེལ་དཀར་རྫོང་ཤུལ་གྱི་འདབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ལྷོ་བདག་སི་ཏུ་རིན་ཆེན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་སི་ཏུ་རིན་ཆེན་གྱི་ཡབ་དོན་ཡོད་དཔལ་བཟང་གི་དུས་རིན་ཆེན་སྤོ་ཞེས་པར་གཞིས་ཀ་ཆགས་ཡོད་པ་ལ་བྱང་བདག་དང་དམག་འཁྲུག་བྱུང་སྟེ་རིན་ཆེན་སྤོ་གཞིས་ཀ་བྱང་བདག་གི་འོག་ཏུ་ཤོར། སི་ཏུ་རིན་ཆེན་འཛིན་བཟུང་བྱས་ཏེ་ཆེ་ལ་འམ་རྒྱའུ་ལ་ནས་གཡངས་བསྐྱུར་བྱེད་རྩེས་བྱས་ཀྱང་དིང་རི་སྒར་དམར་ཞེས་པའི་ཡུལ་ལྷས་ཁ་བསྒྱུར་གྱིས་དེར་མ་བསྐྱུར། དེ་ནས་ཁྭ་ཏ་དམ་པ་འཕྲང་ལ་བསྐྱུར་རྒྱུར་ཁྲིད་པ་ལ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ་“མི་དེ་མ་བསྐྱུར་བྱང་བདག་ལ་ཁྲིད་ཤོག་”ཅེས་གསུངས་པ་ལྟར་བྱང་བདག་དུ་ཁྲིད་དེ་གཡོག་པོ་བསྐུལ། དེ་ནས་བྱང་བདག་གི་བུ་མོ་ནམ་མཁའ་འབུམ་ཞེས་པ་དང་མཐུན་སྦྱོར་བྱུང་སྟེ་བཀྲ་ཤིས་རྫོང་ཞེས་པའི་རྫོང་གཞིས་བཟུང་བའི་སྐབས་བྱང་བདག་གི་དམག་མིས་བརྗོད་དོན་ལ་“དེ་སྔ་རིན་ཆེན་སྤོ་གཞིས་ཀ་བཟུང་སླ་ཡང་ཤེལ་དཀར་འདིར་རྫོང་ཞིག་བཏབ་ན་ཤེན་ཏུ་བཙན་པས་བླང་མི་ཐུབ་”ཅེས་བརྗོད་པ་སི་རུ་རེན་ཆེན་གྱིས་ཐོས་པས་དེ་རྒྱུ་མཚན་དུ་གོ་ནས་བྱང་བདག་ལ་སྙན་ཞུས་ཀྱིས་བཀྲ་ཤེས་རྫོང་ཤེལ་དཀར་ཆུ་སྤེ་རོང་དུ་སྤོས་ཆོག་པ་ཞེས་ཞུས་པས་དེ་ལྟར་ཆོག་པའི་བཀའ་ཁྲོལ་ཐོབ་སྟེ་ཤེལ་དཀར་རྫོང་རྩེ་ཞེས་པའི་རྫོང་དེ་[page 69བཏབ། དེ་ནས་ད་ལྟའི་དགོན་པ་ཆགས་ཡུལ་དེར་པང་ལོ་ཙྭ་བའི་བཞུགས་གནས་སྒྲུབ་ཕུག་ཆུང་ཆུང་ཞིག་ཡོད་པ་དེར་པང་ལོ་ཙྭ་བ་བཞུགས་ཡོད་པ་བླ་མར་བསྟེན། པང་ལོ་ཙྭ་བས་སི་ཏུ་རེན་ཆེན་ལ་རི་འདི་རྗེ་བཙུན་སྒྲོལ་མའི་བཞུགས་སྟངས་ལྟར་ཡོད་པས་ཞབས་གཡོན་བསྐུམས་པའི་སྟེང་ཁྱོད་ཀྱིས་གཙུག་ལག་ཁང་ཞིག་ཐོབས་ཤིག་ཅེས་གསུངས་པ་ལྟར་སི་ཏུ་རེན་ཆེན་གྱིས་གཙུག་ལག་ཁང་དེ་བཏབ། ཐོག་མར་དགེ་འདུན་ཞལ་གྲངས་༡༥སྐོར་ནས་རིམ་བཞིན་འཕེལ་ཏེ་བོ་དོང་ལུགས་དང་། བཀའ་གདམས་པ། ས་སྐྱ་སོགས་གྲུབ་མཐའ་གསུམ་ལ་གྲྭ་ཚང་ཡང་གསུམ་ཙམ་བྱུང་། དེ་ནས་རིམ་བཞིན་དགེ་འདུན་ཞལ་གྲངས་༨༠༠ཙམ་བར་འཕེལ། དེ་རྗེས་གྲུབ་མཐའ་ཕན་ཚུན་མི་མཐུན་པ་བྱུང་སྟབས་རྒྱལ་བ་ལྔ་པའི་དུས་སྙན་ཞུ་ཕུལ་བས་བཀའ་གདམས་གསར་མར་གཏན་འཁེལ་གནང་བ་ནས་བཟུང་དགེ་ལུགས་ཕྱག་བཞེས་མཛད་དེ་གྲྭ་གྲངས་༣༠༠གཏན་འཁེལ་གནང་། སྔོན་དུས་འགྱུར་བར་མཁན་ཐོག་༡༨ཙམ་བྱུང་། སྔོན་འདུ་ཁང་ཀ་བ་༣༦གི་གཙང་ཁང་སྤུག་མར་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནི་ཐོག་སོ་གསུམ་ཙམ་དང་དེ་འབྲེལ་ཉེ་བའི་སྲས་ཆེན་བརྒྱད་མི་ཚད་ལྷག་ འདུ་ཁང་ནང་ལམ་རིམ་བླ་རྒྱུད་དང་རྒྱལ་བ་ལྔ་པའི་སྐུ་བརྙན། ཐུབ་པ་གནས་བརྟན་བཅུ་དྲུག་ གསེར་བྲིས་དང་ནག་བྲིས་ཀྱི་བཀའ་འགྱུར་དང་བལྟན་འགྱུར། མདོར་ན་ལྷ་ཁང་ཉེར་གཅིག་ནང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད་། ཐོག་མར་བཀའ་འགྱུར་གྱི་པར་བརྐོ་སའང་དགོན་དེའི་པར་ཁང་ཞེས་པར་ཡིན་པ་ལ་རྗེས་སུ་སྣར་ཐང་དུ་སྤོས་ཞེས་གསུངས་གཞན་ཡང་རི་དེའི་འདབས་སུ་རྒྱན་ཆུ་དང་། སྲེ་ཆུ། ལོ་ཆུ།བུམ་ཆུ་སོགས་ཆུ་ཆེན་བཞི་དང་། ནུབ་ཏུ་རྩིབས་རིའམ་ཤྲི། བྱང་དུ་རྒྱལ་བ་རྒོད་ཚང་པའི་བཞགས་གནས། ཤར་དུ་ས་སྐྱ། ལྷོ་རུ་གནས་ཆེན་ཚ་བོ་བཅས་བཞི་དང་། ཡང་གངས་རི་ཆེན་པོ་

བཞེས་བསྐོར་བ་ནི་ལྷོ་རུ་གངས་རི་ཇོ་མོ་གླང་མ། ནུབ་ཏུ་རྟ་སྐྱོང་གངས་རི་། བྱང་དུ་བུ་ལའི་གངས་རི། ཤར་དུ་ལྷ་རྒོད་གངས་རི་བཅས་[page 70བཞིས་བསྐོར་བའི་དབུས་སུ་ཆགས་ཡོད་

ད་ལྟ་སྔོན་གྱི་གོག་སྟེང་ཉམས་གསོ་གནང་བའི་ནང་སྔོན་གྱི་ཇོ་བོའི་སྐུ་ཚབ་སྐུ་རྒྱུ་འཇིམ་ལས་གྲུབ་པ་སྐུ་ཚད་སྔོན་གི་དེ་མཚུངས། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་སྤྱི་ལེ་༢༩ཙམ་སོང་ན་ནེ་རང་པར་ཁང་ཞེས་པ་དང་དེ་དང་ཉེ་བར་རྩིབས་རི་ཞེས་པ་། སེང་གེ་བྲག་ཞེས་པ་སོགས་མཇལ་རྒྱུ་ཡོད།

 རོང་ཕུ་དགོན་།

མཚན་རྒྱས་པར་རྫ་རོང་ཕུ་མདོ་སྔགས་ཆོས་གླིང་དགོན་ཞེས་ཞུ།(དགོན་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤེས་ཀྱི་དགོན་པ་ཡིན་ཞེས་ཟེར་)ཤེལ་དཀར་ནས་སྤེལ་པ་སྣུམ་སྣོན་ས་ཚུགས་བར་ཡོང་། དེ་ནས་སྤྱི་ལེ་༡༠ཙམ་དིངརིའི་ཕྱོགས་སུ་སོང་ན་ཤེལ་དཀར་མཐའ་མཚམས་ཞིབ་བཤེར་ས་ཚུགས་སུ་སླེབས་། དེ་ནས་ནུབ་ངོས་དིང་རིའི་ཕྱོགས་སུ་མ་སོང་བར་ལྷོ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་རྒྱའུ་ལ་བརྒྱབ་སྟེ་བཀྲ་ཤེས་འཛོམས་བརྒྱུད་ཁྱོན་བསྡོམས་སྤྱི་ལེ་༡༣༠ཙམ་སོང་ན་དགོན་དེར་སླེབས་པ་དང་དུས་མཚུངས་ཇོ་མོ་གླང་མའང་སྤྱི་ལེ་༨ཙམ་གྱི་ས་ནས་མཇལ་བ་ཡིན་ རོང་ཕུ་ཞེས་པ་ནི་ད་ལྟའི་བཀྲ་ཤིས་འཛོམས་ཞེས་པར་སྔོན་ཕ་དྲུག་རྒྱལ་མོའི་རོང་ཞེས་པའི་དཔོན་མོ་ཞིག་བྱུང་བ་དང་། དེའི་ཕུར་གནས་པས་རོང་ཕུ་ཞེས་པ་དེ་ལྟར་བྱུང་།ཕ་དྲུག་ཅེས་པ་ནི་ཡུལ་དེར་ཕ་དཀར་བ་སོགས་མིང་གི་སྔོན་དུ་ཡིག་འབྲུ་ཕ་ཡོད་པ་དྲུག་བྱུང་བས་ཕ་དྲུག་ཅེས་པ་དེ་ལྟར་ཐོགས་པ་ཡིན་ཞེས་ཟེར། རོང་ཕུ་དགོན་ནི་ཐོག་མར་ད་ལྟའི་དགོན་ནས་སྤྱི་ལེ་བཞི་ཙམ་ཇོ་མོ་གླང་མར་འགྲོ་སའི་ལམ་གྱི་ལྟག་ཏུ་ཡོད་པ་ནི་《པདམ་བཀའ་ཐང་》ལས་“རོང་ཕུ་རྫ་ལ་ཟླ་གཅིག་ཞག་བདུན་བསྡད་། པདམ་ང་ལ་མཆོག་གི་དངོས་གྲུབ་བརྙེས་”ཞེས་གསུང་སའི་སྒྲུབ་ཕུག་གནམ་སྒོ་ཅན་ནི་ད་ལྟའང་མཇལ་རྒྱུ་ཡོད། གུ་རུ་རིན་པོ་ཆེ་གནས་དེར་བཞུགས་སྐབས་ཚེ་རིང་མཆེད་ལྔ་དམ་འདོགས་གནང་སྟེ་མཐར་མཚོ་ལྔ་[page 71དང་གངས་རི་ལྔ་ལ་བསྒྱུར་ཞེས་གསུངས་། རོང་པོ་རྣམ་རྒྱལ་བཟང་པོའང་གནས་དེར་བཞུགས་ནས་སྐྱེ་འཆེར་རང་དབང་ཐོབ་ཅེས་དང་། རྫ་སྦྲུལ་རྡོ་རྗེ་འཆང་སྐུ་ཕྲེང་དགུ་པའང་གནས་དེར་བཞུགས་པ་སོགས་མདོར་ན་སྐྱེས་བུ་དམ་པ་ཇི་སྙེད་ཅིག་གནས་དེར་བཞུགས་ཏེ་སྒྲུབ་ཁང་༡༠༨ཙམ་བྱུང་བ་དང་།སྒྲུབ་པ་ཐོབ་པའང་ཇི་སྙེད་བྱུང་སྟེ་རང་བྱོན་༥༠ལྷག་ཙམ་མཇལ་རྒྱུ་ཡོད།གཞན་ཡང་གཡས་གཡོན་རྫ་རི་རྣམས་ལའང་རང་བྱོན་གྱིས་ཁོངས་ཡོད། དེ་རྗེས་རྫ་སྦྲུལ་ངག་དབང་བསྟན་འཛིན་ནོར་བུས་ད་ལྟའི་རོང་ཕུ་དགོན་དེ་ཉིད་ཕྱག་བཏབ་གནང་མཛད་དེ་རིམ་བཞིན་ཕོ་དགོན་གསུམ་དང་། མོ་དགོན་གསུམ་ལ་གྲྭ་བཙུན་བསྡོམས་པས་༦༠༠ཙམ་བར་འཕེལ་ཞེས་གསུངས། དབྱར་ཆོས་དང་དགུན་ཆོས་སོགས་ལ་ས་ཕྱོགས་གང་ས་ནས་བླ་མའི་མཚན་སྙན་རྗེས་འཛིན་གྱིས་ཆོས་ཞུ་པ་༥༠༠ལྷག་ཙམ་ཡང་འདུས་ཞེས་གསུངས་པར་གྲགས་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་༡༩༥༩བར་དགོན་དེའི་མཁན་པོ་གནང་བ་དང་ རྫ་སྦྲུལ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱང་ངོས་འཛིན་གནང་། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་ཆོས་སྐུ་སྣང་བ་མཐའ་ཡས་དང་། ལོངས་སྐུ་ཐགས་རྗེ་ཆེན་པོ། སྦྲུལ་སྐུ་པདམ་འབྱུང་གནས་ཀྱི་སྐུ་བརྙན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་དང་། ལྡེབས་རིས་སུ་བདེ་གཤེགས་སོ་ལྔ་དང་།གཡོན་ཕྱོགས་སུ་རྗེ་འབངས་ཉེར་ལྔ། སྤུག་ཏུ་གཡས་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་བཀོད། གཡོན་ཕྱོགས་སུ་ཟངས་མདོག་དཔལ་རིའི་ཞིང་བཀོད། འདུ་ཁང་གི་གཤམ་ཆར་གཡོན་ངོས་སུ་སྟོན་པ་བཅོམ་ལྡན་འདས་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གཡོན་ཕྱོགས་སུ་སྒྲོལ་མ་འཇིགས་བརྒྱད་བཅས་ཡོད།གཞན་ཡང་བཀའ་འགྱུར་ལྷ་ཁང་། ཞི་ཁྲོ་ལྷ་ཁང་།སྔགས་ཁང་བཅས་ལའང་རྟེན་པར་བཅས་བཞུགས་།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་གསར་བཞེངས་གནང་བའི་ནང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་དང་སྔོན་གྱི་ལུགས་ལྟར་ལྡེབས་རིས་[page 72གསར་བྲིས་གནང་བ་སོགས་མཇལ་རྒྱུ་ཡོད།

གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་༣ཚེས་༣༠ནས་ཟླ་༤ཚེས་༤བར་མ་ཎི་རིལ་སྒྲུབ། ཚེས་༡༤ཉིན་འཆམ་རྒྱུགས། ཚེས་༡༥ཉིན་བཀའ་དབང་། ཚེས་༡༦ཉིན་གར་འཆམ་སོགས་གནང་སྲོལ་ཡོད་པས་སྐབས་དེར་དད་ལྡན་མང་པོ་གནས་དེར་འདུས་པ་ཡིན།

ཡང་བཀྲ་ཤིས་འཛོམས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༩༠ཙམ་སོང་ན་རྗེ་སྨན་ཁང་པས་ཕྱག་བཏབ་གནང་བའི་མཁའ་མཐའ་དགོན་ནམ་ཐར་པ་གླིང་དགོན་ཞེས་དགེ་ལུགས་པའི་དགོན་ཞིག་མཇལ་རྒྱུ་ཡོད། དགོན་དེ་ནི་ཇོ་མོ་གླང་མའི་ལྷོ་ངོས་སུ་གནས་པ་ཡིན།

 གངས་རི་ཇོ་མོ་གླང་མ།

རོང་ཕུ་དགོན་པ་ནས་ཇོ་མོ་གླང་མའི་སྒར་ས་དང་པོ་བར་ལ་སྤྱི་ལེ་བརྒྱད་ཙམ་ཡོད་པས། ལ་ལ་རླངས་འཁོར་ལ་སྟོད་པ་དང་། ལ་ལ་ཤིང་རྟ་འཁོར་ལོར་སྟོད་པ་། ལ་ལ་སྦག་སྦག་བཞོན་ཏེ་འགྲོ་བ་སོགས་བྱེད་པ་ཡིན། ་འོན་ཀྱང་མང་པོ་ཞིག་ནི་དད་གུས་མཚོན་ཕྱིར་རྐང་ཐང་མར་འགྲོ་གི་འདུག་ སྒར་ས་ཞེས་པ་ནི་རི་འཛེགས་མཁན་གྱི་ངོས་ནས་བཤད་པ་འདྲ། དེར་ཟ་ཁང་ཡོད་ལ་རི་འབུར་ཞིག་ཡོད་པ་དེའི་སྟེང་དར་ཕུང་ཡང་འདུག་དེ་ནས་ཇོ་མོ་གླང་མ་མཇལ་བ་དང་། བོད་པ་ཚོས་བསངས་དང་གསེར་སྐྱེམས་གཏོང་བ་དང་། དར་ལྕོག་འཛུགས་པ་། སྐུ་པར་བསྒྲོན་པ་བཅས་བྱེད་པ་དང་། མི་རིགས་གཞན་ཚོས་དགའ་ཚོར་ཆེན་པོས་སྐུ་པར་བསྒྲོན་པ་དང་། སྐད་བསངས་མཐོན་པོས་“ཇོ་མོ་གླང་མ་”ཞེས་འབོད་པ་དང་ཆབས་ཅིག་ལག་པ་གཡུགས་གཡུགས་བྱེད་ཀྱི་འདུག་ དེ་ལྟར་འབོད་པ་མཐོང་དུས་ཇོ་མོ་གླང་མ་ནི་བེམ་པོ་མ་ཡིན་པའི་སྣང་བའང་འཆར་། ས་དེ་ནས་གངས་རིའི་འདབས་སུ་འགྲོ་བ་ལ་ཕར་བལྟས་ན་སྤྱི་ལེ་བཞི་ལྔ་ཙམ་ལས་མེད་སྣང་ཡང་། འཁྱག་རོམ་སོགས་ཀྱིས་འགྲོ་སྐྱོད་དཀའ་ལ་ཉེན་ཁ་ཆེ་བས་ཉིན་གཅིག་ཙམ་འགོར་བ་ཡིན་ཞེས་འགྲོ་[page 73མྱོང་བ་ཚོས་ཤོད་ཀྱི་འདུག་ སྒར་ས་དང་པོ་དེ་རང་དུའང་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༥༢༠༠ཙམ་གྱིས་མཐོ་བའི་ས་བབས་ཡིན་། གངས་རིའི་གཡས་ངོས་ཀྱི་རི་ལྡེབས་སུ་འཛིགས་ན་གངས་རིའི་འདབས་ཀྱི་མཚིའུ་རྣམས་ཚོས་མདོག་མ་གཅིག་པ་སོ་སོར་མཇལ་བ་ཡིན།

གངས་རི་དེར་ཇོ་མོ་གླང་མ་ཞེས་མིང་དེ་ལྟར་ཐོགས་དོན་ནི་འདི་ལྟར་དེའང་མི་ལོ་སྟོང་ཕྲག་མང་པོའི་སྔ་རོལ་དུ་གནས་དེར་ནགས་ཚལ་སྟུག་ཅིང་གཅན་གཟན་སྟག་གཟིག་དོམ་དྲེད་ཀྱི་གནས་བཅའ་ཞིང་། འདྲེ་སྲིན་དུག་པ་ཅན་སྒྱུ་བའི་ཡུལ་ཞིག་ཡིན་བ་ལ་དེ་རྗེས་གུ་རུ་རིན་པོ་ཆེ་གནས་དེར་ཞབས་བཅག་ འདྲེ་སྲིན་དུག་པ་ཅན་རྣམས་དམ་ལ་བཏགས། ཚེ་རིང་མཆེད་ལྔའི་ནང་ཚན་མི་གཡོ་གླང་བཟང་མ་གངས་རིའི་གཟུགས་སུ་བསྒྱུར་བས་ཇོ་མོ་གླང་མ་ཞེས་པ་དེ་ལྟར་ཐོགས་ཞེས་གསུངས་། གཞན་ཡང་བོད་སྐྱོབ་པའི་གངས་ཆེན་བརྒྱད་དུ་གྲགས་པ་ནི་《བྱང་གཏེར་བཀའ་བརྒྱད་རང་བྱུང་རང་ཤར་》དུ་གངས་རིའི་རྒྱལ་པོ་གངས་ཅན། གངས་རིའི་བློན་པོ་ཐང་ལྷ། གངས་རིའི་དམག་པོན་སྤོམ་ར། ཞེས་དང་ ཡར་ལ་གཤམ་པོ་ལྷ་ཡི་གངས། གང་བ་བཟང་པོ་གནོད་སྦྱོན་གངས། རོང་ཕུ་འཁྱིལ་བ་རྫ་ཡི་གངས་། བུ་ལི་དཀར་བ་ཀླུ་ཡི་གངས། རྟ་སོ་བཀྲམ་པ་བཙན་གྱི་གངས་བཅས་ཡིན་གསུངས།

དེང་སང་ཤོད་སྲོལ་ལྟར་བྱས་ན་ཇོ་མོ་གླང་མ་ནི་རྒྱ་མཚོའི་ངོས་ལས་སྦྱི་ཁྲི་༨༨༤༨ཙམ་གྱིས་མཐོ་བའི་རི་བོ་ཡིན་སྟབས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་དང་། ཉི་མ་དང་ཐག་ཉེ་ཤོས་བཅས་མདོར་ན་འཛམ་གླིང་གི་ཏོག་ལྟ་བུ་ཞིག་ཡིན་ཞེས་ཟེར་

 དིང་རི་གླ་འཁོར་དགོན།

ཤེལ་དཀར་ཞིབ་བཤེར་ས་ཚུགས་ནས་སྤྱི་ལེ་༦༠ཙམ་ནུབ་ངོས་སུ་འཁོར་ལམ་དེད་སོང་ན་དིང་རི་སྒང་དཀར་རམ་དིང་རི་རྙིང་པར་འབྱོར་ཞིང་དེ་ནས་སྤྱི་ལེ་༡༨ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ལྷོ་[page 74ནུབ་ངོས་སུ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་དིང་རྡོ་སྨུག་པོ་ཞེས་པའི་རྡོ་དེ་ཕྱག་ལ་བཞེས་ཏེ། ངས་རྡོ་འདི་གཡུགས་ནས་གང་དུ་བབ་ཀྱང་དེར་ངའི་འགྲོ་དོན་ཡོད་ཅེས་གསུངས་ཏེ་གཡུགས་གནང་བས་ད་ལྟའི་དགོན་ཆགས་ཡུལ་གྱི་འགོ་ཏུ་བབས། ཡུལ་གྲུ་ཀུན་དུ་ “དིང་”ཞེས་པའི་སྒྲས་ཁྱབ་པས་དིང་རི་ཞེས་པ་དེ་ལྡར་བྱུང་། དེ་ནས་དམ་པ་གནས་དེར་ཕེབས་ཏེ་གསུང་གཏོར་གནང་བཞིན་བཞུགས་པའི་སྐབས་ཡུལ་གྲུ་ཀུན་དུ་ཁ་བ་བབས་ཏེ་སྐྱ་ཐིང་ངེར་ཡོད་པ་ལ་དིང་རྡོ་སྨུག་པོ་ཡོད་སར་ཁ་བ་མེད་པ་དང་། གླ་བ་མ་བུ་བདུན་གྱིས་རྡོ་དེར་བསྐོར་ནས་ཡོད་པ་དམ་པས་གཟིགས་ཏེ་ད་ངའི་དགོན་པ་གནས་འདིར་འདེབས་གསུངས་ནས་ཨ་ཙ་ར་༡༠༨ལ་སྤྲུལ་ཏེ་སྤྲུལ་པའི་ལྷ་ཁང་བཞེངས་གནང་མཛད།དིང་རྡོ་སྨུག་པོ་ནང་རྟེན་དུ་བཞུགས། དིང་རྡོ་སྨུག་པོར་གླ་བས་བསྐོར་བས་ “དིང་རི་གླ་འཁོར་”ཞེས་པ་དེ་ལྟར་བྱུང་ཞེས་གསུངས་། ཡང་གསུང་སྲོལ་གཞན་ཞིག་ལ་ཡུལ་དེ་དང་ཉེ་བར་སྤོང་རོང་ཞེས་འབྲོག་པའི་དཔོན་པོ་ཞིག་ཡོད་པ་དེས་དམ་པར་གསེར་ཕུལ་པས་འདི་ས་སེར་དང་མཚུངས་ཞེས་གསུངས་ཏེ་མ་བཞེས་། ཡང་དངུལ་ཕུལ་བས་འདི་བྱེ་མ་དང་སྙམ་ཞེས་མ་བཞེས་། དེ་ནས་དམ་པས་ཁྱོད་དད་པ་ལོག་གམ་ཞེས་གསུངས་པར་། སྤོང་རོང་རྒྱལ་པོས་ཅུང་ཟད་ལོག་ཅེས་ཞུས་། ད་འོ་ན་ཁྱོད་ལ་ཕུགས་ཟོག་དཀར་པོ་དཀར་རྐྱང་ཞིག་འདུག་པ་དེ་ང་ལ་སྤྲོད་དམ་ཞེས་གསུངས་པར་། སྤོང་རོང་རྒྱལ་པོས་ང་ལ་ཟོག་དཀར་པོ་དཀར་རྐྱང་གླང་འདི་ཡིན་ཞེས་ཞུས་ཏེ་གླང་དཀར་པོ་དེ་དམ་པར་ཕུལ། དམ་པས་འོ་འདི་རང་ཡིན་གསུངས་ཏེ་གླང་དེ་བཞེས། གླང་དེ་ནི་བྱང་ཆུབ་སེམས་པའི་སྤྲུལ་པ་ཡིན་པས་ཆུ་གླང་བྱང་ཆུབ་སེམས་དཔའ་ཞེས་དབྱར་གྱི་དུས་སུ་མཚམས་པ་བ་རྣམས་ལ་ཆུ་ཕུལ། དགུན་གྱི་དུས་སུ་འཁྱག་པ་ཕུལ་གནང་བས་དིང་རི་གླང་འཁོར་ཞེས་ཀྱང་གསུང་སྲོལ་ཆགས་ཚུལ་དེ་ལྟར་ཡིན་། དེ་ནས་རིམ་བཞིན་བླ་མའི་མཛད་འཕྲིན་གྱིས་སློབ་མ་༡༠༨ཙམ་བར་འཕེལ། [page 75ཞི་བྱེད་ཀྱི་གཅོད་རྒྱུད་སྤེལ་གནང་མཛད་པ་པོ་ཏི་བཞི་ཙམ་ཡོད། བོད་ལ་ཐེངས་བདུན་ཕེབས་པ་ལ་ཕྱེད་ཙམ་མགྱོགས་རླུང་བསྒོམས་སྟེ་ཕེབས། ཕྱེད་ཙམ་ཕྱག་རྒྱུག་བཙུགས་ཏེ་ཕེབས་ཞེས་གསུངས། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་སྐུ་རྒྱུ་ཨར་ཀ་ལས་གྲུབ་པ་འོག་ཀླུ་ཡུལ་ནས་ཕེབས་པ་ཞེས་པའི་དམ་པའི་སྐུ་བརྙན་མི་ཚད་མ་དང་། དིང་རྡོ་སྨུག་པོ། ཆུ་གླང་བྱང་ཆུབ་སེམས་དཔའི་ཚེམས་དང་རིང་བསྲེལ། སྐུ་རྒྱུ་ལི་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མང་པོ་དང་སྐུ་རྒྱ་དེ་མཚུངས་ཀྱི་བདེ་གཤེགས་མཆོད་རྟེན་བརྒྱད་ལ་སོགས་པ་མཇལ་རྒྱུ་ཡོད། དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡༤ཉིན་མྱང་ཆོས་ཞེས་པའི་དུས་ཆེན་ཞིག་ཡོད་པ་དེ་ནི་སྔོན་དུས་ཚོད་དེ་ཉིན་དམ་པ་སྐུ་གཤེགས་དིང་རི་བ་རྣམས་ཀྱིས་མྱ་ངན་དྲག་པོས་སྨྲེ་སྔགས་བཏོན་པས། དམ་པ་སླར་ཡང་ཚུར་གསོས་དེ་《དིང་རི་བརྒྱ་ཚར་》ཞེས་པའི་བསླབ་བྱ་གསུང་བཞིན་ད་མྱ་ངལ་མ་བྱེད་མྱང་ཚོས་བགྱིས་གསུང་ཏེ་ཞབས་བྲོ་བསྐྱོན་གནང་བས་ད་ལྟའང་བོད་ཟླ་༤ཚེས་༡༤~༡༥སོ་སོར་ཐུན་མོང་མ་ཡིན་པའི་བྲོ་གར་དེ་འཁྲབ་སྲོལ་ཡོད་ཀྱང་རྒན་རབས་ཁ་ཤས་ཀྱིས་མ་གཏོགས་ཤེས་མཁན་མེད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་དམ་པའི་སྐུ་བརྙན་དང་། ཐང་སྟོང་རྒྱལ་པོ། རྗེ་བཙུན་མི་ལ་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད་ལ་དགོན་དེའི་རྒྱབ་རིའི་རྩེར་གླང་འཁོར་རྩེ་ཞེས་པའི་གྱང་རོའང་མཇལ་རྒྱུ་ཡོད།

[page 76]

གཉའ་ལམ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 77]

 གཉའ་ལམ་རྫོང་།

གཉའ་ལམ་རྫོང་ལ་འབྲི་སྲོལ་གཞན་ཞིག་ནི་གཉའ་ནང་རྫོང་ཡང་ཟེར། རྫོང་དེའི་མིང་ནི་སྔར་མིང་རང་སོར་བཞག་པ་ཞིག་ཡིན་པ་དང་། དེའང་གཉའ་ལམ་ཞེས་པ་ནི་རྫོང་དེ་ཆགས་ཡུལ་དུ་རི་བོ་གླང་ཆེན་གྱི་གཉའ་བ་འདྲ་བའི་སྒང་དུ་ལམ་བུ་ཡོད་པར་བརྟེན་གཉའ་ལམ་དང་། ཡང་རི་གླང་ཆེན་གྱི་གཉའ་བ་འདྲ་བའི་ནང་དུ་ཡུལ་དེ་ཆགས་ཡོད་སྟབས་གཉའ་ནང་ཞེས་ཤོད་སྲོལ་མི་འདྲ་བ་སོ་སོར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༧༦༩༩དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༡.༧རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༧༣༣ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༡༢.༧གྲོང་བརྡལ་༡དང་ཤང་༦གྲོང་ཚོ་ཨུ་ཡོན་ལྷན་ཁང་༤༥བཅས་དང་མི་འབོར་༡༥༠༠༠ལྷག་ཙམ། རྫོང་དེའི་ས་བབ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༩༠༠ཙམ་ཟིན་པའི་རྫོང་ཞིག་ཡིན་པ་རེད་། རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་ར་ལོ་ཙྭ་བ་རྡོ་རྗེ་གྲགས་པ་སྤྱི་ལོ་༡༠༡༦ལོར་གནས་དེར་འཁྲུངས་པ་བཅས་ཡིན་།

 དགེ་སྟེང་དགོན།

དིང་རི་གླ་འཁོར་དགོན་ནས་སྤྱི་ལེ་༣༠ཙམ་གཞུང་ལམ་བརྒྱུད་བསྐྱོད་ན་ལྷོ་ངོས་སུ་དགོན་དེ་མཇལ་གྱི་རེད། དགོན་དེ་ནི་ཐོག་མར་གྲུབ་ཐོབ་བྷི་ལྦ་པ་གནས་དེར་ཕེབས་ཏེ་སྒྲུབ་གནས་དེ་ཕྱག་བཏབ་གནང་མཛད་པ་ལ་དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་གནས་དེར་ཞབས་བཅགས་གནང་བ་ནས་བཟུང་ས་ལུགས་ཕྱག་བཞེས་གནང་བ་ཡིན། སྔོན་འདུ་[page 78ཁང་ཀ་བ་དྲུག་གི་ནང་སྒྲུབ་ཐོབ་བྷི་ལྦ་པའི་རང་བྱོན་རྡོ་ལ་གསལ་བ་དང་། འགྲོ་མགོན་ཆོས་འཕགས་ཀྱི་སྐུ་བརྙན་སོགས་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་། སྔོན་དགེ་འདུན་བཅོ་ལྔ་སྐོར་གྱིས་ས་ལུགས་ཕྱག་བཞེས་མཛད་པ་ལ་རྗེས་སུ་རྙིང་ལུགས་ཀྱང་ང་ཕྱག་ལེན་གནང་བ་ཡིན།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་གསར་བཞེངས་གནང་བའི་ནང་སྔོན་སྒྲུབ་ཐོབ་བྷི་ལྦ་པ་བྲག་ལ་ཐིམ་པའི་ཤུལ་དུ་བྷི་ལྦ་པའི་སྐུ་ཐང་དང་། སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་བྷི་ལྦ་པའི་སྐུ་བརྙན། སྐུ་རྒྱུ་འཇིམ་ལས་གྲུབ་པའི་འགྲོ་མགོན་ཆོས་འཕགས་ཀྱི་སྐུ་བརྙན། གསེར་ཟངས་ཀྱི་ཇོ་བོའི་སྐུ་བརྙན། ཡང་སྟེང་བྱམས་ཁང་ནང་འཇིམ་གྱི་རྒྱལ་བ་བྱམས་པ་སོགས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་ལོ་ལྟར་བོད་ཟླ་༩ཚེས་༢༩ཉིན་གར་འཆམ་ཡང་བསྐྱོན་སྲོལ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མང་ཆུ་ཚོད་གཅིག་ཙམ་སོང་ན་བྲག་དམར་དགོན་ཞེས་པའི་བཙུན་མའི་དགོན་ཞིག་གི་རྗེས་ཤུལ་དང་། གཉའ་ལམ་གྱི་ཕྱོགས་སུ་སོང་ན་སྨད་ཁབ་སྨད་ཅེས་པར་དཔལ་ལྡིང་དགོན་ཞེས་པ་དང་།སྨད་ཁབ་སྟོད་དུ་ལྔ་ཁྱུང་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

 གཉའ་ལམ་འཕེལ་རྒྱས་གླིང་།

མཚན་གཞན་ལ་གཉའ་ལམ་གྲོད་པ་ཕུག་ཅེས་ཞུ། ད་ལྟའི་གཉའ་ལམ་རྫོང་ནས་སྤྱི་ལེ་༡༠ཙམ་ཡར་ཡོང་དུས་ལྕང་གླིང་གྲོང་ཞེས་པའི་འོག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོའི་དུས་རབས་༡༡པར་རྗེ་བཙུན་མི་ལ་རས་པ་ཐོག་མར་ད་ལྟའི་གཉའ་ལམ་རྫོང་ཆགས་ཡུལ་དེར་ཕེབས་ཏེ་འདི་ནི་གཉའ་ལམ་མ་རེད་དམྱལ་ལམ་རེད་ཅེས་གསུངས་པའི་ལོ་རྒྱུས་ཀྱང་ཡོད། དེ་ནས་རྗེ་བཙུན་ད་ལྟའི་དགོན་གནས་དེར་ཕེབས་ཏེ་སྒྲུབ་པ་བསྐྱོན་ནས་བཞུགས། སྒྲུབ་ཕུག་ནང་རྡོ་ཞིག་ཡོད་པ་རྡོ་འདི་རྟའི་མགོ་ལྟ་བུ་ཞིག་ཆགས་ན་འགྲོ་དོན་མེད་ལ་ལུག་གི་གྲོད་པ་ལྟ་བུ་ཞིག་[page 79ཆགས་ན་འགྲོ་དོན་ཡོད་ཅེས་གསུངས་པས་ལུག་གི་གྲོད་པ་ལྟ་བུ་ཞིག་ཆགས་པས་གནས་དེར་མུ་མཐུད་བཞུགས་། བྲག་ཕུག་འདི་ཅུང་དམའ་དྲག་འདུག་གསུངས་ནས་ཕྱག་གིས་ཡར་བཏེགས་གནང་ནས་རས་ཆུང་ལ། ཁྱོད་ཀྱིས་རྡོ་གཡག་རོ་ཙམ་ཞིག་འཁྱེར་ཤོག་གསུངས་ནས་བཀྱག་བསྐྱོན། ཡང་རྡོ་འདིས་ཆུང་སོང་བས་ད་དུང་ལུག་རོ་ཙམ་ཞིག་འཁྱེར་ཤོག་གསུངས་ནས་དེ་སྟེང་བསྐྱོན་པ་དང་འོག་ཏུ་ཕྱག་རྗེས་ཀྱང་གསལ་བ་ངོ་མཚར་ཅན་ད་ལྟའང་མཇལ་རྒྱུ་ཡོད། གཞན་ཡང་རྗེ་བཙུན་གྱི་བཞུགས་ཁྲི་དང་ཞབས་རྗེས། ལྷ་མོའི་ཆིབས་དྲེལ་གྱི་ཞབས་རྗེས་བཅས་མཇལ་རྒྱུ་ཡོད་། རྗེ་བཙུན་གྱིས་གཏེར་ལས་བཞེས་པའི་ཁྲོ་སྣོད་གསུམ་ཡོད་པ་ལས་གཅིག་ལ་ཕྱི་དང་། གཅིག་གནས་དེར་ཡོད་པ།གཅིག་ས་འོག་དུ་སོང་བས་ས་དེར་ད་ལྟའང་ཐང་མཚོ་ཞེས་ཟེར་། གཞན་ཡང་རས་ཆུང་པའི་ཕུག་པའང་ཡོད། དེ་ལྟར་ཐོག་མར་བཀའ་བརྒྱུད་ཕྱག་བཞེས་གནང་བ་ལ་དུས་རབས་བཅུ་བདུན་པར་རྒྱལ་བ་ལྔ་པས་དགེ་ལྡན་ལུགས་སུ་བསྒྱུར་གནང་མཛད་སྟབས་ད་བར་དགེ་ལུགས་ཕྱག་ལེན་གནང་བ་ཡིན། སྔོན་སེར་སྨད་གྲྭ་ཚང་གི་ཁོངས་ཡིན། དགེ་འདུན་ཞལ་གྲངས་བཞི་བཅུ་སྐོར་གྱིས་སེར་སྨད་གྲྭ་ཚང་ལུགས་ཕྱག་ལེན་གནང་བ་ཡིན་ལ་ལོ་ལྟར་སེར་སྨད་གྲྭ་ཚང་ནས་མཁན་པོ་རེ་དང་ཕྱག་མཛོད་རེ་ཕེབས་ཏེ་བརྗེ་ལེན་གནང་བ་ཡིན། དགོན་དེར་ལོ་ལྟར་བོད་ཟླ་༦ཚེས་༡༥ལ་རྗེ་བཙུན་མི་ལའི་དགོངས་རྫོགས་ཞེས་པ་གཏོང་གནང་སྲོལ་ཡོད།

ད་ལྟ་སྒྲུབ་ཕུག་ཙམ་ལས་ལྷ་ཁང་གཞན་རྣམས་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་རྗེ་བཙུན་གྱི་སྐུ་བརྙན་དང་། གཏེར་ཟངས། སྒྲུབ་ཕུབ་ནང་རང་བྱོན་སྣ་ཚོགས། གཞན་ཡང་གསེར་ཟངས་ཀྱི་ཇོ་བོའི་སྐུ་བརྙན་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ལྷོ་ངོས་སུ་རྐང་ཐང་མར་ཉིན་གཉིས་ཙམ་སོང་ན་ལ་ཕྱི་ཆོས་རར་སླེབས་ཏེ་བདུད་འདུལ་ཕུག་མཇལ་བ་ཡིན། དེའང་སྟོན་པ་མྱ་ངལ་[page 80ལས་འདས་ནསལོ་༣༣༦ན་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཐོབ་སློབ་དཔོན་ཆེན་པོ་དཔལ་ས་ར་ཧྭ་བྱོན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཤིང་རྟའི་སྲོལ་ཕྱེས་ནས་ཡུལ་ཉེར་བཞི་དང་ གནས་སུམ་ཅུ་རྩ་གཉིས་ཀུན་ལ་ཞབས་བཅགས་པ་ནས་བཟུང་རྒྱ་གར་གྱི་གྲུབ་ཆེན་དུ་མ་ཞིག་བྱོན་ཏེ་བཀའ་བཀོད་དམ་འདོགས་གནང་ཡོད་པ་ལ། རང་རེ་བོད་ལའང་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕེབས་པ་ནས་བཟུང་ཤ་ཟའི་མཁའ་འགྲོ་རྣམས་རིམ་བཞིན་འཇོམས་ནས་ལ་ཕྱི་དང་། གཉའ་ནང་མང་ཡུལ་སོགས་སུ་མིའི་གནས་བཅའ་ཡུལ་ཞིག་ཏུ་གྱུར། དེ་རྗེས་གུ་རུ་རིན་ཆེ་དང་། གཡུ་ཐོག་པ་ཆེན་པོ་འདྲེ་རྗེ་བཛྲ་བཞུགས་མྱོང་བའི་སྒྲུབ་ཕུག་ཀྱང་ཡོད། མཐར་གནས་སྒོ་ཡོངས་སུ་རྫོངས་པ་ཕྱེ་གནང་མཁན་ནི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ཡིན་།རྗེ་བཙུན་མི་ལ་རས་པ་སྐུ་རྐྱང་གིས་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་བླ་མའི་བཀའ་ཇི་བཞིན་བསྒྲུབས་གནང་སྟབས་བླ་མ་མར་བས་དཔལ་ན་རོ་པ་ནས་བརྒྱུད་པའི་གདམས་པ་ཡོངས་སུ་རྫོགས་པ་གནང་སྟེ་ལ་སྟོད་དུ་བྱོན་ཁར་སྒྲུབ་གནས་རྣམས་ལུང་བསྟན། ཁྱད་པར་ལ་སྟོད་རྒྱལ་གྱི་ཤྲི་དེ་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབ་པའི་རི་ཡིན་པས་དེ་ལ་སྒོམས། གངས་ཏི་སི་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་རི་བོ་གངས་ཅན་ཞེས་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན་པས་དེ་ལ་སྒོམས། ལ་ཕྱི་གངས་ཀྱི་ར་བ་ནི་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་གོ་དཱ་ལྦ་རི་ཡིན་པས་དེ་ལ་སྒོམས།མང་ཡུལ་གྱི་རི་བོ་དཔལ་འབར་དང་།བལ་ཡུལ་གྱི་ཡོལ་མོ་གངས་རི་ནི་མདོ་ཕལ་མོ་ཆེ་ནས་ལུང་བསྟན་པའི་གནས་ཡིན་པས་དེ་ལ་སྒོམས།བྲིན་གྱི་ཆུ་དབར་ནི་ཞིང་སྐྱོང་གི་མཁའ་འགྲོ་འདུ་བའི་གནས་ཡིན་པས་དེ་ལ་སྒོམས། གཞན་ཡང་མི་མེད་ཀྱི་གནས་མཐུན་རྐྱེན་གང་འཛོམས་དུ་སྒམས་ལ་སྒྲུབ་པའི་རྒྱལ་མཚན་ཤིག་ཅེས་ལུང་བསྟན་པ་ལྟར་ལ་ཕྱིའི་གནས་ཡོངས་སུ་རྫོགས་པ་རྗེ་བཙུན་མི་ལས་ཕྱེས་གནང་བ་དང་སྒྲུབ་ཕུག་བྱིན་ཅན་བདུད་འདུལ་ཕུག་ཀྱང་ལ་ཕྱིར་ཡོད། དཔལ་[page 81འཁོར་ལོ་སྡོམ་པའི་སྐུ་ཡི་གནས་གངས་ཏི་སི་དང་། གསུང་གི་གནས་ལ་ཕྱི།ཐུགས་ཀྱི་གནས་ཙ་རི་བཅས་ཡིན་ཞེས་གསུངས། འོམ་ཀྱང་ལ་ཕྱི་བལ་བོད་མཐའ་མཚམས་སོང་གནས་སྐོར་ལ་འགྲོ་སྐྱོད་བདེ་པོ་མེད།

[page 82]

སྐྱིད་རོང་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 83]

 སྐྱིད་རོང་རྫོང་།

སྐྱིད་རོང་ཞེས་པ་ནི་སྔར་སྐྱིད་རོང་གི་ཡུལ་དེར་ནད་ཡམས་དུག་པ་ཅན་ཞིག་བྱུང་བ་དང་། དེ་རྗེས་འཕགས་པ་དགོན་དུ་བལ་བཟས་ཇོ་བོ་ལྦ་ཏི་བཟང་པོ་གདན་དྲངས་པ་ནས་བཟུང་ནད་ཡམས་འཇོམས་ཤིང་སྐྱིད་པའི་གྲོང་དུ་གྱུར་པས་སྐྱིད་རོང་ཞེས་པའི་ཐ་སྙད་དེ་ལྟར་བྱུང་བ་ཡིན། ཡུལ་དེར་མང་ཡུལ་སྐྱིད་རོང་ཞེས་ཀྱང་ཟེར་དོན་ནི་གུ་རུ་རིན་པོ་ཆེ་ལ་སོགས་པའི་རྒྱ་གར་གྱི་མཁས་པ་མང་པོ་གནས་དེར་བྱོན་པས་མང་ཡུལ་ཞེས་པའི་མིང་ཐོགས་ཚུལ་དེ་ལྟར་ཡིན་ཞེས་ཟེར། ད་ལྟའི་རྫོང་གནས་ཡུལ་ནི་རྫོང་དཀར་ཞེས་པར་ཡོད་ཅིང་སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་རེད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུབ་ཞིབ་མ་༩༡༢༦ཙམ་དང་། ས་ཞིང་མུའུ་ཁྲི་༡.༣རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༡༣༠ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༤༢མི་འབོར་ཁྲི་༡གྲོང་བརྡལ་༡དང་། ཤང་༦གྲོང་ཚོ་ཨུ་ཡོན་ལྷན་ཁང་༤༠ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༨༠༠ཙམ་གྱི་ས་བབ་ཅན་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན་ས་བཅས་རེད།

གནས་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་རྗེ་བཙུན་མི་ལ་རས་པ་རྫོང་དཀར་གྲོང་བརྡལ་དབྱི་ལུང་གྲོང་ཚོ་སྐྱ་རྔ་རྩ་ཞེས་པར་རབ་བྱུང་དང་པོའི་སྤྱི་ལོ་༡༠༤༠ལོར་འཁྲུངས། རས་ཆུང་རྡོ་རྗེ་གྲགས་ནི་བོད་རབ་བྱུང་དང་པོའི་སྤྱི་ལོ་༡༧༡༣ལོར་སྐྱིད་རོང་པད་ཁུད་ཅེས་པར་འཁྲུངས་པ་བཅས་ཡིན།

[page 84]

 རྫོང་དཀར་ཆོས་སྡེ།

མཚན་རྒྱས་པར་ཆོས་སྡེ་ཆེན་པོ་མངའ་རིས་རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་ཞེས་ཞུ། གཉའ་ལམ་མཐོང་ལ་ཚུར་བརྒྱབ་སྟེ་གངས་རི་ཤིས་ཤ་སྤང་མ་མཇལ་དུ་འགྲོ་ཡུལ་བརྒྱུད་སྤྱི་ལེ་༨༠ཙམ་སོང་ན་དགོན་དེར་འབྱོར་ཡང་འགྲོ་ལམ་ཅུང་མི་བདེ། ཡང་ད་ལྟའི་ས་དགའ་རྫོང་ནས་ལྷོ་ངོས་སུ་སོང་ན་སྔར་མིང་གུང་ཐང་ལ་དང་།ད་ལྟ་མང་ལ་ཞེས་པ་བརྒྱབ་སྟེ་སྤྱི་ལེ་༡༠༠ཙམ་གྱི་ས་ན་དགོན་དེ་མཇལ་བ་ཡིན། དེའང་ཆོས་རྒྱལ་གླང་དར་གྱི་སྲས་འོད་སྲུངས་དང་། དེའི་སྲས་དཔལ་འཁོར་བཙན། དེའི་སྲས་སྐྱིད་བདེ་ཉི་མ་མགོན་ལ་སྲས་གསུམ་བྱུང་བ་ལས་ཆེ་བ་དཔལ་སྡེ་རིག་པ་མགོན་གྱིས་མང་ཡུལ་གུང་ཐང་ཟངས་དཀར་མཚོ་ཡིས་བསྐོར་བ་ཞེས་བ་བཟུང་། བར་པ་བཀྲིས་མགོན་གྱིས་པུ་ཧྲེང་གངས་ཀྱིས་བསྐོར་བ་ཞེས་པ་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་གུ་གེ་གཡའ་ཡིས་བསྐོར་བ་བཟུང་བ་བཅས་འདི་གསུམ་ལ་སྟོད་ཀྱི་མགོན་གསུམ་དང་། དེས་བཟུང་བའི་ཡུལ་སྡེ་ཁག་གསུམ་ལ་མངའ་རིས་སྐོར་གསུམ་ཡང་ཟེར། དཔལ་སྡེ་མགོན་གྱིས་ཕོ་བྲང་ཁྱུང་རྫོང་དཀར་པོ་ཞེས་པ་བརྩིགས་གནང་བས་རྫོང་དཀར་ཞེས་པ་དེ་ལྟར་བྱུང་། དེ་ནས་སྤྱི་ལོ་༩༧༠ཙམ་ལ་རྫོང་དཀར་ཆོས་སྡེ་བཏབ་ནས་ཆོས་རྫོང་ཟུང་དུ་སྦྲེལ། རྗེའི་དབུ་བླ་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པ་རྟ་མགྲིན་མིའི་རྣམ་པར་རོལ་པ་བླ་ཆེན་ཆོས་དཔལ་བཟང་པོ་ཞེས་པ་དེ་ཉིད་ཀྱིས་བསྟན་འགྲོའི་དོན་དུ་ལྕགས་མཁར་ཟོར་འཕེན་གྱི་ལས་སྦྱོར་མཛད་སྐབས་ཡི་དམ་གཡག་གི་གཟུགས་ཅན་དང་། ལྷ་སྲུང་སོགས་ཀྱི་གར་འཆམ་གཟིགས་སྣང་བྱུང་བ་བཞིན་དེ་ལྟར་ཕྱག་ལེན་དུ་མཛད་པས་ལོ་མཇུག་ཏུ་དགུ་གཏོར་ཟེར་འཕེན་གྱི་གར་འཆམ་གཡག་བཟང་ཞེས་པ་དེའང་དེ་ལྟར་བྱུང་། སྐབས་དེར་རྫོང་ཆོས་གྲྭ་ཚང་དེ་སྔ་འགྱུར་རྙིང་མའི་ཆོས་རྒྱུད་ཡིན། དེ་ནས་ས་སྐྱས་དབང་སྒྱུར་སྐབས་ཆོས་སྡེ་དེ་ཉིད་དཔལ་ས་སྐྱའི་ཆོས་རྒྱུད་དུ་བསྒྱུར་། དེ་རྗེས་སོག་པོའི་རྒྱལ་པོ་གོ་ཤྲི་བསྟན་[page 85འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་ཀྱི་དཔུང་བཅོམ་ཏེ་བོད་ཆོལ་ཁ་གསུམ་རྒྱལ་མཆོག་ལྔ་པར་ཕུལ། ༡༦༥༠ཙམ་ལ་ས་སྐྱ་ནས་དགེ་ལྡན་པར་བསྒྱུར། དགོན་དེའི་མཁན་པོའང་སེར་བྱེས་གྲྭ་ཚང་ནས་ཕེབས་ཏེ་ལོ་གསུམ་རེའི་མཚམས་བརྗེ་ལེན་གནང་བ་ཡིན། སྔོན་དགེ་འདུན་༧༠ལྷག་གིས་སེར་བྱེས་གྲྭ་ཚང་གི་རྒྱུད་སྡེ་ཁག་ཕྱག་ལེན་གནང་བ་ཡིན། སྔོན་འདུ་ཁང་ཀ་བ་༣༦གི་གཙང་ཁང་སྦུག་མར་སྐུ་རྒྱུ་འཇིམ་ལས་གྲུབ་པའི་མཆོད་རྟེན་ཐོག་སོ་གཉིས་མ་ཟིན་ཙམ་གསུམ་གྱིས་གཅོས་རྟེན་དང་བརྟེན་པ་ཇི་སྙེད་བཞུགས་པ་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་རྡོ་བཅལ་གྱི་བྱང་ངོས་སུ་གསར་བཞེངས་གནང་བའི་ནང་སྔོན་གྱི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་གནང་སྐབས་གུང་ཐང་ལ་རྩེའི་རྡོ་སྟེང་དུ་བཞག་གནང་བའི་ཞབས་རྗེས། སྔོན་གྱི་འདུ་ཁང་གོག་པོའི་ནང་སྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་ན་རྗེ་བཙུན་མི་ལ་འཁྲུངས་ས་ཡུལ་སྐྱ་རྔ་རྩའམ་རྩ་ལུང་ཞེས་པར་འབྱོར།

 བྲག་དཀར་རྟ་སོ།

མཚན་རྒྱས་པར་བྲག་དཀར་རྟ་སོ་དབུ་མ་རྫོང་ཞེས་ཞུ། བྲག་དཀར་རྟ་སོ་ཞེས་པ་ནི་བྲག་དཀར་པོ་རྟའི་སོ་འདྲ་བ་ཞིག་ཡོད་སྟབས་མཚན་དེ་ལྟར་ཐོགས། འོན་ཀྱང་ད་ལྟ་ཉམས་གསོ་ཞུ་ཐུབ་མེད། ད་ལྟ་ཉམས་གསོ་གནང་བ་ནི་བྲག་དམར་ཁྱུང་ལུང་ཞེས་པ་ཡིན།དེ་ནི་བྲག་དཀར་རྟ་སོའི་ལྟག་ཏུ་ཡོད། གནས་དེར་རྫོང་དཀར་ནས་སྤྱི་ལོ་༣༥ཙམ་མར་ཡོང་ན་ར་རྐྱང་ཞེས་པར་འབྱོར། དེ་ནས་འཁོར་ལམ་མེད་སྟབས་ཟམ་པ་ཐོན་ཏེ་རྐང་[page 86ཐང་མར་ཆུ་ཚོད་ཕྱེད་གཉིས་ཙམ་འཛེག་ན་དགོན་དེར་སླེབས་པ་ཡིན། དེའང་རྗེ་བཙུན་མི་ལར་བླ་མ་མར་པས་གནང་བའི་ཐོད་ཕོར་དང་རྫ་སྣོད། ཡུམ་བདག་མེད་པས་གནང་བའི་སྣམ་གདན་སོགས་བསྣམས་ཏེ་ཐོག་མར་འཁྲུངས་ཡུལ་སྐྱ་རྔ་རྩ་རུ་ཕེབས་པས་ངེས་འབྱུང་སྐྱོ་ཤས་དྲག་པོ་བྱུང་། དེ་ནས་བྲག་དཀར་རྟ་སོར་ཕེབས་ཏེ་རྩམ་ཁལ་དྲུག་གིས་ལོ་གསུམ་ལྡེང་པར་གནང་ནས་བཞུགས། དེ་ནས་གྲོང་དུ་བབས་ཏེ་སློང་མོའང་ཕྲན་ཙམ་གནང་བས་དེའང་དགོས་མེད་དུ་གཟིགས་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་དུ་ད་ལྡའི་བྲག་ཕུག་དེར་ཕེབས་སྐབས་དེར་ཟྭ་ཚོད་མང་བ་དང་། ཉི་མ་དྲོ་བ།མཐོང་རྒྱ་ཆེ་བ་བཅས་ལ་དགོངས་ཏེ་ལོ་དྲུག་རིང་ཟྭ་ཚོད་ཁོ་ནར་ལོངས་སྤྱད་ནས་སྒྲུབ་པ་མཛད།དེའང་། “བྲག་དཀར་རྟ་སོ་བྲག་དམར་ཁྱུང་ལུང་དུ། ཕྱི་བྲེ་དྲུག་ལ་རྒྱགས་ཀྱི་བློ་ཕྲུག་གཏད། རང་ལོ་བཅོ་བརྒྱད་ཟྭ་ལ་བཀའ་ཐུབ་སྤྱད། དཀའ་སྤྱད་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས།”ཞེས་པའང་དེ་ལྟར་བྱུང་། དེ་ནས་བླ་མའི་གདམས་ངག་ཁ་ཕྱེ་བའི་དུས་ལ་བབས་པ་དང་གཅིག་པེ་ཏ་དང་མཛེས་སེས་འཚོ་བ་ཕུལ་བ་དང་གཉིས། སྐུ་ལུས་ཀྱང་ཉམས་པ་ལས་གསོས་པ་དང་གསུམ་བཅས་བྱུང་བ་དང་སྒྲུབ་པ་བསྐྱོན་པའི་འབྲས་བུ་གཡུར་དུ་ཟ་བ་ཐོབ་སྟེ་མཐར་སྐད་ཅིག་ཉིད་ལ་ཚོགས་གཉིས་རྫོགས། སྒྲིབ་གཉིས་དག་ནས་བདུད་བཞིའི་གཡུལ་ལས་རྒྱལ་ཏེ་གནས་མཆོག་དེར་མངོན་པར་བྱང་ཆུབ་ལ་མངའ་བརྙེས་སོ།དེ་ནས་རྫུ་འཕྲུལ་གྱི་ཡང་ཕྱེ་སྟེ་གསུངས་པར་“དང་པོ་གཏུགས་ས་མ་ནོར་བ།བླ་མ་མར་པའི་ཞབས་ལ་གཏུགས། བར་དུ་འཕྲད་ས་མ་ནོར་བ། ནཱ་རོ་ཆོས་དྲུག་ཆོས་དང་འཕྲད། མཐའ་མ་སྒོམ་ས་མ་ནོར་བ། བྲག་དཀར་རྟ་སོའི་རི་ལ་སྒོམས།”ཞེས་གསུངས་པ་ལྟར་གནས་དེར་ལོ་དགུ་བཞུགས། དེ་ནས་ལ་ཕྱིར་ཕེབས་པའི་གྲབ་མཛད་དུས་རྫ་ཁོག་ཀྱང་ཆག། དེའི་ཤུལ་དུ་ད་ལྟའང་ཟྭ་སྔོ་ཁྱུར་རེད་སྐྱེས་ནས་ཡོད། དེ་ནས་ལ་ཕྱིར་ཕེབས་ཏེ་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་པ་ཅི་རིགས་གནང་སྟེ་སྙན་པའི་གྲགས་པ་ཀུན་དུ་ཁྱབ། ཐུགས་སྲས་[page 87ཉི་ཟླ་ལྟར་གྲགས་པ་དྭགས་པོ་ལྷ་རྗེའང་གནས་དེར་མཇལ། མཐར་དགུང་གྲངས་གྱ་བཞི་སྟེ་རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ་༡༡༢༣ལོར་ལ་ཕྱི་ཆུ་དབར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་བཅས་དང་། གཞན་ཡང་བྲག་དཀར་རྟ་སོའི་གནས་དེར་སྔ་རྗེས་སུ་གྲུབ་ཆེན་གླིང་རས་པ། འགྲོ་དགོན་གཙང་པ་རྒྱ་རས། རྒྱལ་བ་རྒོད་ཚང་པ། གྲུབ་ཐོབ་ཨོ་རྒྱན་པ། གྲུབ་ཐོབ་རྡོར་འཛིན་པ། གཡག་རུ་དཔལ་གྲགས། རྗེ་རེད་མདའ་བ། གྲུབ་ཐོབ་རྒྱན་མཚན་འབུམ།གཙང་སྨྱོན་ཧེ་རུ་ཀ། དབུས་སྨྱོན་ཀུན་དགའ་བཟང་པོ་སོགས་ཀྱང་གནས་དེར་བྱོན་བཞུགས་མཛད་ ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་གསུམ་དུ་གནས་དེར་ཕེབས་ཏེ་ཞབས་རྗེས་བཞག་གནང་བ་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་ཡིན།

དེ་རྗེས་བླ་རབས་ཐོག་མ་ལྷ་བཙུན་རིགས་འཛིན་རྣམ་རྒྱལ་གྱིས་བསྐྱངས།དེའི་དུས་བཞེངས་གནང་བའི་གསེར་ཟངས་ཀྱི་རྗེ་བཙུན་མི་ཚད་ཙམ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་ཐུབ་དབང་། སྐུ་རྒྱུ་ལི་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་སོགས་སྐུ་བརྙན་བཅུ་གསུམ་ཙམ། བླ་བྲང་གཟིམ་ཆུང་དུ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་ལྷ་བཙུན་གྱི་འདྲ་སྐུ་གསུང་བྱོན་མ། རྗེ་རེད་མདའ་བས་བཞེངས་གནང་བའི་སྒྲོལ་མ་གསུང་བྱོན་མ། དབུ་མ་རྫོང་དུ་རྟེན་གཙོ་མི་ལའི་སྐུ་བརྙན།ཕྱགརྫོགས་དབུ་གསུམ་གྱི་གསུང་རྟེན་ཁྲིད་དཔར་ཁག་དང་། གསོ་རིགས་རྒྱུད་བཞི་སོགས་གྲངས་མང་ཡོད།

རྟ་སོའི་ལྷ་ཁང་དུ་རྗེ་བཙུན་གྱི་སྐུ་བརྙན་དང་བཀའ་རྒྱུད་ཀྱི་བླ་སྐུ་མང་པོ་པར་ཁང་དུ་ཏེ་ལོ། ནཱ་རོ། མི་ལ་སོགས་ཀྱི་རྣམ་མགུར་པར་ཤིང་དང་། བཀའ་རྒྱུད་གསེར་ཕྲེང་སོགས་ཀྱི་པར་ཤིང་ཆེ་ཆུང་བསྡོམས་༦༠༠༠ཙམ་བཅས་བཞུགས། འདུ་ཁང་ཆེན་མོའི་ནང་རས་ཆེན་ཀརྨ་ཆོས་འཕེལ་གྱིས་བཞེངས་གནང་བའི་གསེར་ཟངས་ཀྱི་བྱམས་ཆེན་སོགས་རྟེན་སྐུ་༡༦༠ཙམ། གཞན་ཡང་དགོན་དེར་སྟག་སེང་འཁྲུང་འབྲུག་གི་རང་བྱོན་ཡོད་པ་ལས་སྟག་སེང་འབྲུག་བཅས་འོག་དང་། ཁྲུང་གི་རང་བྱོན་སྟེང་དུ་ཡོད་པ། དབུ་རྩེར་ཆོས་[page 88རྩེག་གི་རང་བྱོན། མཆོད་རྟེན་གྱི་རང་བྱོན། ཚེ་རིང་མཆེད་ལྔས་རྗེ་བཙུན་གྱི་བསྟན་པ་སྐྱོང་བར་ཞལ་བཞེས་པའི་རང་བྱོན། ཟྭ་ཁོག་སྒྲིལ་བའི་རང་བྱོན་བཅས་མཇལ་སྟེ་རྩེ་སྐོར་དུ་སོང་ན་ཉིན་གཅིག་འགོར་བ་ཡིན།

ད་ལྟ་ནི་སྔོན་གྱི་རྩིག་པའི་སྟེང་ཐོག་བཀབ་ནང་བའི་འདུ་ཁང་ནང་སྔར་གྱི་བཀའ་འགྱུར་ལྷ་ཁང་གི་རྟེན་གཙོ་གསེར་གསེར་ཟངས་ཀྱི་ཐུབ་དབང་མི་ཚད་མ་མཚལ་བུར་གྱུར་པར་ཉམས་གསོ་ཞུས་པ་དང་། རྗེ་བཙུན་གཟིམ་སྦུག་ཏུ་སྨན་འདམ་གྱི་རྗེ་བཙུན་གྱི་སྐུ་བརྙན་ལ་ཉམས་གསོ་ཞུས་པ། གཞན་ཡང་པར་ཤིང་ཁ་ཐོར་༢༠༠ལྷག་ཙམ་བཅས་མཇལ་རྒྱུ་ཡོད། དགོན་དེ་ནས་མར་ཡོང་དུས་བྲག་དཀར་རྟ་སོའི་སྒྲུབ་ཕུག་དང་དགོན་ཤུལ་བཅས་མཇལ་རྒྱུ་ཡོད།

 འཕགས་པ་དགོན།

བྲག་དཀར་རྟ་སོ་ནས་མར་བབས་ཏེ་ར་རྐྱང་ཞེས་པ་ནས་སྤྱི་ལེ་༣༥ཙམ་འཁོར་ལམ་བརྒྱུད་མར་སོང་ན་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་ཐོག་མར་བལ་བཟའ་ཁྲི་བཙུན་གྱིས་བཞེངས་གནང་བ་ཡིན་ཞུ། དགོན་དིའི་རྟེན་གཙོ་ཇོ་བོ་ལྦ་ཏི་བཟང་པོ་ནི་ཇོ་བོ་སྤུན་གསུམ་ཞེས་པའི་ནང་ཚན་ཡིན་ཞེས་གསུངས། དེའང་ཐོག་མར་བལ་ཡུལ་གྱི་ཡམ་བུ་རྒྱལ་པོར་སྲས་ཤིག་བྱུང་བ་དང་ཡུམ་འདས།སྲས་ལ་བ་དམར་པོ་ཞིག་ཡོད་པ་དེའི་འོ་མ་ཕུལ་ནས་སྐྱེད་བསྲིངས་བྱུང་། འོན་ཀྱང་དུས་ནམ་ཞིག་ན་བ་དེ་ཉིན་ཕྱེད་ནས་བོར་བརླགས་དུ་འགྲོ་བ་དང་དགོང་མོ་ལོག་ཡོང་དུས་རྟག་ཏུ་བ་ལ་འོ་མ་འཇོ་ཡས་མེད་སྟབས་རྒྱལ་པོས་བ་རྫིར། ཁྱོད་ཀྱིས་ཉིན་ལྟར་ཕྱི་དྲོ་བའི་འོ་མ་བཞོས་ནས་བཏུངས་པ་འདྲ་གསུངས་ནས་བཀའ་བཀྱོན་དྲག་པོ་གནང་བས།བ་རྫིས་ངས་འོ་མ་འཐུང་རྒྱུ་མ་བྱུང་། བ་དེ་ཉིན་ལྟར་ཕྱི་དྲོ་བརླགས་འགྲོ་གྱི་འདུག་གལ་ཏེ་རྒྱལ་པོ་ཐུགས་ཡིད་མ་ཆེས་ན་སང་ཉིན་ང་དང་མཉམ་དུ་བློན་པོ་ཞིག་གཏང་གནང་བ་ཞུ་ཞེས་ཞུས་པས། ཕྱི་ཉིན་བ་རྫིས་ཞུས་པ་ལྟར་བ་རྫི་དང་མཉམ་དུ་བློན་པོ་ཞིག་བཏང་གནང་མཛད། ཉིན་ཕྱེད་ཡོལ་ཙམ་ལ་བ་དམར་པོ་

[page 89མཐོང་རྒྱུ་མེད་པར་གྱུར་པས་བ་རྫི་དང་བློན་པོ་གཉིས་བ་འཚོལ་དུ་གང་སར་སོང་བ་ཐང་ཞིག་ཏུ་བྱིས་པ་ཞིག་དང་འཕྲད། བློན་པོས་བྱིས་པར་བ་དམར་པོ་ཞིག་མཐོང་བྱུང་ངམ་ཞེས་དྲིས་པས། བྱིས་པ་དེས་ང་ལ་རྔན་པ་སྤྲད་ན་བཤད་ཆོག་ཅེས་བཤད་པར། བློན་པོས་བྱིས་པར་རྔན་པ་གནང་བས་བྱིས་པས་བ་དམར་པོ་ཞིག་སྟག་མོ་ཡི་རྗེས་བསྙེགས། དེ་ནས་བ་རྗེས་དེད་ནས་སོང་བས་ཙན་དན་གྱི་སྡོང་པོ་ཆེན་པོ་ཞིག་ཡོད་པ་དེའི་སར་བ་དམར་པོ་དེ་ལངས་ནས་ཡོད་པ་དང་། བས་རྐང་པ་བཀྱག་སྟེ་ཙན་དན་གྱི་སྡོང་པོར་འོ་མ་གཏོར་བ་དང་འོ་མས་མེ་ཏོག་ལྟ་བུ་ཞིག་ཆགས་ནས་ཡོད་པའི་ལོ་རྒྱུས་ཇི་བཞིན་རྒྱལ་པོར་ཞུས་པས་རྒྱལ་པོས་དམག་མི་ཁྲིད་དེ་ཤིང་གཅོད་པར་ཕེབས། ཤིང་ལ་སྟ་གྲི་ཞུ་རྩིས་བྱེད་སྐབས་ཇོ་བོ་ལྦ་ཏི་བཟང་པོ་ཞལ་གཟིགས་ཏེ་ང་ལ་སྟ་གྲི་མ་ཞུ་གསུངས། དེ་ནས་ཇོ་བོ་ལོ་ཀེ་ཤྭ་ར་དང་། འཛམ་གླིང་དཀར་མོའང་ཞལ་གཟིགས་ཏེ་གོང་བཞིན་གསུངས་པས་རྒྱལ་པོས་དད་གུས་དང་བཅས་ཕོ་བྲང་དུ་གདན་དྲངས་ནས་མཆོད་པ་ཕུལ། དེ་ནས་འཛམ་གླིང་དཀར་མོ་བལ་ཡུལ་དང་། ལོ་ཀེ་ཤྭ་ར་སྤུ་ཧྲེང་། ལྦ་ཏི་བཟང་པོ་སྐྱིད་གྲོང་དུ་གདན་དྲངས་པ་ཡིན་ཞེས་གསུངས། ཡང་གསུངས་སྲོལ་གཞན་ཞིག་ལ་ཆོས་རྒྱལ་གྱིས་དམར་པོ་རིའི་སྟེང་ཕོ་བྲང་དམར་པོ་བཞེངས་བསྒྲུབས་རྗེས་རྟེན་གཙོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་གདན་འདྲེན་དགོས་དགོངས་ཏེ་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཞེས་པ་ཕོ་ཉར་མངགས་ཏེ་རྒྱ་བལ་གྱི་ས་མཚམས་ཙན་དན་གྱི་ནགས་ཁྲོད་ནས་ཧ་རི་ཙན་དན་གྱི་སྡོང་པོ་ཞིག་ལས་འཕགས་པ་སྐུ་མཆེད་བཞི་བཞེས་ཏེ་འཕགས་པ་འཇག་མ་ཞེས་པ་བལ་ཡུལ་གྱི་རྒྱལ་ས་ཡུལ་བུ་ཡ་གལ་ཞེས་པར་བཞུགས། དེའི་འོག་འཕགས་པ་དབུ་གང་ནི་རྒྱ་བལ་གྱི་ས་མཚམས་ཤིག་ཏུ་བཞུགས། དེའི་འོག་འཕགས་པ་ལྦ་ཏི་བཟང་པོ་ནི་མངའ་རིས་སྐྱིད་གྲོང་དུ་བཞུགས། དེའི་འོག་འཕགས་པ་ལོ་ཀེ་ཤོ་ར་བོད་དུ་གདན་དྲངས་ཏེ་རྒྱལ་པོར་ཕུལ་བས་ཐུགས་དམ་གྱི་རྟེན་མཛད་ཅེས་གསུང་སྲོལ་

[page 90ཁག་ལས་ལྦ་ཏི་བཟང་པོ་ནི་སྐྱིད་གྲོང་དུ་བཞུགས་པ་གསུངས་སྲོལ་གཅིག་ཏུ་གྱུར་སྔོན་ད་ལྟའི་ལྷ་ཁང་དེའི་ནང་གཙོ་བོ་ཙན་དན་གྱི་ཇོ་བོ་ལྦ་ཏི་བཟང་པོའི་སྐུ་བརྙན་བྱིས་པ་ལོ་བརྒྱད་ཙམ་དང་། གསེར་ཟངས་ཀྱི་གུ་རུའི་སྐུ་བརྙན། སྨན་འདམ་གྱི་རྗེ་ཙོང་ཁ་པ། རྒྱལ་བ་བྱམས་པ། བཀའ་འགྱུར་དང་བསྟན་འགྱུར་བྲིས་མ་བཅས་རྟེན་དང་བརྟེན་པར་བཅས་བཞུགས། དགེ་འདུན་བརྒྱད་གྲྭ་གཅིག་རྫོང་དཀར་ཆོས་སྡེ་ནས་ཕེབས་པ་ཡིན།

ད་ལྡ་སྔོན་གྱི་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་

གནང་བ་དང་། ཇོ་བོ་ལྦ་ཏི་བཟང་པོ་གར་དུ་གདན་ཀྱང་ཇོ་བོ་སྐུ་པར་སོགས་མཇལ་རྒྱུ་ཡོད།་ཡང་དགོན་དེ་དང་ཉེ་བར་འཛམ་གླིང་དགོན་ཞེས་པའི་རྗེས་ཤུལ་དང་དེ་དང་ཉེ་བར་བྱམས་སྤྲིན་གྱི་ལྷ་ཁང་མཇལ་རྒྱུ་ཡོད་

[page 91]

ས་དགའ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 92]

 ས་དགའ་རྫོང་།

ས་དགའ་ཞེས་པ་ནི་ས་དགའ་བ་དང་། སྐྱིད་པ། ལེགས་པ་བཅས་ཀྱི་དོན་ཡིན་པ་དང་ད་ལྟའི་རྫོང་མིང་ཡང་སྔར་མིང་རང་སོར་བཞག་པ་ཞིག་ཡིན། ད་ལྟའི་ས་དགའ་རྫོང་ནི་སྐྱ་སྐྱ་ཞེས་པར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༢༤༤༢ཙམ་དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༠.༦༤རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༩༧༠ལྷག་ཙམ་མི་འབོར་ཁྲི་༡.༣ཤང་༨དང་གྲོང་ཚོ་ཨུ་ཡོན་ལྷ་ཁང་༣༨ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༦༠༠ལྷག་ཙམ་གྱིས་མཐོ་བའི་ས་བབས་ཀྱི་འབྲོག་ལས་གཙོ་བོར་གྱུར་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

 ཤེལ་རི་དར་རྒྱས་གླིང་།

མཚན་རྒྱས་པར་ཤེལ་རི་དགའ་ལྡན་དར་རྒྱས་གླིང་ཞེས་ཞུ། སྐྱིད་རོང་རྫོང་དཀར་ཆོས་སྡེ་ནས་སྤྱི་ལེ་༡༠༠ཙམ་སོང་ན་ས་དགའ་རྫོང་དུ་འབྱོར་བ་དང་། དེ་ནས་སྤྱི་ལེ་༡༠༠ཙམ་འབྲོང་རྩེའི་ཕྱོགས་སུ་སོང་ན་དར་རྒྱས་གླིང་ཞེས་པའི་ཡུལ་གྱི་བྱང་ངོས་རི་ལྡེབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཤེལ་རི་འགྲོ་མགོན་ཀུན་གྲུབ་ཤེས་རབ་ཀྱིས་ཕྱག་བཏབ་གནང་མཛད། ཤེལ་རི་འགྲོ་མགོན་ཐོག་མར་སྐྱིད་སྦུག་ཅེས་པར་སྒྲུབ་པ་བསྐྱོན་ནས་བཞུགས་པའི་སྐབས་གཞི་བདག་དགེ་བསྙེན་མས་ཕྲ་དོག་གིས་ཐོག་སེར་ཕབ་པས་འགྲོ་མགོན་གྱིས་བཀག་སྟེ་ཕྱག་ཏུ་བཞེས་པས་གཞི་བདག་གིས་གཟུགས་སྟོན་ནས་“ད་ཁྱེད་འདིར་མ་བཞུགས། དེ་བས་འདི་ནས་ཕར་ཕེབས་[page 93ན་རྒྱབ་རི་དཀར་པོ་གླང་ཆེན་གྱི་དབྱིབས་འདྲ་བ། མདུན་རི་གཡས་གཡོན་ཕྱག་རྒྱ་བསྣོན་འདྲ་བ། གཡས་ཀྱི་ཕྱོགས་སུ་མགོན་པོ་སྤྱན་རས་གཟིགས་ཀྱི་སྒྲུབ་ཆུ་ཆུ་ཆེན་རྒྱུན་དུ་བབས་པ། དེ་ནས་ཡར་སོང་ན་བྲག་དཀར་པོ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་ཞིག་ཡོད་པས་དེ་ལྟེ་བར་བྱས་ནས་འདུ་ཁང་བཞེངས་པར་མཛོད་ང་ཡི་མིང་པོ་ཕྱུགས་ལྷ་བཙན་གསུམ་ཡོད་པས་དེ་གསུམ་གྱིས་དཀོར་བདག་བགྱིས།”ཞེས་ལུང་བསྟན་པ་ལྟར་འགྲོ་མགོན་ཀུན་གྲུབ་ཤེས་རབ་ཤེལ་རིའི་ཕྱོགས་སུ་ཕེབས་པས་ད་ལྟའི་དགོན་གནས་ཡུལ་གྱི་རི་གཤམ་དུ་ཤྭ་བ་གསུམ་ཉལ་ནས་ཡོད་པ་དང་། དེ་ནས་སྒྲུབ་ཆུ་བཏོན་གནང་མཛད། ཤྭ་བ་གསུམ་པོ་ནི་དེ་དང་ཉེ་བའི་བྲག་ལ་ཐིམ་པས་དེ་ཕྱུགས་ལྷ་བཙན་གསུམ་དུ་ངོས་འཛིན་ནས་བཙན་མཁར་གསུམ་བཞེངས་གནང་མཛད། དེ་ནས་ད་ལྟའི་དགོན་གནས་ཡུལ་དེར་དགོན་དེ་ཕྱག་བཏབ་གནང་མཛད། ཐོག་མར་བླ་སློབ་གཉིས་ལས་མེད་ཀྱང་རིམ་བཞིན་སློབ་མ་མང་དུ་འདུས་ཏེ་བཀའ་བརྒྱུད་ཀྱི་ཆོས་གསུངས་ནས་གདུལ་བྱ་བསྐྱངས། ཇུན་གར་དམག་ཀྱང་དགོན་དེའི་མདུན་རིའི་སྟོང་འབྱོར་སྐབས་ད་ལྟའི་དགོན་གནས་དེར་གྱང་གོག་ལྟ་བུ་ཞིག་ལས་དགོན་པ་མ་མཐོང་སྟབས་དགོན་པར་གནོད་པ་མ་བྱས་པར་ལོག་སོང་བའི་ལོ་རྒྱུས་ཀྱང་ཡོད། དེ་ནས་རྒྱལ་བ་ལྔ་པས་དགེ་ལུགས་སུ་བསྒྱུར་གནང་མཛད་དེ་རྒྱུད་སྟོད་པའི་ཁོངས་སུ་སྦྱར། སྔོན་དགོན་དེའི་མཁན་པོའང་རྒྱུད་སྟོད་ནས་ཕེབས་ཏེ་ལོ་གསུམ་རེ་བཞུགས་དགོས། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྤུགས་མར་ཙན་དན་གྱི་ཇོ་བོ་བྱིས་པ་ལོ་བཅུ་གསུམ་ཙམ་ཞིག་དང་། སྐུ་རྒྱུ་དེ་མཚུངས་ཀྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཡང་སྐུ་རྒྱུ་དེ་མཚུངས་ཀྱི་ཇོ་བོ་ལྦ་ཏི་བཟང་པོ་ཞེས་པ། འདུ་ཁང་ནང་བཀའ་འགྱུར་ནག་བྲིས་མ། ཡང་སྟེང་ཞལ་ཡས་ཁང་ནང་གསེར་དངུལ་ལས་གྲུབ་པའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བློས་བསླངས་དཀྱིལ་འཁོར། དགོན་གྱི་གཡས་ངོས་སུ་འགྲོ་མགོན་རིན་པོ་ཆེའི་སྐུ་གདུང་བཞུགས་པའི་འབུམ་པ་སོགས་མཇལ་རྒྱུ་ཡོད།

[page 94ད་ལྟ་ནི་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་འདུ་ཁང་གི་གཙང་ཁང་སྦུག་མར་སྨན་འདམ་གྱི་རྗེ་ཡབ་སྲས་གསུམ་མི་ཚད་ལྷག་དང་། ཇོ་བོའི་སྐུ་བརྙན། གཞན་ཡང་བཀའ་འགྱུར་དང་བསྟན་འགྱུར་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ལྷོ་ངོས་སུ་སྤྱི་ལེ་༨༠ཙམ་སོང་ན་སྤུ་བྲག་དགོན་ཞེས་པ་དང་། ངམ་རིང་དུ་འགྲོ་བའི་ལམ་དུ་རྟ་མགར་ཞེས་པར་ནུབ་དགོན་དང་སྟག་རྩེ་ཐུབ་ཆེན་དགོན་སོགས་མཇལ་རྒྱུ་ཡོད།

༄༅། འདི་ན་སྐྱིད་སྡུག་སྦྲེལ་བའི་འཇིག་རྟེན་འདིར།

སྐད་ལུགས་ཞྭ་གོས་གྲུབ་མཐའ་ཕྱོགས་རིས་སོགས།

ཁྱོད་དང་ང་ཞེས་དབྱེ་བ་ཆེ་མདོག་ཀྱང་།

ཉོན་མོངས་དུག་གིས་སྦགས་པའི་གང་ཟག་ནི།

གཅིག་པ་ཙམ་ལས་དབྱེ་བ་གཞན་མ་མཐོང་།

ཞེས་པ་ནི་གཞིས་རྩེའི་གནས་ཀྱི་ཕྱེད་འཁོར་བའི་བར་སྐབས་ཀྱི་ཚིགས་སུ་པའི་ཚུལ་ལོ།

[page 95]

འབྲོང་པ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 96]

 འབྲོང་པ་རྫོང་།

འབྲོང་པ་ཞེས་པ་ནི་སྔོན་ཡུལ་དེར་འབྲོང་མང་པོ་གནས་འདུ་བྱེད་སའི་ཡུལ་ཡིན་པ་དང་། དེ་ཁུལ་དུ་ཆགས་པའི་སྡེ་ཚོར་འབྲོང་པ་ཞེས་མིང་མཐར་བདག་སྒྲ་སྤྱར་བ་ཞིག་ཡིན་པ་རེད། ད་ལྟའི་འབྲོང་པ་རྫོང་ནི་ཐོག་མའི་གནས་ཡུལ་སྐྲ་བདུན་དུ་ཡིན་ཀྱང་། ད་ལྟ་དེ་ནས་སྤྱི་ལེ་༢༠ཙམ་གྱི་ས་ན་དགོ་བ་སྣ་ཁུག་ཐང་ཞེས་པར་གནས་སྤོས་བྱས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༦༡༤༣དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༨༠༠༠ཙམ་དང་། མི་འབོར་༡༨༦༡༩ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༥༠༠༠ཙམ་གྱིས་མཐོ་བའི་ས་བབས་དང་། རྫོང་དེ་ཡོངས་ལ་ཤང་༡༣དང་གྲོང་བརྡལ་༡གྲོང་མི་ཨུ་ཡོན་ལྷན་ཁང་༥༩བཅས་འབྲོག་ལས་གཙོ་བོར་གྱུར་པའི་རྫོང་ཞིག་ཡིན་པ་རེད།

 སྐྲ་བདུན་རྩེ།

མཚན་རྒྱས་པར་སྐྲ་བདུན་རྩེ་ཡི་གཙུག་ལག་ཁང་ཞེས་ཞུ། ཤེལ་རི་དར་རྒྱས་གླིང་དགོན་ནས་སྤྱི་ལེ་༤༠ཙམ་སོང་ན་འབྲོང་པ་ཞེས་པའི་གྲོང་གི་རྒྱབ་རིང་དགོན་དེ་མཇལ་རྒྱུ་ཡོད། སྐྲ་བདུན་ཞེས་པ་ནི་དགོན་དེ་རུས་སྤལ་གྱི་དབྱིབས་འདྲ་བའི་དཔྲལ་པའི་སྟེང་དུ་ཆགས་པ་དང་། དེར་ཇོ་བོའི་སྐུ་བརྙན་ལྷ་འབྲུམ་བཞེས་པ་ཟེར་བ་ཞིག་ཡོད་པ་དེའི་ཐུགས་ཀར་སངས་རྒྱས་འོད་སྲུང་གི་དབུ་སྐྲ་རྐང་བདུན་ཡོད་པས་སྐྲ་བདུན་ཞེས་པ་དེ་ལྟར་བྱུང་ཞེས་གསུངས། དེའང་དགོན་དེ་ནི་ཡང་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་[page 97གྱལ་སྲིན་མོ་གན་རྒྱལ་གྱི་པུས་མོའི་སྟེང་དུ་ཆགས་པ་ཞེས་དང་།

ཡང་“སྐྲ་བདུན་རྣམ་སྣང་དཀར་པོ།

འབྱུང་བ་རླུང་གི་ཁ་སྣོན། ”ཞེས་ཟེར་བ་ནི་སྔོན་དགོན་དེར་རྡོ་ཀ་མ་རུ་པའི་སྣམ་སྣང་གི་སྐུ་བརྙན་ཞིག

ཡོད་པ་དེར་ཟེར་ལ། ཡང་གུ་རུ་རིན་པོ་ཆེས་“སྐྲ་བདུན་རྩེ་ཡི་ལྷ་ཁང་ནི།

རྟ་མཆོག་ཁ་བབས་ཆུ་ཡི་ཁ་གནོན་ཡིན།”ཞེས་ཀྱང་གསུངས་པར་བཞིགས་ན་ཡུལ་དེར་རླུང་བུ་ཆེ་ལ་ར

མཆོག་མཁའ་བབས་ཀྱི་ཆུ་བོ་གནས་དེར་རྒྱུ་བས་ཆུ་ཉེན་ཡང་ཆེན་པོ་ཡོད་པར་མཚོན།

དེའང་མ་ཕམ་གཡུ་མཚོའི་མཐའ་འཁོར་ནས་ཆུ་བོ་བཞི་བབས་པ་ནི་རྟ་མཆོག་མཁའ་བབས་དང་།

རྨ་བྱ་མཁའ་བབས། སེང་གེ་མཁའ་བབས།གླང་ཆེན་མཁའ་བབས་བཅས་ཡིན་པས། དེའང་།

རྟ་མཆོག་མཁའ་བབས་གྲོ་ཤོད་གཞུང་ལ་རྒྱུག་ གྲོ་ཤོད་རྟ་རྩལ་ཆེ་བ་དེ་ནས་བྱུང་།

རྨ་བྱ་མཁའ་བབས་སྤུ་ཧྲེང་གཞུང་ལ་རྒྱུག་ སྤུ་མོ་ཁ་འབྲས་མཚར་བ་དེ་ནས་བྱུང་།

སེང་གེ་མཁའ་བབས་རྒྱ་གར་གཞུང་ལ་རྒྱུག་ རྒྱ་ག་གར་དམ་ཆོས་དར་བ་དེ་ནས་བྱུང་།

གླང་ཆེན་མཁའ་བབས་གོར་ཥ་ཡུལ་ལ་རྒྱུག་ གོར་ཥ་སྟོབས་འབྱོར་རྒྱས་པ་དེ་ནས་བྱུང་།

ཞེས་གསུངས་སྲོལ་ཡོད་པ་དང་། འདིར་གྲོ་ཤོད་ཅེས་པ་ནི་འབྲོང་པའི་ཁུལ་དུ་ཡིན་ཞེས་གྲགས།

དགོན་དེ་ནི་ཐོག་མར་བཙན་པོ་སྲོང་བཙན་སྒམ་པོའི་དུས་ཀྱི་ལྷ་ཁང་ཡིན་པ་ལ་རྗེས་སུ་གུ་རུ་རིན་པོ་ཆེའ

་གནས་དེར་ཕེབས་ཞེས་གསུངས།

དེ་ནས་སྐབས་ཤིག་རིང་བཀའ་བརྒྱུད་ཀྱང་ཕྱག་ལེན་གནང་འདུག་དེ་རྗེས་རྒྱལ་བ་ལྔ་པའི་དུས་དགེ་ལུ

ས་སུ་བསྒྱུར། རྒྱལ་བ་སྐུ་ཕྲེང་བདུན་པ་དང་། བརྒྱད་པ།

བཅུ་གཉིས་བཅས་ཀྱིས་ཉམས་གསོ་རིམ་པར་གནང་ཞེས་གསུངས་ལ།

གངས་རིན་པོ་ཆེ་ཡི་ཤར་གྱི་སྒོ་སྲུང་ཡང་ཡིན་ཞེས་ཞུ།

སྔོན་དགོན་དེའི་རྟེན་གཙོ་ནི་ནུབ་ཕྱོགས་གར་ཤཱ་འོག་མིན་མཚོ་ལས་བྱོན་པ་སྐུའི་གཟུགས་སུ་སངས་རྒྱས

འོད་སྲུང་གི་དབུ་སྐྲ་རྐང་བདུན་ཞུགས་པའི་རྣམ་སྣང་གི་སྐུ་བརྙན་ཞིག་དང་།

སྲོང་བཙན་གྱི་ཕྱག་བཟོ་ཇོ་བོའི་སྐུ་བརྙན། རྟ་མགྲིན་གྱི་སྐུ་བརྙན་གསུང་བྱོན་མ། གུ་རུའི་སྐུ་བརྙན།

བལ་བྲིས་ཀྱི་ལྡེབས་རིས་བཅས་[page 98ཡོད།

ད་ལྟ་སྔོན་གྱི་གཙུག་ལག་ཁང་ཉམས་གསོ་གནང་བའི་ནང་གསར་དུ་བཞེངས་པའི་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་སོ་ཉིས་ཐོག་གིས་གཙོས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་ད་ལྟའི་རྗོང་གནས་ཡུལ་ནས་སྤྱི་ལོ་༥༧ཙམ་གྱི་ས་ན་བཀའ་བརྒྱུད་ཀྱི་བླ་མ་འཇམ་དབྱངས་ཀྱིས་༡༡༢༥ལོར་ཕྱག་བཏབ་གནང་བའི་བཀའ་བརྒྱུད་ཀྱི་དགོན་སྔགས་པ་གྲྭ་ཚང་ཞེས་པ་དང་། ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༧༨ཙམ་གྱི་ས་ན་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་གནམ་ལྷ་དགོན།

ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༧༨ཙམ་གྱི་ས་ན་བླ་མ་བསོད་ནམས་འབྱོར་ལྟན་གྱིས་བསྐྱར་བཞེངས་གནང་བའི་གསེར་ཆེན་དགོན། ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༡༢༢གྱི་ས་ན་སྤྱི་ལོ་༡༧༣༠ལོར་བླ་མ་ཨོ་རྒྱན་བསོད་ནམས་བཟང་པོས་ཕྱག་བཏབ་གནང་བའི་སྒོ་ཤར་དགོན། ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༧༨ཙམ་གྱི་ས་ན་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཕྱག་བཏབ་གནང་བའི་བ་ཡང་དགོན། ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༦༨༩ཙམ་གྱི་ས་ན་སྤྱི་ལོ་༡༤༣༧ལོར་འཇམ་མགོན་བློ་བཟང་ནོར་བུས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་ཀྱི་དགོན་བསམ་གཏན་བྱང་ཆུབ་གླིང་ཞེས་པ། ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༢༩༨ཙམ་གྱི་ས་ན་སྨན་ཐང་ཤེས་རབ་ཀྱིས་ཕྱག་བཏབ་གནང་བའི་དཀྱིལ་མ་སྔགས་པ་གྲྭ་ཚང་། ཡང་ད་ལྟའི་དགོན་གནས་ཡུལ་ནས་སྤིུ་ལེ་༢༩༨ཀྱི་ས་ན་སྨན་ཐང་ཤེས་རབ་ཀྱིས་ཕྱག་བཏབ་གནང་བའི་གསང་སྔགས་ཐུབ་བསྟན་གླིང་(བཙུན་མའི་དགོན་)ཡང་ད་ལྟའི་རྫོང་གནས་ཡུལ་ནས་སྤྱི་ལེ་༡༠༠ཙམ་གྱི་ས་ན་རྟ་ར་དགོན་ཞེས་པ་སོགས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད་།།

[page 99]

ངམ་རིང་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 100]

 ངམ་རིང་རྫོང་།

ངམ་རིང་ཞེས་པ་ནི་ཕྱོགས་གཉིས་གད་པ་ཡིན་པའི་གཤོང་སར་ངམ་རོང་དང་། གཅོང་རོང་ཞེས་ཟེར་བས་གད་པ་ངམ་ནག་པོ་སྟེ་གཏིང་རིང་པོ་ཡོད་པའི་དོན་དང་། ཡང་མཚོ་ཆེན་པོར་ངང་པའི་ཁྱུ་ཚོགས་རིང་པོ་ཡོད་པས་ངང་རིང་ཞེས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། ཡང་སྔོན་གྱི་རྫོང་མིང་རྒྱས་པར་ངམ་རིང་ཁྱུང་རྫོང་དཀར་མོ་ཞེས་ཟེར་ཞིང་། དེ་ལྟར་ཟེར་དོན་ནི་རྫོང་དེའི་སྲུང་མ་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཁྲུང་བཙུན་དཀར་མོ་ཞེས་པ་དེ་ཡིན་པས་ལྷ་མིང་རྫོང་ལ་ཆགས་པའང་ཡིན་ཞེས་ཟེར་ལ་སྔོན་གྱི་རྫོང་མཁར་གྱི་གྱང་གོག་ད་ལྟའང་མཐོང་རྒྱུ་ཡོད། ད་ལྟའི་ངམ་རིང་རྫོང་ཆགས་ཡུལ་ནི་ངམ་རིང་ཆོས་སྡེའི་འདབས་སུ་ཆགས་ཡོད་ཀྱང་རྫོང་གི་མིང་ནི་སྔར་མིང་རང་སོར་བཞག་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༣༩༦༢༠ཙམ་དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༦.༨རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༨༡༢ནགས་ཚལ་རྒྱ་ཁྱོན་མུའུ་༢༠.༧མི་འབོར་༤༦༠༠༠ཙམ་རྫོང་ཡོངས་ལ་གྲོང་བརྡལ་༢དང་ཤང་༡༥གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༩༡ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༥༡༣ཙམ་གྱིས་མཐོ་བའི་ས་བབ་བཅས་ཡིན་པའི་ས་ལ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ་༡༣༦༡ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོལ་པ་ལྷ་རྩེ་རིན་ཆེན་ལྡིང་གྲོང་དུ་འཁྲུངས། དགའ་ལྡན་ཁྲི་

[page 101ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་རབ་བྱུང་དྲུག་པའི་ཤིང་གླང་ལོ་སྤྱི་ལོ་༡༣༨༥ལོར་ལ་སྟོད་བྱང་གི་ཆེ་འོག་ཅེས་པར་སྐུ་འཁྲུངས། མུས་ཆེན་དཀོན་མཆོག་རྒྱལ་མཚན་རབ་བྱུང་བདུན་པའི་ས་འབྲུག་སྤྱི་ལོ་༡༣༨༨ལོར་མུས་སྟོད་གླིང་སྐྱར་སྐུ་འཁྲུངས། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ལ་སྟོད་མུས་སྲད་དུ་སྐུ་འཁྲུངས། བྱང་བདག་རྣམ་རྒྱལ་གྲགས་བཟང་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་༡༣༩༥ལོར་གཙང་ངམ་རིང་གི་རྒྱལ་སྡེ་ཆེན་པོར་སྐུ་འཁྲུངས། དགའ་ལྡན་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ་༡༤༠༢ལོར་གཙང་ལ་སྟོད་ཆེ་འོག་ཏུ་སྐུ་འཁྲུངས།དགའ་ལྡན་ཁྲི་ཐོག་བརྒྱད་པ་སྨོན་ལམ་དཔལ་པ་གཙང་གཡས་རུ་བྱང་བྱང་དུ་སྐུ་འཁྲུངས། རྒྱལ་ཚབ་རྗེ་ནས་འདི་ཡན་ལ་གཙང་པ་བདུན་རྒྱུད་དུ་གྲགས། བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གསུམ་པ་པཎ་ཆེན་ལུང་རིག་རྒྱ་མཚོ་རབ་བྱུང་བདུན་པའི་ས་ཁྱི་སྤྱི་ལོ་༡༤༡༨ལོར་གཙང་ལ་སྟོད་བྱང་དུ་སྐུ་འཁྲུངས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལམ། འཇིགས་མེད་གྲགས་པ། ཆོས་ཀྱི་རྒྱལ་མཚན་ཞེས་སུ་གྲགས་པ་འདི་ཉིད་རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ་༡༣༧༥ལོར་ཡབ་ཞ་མའི་རིགས་ལས་བྱུང་བ་སྡོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་ལྷོ་ཕྱོགས་དབྱིག་གུ་ཞེས་པའི་འབྲོག་གནས་སུ་སྐུ་འཁྲུངས། བྱང་པ་རྣམ་རྒྱལ་གྲགས་བཟང་གཙང་ངམ་རིང་ལྷུན་ལྡིང་ཞེས་པའི་ཡུལ་དུ་ཡབ་ཆོས་གྲགས་དཔལ་བཟང་དང་། ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་༡༣༩༥ལོར་སྐུ་འཁྲུངས་པ་བཅས་སོ།།

 ལྷ་བྲག་དགོན།

མཚན་རྒྱས་པར་ཟང་ཟང་ལྷ་བྲག་འོད་གསལ་ཐེག་མཆོག་གླིང་ཞེས་ཞུ། ས་དགའ་རྫོང་ནས་སྤྱི་ལེ་༡༧༣ཙམ་སོང་ན་ཟང་ཟང་ཞེས་པའི་འབྲོག་སྡེའི་དབུས་ཀྱི་བྲག་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་[page 102གནས་དེ་ཧོར་གྱི་ཧོར་གྱི་བླ་རི་ཡིན་ཞེས་པ་དང་། དེ་རྗེས་གུ་རུ་རིན་པོ་ཆེ་གཙང་འུ་ཡུག་ཏུ་སྲིན་པོ་བརྟུལ་བར་ཕེབས་སྐབས་གནས་དེར་ཞབས་བཅགས། དེའང་གུ་རུས་“དུག་བྲུག་རིན་ཆེན་སྤུངས་འདྲའི་གཡོན་ཕྱོགས་སུ། དེ་རུ་པད་འབྱུང་ང་ཡིས་ལོ་གསུམ་བསྡད།”ཅེས་གསུངས་པ་ལྟར་གནས་དེ་ནི་གུ་རུས་བྱིན་གྱིས་བརླབས་གནང་བའི་གནས་ཤིག་ཡིན་པ་དང་། རི་དེར་ཡང་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཀྱི་རང་བྱོན་ཡང་ཡོད་པ་ཡིན། དེ་རྗེས་གནས་དེ་རྡོ་བྲག་རིག་འཛིན་ཆེན་མོ་དངོས་གྲུབ་རྒྱལ་མཚན་གྱིས་བསྐྱངས་གནང་མཛད་དེ་བྱང་གཏེར་གྱི་ལུགས་སྤེལ། དེའང་བྱང་གཏེར་ཞེས་པ་ནི་མང་ཡུལ་གུང་ཐང་སྐྱིད་གྲོང་འཕགས་པའི་བྱང་ཕྱོགས་སུ་གཏེར་དུ་སྤས་པས་བྱང་གཏེར་ཞེས་པ་དེ་ལྟར་བྱུང་། དེའང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱང་གཏེར་གང་དུ་སྤས་སམ་ཞུས་པར་གུ་རུས་གནས་དེ་ལུང་བསྟན་ཞེས་ཟེར། དེ་ནས་ཇུན་གར་དམག་གིས་རྩ་གཏོར་བཏང་། དེ་རྗེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གནས་དེར་ཞབས་བཅགས་ཏེ་སླར་ཡང་བསྐྱར་གསོ་གནང་། སྔར་འདུ་ཁང་ཀ་བཞིའི་ནང་གཏེར་བཏོན་བཟང་པོ་གྲགས་པས་གངས་རིན་པོ་ཆེའི་དབུ་རྩེ་ལས་བཞེས་པའི་གཏེར་གྱི་ལྡེ་མིག་མཐོ་གང་ཙམ་ཞིག་ཡོད་པ་དེ་དང་། མཆོད་སྐོང་གསེར་མཆོད་མ་ཞེས་གསེར་གྱི་མཆོད་སྐོང་ལ་སྤྲེའུས་ཁྱུད་ནས་ཡོད་པ་ཞིག་ཡོད་པས་དེའི་ནང་མར་མེ་ཕུལ་ནས་གཏེར་གྱི་ལྡེ་མིག་གིས་ཕྱེ་ན་གནས་ཀྱི་སྒོ་དབྱེ་སྟེ་ཡུལ་ལུང་མི་འདྲ་བ་མཇལ་ཞེས་པ་དང་། གཞན་ཡང་རིག་འཛིན་རྒོད་ལྡེམ་པས་གཏེར་ལས་བཞེས་པ་(རྒོད་ལྡེམ་པའང་རི་བོ་བཀྲ་བཟང་གི་ཤར་ངོས་སུ་འཁྲུངས་)སྐུ་ཡི་རྟེན་དུ་གུ་རུ་གསུང་བྱོན་མ། གསུང་གི་རྟེན་དུ་ཆོས་ཚན་ལྔ་བརྒྱ། ཐུགས་ཀྱི་རྟེན་དུ་རྣམ་རྒྱལ་མཆོད་རྟེན། སྒྲུབ་ཕུག་ནང་སྦྲུལ་གྱི་སྒལ་ཚིགས་འདྲ་བ་ལྔའི་སྟེང་ནས་དམ་རྫས་མི་འདྲ་བ་སྣ་ཚོགས་བཏོན་རྒྱུ་ཡོད་ཅེས་གསུངས་ཀྱང་ཕྱིས་རབས་པའི་ཆེད་དུ་མི་བཏོན་པར་བཞག་ཡོད་ཅེས་པ་དང་། སྔར་དགེ་འདུན་ཉེར་ལྔ་ཙམ་གྱིས་བྱང་གཏེར་རྡོ་རྗེ་བྲག་ལུགས་ཕྱག་བཞེས་མཛད་པ་དང་། སློབ་གཉེར་རྡོ་

[page 103རྗེ་བྲག་ཏུ་ཕེབས་དགོས་ལ་མཁན་པོའང་ལོ་གསུམ་རེ་བྱས་ཏེ་རྡོ་རྗེ་བྲག་ནས་རེས་མོས་སུ་ཕེབས་པ་ཡིན། དགོན་དེར་ལོ་ལྟར་བོད་ཟླ་༤པའི་ནང་མ་ཎིའི་སྒྲུབ་མཆོད་དང་། ཟླ་༥པའི་ནང་ཚེས་བཅུ། ཟླ་༡༡པར་ཕུར་པའི་སྒྲུབ་མཆོད་དང་འབྲེལ་གར་འཆམ་ཡང་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་དགོན་གནས་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྒྲུབ་ཕུག། རང་བྱོན་གཡས་གཡོན་དུ་ཏི་དྭགས་སྣ་ཚོགས་དང་བྱ་གོང་མོ་སོགས་ཀྱིས་བསྐོར་ནས་ཡོད་པ་བཅས་དང་། ཡང་དེ་དང་ཉེ་བར་ཧྲི་གསུམ་རྣམ་རྒྱལ་གླིང་གི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད། ཧྲི་གསུམ་ཞེས་པ་ནི་རི་དེར་བསྐོར་བར་སོང་ན་ཧྲི་ཞེས་པའི་ཡིག་འབྲུ་གསུམ་གྱི་རང་བྱོན་མཇལ་རྒྱུ་ཡོད་ཅེས་དང་། གནས་དེ་ནི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་ཕྱག་བཏབ་གནང་བ་དང་། གནས་དེར་ཡང་གུ་རུས་ཟླ་གསུམ་བཞུགས་ཞེས་ཟེར། ཡང་དེ་དང་ཉེ་བར་རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་འཁྲུངས་ཡུལ་རི་བོ་བཀྲ་བཟང་ཞེས་པ་དང་། ཡང་དགོན་དེའི་བྱང་ངོས་སུ་རྒྱལ་བ་རི་ཁྲོད་པ་ཆེན་པོ་བདེ་ལེགས་རྒྱ་མཚོས་ཕྱག་བཏབ་གནང་བའི་ན་རིང་དགོན་པའི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད་པ་བཅས།

 འོད་གསལ་གླིང་

མཚན་གཞན་ལ་ཟང་ཟང་འོད་གསལ་གླིང་ཞེསཞུ་ ལྷ་བྲག་དཀར་པོ་ནས་སྤྱི་ལེ་༦༠ཙམ་མུ་མཐུད་སོང་ན་ཟང་ཟང་ཞེས་པའི་ཡུལ་དེར་བཙུན་མའི་དགོན་དེ་མཇལ་བ་ཡིན། ཟང་ཟང་ཞེས་པ་ནི་ཡུལ་དེར་ས་བདག་ཟང་མ་གནས་པའི་ཡུལ་སོང་ཙང་ཟང་ཟང་ཞེས་རྗོད་པ་དང་། ས་བདག་གནས་སའི་མཚིའུ་ཞིག་ཡོད་པ་ལའང་ཟང་ཁང་ཞེས་ཟེར། འོད་གསལ་གླིང་ཞུ་བ་ནི་ཟངས་མདོག་དཔལ་གྱི་རི་བོ་ནས་འོད་ཟེར་འཕྲོས་པ་གསལ་བས་འོད་གསལ་གླིང་ཞེས་མཚན་དེ་ལྟར་ཐོགས་པ་ཡིན་ཞེས་གསུངས། དགོན་དེ་ནི་ཐོག་མར་ལྦ་ར་དཔལ་ལྟན་ཡེ་ཤེས་ཀྱིས་ཕྱགས་བཏབ་གནང་མཛད། དེའང་ལྦ་ར་[page 104]

དཔལ་ལྡན་ཡེ་ཤེས་སྐྱིད་གྲོང་བརྒྱུད་རྒྱ་གར་ལ་གནས་མཇལ་དུ་ཕེབས། རྒྱ་གར་ནས་རྡོ་ཀ་མ་རུ་པའི་སྟོན་པའི་སྐུ་བརྙན་གསུམ་གདན་ཕེབས་ཏེ་གཉིས་ཁམས་སུ་གདན། གཅིག་གནས་དེར་བཞུགས་ནས་དགོན་དེ་བཏབ། ཀློང་ཆེན་སྙིང་ཐིག་ཕྱག་ལེན་མཛད་པར་གྱུར། བླ་མ་རིམ་པར་ཕེབས་པ་ནི་རབ་སྤྲུལ་རྡོ་རྗེ་འཆང་དང་། ངག་དབང་ཆོས་དབྱིངས་རྒྱ་མཚོ། ཨོ་རྒྱན་སྐྱེ་མེད་རྡོ་རྗེ། གྲུབ་ཆེན་རྐྱང་འཛིན་རིན་པོ་ཆེ། ངག་དབང་ཆོས་དབྱིངས་རྒྱ་མཚོ། ཨོ་རྒྱལ་སྐྱེ་མེད་རྡོ་རྗེ། གྲུབ་ཆེན་རྐྱང་འཛིན་རིན་པི་ཆེ། ངག་ད་བང་ལེགས་བཤད་རྒྱ་མཚོ་སོགས་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ངོས་འཛིན་གནང་བ་ལྦ་ར་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་སྤྲུལ་མཁྱེན་བརྩེ་ཐུབ་བསྟན་རིན་པོ་ཆེ་ད་ལྟ་ཁམས་སྡེ་དགེ་རྨ་གཡང་དགོན་དུ་བཞུགས་ཡོད་པ་བཅས་དང་། སྔོན་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་རྡོ་ཀ་མ་རུ་པ་ལས་གྲུབ་པའི་ཐུབ་དབང་ཀྱི་སྐུ་བརྙན་མི་ཚད་མ་ཟིན་ཙམ་དང་། རྒྱ་དངུལ་གྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཞི་ཁྲོ་ལྷ་ཁང་ནང་གི་རྩིག་ལྡེབས་གཡས་སུ་ཞི་བ་བཞི་བཅུ་རྩ་གཉིས་དང་། གཡོན་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྡོ་ནག་ལ་བརྐོས་ཡོད་པ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་འཇིམ་སྐུ་གསར་བཞེངས་གནང་བས་གཅོས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 བཀྲ་བཟང་དགོན།

མཚན་གཞན་ལ་རི་བོ་བཀྲ་བཟང་དགོན་ཞེས་ཞུ། ཟང་ཟང་འོད་གསལ་གླིང་ནས་སྤྱི་ལེ་༣༣ཙམ་ངམ་རིང་རྫོང་གི་ཕྱིགས་སུ་སོང་ན་སྐྱིད་དཔོན་སྒང་ཞེས་པ་ནས་བྱང་ངོས་སུ་གནས་དེ་མཇལ་ཞིང་དེ་ཕྱོགས་སུ་ཡར་ཙམ་སོང་ན་དེ་མར་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ཁར་གནས་དེར་ཞབས་བཅགས་ཏེ་པདམའི་སྒྲུབ་ཕུག་ཅེས་པར་ཞག་བདུན་བཞུགས། དེ་ནས་ལྷ་སྲས་མུ་ཁྲི་བཙན་[page 105པོ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་སྣམ་རྡོ་རྗེ་བདུད་འཇོམ་བཅས་ཀྱིས་གནས་འདི་ཇི་འདྲ་ཡིན་མིན་དང་། མ་འོངས་ཇི་འདྲ་འོང་ཞེས་ཞུ་པར། གུ་རུས། གནས་འདི་ནི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་ཡིན་ལ། མ་འོངས་པར་གནས་གཞན་ལས་བྱིན་རླབས་ཆེ་ལ་རིག་འཛིན་རྒོད་ཀྱི་ལྡེམ་སྒྲོས་གཏེར་གྱི་ལྡེ་མིག་གནས་འདི་ནས་བཞེས་ཏེ་ཟང་ཟང་ལྷ་བྲག་དཀར་པོ་ནས་མཛོད་ལྔ་བཞེས་པ་ནི་ཤར་དུང་མཛོད་དཀར་པོ་དང་། ལྷོ་གསེར་མཛོད་སེར་པོ། ནུབ་ཟངས་མཛོད་དམར་པོ། བྱང་ལྕགས་མཛོད་ནག་པོ། དབུས་འཕྱོངས་མཛོད་སྨུག་པོ་བཅས་བཞེས་པ་ཡིན། རིག་འཛིན་རྒོད་ལྡེམ་པའི་འཁྲུངས་ཡུལ་ཀྱང་གནས་དེར་ཡིན། ད་ལྟ་འཚོ་བཞུགས་རིག་འཛིན་པདམ་འགྱུར་མེད་བར་གདུང་བརྒྱུད་ཉི་ཤུ་རྩ་གཅིག་ཙམ་བྱུང་། ཐོག་མར་སྔགས་སྡེ་ཡིན་པ་ལ་ད་ལྟ་རབ་བྱུང་གི་སྡེའང་འཛུགས་གནང་མཛད་ཡོད། གནས་དེ་ནི་ཟངས་མདོག་དཔལ་རི་ཡིན་ཞེས་ཕྱིའི་དགེ་བསྙེན་བཞི་དང་། ནང་གི་དགེ་བསྙེན་བཞི་བཅས་ཚང་ཡོད་པ་དང་། རིའི་རྩེ་མོར་ལྷ་ཁང་རྩེ་ཞེས་ཐུན་མོང་མ་ཡིན་པའི་སྒྲུབ་པ་བསྐྱོན་ས་དང་།བར་དུ་ལྷོ་ངོས་སུ་པདམའི་སྒྲུབ་ཕུག་ ཤོད་དུ་སྤྲུལ་སྐུའི་ཞིང་ཁམས་ཞེས་པར་འདུ་ཁང་ནང་ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་བརྙན་དང་། རིག་འཛིན་རྒོད་ལྡེམ་གྱི་ཞབས་རྗེས། ཆིབས་པའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད། སྔོན་སྔགས་འཆང་བ་དང་ཨ་ནི་བསྡོམས་དགུ་བཅུ་ཙམ་གྱིས་རྙིང་མ་བྱང་གཏེར་ཕྱག་ལེན་མཛད་པ་ཡིན། གཞན་ཡང་རི་དེའི་རྩེ་མོར་འཕྲུལ་གྱི་ལྡེ་མིག་བཞེས་ཤུལ་ན་གྲང་ངར་ཤིན་ཏུ་ཆེ་དུས་སུའང་འབྲུ་བཏབ་ན་ལྗང་པ་སྔོ་སི་སིར་སྐྱེས་པ་ཡིན་ཞེས་གསུངས།

ད་ལྡ་བསྐྱར་བཞེངས་གནང་བའི་དགོན་གནས་དེར་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་བྱང་ངོས་སུ་མུ་མཐུད་སོང་ན་ཀླུ་ལུང་དགོན་ཞེས་ས་སྐྱའི་དགོན་ཞིག་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

[page 106]

 ངམ་རིང་ཆོས་སྡེ།

མཚན་རྒྱས་པར་ངམ་རིང་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་བྱམས་པ་གླིང་ཞེས་ཞུ། བཀྲ་བཟང་དགོན་ནས་སྤྱི་ལེ་༣༥ཙམ་མུ་མཐུད་ངམ་རིང་གི་ཕྱོགས་སུ་སོང་ན་ངམ་རིང་སྐྱེམ་མཚོ་ཞེས་པའི་ཤར་ངོས། སྔོན་གྱི་ངམ་རིང་རྫོང་གི་ཞོལ། ད་ལྟའི་ངམ་རིང་རྫོང་གི་ལྟག་ཏུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་སྤྱི་ལོ་༡༢༢༥ལོར་མི་ཉག་སེའུ་རྒྱལ་པོའི་གདུང་རབས་གཙང་སྡོད་སྟག་རྩེ་སེང་གེ་ལུང་དུ་སྲས་དགུ་བྱུང་བར་ཆེ་བ་སེང་གེ་དར་ནས་རིམ་པར་བརྒྱུད་པའི་ཏི་ཤྲི་ཀུན་དགའ་བློ་གྲོས་བོད་ཀྱི་དཔོན་ཆེན་དུ་བསྐོས་པའི་དུས། སྟག་རྩེ་ལ་རྒྱབ་པ་ཤཱཀྱ་སེང་གེ་སྤྱན་དྲངས་ཏེ་དགོན་དེ་བཏབ། བྱང་བདག་དཀོན་མཆོག་བཟང་པོས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་སྤྱན་དྲངས་ཏེ་འདུ་ཁང་ཀ་བ་༨༠ནང་རྟེན་དང་བརྟེན་པར་བཅས་དང་། བྱམས་ཁང་ནང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཁྲུ་བདུན་ཅུ་དོན་ལྔ་ཅན་བཞེངས་གནང་མཛད། སྐབས་དེར་རྒྱ་གར་རྡོ་རྗེ་གདན་གྱི་རྟེན་གསུམ་བཤིག་གཏོར་བྱེད་པའི་དུས་དང་འཁེལ་བས་རྡོ་རྗེ་གདན་གྱི་བྱམས་པའི་འོད་ཟེར་ཡིན་ཞེས་གངས་རི་བུ་ལས་ཞེས་པའི་སྟེང་ནས་ཡེ་ཤེས་ཀྱི་འོད་ཕུག་རོན་ཙམ་ཞིག་རྒྱལ་བ་བྱམས་པའི་ཐུགས་ཀར་ཐིམ་པ་ཀུན་གྱིས་མཇལ་ཞེས་གསུངས་པར་གྲགས། བྱམས་པ་གླིང་ཞེས་པའང་དེ་ནས་བྱུང་ཞེས་གསུངས། གཞན་ཡང་གནས་དེ་ཤམ་བྷ་ལ་གཉིས་པ་ཡིན་ཞེས་གྲགས་ལ་ཤམ་བྷ་མའི་སྨོན་ལམ་ནང་“དེ་ཡི་གཡས་གཡོན་ཡིད་འོང་མཚོ་ཆེན་ནི་”ཞེས་པའང་ངམ་རིང་སྐྱེམ་མཚོ་དང་གླང་མཚོ་ཡིན་ཞེས་གསུངས། དུང་སྐྱོང་འོ་མས་བཀང་པའི་མཚོ་ཆེན་ཞེས་པའང་དེ་ཁུལ་ཡིན་པས་མཚོ་དེའི་མཐའ་འཁོར་གང་ས་ནས་དཀར་རག་སྤུས་ལེགས་ཐོན་པ་ཡིན། དུས་འཁོར་གྱི་སྒྲུབ་མཆོད་ནི་དགོན་དེའི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཡིན་སྟབས་ད་ལྟ་རྩེ་པོ་ཏ་ལར་བཞུགས་པ་དུས་འཁོར་བློས་བསླངས་དཀྱིལ་འཁོར་དེའང་དགོན་དེ་ནས་གདན་དྲངས་པ་ཡིན་ཞེས་ཟེར།

[page 107གཞན་ཡང་དགོན་དེར་ཆོས་ར་བྱིན་ཅན་ཞིག་ཡོད་པ་དེའི་ནང་མཁས་གྲུབ་རྗེ་དང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ཆོས་རྩོད་མཛད་སྐབས་བོ་དོང་ཕམ་པའི་ཚུལ་མཛད་པ་ཡིན་ཞེས་གསུངས། རྗེ་ཙོང་ཁ་པའང་ངམ་རིང་དུ་གྲྭ་སྐོར་ལ་ཐེངས་གསུམ་ཕེབས་པ་དང་གསུང་ཆོས་ཀྱང་གནང་བས་རྗེ་བཙུན་སྒྲོལ་མ་ཐུགས་མཉེས་ཏེ་“ཙོང་ཁ་པའི་གསུང་ཆོས་ཡག་པོ་བྱུང་”ཞེས་གསུང་བྱོན་པའི་ལོ་རྒྱུས་ཀྱང་ཡོད། གཞན་ཡང་ཆོས་སྡེ་བླ་བྲང་དུ་ཐུབ་དབང་ཞལ་གསེར་མ་བཞེས་ལ་རྡུལ་ཡང་མ་བཞེས་པ་ཞིག་ཡོད་པ་དེས་ནད་རིམས་དུག་པ་ཅན་བཞེས་པ་ཡིན་ཞེས་ཞུ་བ། སྔོན་དགེ་འདུན་༣༠༠ཙམ་གྱིས་བཤད་སྒྲུབ་གཉིས་ལྡན་གྱི་རི་བོ་དགེ་ལྡན་ལུགས་ཕྱག་བཞེས་མཛད་པ་བཅས་ཡིན།

ད་ལྡ་ཆོས་སྡེ་བླ་བྲང་བསྐྱར་བཞེངས་གནང་བའི་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་སྔོན་གྱི་བྱམས་པའི་སྐུ་ཚབ་དང་། ཐུབ་དབང་གི་སྐུ་ཚབ། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་སོགས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་སྤྱི་ལེ་༣༠ཙམ་སོང་ན་བསམ་གྲུབ་དགའ་ལྡན་དང་།ལྷུན་ལྡིང་དགོན། བྱང་པ་སྤང་ཡུལ་སོགས་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

 གཅུང་རི་བོ་ཆེ་དགོན།

སྔོན་མིང་གད་ཁ་ཞེས་པ་དང་ད་ལྟ་ངམ་རིང་སྣུམ་སྣོན་ས་ཚུགས་ནས་སྤྱི་ལེ་༧༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གཅུང་རི་བོ་ཆེ་དགོན་དུ་འབྱོར་བ་ཡིན། གཅུང་ཞེས་པ་ནི་གཅུང་སྨད་འོད་དཀར་ལྷ་རྩེ་དང་། གཅུང་སྟོད་རྒྱལ་དང་དཀར་པོ་ཞེས་སྟོད་སྨད་དུ་དབྱེར་བ་དང་དེའི་བརྒྱུད་དུ་ཆགས་པའི་ཡུལ་ལུང་ལ་གཅུང་ནང་ཞེས་གཡས་རུ་གཙང་པོའི་བརྒྱུད་དུ་ཆགས་ཡོད། སྒྲུབ་ཆེན་ཐང་སྟོང་རྒྱལ་པོས་གནས་དེར་བསྐྱོན་པའི་ལྕགས་ཟམ་དེ་ནི་གཙང་སྟོད་ཁུལ་དུ་བསྐྱོན་པའི་ལྕགས་ཟམ་མཐའ་མ་དེ་ཡིན་ཅིང་དེ་ཡིན་གཙང་སྟོད་ཁུལ་དུ་ལྕགས་ཟམ་བསྐྱོན་གནང་བ་མེད་ཅེས་ཟེར།དགོན་དེའང་ཐང་སྟོང་རྒྱལ་པོས་ཕྱག་བཏབ་གནང་མཛད།དེའང་ཁུལ་དེ་ས་[page 108བཀྲ་ངན་ལ་“ལུང་པ་ཨ་དཀར་གསུམ་མདོ་སྤྱང་ཇག་གཉིས་ཀྱི་འགྲིམ་ལམ་”ཞེས་དང་། དགོན་ཆགས་ཡུལ་དེ་ནི་སྡིག་པ་རྭ་ཉག་ཁ་ཐུར་དུ་གཏད་འདྲ་ཞིག་ཡོད་པས་དེའི་ཁ་གནོན་དུ་སྡིག་མགོའི་སྟེང་མཆོད་རྟེན་བཀྲ་ཤིས་སྒོ་མང་ལྷ་ཁང་༡༠༨ཅན་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་གྱི་དབྱིབས་འདྲ་ལ་བུམ་གཏེར་ཡན་གསེར་ཟངས་ལས་གྲུབ་པ་ཞིག་དང་། རྭ་གཡས་པའི་སྟེང་ཡི་དམ་རྟོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཐོག་སོ་གསུམ་ཅན་གསུང་མ་ཧེའི་སྐད་འདྲ་བ་ལན་གསུམ་བྱོན་པ་ལས་གསུང་མཐའ་མ་དེ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་དུས་བྱོན་པ། ས་མཐེབ་ཀྱུ་རེར་ཡ་མན་ཏ་ཀ་འབུམ་རེ་བསགས་གནང་བ་ཞེས་དང་། ར་གཡོན་མའི་སྟེང་ཐུབ་པའི་སྐུ་བརྙན་གསུམ་ཐོག་ཅན། མཇུག་མའི་སྟེང་ཐང་སྟོང་གི་སྒྲུབ་ཕུག་དང་དེའི་ནང་ཐང་སྟོང་གི་སྐུ་གདུང་བཞུགས་པའི་གདུང་རྟེན་སོགས་གདུང་རྟེན་ཁག་ དཔྱི་སྟེང་དུ་མགོན་པོ་བདུན་ཙོག་ཅེས་སྒྲུབ་ཆེན་གྱིས་འདག་བག་བདུན་ཙོག་ཙོག་བཟོས་གནང་ནས་རབ་གནས་གནང་བས་དེ་མར་མགོན་པོའི་སྐུ་བརྙན་བདུན་རང་བཞིན་དུ་ཕེབས་པ་ཞེས་དང་། དེའི་ཤར་དུ་སྒྲུབ་ཆེན་ཤ་བ་རི་པའི་ལྷ་ཁང་ནང་ཤ་བ་རི་པའི་སྐུ་བརྙན། དཔུང་པ་གཡས་པའི་སྟེང་སྒྲུབ་ཆེན་གྱིས་ལྕགས་ཟམ་མ་ཀིར་ཐོབས་ཤིག་ཅེས་གསུངས་པ་དང་ཆབས་ཅིག་ཞབས་རྗེས་ཀྱང་འཇོག་གནང་བའི་ལྷ་ཁང་ནང་སྒྲོལ་མ་གསུང་བྱོན་མ་བཅས་མདོར་ན་ཁྱམས་སྟོད་ཀ་བ་༨༠དང་ཁྱམས་སྨད་ཀ་བ་༨༠ཞེས་ལྷ་ཁང་ཐོག་སོ་གསུམ་ཐོག་ཅན་ཤ་སྟག་ཡིན།

ད་ལྟ་ནི་སྔོན་གྱི་ལྕགས་ཟམ་དེ་རང་མཇལ་རྒྱུ་ཡོད་པའི་སྟེང་། མཆོད་རྟེན་གསར་བཞེངས་གནང་བ་དང་། དགོན་པ་ཉམས་གསོ་གནང་པའི་ནང་སྔོན་གྱི་རྟེན་གཙོ་ཁག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་ཐང་སྟོང་གིས་འཛམ་གླིང་ལན་གསུམ་བསྐོར་གནང་བའི་ཕྱག་འཁར་དང་ཞབས་བཅགས་སོགས་རྒྱུ་ཡོད།

[page 109]

 བཟང་ལྟན་དགོན།

མཚན་རྒྱས་པར་བཟང་ལྟན་ཐུབ་བསྟན་བྱམས་པ་གླིང་དགོན་ཞེས་ཞུ། མངོན་དགའ་ཆོས་སྟེ་ནས་སྤྱི་ལོ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་སྤུ་དཀར་ཞེས་པའི་ཕུར་དགོན་དེ་མཇལ་རྒྱུ་ཡོད། སྤུ་དཀར་ཞེས་པ་ནི་གནས་དེར་མ་སླེབས་ཙམ་དུ་བྲག་སྟེང་དུ་སྤུ་དཀར་པོ་ལྟར་གྱི་ཡིག་འབྲུ་ཨ་ཡིག་ཁྲ་ཞིང་གསལ་བ་ཞིག་མཐོང་རྒྱུ་ཡོད་སྟབས་སྤུ་དཀར་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་རབ་བྱུང་གཉིས་པའི་དུས་དཀྱིལ་ཙམ་དུ་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། བྱང་སེམས་ཟླ་བ་རྒྱལ་མཚན་ཐོག་མར་རྨུ་འཛིང་ཞེས་པར་བཞུགས་སྐབས་དེར་ཁྱུང་ལུང་མ་མཆེད་བཞི་ལས་མཐའ་ཆུང་ཡེ་ཤེས་སྤྱན་གཅིག་ཅེས་པ་དམ་འདོག་གནང་སྟེ་མོ་དགོན་ཞིག་བཏབ་གནང་མཛད། དེ་ནས་ལ་མོ་སྒང་དུ་ཕེབས་ཏེ་གསུང་གཏོར་གནང་བཞིན་བཞུགས་སྐབས་ཕོ་དགོན་ཞིག་འདེབས་དགོས་དགོངས་པར་གུར་ཞལ་གྱི་རྣམ་སྤྲུལ་ཕོ་རོག་ཅིག་གིས་གཏོར་སྡེར་འཁྱོར་ནས་ད་ལྟའི་དགོན་གནས་དེར་བཞག་པས་དགོན་པ་འདེབས་པའི་ས་ཆ་ལུང་བསྟན་པར་མཁྱོན་ཏེ་དགོན་དེ་བཏབ་གནང་མཛད། ཐོག་མར་དགོན་པའི་མཚན་ལ་ཟངས་སྡེར་ཞེས་གསོལ། བཟང་ལྡན་ཞེས་པ་ནི་ས་ལ་དགེ་བརྒྱད་དགེ་བཅུ་ལྡན་པས་བཟང་ལྡན་ཞེས་པ་དེ་ལྟར་བྱུང་ཞེས་ཟེར། དགོན་དེའི་མ་ཁན་ཐོག་དང་པོ་ས་བཟང་མ་ཏི་པཎ་ཆེན་དང་། གཉིས་པ་རྗེ་རེད་མདའ་བ། གསུམ་པ་བྱང་བདག་ཀུན་སྤངས་ཆོས་གྲགས་ལ་སོགས་པ་རིམ་པས་བྱུང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་ཤིན་ཏུ་རྒྱས་པར་བྱུང་སྟེ་དགེ་འདུན་ཞལ་གྲངས་༢༠༠༠ལྷག་ཙམ་བྱུང་ཞེས་དང་། དབྱར་ཆོས་དགུན་ཆོས་ལ་དགོན་ལག་ཡོངས་རྫོངས་འདུས་ན་༣༠༠༠ཙམ་ཡོང་བ་ཡིན་ཞེས་དང་། ད་ལྟའི་དགོན་ལག་རྣམས་ཀྱང་ཐོག་མར་དགོན་དེའི་གྲྭ་ཚང་ཡིན་ཅིང་དེའང་དཔེར་ན།མངོན་དགའ་གྲྭ་ཚང་དང་།དགེ་འཕེལ་གྲྭ་ཚང་།ཤར་ཆེན་གྲྭ་ཚང་།དགའ་རོང་གྲྭ་ཚང་།ལྦ་ལུང་གྲྭ་ཚང་།པོ་ར་གྲྭ་ཚང་།བ་རག་གྲྭ་ཚང་།རྒྱལ་སྡེ་གྲྭ་ཚང་།ཕུག་པོ་ཆེ་གྲྭ་ཚང་༡༠ ར་གདོང་གྲྭ་ཚང་།༡༡ཚ་གྲྭ་ཚང་།༡༢བསམ་གྲུབ་གྲྭ་ཚང་།༡༣ཁྱུང་དཀར་བྱམས་ཆེན་གྲྭ་ཚང་།༡༤

ཆོས་ལུང་གྲྭ་ཚང་།༡༥ཐུབ་བསྟན་ཡངས་པ་ཅན།༡༦བླ་བྲང་ཆོས་རྫོང་།༡༧ལྷུན་སྟེང་གྲྭ་ཚང་།༡༨

གླང་རི་གྲྭ་ཚང་བཅས་གྲྭ་ཚང་བཅོ་བརྒྱད་པོ་རྗེས་སུ་དགོན་པ་རེ་རེ་ཆགས། སྔོན་དགོན་དེའི་རྒྱ་ཁྱོན་ཇི་ཡོད་ད་ལྟའང་གྱང་རོ་མཇལ་རྒྱུ་ཡོད། དེ་ལྟར་དགོན་གནས་དེ་རྒྱ་ཆེ་བས་“དགའ་ལྟན་གསེར་ཁྲི་ལས། བཟའ་ལྟན་སྟག་ཁྲི་མཐོ། ”ཞེས་ཀྱང་གསུང་སྲོལ་ཡོད། རྗེ་ཙོང་ཁ་པའང་གནས་དེར་ཕེབས་ཏེ་ཟླ་གཅིག་ཙམ་བཞུགས་པདང་། རྗེ་རེད་མདའ་བ་དང་ཐོགམར་མཇལ་ས་གནས་དེར་ཡིན། སྔོན་འདུ་ཁང་ཀ་བ་༤༨ཀྱི་གཙང་ཁང་སྦུག་མར་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་སོ་གསུམ་ལྟན་གྱི་གཟུངས་སུ་ས་བཟང་མ་ཏི་པཎ་ཆེན་གྱི་སྐུ་རུས་ལས་གྲུབ་པའི་བྱམས་པ་སོར་བཞི་ཙམ་དང་། རྗེ་རེད་མདའ་པའི་ཐུགས་དམ་གྱི་རྟེན་སྟོན་པ་ལྷ་ཡུལ་མ། རྟོ་ནག་གི་གུར་དྲག་རང་བྱོན། སངས་རྒྱས་རབས་བདུན་གྱི་རིང་སྲེལ། རྒྱ་བོད་མཁས་གྲུབ་མང་པོའི་དབུ་ལོ་དང་ན་བཟའ། རྟེན་འདུས་མྱོང་གྲོལ་ལ་སོགས་བཞུགས་པ་དང་། བཀའ་འགྱུར་གསེར་བྲིས་གླེགས་ཤིང་ངོ་མཚར་ཅན། གླང་དར་ཁྲིམས་ཕོགས་མ་ཞེས་པའི་སྒྲོལ་མའི་སྐུ་བརྙན། གཞན་ཡང་རྒྱ་གར་ཤར་ནུབ་ཀྱི་ལི་མའི་སྐུ་བརྙན། འདུ་ཁང་ནང་མདོག་གཞུང་བྱང་ཁང་གསར་ཞེས་པ་ནས་འཕུར་ཕེབས་པ་ཡིན་ཞེས་བྱམས་པ་མི་ཚད་ཙམ། རྗེ་བཙུན་ཏ་ར་ན་ཐས་མཛད་བརྒྱ་དཔག་བསམ་ཁྲི་ཤིང་བརྩམས་གནང་རྗེས་ཐོག་མར་དགོན་དེའི་ལྡེབས་རེས་སུ་བཀོད་གནང་བ་བཅས་དང་། སྔར་དུས་འགྱུར་གོང་དགེ་འདུན་སུམ་བརྒྱ་གྱིས་ས་ལུགས་ཕྱག་བཞེས་མཛད་ཅིང་། དབྱར་མཆོད་ལ་དུས་འཁོར་གྱི་སྒྲུབ་མཆོད་དང་། དགུན་མཆོད་ལ་དགྱིས་རྟོར་གྱི་སྒྲུབ་མཆོད་བཅས་དང་ལྷག་ཏུ་དུས་འཁོར་ལ་ཁྱད་དུ་འཕགས་པ་ཡིན་ཞེས་ཞུ། [page 111ད་ལྟ་སྔོན་གྱི་རྩིག་གདན་སྟེངས་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་བལ་བཟོའི་རྒྱལ་བ་བྱམས་པ་དང་། སྟོན་པ་བཅོམ་ལྡན་འདས། འཇམ་དབྱངས་། སྒྲོལ་མ། སྤྱན་རས་གཟིགས་བཅས་དང་། སྨན་འདམ་གྱི་སྟོན་པ་གཙོ་འཁོར་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། བྱམས་ཁང་ནང་གསེར་ཟངས་ཀྱི་བྱམས་པ་ཐོག་སོ་གསུམ་ལྡན་བྱོན་ལེགས། བཀའ་འགྱུར་པར་མ་གསར་བླུས་གནང་བ། བཟའ་ལྡན་སྐུ་འབུམ་མཐོང་སྒྲོལ་ཆེན་མོ་ཞེས་པའི་མཆོད་རྟེན་ཉམས་གསོ་གནང་བ་བཅས་མཇལ་རྒྱུ་ཡོད།

[page 112]

ལྷ་རྩེ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 113]

 ལྷ་རྩེ་རྫོང་།

ལྷ་རྩེ་ཞེས་པ་ནི་བོད་ཆོས་རྒྱལ་གྱི་གདུང་རྒྱུད་པོ་གླང་དར་གྱི་སྲས་གནམ་ལྡེ་འོད་སྲུང་དང་། དེའི་སྲས་དཔལ་འཁོར་བཙན་རྒྱལ་རྒྱུད་ཁྲིར་འཁོད་སྲིད་དབང་ལོ་བཅོ་བརྒྱད་བསྐྱངས་རྗེས་གཡོ་རུའི་མངའ་ཐང་ཕལ་ཆེར་ཤོར་ཏེ་གཙང་དུ་འཕོ་སྐྱས་གནང་དགོས་བྱུང་། ཐོག་མར་རྒྱལ་རྩེར་ཕེབས་ཏེ་ཕོ་བྲང་རྒྱལ་མཁར་རྩེ་ཞེས་པ་བསྐྲུན་གནང་མཛད། དེ་ནས་ཡབ་གཤེགས་རྗེས་གྲོམ་པ་ལྷ་རྩེར་ཕེབས་ཏེ་ཡབ་ཀྱི་གཤེགས་རྫོང་མཆོད་འབུལ་རྒྱ་ཆེར་གནང་། སྐུ་ཚེའི་མཇུག་ཏུ་གྲོམ་པ་ལྷ་རྩེར་བྲག་ལ་ཕོ་བྲང་མཛད་ནས་བཞུགས་ཞེས་དང་། ཡང་གསུང་སྲོལ་གཞན་ཞིག་ནི་འགྲོ་མགོན་ཆོས་འཕགས་ཀྱི་དུས་སུ་རྫོང་དེ་བསྐྲུན་གནང་མཛད་པ་དང་འགྲོ་མགོན་གནས་དེར་ཕེབས་སྐབས་རྫོང་རྩེར་ཉི་མ་ཤར་བ་དང་དུས་མཚུངས་པས་ལྷགས་རྩེ་ཞེས་མིང་ཐོགས་པ་ནས་རྗེས་སུ་ལྷ་རྩེ་ཞེས་པར་སྒྲ་འགྱུར་ཞེས་དང་། ཡང་ལྷ་རྩེ་རྫོང་ཆགས་སའི་གནས་དེ་བྲག་ཕོ་བྲག་མོ་བྲག་ལས་གྲུབ་པ་དེ་ལྷ་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དུ་ཡོད་པའི་རྩེ་མོར་ཆགས་པས་ལྷ་རྩེ་ཞེས་གསུང་སྲོལ་མི་འདྲ་ས་སོ་སོར་ཡོད། རྫོང་དེ་ཡོངས་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༤༠༥དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༡༡.༥ རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་༣༡༣.༥ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༧་མི་འབོར་ཁྲི་༩.༨ ཤང་༩དང་། གྲོང་བརྡལ་༢གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༥༠ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༡༠༠ཙམ་ཟིན་པའི་ས་བབ་ཅན་གྱི་ཞིང་ལས་གཙོ་བོར་གྱུར་ལ་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད། རྫོང་དེ་ནི་[page 114གཞིས་རྩེ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་༡༥༠སར་ཡོད་པ་དང་། དིང་རི་གཉའ་ལམ། སྐྱིད་གྲོང་སོགས་དང་། ངམ་རིང་། ས་དགའ། འབྲོང་པ་སོགས་བརྒྱུད་མངའ་རིས་ལ་འགྲོ་དགོས་ན་རྫོང་དེ་བརྒྱུད་དགོས་པ་བཅས་ཡིན།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་རྗེ་བཙུན་རེད་མདའ་བ་སྤྱི་ལོ་༡༣༤༩ལོར་གཙང་ལྡོད་རེད་མདའ་ཁབ་སོ་ཞེས་པར་སྐུ་འཁྲུངས་པ་དང་།ནམ་མཁའ་ལེགས་པའི་རྒྱལ་མཚན་ནམ་མཚན་གཞན་མཁས་བཙུན་ཆེན་པོ་ཞུ་བ་དེ་ཉིད་རབ་བྱུང་ལྔ་པའི་ཤིང་སྦྲུལ་སྤྱི་ལོ་༡༣༢༥ལོར་གཙང་སྟོད་ལྷ་རྩེར་སྐུ་འཁྲུངས། དགའ་ལྡན་ཁྲི་ཐོག་༡༡པ་འདར་སྟོན་བློ་བཟང་གྲགས་པ་གཙང་སྟོད་འདར་ཡུལ་དུ་སྐུ་འཁྲུངས་པ་བཅས་སོ།

 མངོན་དགའ་ཆོས་སྡེ།

ངམ་རིང་ཆོས་སྡེ་ནས་མུ་མཐུད་ལྷ་རྩེའི་ཕྱོགས་སུ་སྤྱི་ལེ་༤༩ཙམ་ཡོང་ན་སེང་གེ་ལུང་ཞེས་པའི་གྲོང་གི་ལྟག་དུ་དགོན་དེ་མཇལ་བ་ཡིན། སེང་གེ་ལུང་ཞེས་པ་ནི་སྔོན་གུ་རུ་རིན་པོ་ཆེས་སེང་གེར་ཆིབས་ཏེ་ཁུལ་དེར་ཕེབས་པས་སེང་གེ་ལུང་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ས་སྐྱ་པཎིཌ་ཏའི་གསུང་གི་སློབ་མ་ཇོ་ནང་ཀུན་སྤངས་ཆོས་གྲགས་ཀྱིས་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བ་༡༤གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཐུབ་དབང་ཐོག་ཚད་མ་དང་། སྨན་འདམ་གྱི་མཁའ་སྤྱོད་མ། འདུ་ཁང་ནང་ལི་མའི་ཐུབ་དབང་དང་རྣམ་པར་སྣང་མཛད། བཀའ་འགྱུར་པར་མ་སོགས་བཞུགས། སྔོན་དགེ་འདུན་༧༠སྐོར་གྱིས་ས་ལུགས་མདོ་སྔགས་ཀྱི་ཆོ་ག་ཁག་ཕྱག་བཞེས་གནང་བ་དང་ས་སྐྱ་དགོན་གྱི་དགོན་ལག་ཀྱང་ཡིན།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་ཐུབ་དབང་དང་མཁའ་སྤྱོད་མ་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 115]

 བླ་མ་ཐང་སྟོང་།

མངོན་དགའ་ཆོས་སྡེ་ནས་སྤྱི་ལེ་༥ཙམ་མར་ཡོང་ནས་ཆུ་ཕར་མ་ཐོན་པར་ཤར་ངོས་སུ་ཅུང་ཟད་སོང་ན་གཙང་རྒྱལ་སྡེ་ཐང་ཞེས་ཚེར་ཐང་གི་དཀྱིལ་དུ་མཆོད་རྟེན་དེ་མཇལ་རྒྱུ་ཡོད། མཆོད་རྟེན་དེ་ནི་ཐོག་མར་ཐང་སྟོང་རྒྱལ་པོ་གསོལ་གྲོད་སྙུན་བཞིན་གནས་དེར་ཕེབས་ཏེ་རྡོ་ཆེན་པོ་ཞིག་གི་སྟེང་དུ་བཞུགས་པའི་ཚེ། མཁའ་འགྲོ་སྡེ་ལྔ་ལུག་རྫིར་སྤྲུལ་ཏེ་ཐང་སྡོང་གི་མདུན་དུ་ཕེབས་ཏེ་གསོལ་སྨན་ཕུལ་བས་གསོལ་གྲོད་བཤལ་ཏེ་སྙུན་གཞི་དྭངས། དེ་ནསམཁའ་འགྲོས་“ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ།”ཅེས་བསྟོད་པ་ཚིགས་བཅད་བཞི་པོ་མཁའ་འགྲོས་གསོལ་བ་ཡིན།

ཐང་སྟོང་རྒྱལ་པོ་ནི་བོད་རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ་༡༣༦༡ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིང་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་ཐུགས་རིག་བཀྲ་ལ་ཐུགས་སེམས་བཟང་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡེ་གེ་སློབ་པར་བསྐྱལ། གང་དེས་སྙིང་རུས་ཆེན་པོས་སྦྱངས་པ་མཛད་པས་རིང་པོར་མ་ཐོགས་པར་བོད་ཡིག་དང་། ལཉྟྶ། ལྤརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་མཁས་པར་གྱུར། དེ་ནས་དགོན་པ་བྱང་སྡིངས་སུ་ཉི་མ་སེང་གེའི་དྲུང་དུ་རབ་བྱུང་། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོ་གསོལ། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་དཀོན་མཆོག་དར་མ་ལས་སྡེ་སྣོད་ཀྱི་རིག་ལམ་མང་པོ་གསན། དེ་རྗེས་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་པ་བསོད་ནམས་མཆོག་དང་། ཀུན་སྤངས་[page 116རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་པ་སོགས་ལས་གསང་ལྔགས་གསར་རྙིང་དང་མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གནས་གཅིག་ཏུ་མ་ངེས་པའི་དབོན་པའི་དབོན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་བཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཕུལ་བས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། ལོ་ངོ་བཅོ་བརྒྱད་ཙམ་རིང་བལ་ཡུལ་དང་རྒྱ་གར་སོགས་ལ་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང་། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་པོ་ལས་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་གསང་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུསཔ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་ག་ཏེར་དུ་སྦས་དེ་ནས་ཡུལ་རྒྱ་གར་ལྷ་མོར་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་པར་བཏབ་ནས་མཆོད་རྟེན་བརྩིགས་པ་དང་། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་པའི་ཐོག་མ་ཡིན་ཞེས་གསུངས། དེ་ལྟར་གནས་ངེས་མེད་དུ་བྱོན་པ་ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་ཕེབས་སྐབས་ལྷ་གདོང་ཤན་ཁར་གྲུ་གླ་གནང་རྒྱུ་མེད་སྟབས་གཉན་དཔོན་གྱིས་ཐང་སྟོང་གི་དབུ་ལ་གྲུ་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་གྲིལ་བས་ཐུགས་ཤིན་ཏུ་ཕམ་སྟེ་ང་དང་འདྲ་བའི་སྐྱེ་འགྲོ་མང་པོ་ཞིག་ཆུ་ལས་སྒྲོལ་བར་ངལ་བ་འཕྲད་རྒྱུ་ཡིན་པས། ཆུ་བོ་ཆེན་པོར་ལྕགས་ཟམ་རེ་འཛུགས་ཐུན་ན་ཅི་མ་རུང་དགོངས་པ་དང་ལྕགས་ཟམ་འཛུགས་རྒྱུར་ཐུགས་ཐག་བཅད། གང་སར་ཕེབས་ཏེ་མཚན་སྙན་གོང་དུ་འཕེལ་བས་སློབ་མའང་མང་དུ་འདུས་དད་ལྡན་སྐྱེ་བོ་མང་པོས་ཕུལ་བའི་དད་རྫས་དང་བུ་སློབ་འཁོར་བཅས་ཀོང་ཡུལ་སྟེང་རྩ་དང་། བྷ་ཁ། སྨན་མོ་སྒང་སོགས་ལ་ཕེབས་ཏེ་ལྕགས་གཏེར་སྔོག་འདོན་དང་ལྕགས་སློང་མཛད། ལྕགས་གཏེར་ཕོན་ཆེ་རྙེད་པ་དང་། ཀོང་པོ་

[page 117བ་དོན་གྲུབ་རྒྱལ་པོས་ལྕགས་ཁུར་པོ་བཅུ་གསུམ་ཕུལ་བ་སོགས་ལྕགས་འབུལ་མཁན་ཡང་ཤིན་ཏུ་མང་པོ་བྱུང་། མགར་དབུ་ཀུན་དགའ་སོགས་མགར་བ་མང་པོ་དང་ལྷན་དུ་ལྕགས་མགར་མཛད་པས་ཞག་བཅོ་བརྒྱད་ནང་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་དང་། ལྕགས་གུག་རྐང་སྟོང་ཕྲག་མང་པོ་བཟོ་རྡུང་མཛད་དེ་ཤར་ཀོང་ཡུལ་ནས་ཡུལ་གྲུ་གང་སར་དྲངས། དེ་ནས་ལྷ་གདོང་ཤན་ཁར་ཕེབས་ཏེ་ལྷོ་ཕྱོགས་བྲག་ལ་ཕུར་པ་བཏབ། བྱང་ངོས་རྡོ་ཡི་རྩིག་པ་བརྩིགས་ནས་ལྕགས་ཐག་དྲངས། སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཕུལ་པའི་ཐག་པ་ལྕགས་ཐག་ཕན་ཚུན་དྲངས་པ་སོགས་ངལ་བ་ཁྱད་དུ་བསད་དེ་མཐར་ལྕགས་ཟམ་འགྲུབ་པར་མཛད། དེ་ལྟར་ཡུལ་གྲུ་གང་སར་ལྕགས་ཟམ་བསྐྲུན་གནང་མཛད་པས་གྲུབ་ཐོབ་ལྕགས་ཟམ་ཞེས་པའི་མཚན་གསོལ་བ་དོན་དང་མཐུན། སློབ་མའི་འཁོར་བཅས་ཀྱིས་གང་སར་སློང་མོ་མཛད་པའི་མཐུན་རྐྱེན་དད་རྫས་རྣམས་ཆུད་ཟོས་སུ་མ་བཏང་བར་ཡོངས་རྫོགས་ལྕགས་ཟམ་གྱི་ཆེད་དུ་བཏང་གནང་མཛད། སློང་མོའི་ཆེད་དུ་ཨ་ལྕེ་ལྷ་མོ་ཞེས་པའི་ཟློས་གར་གསར་གཏོད་གནང་བ་དུས་ད་ལྟའི་བར་དུ་དར་ནས་ཡོད་ལ་བོད་མི་རིགས་ལ་འཛམ་གླིང་ཐོག་མི་རིགས་མི་ཉུང་བ་ཞིག་ལ་མ་གྲུབ་པའི་《ལྷ་མོའི་ཟློས་གར་》ཞེས་པ་དེ་ཉིད་བྱུང་། གང་དེས་དབུས་གཙང་ཁམས་གསུམ་ལ་ཁྱོན་བསྡོམས་ལྕགས་ཟམ་༥༨དང་། གྲུ་ཤན་༡༡༨ཤིང་ཟམ་༦༠བཅས་འཛུགས་གནང་མཛད་པ་དང་། ལྕགས་ཟམ་རིང་ཤོས་ལ་སྤྱི་ལེ་༡༠༠ལྷག་ཙམ་དང་། ཐུང་ཤོས་ལ་སྤྱི་ལེ་༥༠ཙམ་ཡོད། ཞེང་ཚད་ཆེ་བ་སྤྱི་ལེ་ཁྲེ་༢དང་ཆུང་བར་སྤྱི་ཁྲེ་༡.༥ཙམ་ཡོད་པ། ལྕགས་ཟམ་དེ་དག་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་ཆར་རླུང་ཁྲོད་བཙའ་མི་རྒྱག་བ་དང་། ལྕགས་མདོག་མི་འགྱུར་བ། ལོ་རབས་༥༠པའི་དུས་སུའང་ལྕགས་ཟམ་དེ་དག་གི་སྟེང་འགྲུལ་བཞུས་བྱེད་བཞིན་ཡོད་པ་བཅས་སོ། དེ་ལྟར་སྐྱེས་བུ་དམ་པ་དེ་མཐར་བོད་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་སྤྱི་ལོ་༡༤༨༥ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས། [page 118དགུང་གྲངས་༡༢༥བཞུགས་པ་ཡིན། སྐྱེས་བུ་དམ་པ་ཁོང་དགུང་ལོ་དེ་བས་མང་བ་བཞུགས་པ་ཡིན་ན་ལོ་ངོ་༦༠༠གོང་ནས་བོད་ཀྱི་འགྲིམས་འགྲུལ་ཐད་ལེགས་བཅོས་བསམ་ལས་འདས་པ་ཞིག་ཡོང་རྒྱུ་ནི་གོང་གི་མཛད་རྣམ་ཀྱི་ཤུགས་ལས་རྟོགས་ཐུབ་པས་དེའང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལྕགས་ཟམ་པས་ཉམས་ཐག་འགྲོ་བ་ཆུ་ལས་སྒྲོལ་བའི་ཆེད། ཐུགས་སྨོན་ཕྱག་རྒྱའི་ཐུན་མཚམས་ལས་བཞེངས་ཏེ། མིག་མཐོང་ལག་ཏུ་ཟིན་པ་ལྟ་བུ། བོད་ལ་བླ་མ་མང་ཡང་དེ་འདྲ་དཀོན། དེ་འདྲ་ཡོད་ན་འདི་འདྲ་ཡིན་མདོག་མེད། དེ་ལྟར་བསྟོད་པ་ཨུཏྤལ་ཆུན་པོ་འདི། ཕྱོགས་བཅུའི་དག་ཞིང་གང་ན་བཞུགས་ཡོད་པའི། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེས་པར་མཛོད། བཅས་པའང་དབང་མེད་དུ་ཐལ་ལོ།

 འདར་གྲོང་མོ་ཆེ་

མཚན་རྒྱས་པར། འདར་གྲོང་མོ་ཆེ་ཆོས་འཁོར་ཡང་རྩེ་ཞེས་ཞུ། བླ་མ་ཐང་སྟོང་ནས་ཟམ་པ་ཐོན་ཏེ་སྤྱི་ལེ་ཁ་ཤས་ཤིག་ལྷོ་ངོས་སུ་ད་ལྟའི་ལྷ་རྩེ་རྫོང་གནས་ཡུལ་དུ་སོང་ན་ལྷ་རྩེ་རྫོང་དུ་མ་སླེབས་ཙམ་གྱི་ཟམ་སྣེར་དགོན་དེ་མཇལ་བ་ཡིན། འདར་གྲང་མོ་ཆེ་ཞུ་བ་ནི་ཐོག་མར་གུ་རུ་རིན་པོ་ཆེ་གྲུམ་པ་གྱང་ཞེས་པར་སྲིན་པོ་དམ་འདོག་གནང་བར་ཕེབས་ཏེ་ཡག་རི་ཞེས་པའི་རྩེ་ནས་གཟིགས་པས་སྲིན་མོ་བྲོས་ཏེ་འདར་བ་གཟིགས་པས་འདར་ཞེས་པ་དེ་ལྟར་བྱུང་། དེ་ནས་འཆོལ་བོ་ཞེས་པ་སླེབས་སྐབས་སྲིན་མོས་མ་རྙིད་པར་འཚོལ་བ་གཟིགས་པས་འཚོལ་བོ་ཞེས་པ་དེ་ལྟར་བྱུང་། དེ་ནས་སྲིན་མོ་ཕྱི་རྒྱབ་ཅེས་པར་སླེབས་སྐབས་ཕྱི་ལྟད་སློག་པས་ཕྱི་རྒྱབ་ཅེས་པ་དེ་ལྟར་བྱུང་།དེ་ནས་གྱང་ཞེས་པར་སླེབས་སྐབས་སྲིན་མོ་དཀའ་སྟེ་གྱང་ཙམ་གྱང་ཙམ་ལས་འགྲོ་མ་ཐུབ་སྟབས་གྲུམ་པ་ཞེས་པ་དེ་ལྟར་བྱུང་། གྲུམ་པ་གྱང་དུ་སྲིན་མོ་དམ་འདོག་གནང་། ཡུལ་ལུང་སོ་སོར་མིན་དེ་ལྟར་ད་ལྟའང་འབོད་ཀྱི་ཡོད། ཐོག་མར་མཚར་ཆེན་བློ་གསལ་རྒྱ་མཚོས་འདར་སྟོད་རྣམ་རྒྱལ་སྟག་རྩེར་དགོན་ཞིག་ཕྱག་བཏབ་གནང་མཛད། འདར་གྲང་མོ་ཆེ་ད་ལྟའི་རྫོང་གི་སྨན་ཁང་ཡོད་

[page 119སར་རྗེ་འབངས་ཉེར་ལྔའི་ནང་ཚན་རྨ་ཐོག་རིན་ཆེན་གྱི་གདན་ས་ཡིན་པ་ལ་རྗེས་སུ་དགོན་དེ་སྟོངས་རྗེས་མཚར་ཆེན་གྱི་དགོན་པ་གནས་དེར་སྤོས་གནང་བ་ནས་བཟུང་འདར་གྲང་མོ་ཆེ་ཞུ་བ་དེ་ལྟར་བྱུང་། དེ་ནས་རིམ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་ མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སོགས་དང་རྗེས་སུ་པཎ་ཆེན་ངག་དབང་ཆོས་གྲགས་ལ་སོགས་རིམ་པར་བྱོན་ཏེ་མཛད་པ་བསྐྱངས། སྔར་འདུ་ཁང་ཀ་བ་༢༥ནང་ཚར་ཆེན་གྱི་སྐུ་སྨར་གདུང་བཞུགས་པའི་གསེར་གདུང་དང་། གཙང་ཁང་སྦུག་མར་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང་སྒྲོལ་མ་གསུང་བྱོན་མ། འདུ་ཁང་ཡང་སྟེང་ལམ་འབྲས་ལྷ་ཁང་ནང་གསེར་ཟངས་ཀྱི་ལམ་འབྲས་བླ་རྒྱུད། མགོན་ཁང་མེ་ཐུབ་མ་ཞེས་པའི་ནང་གུར་ལྷ་བརྒྱད་ལ་སོགས་རྟེན་གསུམ་ཁྱད་པར་ཅན་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད་ལ་དགེ་འདུན་༦༠ལྷག་གིས་ཚར་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་བཞེས་མཛད་བཞེས་མཛད་པས་ཚར་ལུགས་ཀྱི་གདན་ས་ཞིག་དུ་གྱུར་བ་བཅས་ཡིན།

ད་ལྟ་སྔར་གྱི་དགག་དབྱེའི་གླིང་ཁ་ཡོད་སར་གསར་བཞེངས་གནང་བའི་ནང་སྨན་འདམ་ལས་གྲུབ་པའི་ཐུབ་དབང་གི་སྐྱ་བརྙན་གཙོ་བོར་གྱུར་པའི་ཚར་ཆེན་བློ་གསལ་རྒྱ་མཚོའི་དང་། རྣམ་སྣང་། གུ་རུ་རིན་པོ་ཆེ་ལ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ས་སྐྱའི་ཕྱོགས་སུ་སོང་ན་མཛེས་པ་དགོན་ཞེས་པ་དང་། འཛིམ་དགོན་ཞེས་པ་སོགས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།།

 ཐུབ་བསྟན་དགེ་འཕེལ།

མཚན་རྒྱས་པར། མར་མཁར་ཐུབ་བསྟན་དགེ་འཕེལ་ཞེས་ཞུ། མང་མཁར་ཞེསཔ་ནི་ཡུལ་དེར་ཀ་མད་སུམ་ཅུའི་རང་བྱོན་རིམ་བཞིན་ཡོད་པ་ལ་སྲི་འཕྲང་ཞེས་པ་ནས་འགོ་ཚུགས། དེ་ནས་

[page 120ཡར་ཡོང་དུས་གཡས་ངོས་སུ་མ་དང་གཡོན་ངོས་སུ་ཀ་ཡོད་པས་མ་ཀ་ཞེས་པ་ནས་རིམ་བཞིན་མང་མཁར་ཞེས་པར་སྒྲ་འགྱུར་ཞེས་ཟེར།དགོན་དེ་ནི་ཐོག་མར་ས་སྐྱའི་རྗེ་བཙུན་གྲགས་རྒྱན་ཐོག་མར་དགོན་དེའི་ལྷོ་ངོས་རི་རྒྱབ་ཏུ་ཆ་ལུང་རྡོ་རྗེ་བྲག་ཞེས་པར་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས། ཤར་ངོས་ནས་སྤྲིན་དཀར་པོ་ཞིག་རིམ་བཞིན་ད་ལྟའི་དགོན་དེའི་ཐད་ཡལ་བ་གཟིགས་པས་གནས་དེར་རྟེན་འབྲེལ་འགྲིག་པར་དགོངས་ཏེ་ད་ལྟའི་དགོན་དེ་བཏབ་གནང་མཛད། དེ་རྗེས་ཚར་ཆེན་བློ་གསལ་རྒྱ་མཚོ་གནས་དེར་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད་དེ་འདུས་ཆགས་ཤིན་ཏུ་རྒྱས་པ་འཕེལ། ཚར་ཆེན་གྱི་དབུ་བླ་རྡོ་རིང་པའི་གསུང་ཐང་ཡང་གནས་དེར་ལྗགས་རྩོམ་གནང་ཞེས་གསུངས། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་གསེར་ཟངས་ཀྱི་ཇོ་བོ་ཐོག་ཚད་མ་དང་། ཚར་ཆེན་གྱི་སྐུ་བརྙན་གསུང་བྱོན་མ་ཐུབ་དབང་ལྷ་ཡུལ་མ་སོགས་རྟེན་གསུམ་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཚར་ཆེན་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 དར་རྒྱས་གླིང་།

མཚན་རྒྱས་པར། དགའ་ལྟན་དར་རྒྱས་གླིང་ཞེས་ཞུ། ཐུབ་བསྟན་དགེ་འཕེལ་གླིང་ནས་སྤྱི་ལེ་ཁ་ཤས་མར་ཡོང་ན་དགོན་དེ་ལམ་འོག་ཏུ་ཡོད་ དགོན་དེ་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་ལུང་གིས་ཟིན་པ་མཁས་གྲུབ་དཔལ་ལྡན་རྒྱ་མཚོས་ཕྱག་བཏབ་གནང་མཛད། དགོན་དེ་ནི་ལྷ་རྩེ་ཁུལ་དུ་དགེ་ལྟན་གྱི་དགོན་པ་དང་པོ་ཡིན་པ་དང་། གྲུམ་པ་གྱང་ཉམས་གསོ་གནང་རྗེས་སུའང་དགོན་དེའི་ཁོངས་སུ་སྦྱར། མཁན་པོའང་བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་ཕེབས་པ་ཡིན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཡང་སྐྱིད་གྲོང་དེར་ཞབས་བཅག་པ་དང་། པཎ་ཆེན་སྐུ་ཕྲེན་དགུ་པའང་མང་འཁར་ཆུ་ཚན་དུ་ཕེབས་སྐབས་དགོན་དེར་བཞུགས་པའི་ལོ་རྒྱུས་ཀྱང་ཡོད། [page 121སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་ནང་དུས་གསུམ་སངས་རྒྱས་ཐོག་སོ་ཅན་དང་། འཇིགས་བྱེད་དཔའ་བོ་གཅིག་པ། རྗེ་ཡབ་སྲས་གསུམ་སོགས་རྟེན་དང་བརྟེན་པར་བཅས་པ་མཇལ་རྒྱུ་ཡོད། སྔར་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་༨༠སྐོར་གྱིས་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་ཕྱག་བཞེས་གནང་བ་ཡིན།

ད་ལྟ་སྔོན་གྱི་རྩིག་སྟེང་ཐོག་བཀབ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱུ་ཡོད།

 མུ་གུ་ལུང་།

དར་རྒྱས་གླིང་ནས་མུ་མཐུད་སྤྱི་ལེ་ཁ་ཤས་མར་ཡོང་ན་ཤར་ངོས་སུ་དགོན་དེ་མཇལ་བ་ཡིན། མུ་གུ་ལུང་ཞེས་པ་ནི་མར་པ་ལོ་ཙཱ་བ་གྲུབ་ཆེན་གྷ་ཡ་དྷ་རའི་སྐུ་མདུན་དུ་ཆོས་ཞུ་བར་ཕེབས་པས་གྲུབ་ཆེན་གྱིས་ཆོས་མ་གསུང་པར་ཁྱོད་ཀྱི་བླ་མ་ན་རོ་པའི་སར་སོང་ཞེས་གསུངས་པས། མར་པ་ཐུགས་ཡིད་མུག་པས་མུ་གུ་ལུང་ཐོགས་ཞེས་དང་། ཡང་གསུང་སྲོལ་གཞན་ཞིག་ནི་པཎ་ཆེན་གྷ་ཡ་དྷ་ར་རྒྱ་གར་ནས་ལྷ་རྩེར་ཕེབས། དེ་ནས་མང་མཁར་དུ་བྱོན་པས་མང་མཁར་གྱི་ཆུ་སྒྲ་ལས་“མུ་གུ་མུ་གུ་”ཞེས་པའི་སྒྲ་གསན་པས་སྒྲ་དེ་ཐུན་མོང་མ་ཡིན་པར་གསན་ཏེ་ཆུ་སྒྲ་དེད་ནས་མུ་མཐུད་ཕེབས་པས་ད་ལྟའི་དགོན་གནས་སྒྲུབ་ཕུག་ཏུ་འབྲོག་མི་ལོ་ཙཱ་བ་བཞུགས་ཡོད་པ་དང་མཇལ་བས་ཕན་ཚུན་གསན་བསལ་མཛད་གནས་དེར་མུ་གུ་ལུང་ཞེས་པའང་དེ་ལྟར་ཐོགས་ཞེས་གསུངས། གྲུབ་ཆེན་ཡང་གནས་དེར་བཞུགས་ཏེ་སློབ་བུ་མང་དུ་འཕེལ་ཏེ་སྒྲུབ་ལ་གཞོལ། སྒྲུབ་ཕུག་༡༠༨ཡོད་པ་ལས་གཙོ་བོ་ཕུག་ཆེན་༡༣ཞེས་དབང་བསྐུར་བྱིན་རླབས་ཕུག་དང་། ཆོས་སྒྲ་སྒྲོག་པ་ཕུག་ སྒྲ་སྒྱུར་ལོ་ཙཱ་ཕུག་ལ་སོགས་པ་ཡོད། ས་སྐྱའི་ལམ་འབྲས་ཀྱང་ཐོག་མར་སྒྲུབ་ཆེན་གྷ་ཡ་དྷ་རས་འབྲོག་མི་ལོ་ཙཱ་བ་གནང་། ལོ་ཙ་བས་བླ་མ་སེ་སྟོན་ཀུན་རིག་སོགས་ལ་རིམ་པར་གནང་ཞེསགསུངས་པར་གྲགས།

[page 122]ད་ལྟ་དབང་བསྐུར་བྱིན་རླབས་ཕུག་ནང་རྟེན་གསུམ་གསར་བཞེངས་གནང་ཡོད་པ་དང་། དེ་བཞིན་སྒྲུབ་ཕུག་གཞན་མང་པོ་མཇལ་རྒྱུ་ཡོད།

 དགོན་པ་ཤར།

མུ་གུ་ལུང་མཇལ་རྗེས་སྤྱི་ལེ་ཁ་ཤས་མར་ཡོང་ན་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་པཎ་ཆེན་ཤཱཀྱ་མཆོག་ལྟན་གྱིས་ཕྱག་བཏབ་གནང་མཛད།ཐོག་མར་ས་ལུགས་ཡིན་པ་ལ་རྗེས་སུ་དགེ་ལུགས་སུ་འགྱུར་རྗེས་བཀྲས་ལྷུན་གྱི་ཁོངས་ཡིན། ད་ལྟ་དགོན་དེར་ཤཱཀྱ་མཆོག་ལྡན་དང་།ལྟུང་བཤགས། གནས་བརྟན་བཅུ་དྲུག་སོགས་ཀྱི་ལྡེབས་རིས་རྙིང་མ་དང་། རྗེ་ཡབ་སྲས་གསུམ། གུ་རུ་རིན་པོ་ཆེ། བྱམས་པ་ཁྱིམ་བཞུགས་མ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 བསམ་གྲུབ་དགོན་གསར།

མཚན་གཞན་ལ་ཐེག་ཆེན་འོད་གསལ་གླིང་ཞེས་ཞུ། དགོན་པ་ཤར་ནས་མར་ཡོང་ན་བསམ་གྲུབ་གྲོང་ཞེས་པའི་ཤར་ངོས་ལུང་ཤུར་ནང་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་གྲུབ་ཐོག་ཐང་སྟོང་རྒྱལ་པོའི་དངོས་སློབ་རྗེ་བཙུན་བློ་གྲོས་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། དེའང་ཐོག་མར་ཐང་གིས་རྗེ་བཙུན་ལ་ཁྱེད་ཀྱིས་གནས་འདེར་དགོན་ཞིག་ཐོབས་ཤིག་ཞེས་གསུངས་པར། རྗེ་བཙུན་གྱིས་དགོན་གནས་གང་དུ་འདེབས་སམ་ཞེས་ཞུས་པར་། ཁྱོད་རང་གི་འདོད་པ་ལྟར་བཏབ་ན་འགྲིག་ཅེས་གསུངས། དེ་ནས་རྗེ་བཙུན་གྱིས་ཐོག་མར་ད་ལྟའི་དགོན་གནས་དེའི་ཕུར་བསམ་རྩེ་ཞེས་པར་ཐུགས་རྩེ་གཅིག་ཏུ་བསྒྲིགས་ནས་བཞུགས་པས་བསམ་རྩེ་ཞེས་པའང་དེ་ལྟར་བྱུང་། དེ་ནས་ཉིན་ཞིག་གསུང་གཏོར་གནང་ནས་བཞུགས་པའི་སྐབས་གཏོར་ལྡེར་ཕོ་རོག་གཉིས་ཀྱིས་འཁྱེར་སོང་བས་རྗེས་དེད་མཛད་པས་ད་ལྟའི་དགོན་གནས་ཡུལ་དེར་བཞག་ཡོད་པ་གཟིགས་པས་གུར་ཞལ་གྱིས་ལུང་བསྟན་པར་མཁྱེན་ཏེ་དགོན་དེ་བཏབ། ཐོག་མར་དགོན་

[page 123པའི་མཚན་ལ་ཐོག་ཆེན་འོད་གསལ་གླིང་ཞེས་ཞུ་བ་ལ་རྗེས་སུ་ཡུལ་མིང་དགོན་ལ་ཐོགས་ནས་བསམ་གྲུབ་དགོན་ཞེས་ཐོགས། དེ་ནས་རྗེ་བཙུན་ཐུགས་དམ་ལ་རྩེ་ཅིག་ཏུ་གཞོལ་ཏེ་ཉིན་བདུན་སོང་བའི་ཞོག་པ་ནམ་གསལ་མི་གསལ་གྱི་མཚམས་སུ་མུ་དཀར་པོ་ཁྱི་དམར་པོ་ཁྲིད་པ་ཞིག་གིས་རྗེ་བཙུན་ལ་“ཁྱེད་རོལ་མོ་ཉོ་འམ་”ཞེས་ཞུས་པས། རྗེ་བཙུན་གྱིས་རོལ་མོ་ཕྱག་ཏུ་བཞེས་ཏེ་གཟིགས་པ་དང་མི་ཁྱི་གཉིས་གར་སོང་མེད་པར་ཡལ་ཞེས་གསུངས།

སྔོན་འདུ་ཁང་ཀ་བ་༡༨ཀྱི་སར་རྟེན་གཙོ་ཐུབ་དབང་གཙོ་འཁོར་གསུམ་དང་འབྲེལ་བའི་ལམ་འབྲས་བླ་རྒྱུད་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ། མཆོད་རྟེན་དུ་བ་རྟག་པ་ཞེས་རྟག་དུ་མཆོད་རྟེན་གྱི་རྩེ་ནས་དུབ་ཐོན་པ། གླང་དར་ཁྲིམས་ཕོག་མ་ཞེས་པའི་ཇོ་བོའི་སྐུ་བརྙན། གོང་གསལ་མི་མ་ཡིན་གྱིས་ཕུལ་བའི་རོལ་མོ་བཅས་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་དགེ་འདུན་༢༥སྐོར་གྱིས་ཚར་ལུགས་ཀྱི་སྒྲུབ་མཆོད་ཁག་ཕྱག་ལེན་མཛད་པ་ཡིན། གཞན་ཡང་དགོན་དེའི་ས་དཔྱད་ནི་མདུན་རི་གླང་ཆེན་འགྱིང་འདྲ་ལ་རྒྱབ་རིང་མེ་རིས་རང་བྱོན་གསལ་བ་བཅས་ཡོད།

ཡང་དགོན་དེ་ནས་མར་ཡོང་ན་གནས་གསར་དགོན་དང་། སྐུ་འབུམ་མཆོད་རྟེན། དམུ་མགོན་ཁང་སོགས་ཀྱང་ལམ་ཟུར་དུ་མཇལ་རྒྱུ་ཡོད།

 ལྷ་རྩེ་ཆོས་སྡེ།

མཚན་རྒྱས་པར། ལྷ་རྩེ་ཆོས་སྡེ་དགའ་ལྡན་འོག་མིན་གླིང་ཞེས་ཞུ། འདར་གྲང་མོ་ཆེ་ནས་སྤྱི་ལེ་༡༡ཙམ་ལྷ་རྩེ་རྫོང་ཤུལ་རྙིང་པར་སོང་ན་རྫོང་ཆགས་ཡུལ་གྱི་འདབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་རྒྱལ་བ་ལྔ་པའི་དུས་འཕྱོངས་རྒྱས་པ་ཞིག་ལྷ་རྩེའི་རྫོང་དཔོན་དུ་ཕེབས་སྐབས་གནས་དེར་ཆོས་སྡེ་ཞིག་འདེབས་པར་དགོངས་ཏེ་རྒྱལ་བ་ལྔ་པར་སྙན་ཞུས་དེ་ལྟར་ཆོག་པའི་ཕྱག་རྟགས་ཕེབས་སྟབས་ཆོས་སྡེ་དེ་ཉིད་བཏབ་གནང་མཛད། ཐོག་མར་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་ལུགས་ལྟར་ཕྱག་ལེན་

[page 124མཛད་པ་དང་མཁན་ཐོག་བདུན་ཙམ་བདེ་ཡངས་གྲྭ་ཚང་ནས་ཕེབས་པ་ཡིན་དེ་རྗེས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བསྙེན་རྫོགས་མཁན་པོ་པཎ་ཆེན་བསྟན་པའི་ཉི་མར་ལྷ་ངམ་ཆོས་གསུམ་སྟེ་ལྷ་རྩེ་ཆོས་སྡེ་དང་། ངམ་རིང་ཆོས་སྡེ། ཕུན་ཚོགས་གླིང་ཆོས་སྡེ་བཅས་ཕུལ་གནང་བས་དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་ཁོངས་སུ་གཏོགས་པ་ཡིན། གཞན་ཡང་དགོན་དེར་གྲུབ་དབང་ཡེ་ཤེས་སྙིང་པོ་དང་། གྲུབདབང་ཡེ་ཤེས་ཆོས་འཕེལ། རྗེ་བཙུན་བསྟན་འཛིན་ཡེ་ཤེས། ད་ལྟ་འཚོ་བཞུགས་གྲུབ་དབང་རྗེ་བཙུན་བསྟན་འཛིན་རྒྱལ་མཚན་བར་སྐུ་ཕྲེང་། རིམ་པར་བྱོན། སྔོན་འདུ་ཁང་ཀ་བ་༢༨ཀྱི་གཙང་ཁང་སྦུག་མར་ཐུབ་པ་ཉན་དང་བཅས་པ་ལ་ཉེ་སྲས་བརྒྱད་ཀྱིས་སྐོར་བ། འདུ་ཁང་ནང་སྨན་བླའི་བློས་བསླངས་དཀྱིལ་འཁོར་གསེར་ཟངས་ལས་གྲུབ་པ། དེའི་ནང་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན་ནི་སྨན་གྱི་རྒྱལ་པོ་དངུལ་དཀར་དང་དེ་བྱིངས་ལི་དམར་ལས་གྲུབ་པ། དཀྱིལ་འཁོར་དེ་བཞེངས་བསྒྲུབས་རྗེས་རྒྱལ་བ་ལྔ་པ་རབ་གནས་ལ་གདན་འདྲེན་ཞུས་པར་“ང་འོང་མི་ཐུབ། ངས་དམིགས་པ་བྱས་འོང་”ཞེས་གསུངས་པས་དུས་བཀཀ་ལྟར་དེ་ཉིན་ཆོས་འབྲུ་བབས་པའི་ལུ་རྒྱུས་ཀྱང་ཡོད། ཡང་སྟེང་ཤར་ངོས་སུ་མཁན་པོ་རིམ་བྱོན་གྱི་གདུང་རྟེན་ལྷ་ཁང་དང་། ནུབ་ཏུ་ཙོང་ཁ་བརྒྱད་བཅུ། སྐུ་རྒྱུ་ཙན་དན་ལས་གྲུབ་པའི་གྲུབ་ཆེན་བརྒྱད་བཅུ། བྱང་ངོས་སུ་བཀའ་འགྱུར་པར་མ་གྲངས་༡༣ཙམ། བྱམས་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་གསུམ་ཐོག་ཅན། གཞན་ཡང་གཟིམ་ཆུང་དང་བཅས་པར་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་དུས་འགྱུར་གོང་དགེ་འདུན་ལྔ་བརྒྱ་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་བཤད་གྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན་ལ་ལོ་ལྟར་བོད་ཟླ་༡ཚེས་༡༥བྱམས་པ་ཆོས་འཁོར་ཞེས་བྱམས་པ་གླིང་སྐོར་ལ་གདན་འདྲེན་པ་དང་། གོས་སྐུ་འགྲེམས་ཞལ་དབྱེ་བ་བཅས་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་རྟེན་གསུམ་གྱི་[page 125སྐུ་ཚབ་གསར་བཞེངས་གནང་བ་དང་ལྟེབས་རིས་རྙིང་པ་དཔག་བསམ་ཁྲི་ཤིང་སོགས་མཇལ་རྒྱུ་ཡོད།

ལྷ་རྩེ་རྫོང་ཆགས་ཡུལ་གྱི་རི་ནི་མདུན་ངོས་མོ་བྲག་སྟེ་གཡམ་རི་དང་། རྒྱབ་ངོས་ཕོ་བྲག་སྟེ་བྲག་རི་ཡིན་པས་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དང་། རྩེ་མོ་རྫོང་མཁར་གྱི་དབུས་སུ་འགྲོ་མགོན་ཆོས་འཕགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསེར་བྲིས། རི་བོའི་ཤར་དུ་པོ་ཏ་ལ་དང་། ལྷོ་རུ་གུ་རུ་ཕུག་ ནུབ་ཏུ་གཡུ་ལོ་བཀོད། བྱང་དུ་གྷ་ཡ་དྷ་ར་ཞེས་པར་གྷ་ཡ་དྷ་རའི་སྐུ་སྨར་གདུང་བཞུགས་པ། ལྷ་རྩེ་ཞེས་པ་ནི་ལྷ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་ཡིན་པས་མཚན་དེ་ལྟར་ཐོགས་པ་ཡིན་ཞེས་ཟེར།(ད་ལྟ་བྱང་གི་ལྷ་ཁང་ཉམས་གསོ་གནང་ཡོད།)

ཡང་དགོན་དེ་ནས་ཤར་ངོས་སུ་སྤྱི་ལོ་ལྔ་ཙམ་སོང་ན་རུ་གནོན་གྱི་གཙུག་ལག་ཁང་གྲུམ་པ་གྱང་དགོན་ཞེས་པ་དང་། མརྫེས་པ་དགོན། ཆུ་བྱང་ངོས་སུ་གཡུ་བྲལ་ཕོ་དགོན་མོ་དགོན་ཞེས་པ། བྱེ་མ་ཤིང་གི་ལྷ་ཁང་། བཙན་པོའི་བང་སོ་བཅས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 ཕུན་ཚོགས་གླིང་

མཚན་རྒྱས་པར། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགེ་བའི་ཚལ་ཞེས་དང་། ཡང་དགའ་ལྡན་ཕུན་ཚོགས་གླིང་ཞེས་ཀྱང་ཞུ། མཚན་དང་པོ་ནི་ཇོ་ནང་ཏ་ར་ནཱ་ཐས་དགོན་དེ་ཕྱག་བཏབ་གནང་རྗེས་གསོལ་བ་དང་། མཚན་གཉིས་པ་ནི་རྒྱལ་བ་ལྔ་པས་རི་བོ་དགེ་ལུགས་པར་བསྒྱུར་གནང་རྗེས་གསོལ་བ་ཞིག་ཡིན། ལྷ་རྩེ་ཆོས་སྟེ་ནས་མུ་མཐུད་འཁོར་ལམ་བརྒྱུད་སྤྱི་ལོ་༥༥ཙམ་སོང་ན་ཕུན་ཚོགས་གླིང་ཞེས་པའི་གྲོང་གི་ལྷོ་ངོས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཇོ་ནང་ཏ་ར་ནཱ་ཐས་སྤྱི་ལོ་༡༦༡༥ལོར་ཐོག་མར་ཆུ་ཕ་རིར་སྡེང་ཁ་ལ་སྟེང་ཞེས་པར་ཕྱག་འདེབས་དགོས་དགོངས། དེ་ནས་ཚུར་གཟིགས་སྐབས་ད་ལྡའི་དགོན་གནས་དེ་ས་བྱད་ལེགས་པར་གཟིགས་ཏེ་[page 126མཆོད་ཁང་རྩེའི་རི་སྟེང་དུ་འཕུར་ཕེབས། དེར་ཞབས་རྗེས་འདམ་ལ་བཏབ་པ་ལྟར་གསལ་བ་ད་ལྟའང་མཇལ་རྒྱུ་ཡོད། གཞན་ཡང་ཇོ་མདོའི་ལམ་འཕྲང་ཞེས་རྐུན་ཇག་གིས་རྟག་ཏུ་འཚེ་བའི་འཇིགས་སྐྱོབ་ཀྱི་ཆེད་དུ་དགོན་དེ་བཏབ་གནང་མཛད། རིམ་བཞིན་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་༣༠༠༠ཙམ་བར་འཕེལ་ཏེ་མཉམ་མེད་ཇོ་ནང་པའི་བཤད་སྒྲུབ་གཉིས་ལྡན་ཆེས་ཆེར་རྒྱས་པར་མཛད། བླ་ཁག་ཀྱང་བཞི་ཙམ་བྱུང་བ་ནི་ཏ་ར་ནཱ་ཐ་དང་། རྫོང་རྩེ་སྤྲུལ་སྐུ། བཞད་པ་སྤྲུལ་སྐུ། མདོག་ལྷོ་སྤྲུལ་སྐུ་བཅས་བླ་བྲང་སོ་སོར་ཡོད། སྔོན་འདུ་ཁང་ཀ་བ་༣༦གི་གཙང་ཁང་ཀ་བརྒྱད་ནང་སྐུ་རྒྱུ་ལེ་ལས་གྲུབ་པའི་ཇོ་བོ་དགེ་འདུན་འཕེལ་རྒྱས་དང་། ཇོ་བོ་གླང་འདུལ་མ་གཙོ་བོར་གྱུར་པའི་མཐའ་འཁོར་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་རབས་བདུན་ཐོག་སོ་གསུམ་ཙམ་བཅས་བཞུགས་སུ་གསོལ། རྟེན་གཙོ་ཇོ་བོ་དགེ་འདུན་འཕེལ་རྒྱས་ནི་དགོན་དེའི་རྟེན་གྱི་ཐོག་མ་དེ་ཡིན་པ་དང་། རྟེན་དེ་བཞུགས་སུ་གསོལ་ནས་བཟུང་དགེ་འདུན་ཞལ་གྲངས་ཤིན་ཏུ་འཕེལ་བས་ཇོ་བོ་དགེ་འདུན་འཕེལ་རྒྱལ་ཞེས་པའི་མཚན་ཡང་གསོལ། ཇོ་བོ་གླང་འདུལ་མ་ནི་ཇོ་བོ་དེའི་ཕྱག་གཡས་པ་ཐུར་དུ་གཏད་ནས་གཡོན་མ་མཉམ་བཞག་གིས་བཞེངས་ནས་ཡོད་པ་ནི་མུ་སྟེགས་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པའི་ཚེ། སྟོན་པ་དྲུག་གིས་གླང་ཆེན་རེར་སྤྲུལ་ནས་སངས་རྒྱས་ལ་འཚེ་བར་བྱེད་སྐབས་སངས་རྒྱས་ཀྱིས་ཕྱག་གཡས་པ་བརྐྱངས་གནང་བས་ཕྱག་སོར་རེའི་རྩེ་ནས་སེང་གེ་རེ་ཐོན་སྟེ་སྟོན་པ་དྲུག་བརྟུལ་གནང་བའི་ཕྱག་སྟབས་སུ་ཡོད་པས་གླང་བརྟུལ་ཞུ་བ་དེ་ལྟར་བྱུང་། ཆོས་རྒྱལ་ཁྲི་སྲོང་གིས་རྡོ་རྗེ་གདན་ནས་བསམ་ཡས་སུ་གདན་དྲངས་ནས་ཆོས་རྒྱལ་གྱི་ཐུགས་དམ་རྟེན་དུ་བཞུགས། དེ་ནས་ཕོ་བྲང་སྣེའུ་གདོང་དང་གཞིས་ཀ་བསམ་གྲུབ་རྩེ་རུ་རིམ་བཞིན་གདན་དྲངས། དེ་ནས་གཙང་པ་སྡེ་སྲིད་འབམ་གྲུབ་གྱིས་མནར་བའི་ཚེ་མོ་རྩིས་སོགས་གང་ལའང་སྡེ་སྲིད་ཀྱི་སྙུན་གཞིར་གཞན་གང་གིས་ཀྱང་བཅོས་མི་ཐུབ་པར་རྟག་བརྟན་དམ་ཆོས་གླེང་གི་རྡོ་རྗེ་སློབ་[page 127དཔོན་ཏ་ར་ནཱ་ཐ་གདན་འདྲེན་དགོས་པ་གསལ་བས་སྡེ་སྲིད་ཀྱིས་དེ་ལྟར་སློབ་དཔོན་གདན་དྲངས། སློབ་དཔོན་གྱིས་ཐུགས་དམ་བདེན་ཚིག་གནང་བ་ཙམ་གྱིས་སྡེ་སྲེད་ཀྱི་སྙུན་གཞི་རིམ་བཞིན་དྭངས་པས་སྡེ་སྲིད་ཤིན་དུ་དགའ་ནས་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་དང་བཅས། ད་ནི་རྗེ་བཙུན་རིན་པོ་ཆེར་འབུལ་བ་གང་ཞིག་ཕུལ་བ་ལེགས་སམ་ཞེས་ཞུས་པར། རྗེ་བཙུན་གྱིས་ང་ལ་གཞན་གང་ཡང་མི་དགོས་གལ་སྟེ་སྡེ་སྲིད་ཀྱིས་གནང་ན་ཇོ་བོ་གླང་འདུལ་མ་གནང་བ་ཞུ་ཞེས་ཞུས་པས། སྡེ་སྲིད་ཀྱིས་དེ་ལྟར་ཁས་བླངས་ཏེ་ཇོ་བོ་རྗེ་བཙུན་ལ་ཕུལ། དེ་ནས་ཇོ་བོས་རྗེ་བཙུན་ལ་གསུང་བྱོན་པ་ནི། སྡེ་སྲིད་འདི་འགྱུར་ཁ་སྐྱེན་པས་ད་ནི་འདིར་མི་སྡོད་དོ་ནུབ་རང་སྣར་ཐང་དུ་སླེབས་པ་འགྲོ་ཞེས་གསུངས་པས། རྗེ་བཙུན་གྱིས་ཇོ་བོས་གསུངས་པ་ལྟར་དེ་ནུབ་སྣར་ཐང་དུ་གདན་དྲགས། དེ་ནས་རིམ་བཞིན་དགོན་དེར་གདན་དྲངས་པ་ཡིན་ཞུ་བའི་ཇོ་བོ་། འདུ་ཁང་ནང་སངས་རྒྱས་ཀྱིས་མདོ་གསུངས་པའི་ལྡེབས་རིས། འདུ་ཁང་ལྷོ་ངོས་སུ་སྐྲ་ཤད་མགོན་ཁང་ལོ་གཅིག་ལ་སྒོ་ཐེངས་གཅིག་ལས་མ་དབྱེ་བ་དམ་སྦྱར་མ། ཡང་སྟེང་བར་འཁྱམས་སུ་དཔག་བསམ་ཁྲི་ཤིང་གི་ལྡེབས་རིས་རྒྱས་པ། ཤར་ངོས་རྒྱ་གར་ལྷ་ཁང་ཞེས་པའི་ནང་སྒྲུབ་ཐོབ་ནག་པོ་སྤྱོད་པའི་སྐུ་བརྙན་དང་། ཇོ་ནང་སྐུ་འབུམ་མཆོད་རྟེན་བཞེངས་གནང་མཁན་དོ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་འཁར་ལ་མདུད་པ་བསྐྱོན་པའི་ཕྱག་འཁར་སོགས་བཞུགས། བྱང་ངོས་སྐབས་གསུམ་བདེ་ལྡན་ལྷ་ཁང་ནང་གཙོ་བོ་སྒྲོལ་མ་སྔོ་ལྗང་གཉིས་བཞུགས་པ་ལ་གཅིག་ལ་བདུད་འདུལ་སྒྲོལ་མ་ཞེས་པ་དང་། གཅིག་ཤོས་ལ་དགོས་འདོད་སྒྲོལ་མ་ཞེས་ཞུ།འོན་མིན་ལྷ་ཁང་ནང་ཚེ་དཔག་མེད་བདུད་རྩེ་འཆར་འབེབས་མས་གཙོས་གཡས་ན་དངུལ་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད། གནས་ཆུང་ལྷ་ཁང་ནང་གནས་ཆུང་གཙོ་འཁོར་དང་བཅས་པ། འདུ་ཁང་གི་ཕྱིར་དུས་འཁོར་ལྷ་ཁང་གཙོ་བོར་གྱུར་པའི་ལྷ་ཁང་༡༦ལའང་རྟེན་དང་བརྟེན་པ། དབུ་རྩེ་མཆོད་ཁང་གི་གཙོ་བོར་ཐུབ་ཆེན་ལྷ་ཁང་[page 128ནང་རྗེ་བཙུན་ཏ་ར་ནཱ་ཐའི་གདུང་རྟེན་དང་རྒྱལ་བ་བྱམས་པ། དེའི་རྒྱབ་སྒྲོལ་མ་ལྷ་ཁང་ནང་སྒྲོལ་མ་ང་འདྲ་མ། ནུབ་ངོས་སུ་རྗེ་བཙུན་ཏ་ར་ནཱ་ཐའི་གཟིམ་ཆུང་། དེའི་ཤར་ལྷོའི་མཚམས་མགོན་པོ་ཀླུ་སྒྲུབ་ཀྱི་ལྷ་ཁང་དཔལ་རི་ཞེས་པའི་ནང་ཀླུ་སྒྲུབ་ཀྱི་སྐུ་བརྙན། དེའི་ཤར་གྱི་རི་རྩེར་པོ་ཏ་ལ་ཞེས་པའི་ལྷ་ཁང་ནང་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དེའི་གཤམ་དུ་གནས་བཅུ་ལྷ་ཁང་ནང་འཕགས་པ་གནས་བརྟན་བཅུ་དྲུག། མཆོད་ཁང་རྩེའི་ཤོད་དུ་སྐུ་ཤད་ལྕམ་བྲལ་མགོན་ཁང་ཨུ་ཙ་ལ་ཞེས་པའི་ནང་སྐུ་ཤད་ལྕམ་བྲལ་ལ་སོགས་ལྷ་མགོན་རྣམས་ཀྱི་སྐུ་བརྙན། གནས་བཅུ་ལྷ་ཁང་གི་ཤོད་དུ་མགོན་པོ་ཕྱག་དྲུག་གི་ལྷ་ཁང་ནང་མགོན་པོ་ཕྱག་དྲུག་གི་སྐུ་བརྙན་ལ་སོགས་པ་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་ཇོ་བོ་གླང་འདུལ་མ་དང་ལྡེབས་རིས་རྙིང་མ་མང་པོ། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་ནས་ཕུར་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་གླིང་ཤར་ཨ་ནིའི་དགོན་དང་། ཇོ་ནང་ཀུན་མཁྱེན་དོ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་བཞེངས་གནང་བའི་ཇོ་ནང་སྐུ་འབོམ་མཆོད་རྟེན་མཇལ་རྒྱུ་ཡོད། གཙང་ལ་མཆོད་རྟེན་དེ་འདྲ་བ་གསུམ་ཡོད་པ་ནི་གཅུང་རི་བོ་ཆེ་སྐུ་འབུམ་མཆོད་རྟེན་དང་། ཇོ་ནང་སྐུ་འབུམ་མཆོད་རྟེན། རྒྱལ་རྩེ་སྐུ་འབུམ་མཆོད་རྟེན་བཅས་གསུམ་ནི་ཆེ་ཆུང་ཙམ་ལས་དབྱིབས་ཚང་མ་འདྲ་པོ་ཡོད། ཡང་དགོན་དེ་ནས་ཆུ་བྱང་ངོས་སུ་སོང་ན་རིན་ཆེན་གླིང་ཞེས་བཙུན་མའི་དགོན་ཞིག་དང་། ཆོས་ལུང་བྱང་རྩེ་དགོན་སོགས་བསྐྱར་བཞེངས་གནང་བ་དང་། ཆུ་ཕར་མ་ཐོན་པར་ཤར་ངོས་སུ་སྤྱི་ལེ་༦ཙམ་སོང་ན་བག་མདའ་ཞེས་པའི་ཕུར་བག་རྩེ་ལྕམ་བྲལ་གྱི་སྒྲུབ་ཁང་དང་ཀོ་ལེ་མར་ཞེས་པའི་དགོན་པ་སོགས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 129]

 བོ་དོང་ཨེ་དགོན།

ཕུན་ཚོགས་གླིང་དགོན་ནས་ཆུ་ཕར་མ་ཐོན་པར་སྤྱི་ལེ་༢༤ཙམ་འཁོར་ལམ་བརྒྱུད་སོང་ན་བོ་དོང་གྲོང་གི་དབུས་སུ་དགོན་དེ་མཇལ་བ་ཡིན། བོ་དོང་ཞེས་པ་ནི་ཡུལ་དེའི་རི་དཔྱད་བོང་བུའི་གདོང་འདྲ་བས་བོ་དོང་ཞེས་དང་། ཡང་གནས་རི་ཇོ་མོ་ན་རྒྱལ་གྱི་གདོང་དུ་ཆགས་པ་དང་ས་གྲུ་གསུམ་གཤིན་རྗེའི་དོང་གི་སྟེང་དུ་འཁེལ་བས་བོ་དོང་ཞེས་པ་དེ་ལྟར་བྱུང་ཞེས་ཟེར། དགོན་དེ་ནི་དགེ་བའི་བཤེས་གཉིན་མུ་ཌ་པ་ཆེན་པོས་ཕྱག་བཏབ་གནང་མཛད། དེ་རྗེས་གཉན་ལོ་ཙཱ་བས་བོད་ལ་པཎིཌ་ཏ་ཞིག་གདན་དགོས་རྒྱལ་པོར་ཞུས་པར་རྒྱལ་པོས་ཀྱང་ཞམ་གྱིས་བཞེས། དེ་ནས་ལོ་ཙཱ་བས་པཎིད་ཏ་གསུམ་སྟོང་ཙམ་གྱི་ནང་ནས་འབུམ་ཕྲག་གསུམ་པ་ཞེས་པ་གདན་དྲངས་ཏེ་གནས་དེར་ཕེབས་སྐབས་ཕ་ཀིའི་དགོན་ཆུང་དེ་སུས་བཏབ་བམ་ཞེས་གསུངས་པར་བཤེས་གཉེན་མུ་ཌ་པས། བདག་གི་བཏབ་པ་ལགས་བླ་མ་མཉེས་ན་ཕུལ་བས་ཆོག་ཅེས་ཞུས་པས། པཎིད་ཏས་རུང་ཞེས་གསུངས་ཏེ་ཆོས་གྲྭ་བཏབ་ཏེ་མཛད་འཕྲིན་རྒྱས་ དེ་ནས་རིམ་བཞིན་ལོ་ཆེན་བྱང་ཆུབ་རྩེ་མོ་དང་ལོ་ཆེན་གྲགས་པ་རྒྱལ་མཚན་སོགས་རིམ་པར་བྱོན། དེ་ནས་སྤྱི་ལོ་༡༢༧༨ཙམ་ལ་བོ་དོང་ཐམས་ཅད་མཁྱིན་པ་ཕྱོགས་ལས་རྣམ་རྒྱལ་གྱི་གདན་ས་མཛད་ནས་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་བོད་ཀྱི་ས་ཁྱོན་ཆེན་པོར་གྲགས། དེ་ནས་བོ་དོང་གི་མཁན་རྒྱུད་རིམ་པར་བྱོན་པ་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་རྗེ་བཙུན་ཆོས་ཀྱི་སྒྲོལ་མ་ནས་ད་ལྟ་འཚོ་བཞུགས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་བར་སྐུ་ཕྲེང་༡༢བྱུང་། སྔོན་འདུ་ཁང་ཀ་བ་༣༧ནང་གསེར་ཟངས་ལས་གྲུབ་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གདུང་རྟེན་ནང་བོ་དོང་གི་སྐུ་བརྙན་མཁྱིད་གང་ཙམ་ཞིག་ཡོད་པ་དེ་ནི་རིང་བསྲེལ་གྱི་གོང་བུ་ཡིན་ཞེས་ཞུ་རིང་བསྲེལ་རྟག་ཏུ་འཕེལ་པ། ཡང་སྟེང་དགའ་ལྡན་ལྷ་ཁང་ནང་སྐུ་རྒྱུ་ལི་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་རབ་གནས་སྐབས་བྱམས་པ་མཁྱིད་གང་[page 130ཙམ་ཐུགས་ཀར་ཐིམས་པ་ཀུན་གྱིས་མཇལ་བ། སྐུ་རྒྱུ་དེ་འདྲའི་སྦྱན་རས་གཟིགས་བྱིས་པ་ལོ་བརྒྱད་ཙམ། བོ་དོང་རིན་པོ་ཆེའི་འདྲ་སྐུ་ང་འདྲ་མ། སྒྲོལ་མ་དར་ལེན་མ་གསུང་བྱོན། བྱམས་པ་མི་ཚད་མ། གསེར་ཟངས་ཀྱི་སྨན་བླ་བདེ་གཤིགས་བརྒྱད། འདུ་ཁང་ནང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་བརྙན་མི་ཚད་མ། གཡས་གཡོན་དུ་བཀའ་འགྱུར་པར་མ། གཙང་ཁང་སྦུག་མར་ཐུབ་པ་གཟི་བརྗེད་འོད་འཕྲོ་མ་ལ་སོགས་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་རྒྱབ་དྲུག་འགྱོགས་ཅན་སྤུས་ལེགས། ལྡེབས་རིས་སུ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་ཆ་ཚང་བཅས་དང་། སྔོན་དགེ་འདུན་བརྒྱ་ལྷག་གིས་བོ་དོང་ལུགས་ཀྱི་བཤད་སྒྲུབ་གཉིས་ལྟན་ཕྱག་ལེན་གནང་བ་ཡིན།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་རྟེན་གཙོ་ཕྱོགས་ལས་རྣམ་རྒྱས་གྱི་སྐུ་བརྙན་དང་། གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་སོགས་སྔོ་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དེང་གི་འཕྲུལ་པར་ལས་བཏབ་པའོ་བོ་དོང་གི་གསུང་རྩོམ་པོད་༡༣༦བཅས་བཞུགས་སུ་གསོལ་ཡོད།

 བྱ་ཤོང་དགོན།

དགོན་དེ་ནི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཕྱག་བཏབ་གནང་མཛད། མཁན་ཆེན་བྱ་བཏང་བ་དང་པཎ་ཆེན་འབུམ་ཕྲག་གསུམ་པ་སོགས་རིམ་པས་བྱོན། ས་སྐྱ་དགོན་གྱི་དགོན་ལག་ཡིན། བྱ་ཤོང་ཞེས་པ་ནི་རྒྱ་གར་ནས་བྱ་རྒོད་ཀྱི་གཤོག་སྦུག་ཏུ་རྡོ་ཞིག་འཁྱེར་ཡོང་བ་གནས་དེར་བབས་པས་བྱ་ཤོང་ཞེས་པའི་མཚན་དེ་ལྟར་བྱུང་བ་ཡིན་ཞེས་ཟེར། རྟོ་དེ་ད་ལྟའང་དགོན་དེའི་ལྕང་རའི་ནང་མཇལ་རྒྱུ་ཡོད།

[page 131]

བཞད་མཐོང་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 132]

 བཞད་མཐོང་སྨོན་རྫོང་།

བཞད་མཐོང་སྨོན་ཞེས་པ་ནི་སྔོན་སློབ་དཔོན་པདམ་འབྱུང་གནས་རྒྱ་གར་ནས་བོད་ལ་ཕེབས་སྐབས་བཞད་གཞུང་ལྷ་དབང་རྩེའི་རི་ཁྱུད་བརྐྱངས་ལ་ཞེས་པའི་སྡེང་ཕེབས་པ་དང་སྐུ་ངལ་གསོལ། བཞད་མོ་དང་བཅས་“ལུང་པ་ཕ་ཀི་མཐོང་བ་དང་ང་སྨོན་བྱུང་”ཞེས་གསུངས་པས་བཞད་མཐོང་སྨོན་ཞེས་པ་དེ་ལྟར་བྱུང་། ཞབས་བརྐྱངས་ནས་བཞུངས་པས་བརྐྱངས་ལ་ཞེས་པའང་དེ་ལྟར་བྱུང་ཞེས་ཟེར། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༤༠༦༣དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༦.༦རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༡༠༠༠ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༢མི་འབོར་ཁྲི་༣.༨རྫོང་ཡོངས་ལ་གྲོང་བརྡན་༡དང་། ཤང་༡༨གྲོང་ཚོ་ཨོ་ཡོན་ལྷ་ཁང་༩༩ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༣༠༠ཙམ་ཟིན་པའི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

གནས་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འགོས་ལོ་ཙཱ་བ་གཙང་རྟ་ནག་ཕུའི་ཁུག་པ་ཞེས་པར་འཁྲུངས། དངུལ་ཆུ་དྷ་རྨ་བྷ་དྲ་ནི་གཙང་གཡས་རུའི་ཆ་རོང་སྡོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་། ཡུམ་མཁའ་འགྲོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ས་འབྲུག་སྤྱི་ལོ་༡༧༧༢ལོར་འཁྲུངས། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི་གཙང་གཡས་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སུ་ཡབ་བཀྲ་ཤིས་(དྷརྨ་བྷ་དྲའི་བཅུང་པོ་)དང་། ཡུམ་ཚེ་རིང་སྲིད་ཆོས་གཉིས་ཀྱི་སྲས་སུ་རབ་[page 133བྱུང་བཅུ་བཞི་པའི་ས་སྦྲུལ་སྤྱི་ལོ་༡༨༠༩ལོར་སྐུ་འཁྲུངས། དངུལ་ཆུ་ངག་དབང་རྡོ་རྗེ་ནི་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་སྤྱི་ལོ་༡༧༢༠ལོར་འཁྲུངས། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་རྙིང་མའི་བླ་ཆེན་དེ་ཉིད་སྤྱི་ལོ་༡༢༩༥ལོར་གཙང་རྟ་ནག་གནས་གསར་དུ་སྐུ་འཁྲུངས། སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་རྙིང་མའི་བླ་ཆེན་དེ་ཉིད་ཀྱང་གཙང་རྟ་ནག་གནས་གསར་དུ་རབ་བྱུང་དྲུག་པའི་ལྕགས་སྟག་སྤྱི་ལོ་༡༣༥༠ལོར་སྐུ་འཁྲུངས། མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི་གཙང་རྟ་ནག་དུ་ཡབ་ནམ་མཁའ་དཔལ་དང་། ཡུམ་ཆོས་རྒྱབ་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་ཡོས་སྤྱི་ལོ་༡༤༢༣ལོར་འཁྲུངས། རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་གཙང་རྟ་ནག་བསྲེགས་ཞེས་པར་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་ཀུན་དགའ་དཔལ་མོའི་སྲས་སུ་རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ་༡༤༧༦ལོར་འཁྲུངས། འདུལ་འཛིན་དཔལ་ལྡན་བཟང་པོ་གཙང་རྟ་ནག་མདར་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ་༡༤༧༦ལོར་འཁྲུངས་བ་བཅས་སོ།།

 བཀྲ་ཤེས་དགེ་འཕེལ།

ཕུན་ཚོགས་གླིང་ཟམ་པ་ཐོན་ཏེ་བྱང་ངོས་འཁོར་ལམ་བརྒྱུད་སྤྱི་ལེ་༣༥ཙམ་སོང་ན་བཞད་མཐོང་སྨོན་རྫོང་གི་ས་མཚམས་སུ་འབྱོར་བ་དང་། དགེ་འཕེལ་གྲོང་ཞེས་པའི་ལྟག་ཏུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་པདམ་ཆོས་གླིང་དུ་བྱང་སེམས་བརྩེ་དུལ་བའི་སློབ་མ་སྒྲུབ་ཐོབ་ཀུན་འཕེལ་བའི་རྣལ་ལམ་དུ་གད་དམར་གྱི་བརྒྱུད་(ད་ལྟའི་དགོན་པ་ཡོད་ས་དེར་)མེ་ཏོག་ཨུཏྤལ་དཀར་དམར་བཞད་པ་སྨིན་བྱུང་བ་ཞུས་པས། གནས་དེར་ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པ་ལ། ནང་གསང་འདུས་ཀྱི་རྣམ་འབྱོར་མུ་ཏིག་བསྟར་ལ་བརྒྱུད་པ་ལྟར་ཕེབས་པའི་རྟགས་མཚན་ཡིན་ཞེས་གསུངས་པས་སྒྲུབ་ཐོབ་ཀྱིས་ཐོག་མར་མོ་དགོན་ཞིག་བཏབ་གནང་མཛད། དེ་རྗེས་ཕོ་དགོན་དུ་བསྒྱུར་རྗེས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་མཛོད་ཅིག་གིས་མཐོང་སྨོན་གཞིས་ཀ་བཟུང་སྐབས་དགོན་དེ་དགེ་ལྡན་ལུགས་སུ་བསྒྱུར། པཎ་ཆེན་བློ་[page 134བཟང་ཆོས་རྒྱལ་གདན་དྲངས་གནང་ནས་གསང་བ་འདུས་པ་དང་། འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་ཞུས་པ་དང་འབྲེལ་སྒྲུབ་མཆོད་ཀྱང་འཛུགས་གནང་མཛད། ད་ལྟའང་ཡོད་པའི་ཆུ་མིག་དེ་གསང་འདུས་ཀྱི་སྒྲུབ་ཆུཡིན་ཞེས་ཟེར། སྔོན་འདུ་ཁང་ཀ་བ་༢༤སར་གསེར་ཟངས་ཀྱི་ཐུབ་དབང་གཙོ་འཁོར་གསུམ་དང་། སྨན་འདམ་གྱི་རྗེ་ཡབ་སྲས་གསུམ། བྱང་དུ་ཚེ་ལྷ་རྣམ་གསུམ་སོགས་སྐུ་བརྙབ་མང་པོ་བཞུགས། ཡང་ཐོག་པཎ་ཆེན་གཟིམ་ཆུང་ནང་ལའང་རྟེན་དང་བརྟེན་པར་བཅས་དང་། གཟིམ་ཆུང་ཆེན་མོར་གནས་བརྟན་བཅུ་དྲུག། རྩེ་ཐོག་སྐལ་བཟང་ལྷ་ཁང་ནང་སྨན་འདམ་གྱི་བྱམས་པ་ཐོག་སོ་མ་ཟིན་ཙམ་དང་བཀའ་འགྱུར་དང་བསྟན་འགྱུར། དགའ་ལྡན་ལྷ་ཁང་ནང་བྱམས་པ་གཙོ་འཁོར་གསུམ་དང་མཁས་གྲུབ་ངག་དབང་རྡོ་རྗེ། དྷརྨ་བྷ་དྲ་མཁའ་སྤྱོད་མ་བཅས་ཀྱི་སྐུ་བརྙན་དང་། དྷརྨ་བྷ་དྲའི་སྐུ་གདུང་། བཀའ་འགྱུར་བཅས་དང་། བྱང་གི་ལྷ་ཁང་ནང་སྒྲུབ་པའི་རྡོ་རྗེའི་སྐུ་གདུངདང་སློབ་མ་དགྱེས་པའི་རྡོ་རྗེའི་སྐུ་གདུང་སྨན་འདམ་གྱི་གྲུབ་པའི་རྡོ་རྗེའི་སྐྱ་བརྙན་འདུ་ཁང་འོག་ཏུ་རྒྱ་དངུལ་ལས་གྲུབ་པའི་རྒྱལ་བ་བྱམས་པ་ཐོག་ཚད་མ་དང་འཇིམ་གྱི་ཐུབ་དབང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྣང་བརྙན་བཅས་དང་། ལུང་རིག་ལྷ་ཁང་ནང་དགེ་བཤེས་རྣམས་གསོལ་ཚོགས་འཚོགས་ས། ལྷ་ཁང་ལྷོ་མར་ལྷུང་བཤགས་གངྒའི་ཆུ་རྒྱུན་ཞེས་པའི་ལྡེབས་རིས། ཤོད་དུ་དངུལ་ཆུའི་པར་ཁང་ནང་དྷརྨའི་གསུང་འབུམ་པོད་དྲུག་དང་། གྲུབ་པའི་རྡོ་རྗེའི་གསུང་འབུམ་པོད་གསུམ་མཁས་གྲུབ་ངག་རྡོར་གྱི་གསུང་འབུམ་པོད་གཅིག་དབེན་ས་ཡབ་སྲས་ཀྱི་གསུང་འབུམ་པོད་གསུམ་པོད་གསུམ་བཅས་བཞུགས། སྔོན་དགེ་འདུན་༣༠༠མ་ཟིན་ཙམ་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན།

ད་ལྟ་དགོན་དེ་བསྐྱར་བཞེངས་གནང་བའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 135]ཡང་དགོན་དེའི་མདུན་རི་ཤེལ་རྩེ་ལ་ཞེས་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སུམ་རྟགས་ཀྱི་རྩ་འགྲེལ་ལྗགས་རྩོམ་གནང་ས་དངུལ་ཆུ་རི་ཁྲོད་དང་། ཡང་དེ་དང་ཉེ་བར་ཆོས་སྒོ་ཞེས་པ་དང་། ཐུབ་བསྟན་ཞེས་པ།དགའ་ལྡན་ཆོས་ལྡིང་ཞེས་པའི་མོ་དགོན། པདམ་ཆོས་གླིང་ཞེས་པའི་མོ་དགོན། གྲུ་འཛིན་ཞེས་པ། དགོན་པ་བྱང་ཞེས་པ་སོགས་ཀྱི་དགོན་ཤུལ་མཇལ་རྒྱུ་ཡོད།

 གྲྭ་ཚང་དགོན།

མཚན་རྒྱས་པར། བཞད་གྲྭ་ཚང་ཆེན་མོ་རབ་དཀར་ཚུལ་ཁྲིམས་གླིང་ཞེས་ཞུ། ད་ལྟའི་བཞད་མཐོང་སྨོན་རྫོང་ནས་སྤྱི་ལེ་༤ཙམ་བྱང་ངོས་སུ་སོང་ན་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་རྗེ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་གྲགས་པ་བཟང་པོར་རྗེ་ཙོང་ཁ་པས་ཆུ་བྱང་ངོས་སུ་དགོན་གནས་འདེབས་དགོས་བཀའ་གནང་བ་ལྟར་དགོན་དེ་ཕྱག་བཏབ་གནང་མཛད། བཀྲས་ལྷུན་དགོན་བཏབ་པ་དང་དུས་མཚུངས། ཀུན་མཁྱེན་གྲགས་བཟང་ནས་བརྒྱུད་བླ་རབས་༡༨ཙམ་བྱུང་། པཎ་ཆེན་སྐུ་ཕྲེང་དྲུག་པའང་དགོན་དེར་དབྱར་གནས་ཤིག་རིང་བཞུགས། གསུང་རྩོམ་པོད་༡༢སྔ་རྗེས་སུ་གནས་དེར་ལྗགས་རྩོམ་གནང་བ་ལ་དགོན་དེར་པོད་བདུན་བཞུགས། དགོན་དེ་ཐོག་མར་མེ་རླུང་ཞེས་པར་བཏབ་གནང་བ་ལ་རྗེས་སུ་གནས་དེར་སྤོས་གནང་མཛད། ཐོག་མར་བཀྲས་ལྷུན་དགོན་དང་ཁྱད་མེད་ཅེས་གསུངས། སྔོན་འདུ་ཁང་ཀ་བ་༢༠གཙང་ཁང་སྦུག་མར་སྐུ་རྒྱུ་ཛིཧ་ཥམ་ལས་གྲུབ་པའི་སྒྲོལ་ལྗང་གསུང་བྱོན་མའི་གཡས་གཡོན་དུ་ཁྲོ་གཉེར་ཅན་དང་འོད་ཟེར་ཅན་མ། སྨན་འདམ་གྱི་སྟོན་པ་གཙོ་འཁོར་གསུམ་དང་། ཚེ་ལྷ་རྣམ་གསུམ། འདུ་ཁང་ནང་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་དང་ཀུན་མཁྱེན་གྲགས་པ་བཟང་པོའི་སྐུ་བརྙན། བཀའ་འགྱུར་བསྟན་འགྱུར་པར་མ། དབུ་ཤོག་གསེར་བྲིས་ཅན་གྱི་འབུམ་བྲིས་མ། ཡང་སྟེང་པཎ་ཆེན་རིན་པོ་ཆེའི་གཟིམ་ཆུང་དང་ཡོངས་འཛིན་ལྷ་ཁང་ནང་ལའང་རྟེན་སྐུ་མང་པོ། དགོན་དེའི་ལྷག་ཏུ་[page 136བླ་བྲང་། སྔོན་བཀྲས་ལྷུན་དགོན་གྱི་དགོན་ལག་ཡིན་ཅིང་མཁན་པོའང་བཀྲས་ལྷུན་སྔགས་ཁང་ནས་ཕེབས་ཤིང་ལོ་གསུམ་རེ་བཞུགས་དགོས། སྔོན་དུས་འགྱུར་གོང་དགེ་འདུན་༧༠སྐོར་གྱིས་བཤད་སྒྲུབ་གཉིས་ལྟན་གྱི་རི་བོ་དགེ་ལྡན་ལུགས་ཕྱག་ལེན་གནང་བ་ཡིན།

ད་ལྟ་སྔོན་གྱི་རྩིག་སྟེང་ཉམས་གསོ་གནང་བའི་ནང་འཛིམ་གྱི་སྒྲོལ་མ་གསུང་བྱོན་གྱི་སྐུ་ཚབ་དང་། དེ་བཞིན་སྔོན་གྱི་སྐུ་བརྙན་རྣམས་ཀྱི་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཡར་ཕྱིན་ན་དུང་ཕྲུག་དགོན་ཞེས་པ་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 སྟེང་དགའ་དགོན།

མཚན་རྒྱས་པར། བཞད་སྟེང་དགའ་དགོན་ནམ་གཡུང་དྲུང་སྡེང་དགའ་དགོན་ཞེས་ཞུ། ད་ལྟའི་མཐོང་སྨོན་རྫོང་ནས་སྤྱི་ལེ་༣ཙམ་ཤར་བྱང་མཚམས་སུ་སོང་ན་ཁྱུང་འཁོར་རྩེ་ཞེས་པའི་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་དགོན་དེ་བོན་དགོན་ཡིན་པ་ལ་དེ་ནས་རྗེ་ཤེས་རབ་སེང་གེས་བཀྲས་ལྷུན་དགོན་མ་བཏབ་གོང་ཕྱག་བཏབ་གནང་མཛད་གཙང་ཁུལ་དུ་དགེ་ལུགས་པའི་དགོན་དང་པོ་དེ་ཡིན་ཞེས་གསུངས། རི་བོ་དགེ་ལུགས་པའི་སྒྲུབ་མཆོད་ཁག་ཕྱག་ལེན་གནང་བ་དང་སྤེལ་ཁང་པཎིཌ་ཏས་གར་འཆམ་ཡང་གསར་འཛུགས་གནང་། སྔོན་འདུ་ཁང་ཀ་བ་བཞིའི་གཙང་ཁང་སྦུག་མར་རྟེན་གཙོ་མཁས་སྒྲུབ་ཁྱུང་པོའི་ཕྱག་བཟོ་མགོན་པོ་ཕྱག་དྲུག་བ་ཞིག་ཡོད་པ་དེ་བཞེངས་གནང་སྐབས་ཨ་ཙ་ར་ཕོ་མོ་གཉིས་སླེབས་ཏེ་དེར་ཐིབས་ཞེས་གསུངས། གསང་འདུས་སྒྲུབ་མཆོད་སྐབས་སུའང་དེ་སྐོར་གྱི་ལོ་རྒྱུས་གར་འཆམ་བསྐྱོན་སྲོལ་ཡོད། སྲུང་མ་དམག་ཟོར་མ་གཙོ་བོར་གྱུར་བའི་གཡས་སུ་རྣམ་སྲས་དང་། གཡོན་དུ་དམ་ཅན་ཆོས་རྒྱལ། འདུ་ཁང་ནང་སྐུ་རྒྱུ་ཙན་དན་ལས་གྲུབ་པའི་སྤྱན་རས་གཟིགས་ཐོག་སོ་གཅིག་ཙམ། སྐུ་རྒྱུ་ལི་ལས་གྲུབ་པའི་[page 137རྗེ་ཤིས་རབ་སེང་གེའི་སྐུ་བརྙན་ཁྲུ་ཕྱེད་དོ་ཙམ། སྐུ་རྒྱུ་དེ་མཚུངས་ཀྱི་གསང་འདུས་ཁྲུ་ཕྱེད་དོ་ཙམ། རྗེ་ཡབ་སྲས་གསུམ། བདེ་མཆོག་ཁྲུ་གང་། གསེར་ཟངས་ཀྱི་བྱམས་པ་གཙོ་འཁོར་བཅས་རྟེན་དང་བརྟེན་པར་བཅས་དང་། སྔོན་དགོན་དེར་རོལ་མོ་རྩ་ཆེན་ཞིག་ཡོད་པ་དེ་རྗེ་དགེ་འདུན་གྲུབ་པར་ཕུལ་བས་རྗེ་དགེ་འདུན་གྲུབ་པས་དགོན་དེར་ཚོགས་དུང་ཞིག་དང་། རྡོ་ནག་གི་ཕྱང་བུ་ཞིག་གནང་བ་བཅས་བཞུགས་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 རི་རྒྱལ་དགོན།

མཚན་རྒྱས་པར། དར་ལྡིང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ཞེས་ཞུ། ད་ལྟའི་བཞད་མཐོང་སྨོན་རྫོང་ནས་སྤྱི་ལེ་༦ཙམ་གནས་ནང་ཞེས་པར་སོང་ན་གྲོང་གི་རྒྱབ་རིའི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་གཤེན་སྟོན་ཉི་མ་རྒྱལ་མཚན་གྱིས་སྤྱི་ལོ་དུས་རབས་བཅུ་བཞི་པའི་ནང་ཕྱག་བཏབ་མཛད། གཤེན་སྟོན་ཞེས་པ་ནི་སྟོན་པ་གཤིན་རབ་ཀྱི་གདུང་རྒྱུད་མི་ཆད་ཡིན་ལ་ད་ལྟ་འཚོ་བཞུགས་ནོར་བུ་དབང་རྒྱལ་བར་གདུང་རྒྱུད་མ་ཆད་པ་ཡིན། གཤེན་སྟོན་ཉི་མ་རྒྱལ་མཚན་འཁྲུངས་སའང་དགོན་དེའི་ཞོལ་གྱི་གཤེན་ཚང་ཞེས་པར་ཡིན། སྔོན་འདུ་ཁང་ཀ་བ་༣༦གི་རྟེན་གཙོར་གཤེན་སྟོན་ཉི་མ་རྒྱལ་མཚན་གྱི་ཕྱག་བཟོ་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན། སློབ་དཔོན་གཤེན་གྱི་མཆོད་རྟེན་དབུ་གསུམ་ཞེས་པའི་བུམ་པའི་སྒོ་ཁྱིམ་ནང་བཞུགས་པ་སོགས་རྟེན་སྐུ་མང་པོ་དང་། ལྟེབས་རིས་སུ་སངས་རྒྱས་སྟོང་སྐུ། སྒྲུབ་ཁང་ནང་གཤེན་སྟོན་ཉི་མ་རྒྱལ་མཚན་གྱི་ཕྱག་བཟོ་ཡི་དམ་ལྷ་མེ་འབར་དང་། སྲིད་པའི་རྒྱལ་མོ་ལ་སོགས་སྲུང་མ་ཁག་གི་སྐུ་བརྙན། སྒྲུབ་ཁང་གི་ཤར་དུ་གཤིན་ཚང་གི་ཕོ་བྲང་། དགོན་དེའི་གཤམ་དུ་ཁམས་པ་གྲྭ་ཚང་དང་བོད་པ་གྲྭ་ཚང་ཞེས་གྲྭ་ཚང་གཉིས་ཀྱང་ཡོད་པ་ལ་ཁམས་གྲྭ་ཚང་གི་རྟེན་[page 138གཙོར་རྣམ་པར་རྒྱལ་བ་དང་། བོད་པ་གྲྭ་ཚང་གི་རྟེན་གཙོར་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་བཅས་བཞུགས། དགོན་དེའི་ཞོལ་དུ་གསེར་སྒོ་ཁྲ་མོ་ཞེས་པའི་ནང་སྟོན་པའི་སྐུ་བརྙན་དང་གཤེན་ཚང་ཕོ་བྲང་བཅས་ཡོད། སྔོན་དགེ་འདུན་བརྒྱ་མ་ཟིན་ཙམ་གྱིས་གཤེན་ལུགས་ཕྱག་ལེན་གནང་བ་ཡིན།

ད་ལྟ་འདུ་ཁང་དབུ་རྩེ་བསྐྱར་བཞེངས་གནང་བའི་ནང་སྨན་འདམ་གྱི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་ཐོག་སོ་གཉིས་ལྷག་གིས་གཙོས་སྔོན་གྱི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་ཐོག་སོ་གཉིས་ལྷག་གིས་གཙོས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་གནས་སྐོར་ས་བཀྲ།

[page 139]

གཞིས་ཀ་རྩེ་གྲོང་ཁྱེར་གྱི་གནས་སྐོར་ས་བཀྲ།

[page 140]

 གཞིས་ཀ་རྩེ་གྲོང་ཁྱེར།

གཞིས་ཀ་རྩེ་གྲོང་ཁྱེར་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་“མྱང་སྨད་ཉི་མ་རི་ལ་རྫོང་ཞིག་བྱུང་”ཞེས་དང་། ཇོ་བོ་རྗེས་“མྱང་སྨད་ས་ཡི་ལྟེ་བ་ཡིན། དབུས་ནས་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པ་བྲག་སེང་གེ་འདྲ་བ་དྲུག་གི་སྟེང་དུ་ཕོ་བྲང་བཏབ་པ་སེང་དྲུག་སྩེ་”ཞེས་པ། ས་པཎ་གྱིས་“ས་ལ་བསམ་དོན་གྲུབ་པའི་རྩེ་མོ་གྲགས་”ཞེས་གསལ་བ་དང་། སྡེ་སྲིད་སྣེ་གདོང་པ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ཀྱི་སྲིད་དབང་བཟུང་སྐབས་དབུས་གཙང་ཁུལ་དུ་རྫོང་ཆེན་བཅོ་བརྒྱད་བརྒྱབ་པའི་རྟིང་མ་ཡིན་པ་དང་བསམ་པའི་དོན་ཐམས་ཅད་གྲུབ་པས་བསམ་གྲུབ་རྩེ་ཞེས་བཏགས་པ་ཡིན་ཞེས་དང་། ཡང་རིན་སྤུངས་པས་སྲིད་དབང་འཛིན་སྐབས་གནས་དེར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གཞིས་ཀ་དེ་ནི་རྩེ་གྲྭ་ཡིན་པས་གཞིས་ཀ་རྩེ་ཞེས་པའི་མིང་བྱུང་ཚུལ། གདོད་མའི་དུས་གནས་དེར་མཚིའུ་ཞིག་དང་དེར་འཁོར་བའི་རི་དྭགས་དང་། བྱ་བྱིའུ། ཕྱུགས་ཟོག་སོགས་ཀྱང་ཡོད་ཚོད་ནི། དེང་སང་ཡང་རྒྱ་མཚོ་གཞུང་ཞེས་པའི་ཡུལ་མིང་དང་། ཤ་མཛོད་ཅེས་པའི་མིང་ཁྱིམ་ལ་ཐོགས་པ་སོགས་ལས་ཤུགས་སུ་བསྟན། གཞིས་རྩེ་ས་ཁུལ་དེར་ལོ་རྒྱུས་ཐོག་གཙང་ཞེས་འབོད་པས། གཙང་ཞེས་པ་ནི་ཆུ་ཀླུང་ཆེན་པོར་གཙང་པོ་ཞེས་འབོད་པས་དེའི་བརྒྱུད་དུ་ཆགས་པའི་ཡུལ་སྡེ་ལ་གཙང་པ་ཞེས་པ་དེ་ལྟར་བྱུང་བ་ཡིན་ཞེས་ཟེར། དེ་ནས་རིམ་བཞིན་སྡེ་གྲོང་ཆགས་པ་དང་། ས་སྐྱ་པས་སྲིད་དབང་འཛིན་སྐབས་ཤབ་གཞུང་སྐྱ་མོ་ཞེས་ཀྱང་ཟེར། སྡེ་པ་གཙང་པས་སྲིད་[page 141དབང་འཛིན་སྐབས་ཚོ་བཞི་དང་གཞུང་བཞི་བྱུང་བ་ནི་སྤེལ་བཞི་ཚོ་དང་། ཆུ་ཤར་ཚོ། རྣམ་སྲས་ཚོ། ཞོལ་ཚོ་བཅས་དང་། གཞུང་བཞི་ནི་ཉི་རི་གཞུང་དང་། ཕྱུག་པོ་གཞུང་། རྒྱ་མཚོ་གཞུང་། སྤན་གཞུང་ལ་སོགས་རིམ་བཞིན་བྱུང་བ་ཡིན། རྫོང་དེ་གཙང་པ་སྡེ་སྲིད་ཀྱིས་བཟུང་ཚུལ་ནི་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་༼གཙང་པ་རྒྱལ་པོའམ་གཙང་པ་སྡེ་སྲིད་ལ་ཟེར།༽ནང་འཁོར་དུ་བྱུང་སྟེ་ཐོག་མར་ཆིབས་དཔོན་བྱས། ངག་དབང་རྣམ་རྒྱལ་གྱི་སྲས་ངག་དབང་འཇིགས་གྲགས་༼རིན་སྤུངས་པའི་མཐའ་མའི་སྲིད་དབང་འཛིན་མཁན་༽ཀྱི་དུས་ཞིང་ཤག་པ་རིམ་བཞིན་ལས་ཚན་དུ་སླེབས་ཏེ་ཤངས་དང་། མྱང་སྨད་ཁུལ་གྱི་ཡོང་སྡུད་པ་ནས་མི་རིང་བར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་དུ་འཁོད། སྐབས་དེར་རྫོང་དང་ས་ཁུལ་མང་པོ་བཅད་བཟུང་གིས་གཞིས་ཀ་རྩེ་རྫོང་རྟེན་གཞིར་བྱས་ཏེ་རིན་སྤུངས་པར་རྒོལ་ཏེ་སྲིད་དབང་འཕྲོག་རྗེས་ཁོ་པའི་བུ་བསྟན་སྲུང་དབང་པོ་སོགས་བུ་གསུམ་གྱིས་རིམ་བཞིན་དབུས་གཙང་མངའ་ཁོངས་རྒྱ་སྐྱེད་བྱས། ཀརྨ་ཕུན་སུམ་ཚོགས་རྣམ་རྒྱལ་གྱིས་བོད་ཡོངས་དབང་སྒྱུར་བྱས། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོས་སྲིད་དབང་འཛིན་པ་བཅས་ཁྱོན་སྲིད་དབང་ལོ་༧༠སྐོར་འཛིན། དེའི་རིང་གཞིས་ཀ་རྩེ་རྫོང་ནི་གཙང་པ་རྒྱལ་རབས་ཀྱི་ལྟེ་གནས་ཕོ་བྲང་དུ་བྱས། སྤྱི་ལོ་༡༦༤༢ལོར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཀརྨ་བསྟན་སྐྱོང་དབང་པོ་ཆམ་ལ་ཕབ་སྟེ་དེའི་སྲིད་དབང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་འགོ་ཚུགས་སའང་རྫོང་དེར་བྱུང་བ་ཡིན།

གཞིས་རྩེ་རྫོང་མཁར་རྙིང་པའི་ཆགས་དབྱིབས་ནི། དེའང་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཞིས་རྩེ་རྫོང་གསར་དུ་བརྩེགས་ནས་ལོ་ངོ་༥༦༠ཙམ་སོང་བའི་རྗེས་ཉམས་གོག་དུ་སོང་རྐྱེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་ཆུ་ཁྱི་སྤྱི་ལོ་༡༩༢༢ལོར་གཞིས་རྩེ་སྤྱི་རྫོང་སྤྲེལ་པོ་དང་། ལྷ་བུ་གཞིས་སྡོད་རྩེ་དྲུང་ཐུབ་བསྟན་ལེགས་བཤད་གཉིས་ནས་ཨར་པོའི་དོ་དམ་

[page 142འགན་འཁུར་གྱིས་ཉམས་གསོ་དགོས་པའི་བཀས་དགོངས་ལྟར་ལས་རྒྱུན་ལོ་གསུམ་རིང་རྫོང་མཁར་ཉམས་གསོ་བྱས་པ་དང་རྫོང་མདུན་རི་འདབས་བཀར་ཁང་ཁག་ཀྱང་བརྒྱབ། རྫོང་དེའི་དབྱིབས་ནི་ཕོ་བྲང་པོ་ཏ་ལ་དང་འདྲ་ཞིང་དེའང་གཞིས་རྩེ་རྫོང་མཁར་ནི་ལ་དྭགས་རྒྱལ་པོའི་ཕོ་བྲང་ལྟར་བྱས་པ་དང་། ཕོ་བྲང་པོ་ཏ་ལ་ནི་གཞིས་རྩེ་རྫོང་ལ་དཔེ་བྱས་ཀྱང་ཤོད་སྲོལ་ཡོད། སྔོན་རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུ་བཞི་མ་༡༩༢༦༦·༢༧ཙམ་དང་ཁང་པའི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུ་བཞི་མ་༩༠༠༤ཙམ། དབུས་སུ་ཕོ་བྲང་དམར་པོ་ཐོག་རྩེག་བཞི། གཞུང་སྒོ་གསུམ་ཡོད་པ་ནི་ཤར་གྱི་གཞུང་སྒོ་དང་། ནུབ་ཀྱི་གཞུང་སྒོ། མདུན་གྱི་ཆུ་སྤེལ་གཞུང་སྒོ་བཅས་གསུམ་ཡོད། ཕོ་བྲང་དམར་པོ་བདེ་ཡངས་ནས་རྩིས་པའི་ཐོག་རྩེག་ལྔའི་མཐོ་ཚད་ཡོད་པ་ལ་འོག་ཤོད་ས་རྡོས་བརྒྱངས་ཡོད་པ། ཡང་སྟེང་ཤར་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གཟིམ་སྦུག་ཁག་གཉིས་དང་། ན་བཟའ་ཁང་། ཆབ་ཁང་། ནུབ་ངོས་སུ་ལོ་མ་ལྷ་ཁང་། དེའི་ནུབ་ཀུན་གཟིགས་ཕོ་བྲང་ཞེས་ཀ་བ་༡༦ཅན་ལ་ཤར་ནུབ་བྱང་བཅས་སུ་གཟིམ་སྒོ་རེ་ཡོད་པ། དེའི་ནུབ་བསྟན་མགོན་ཞེས་མགོན་ཁང་ཀ་བ་གཉིས། དེའི་ནུབ་ཨེ་ཀ་ཛ་ཏིའི་མགོན་ཁང་། དེའི་ནུབ་སྒོ་བྱང་ལྟ་ཞིག་ལ་སྒོ་ཐམ་དམར་ནག་སྦྱར་བ་ཞིག་ཡོད་པ་དེའི་ནང་གཙང་པ་སྡེ་སྲིད་སྐབས་ཀྱི་རྟེན་གསུམ་སོགས་གནད་ཆེའི་དངོས་རྫས་ཡོད་སྐད། ཐོག་རྩེག་གསུམ་པར་ཕོ་བྲང་ཁམས་གསུམ་ཟིལ་གནོན་ཀ་བཞི་དང་། དེའི་ནུབ་དཀོར་གཉེར་སྡོད་ཁང་ལྕམ་ཁ་མ། དེའི་བྱང་ལྕགས་ཁྲ་ལྷ་ཁང་སྒོ་ལྷོ་ལྟ་བར་ཁྱམས་ཅན། དེའི་སྟོད་དུ་སྒྲོལ་མ་ལྷ་ཁང་ཀ་བ་དྲུག དེའི་ནུབ་དཀོར་གཉེར་སྡོད་ཁང་ཀ་གཉིས་མ། དེའི་ལྷོར་གསང་སྤྱོད་དང་དཀོར་གཉེར་སྡོད་ཁང་ཀ་གཅིག་མ། ཚོམས་ཆེན་སྟེང་ལྷན་རྒྱས་གད་པ་སྡོད་ཁང་ཁང་མིག་ཆེ་ཆུང་ལྔ་བཅས། ཐོག་རྩེག་གཉིས་པར་གཞིས་རྫོང་ཚོགས་ཆེན་ཀ་བ་༣༠སེང་[page 143གཡབ་ཁ་ལྷོ་ལྟ་ཀ་རིང་གཉིས། གཞུང་སྒོ་ཤར་ལྟ། ལྷོར་སྟེང་འགྲོའི་གསང་སྒོ། དེའི་ལྷོར་ཁང་མིག་བཞི་ཡོད་པ་ནི་ཕྱག་མཛོད་ཀྱི་གཉེར་ཚང་ཁག་ཐོག་རྩེག་དང་པོར་ཚོམས་ཆེན་འོག་རྣམ་སྲས་བང་མཛོད་ཅེས་གཉེར་ཚང་ཆེན་མོ་དང་། དེའི་ཤར་ནུབ་རྣམས་འབྲུ་ཁང་དང་། ཚྭ་ཁང་། གསང་སྔགས་གླིང་དང་འུག་པ་གླིང་གིས་ལོ་ལྟར་ཟླ་༡༢པའི་དགུ་གཏོར་སྐབས་ཀྱི་ཚོགས་ཁང་བཅས། ཕོ་བྲང་དམར་པོའི་ནུབ་ཏུ་རྫོང་ཤོད་དྲུང་གི་སྡོད་ཡུལ་ཐོག་རྩེག་གཉིས་ཅན་སྡེང་རྗེས་སུ་གསར་བསྐྲུན་བྱས་པའི་གཟིམ་ཆུང་། གཤམགྱི་རྟ་ར་དང་བ་ཚང་ཡན་ཐོག་རྩེག་གསུམ་ཡོད་པ་ལ་ཁང་པ་བསྡོམས་༢༦གསང་སྤྱོད་བཞི། ཕོ་བྲང་དམར་པོའི་ཤར་འཁྱུད་བཞེས་སྤྲོ་ཁང་དང་ལས་ཤག་སོགས་ཐོག་རྩེག་གསུམ་ཡོད་པ་ལ་ཁང་མིག་༢༠གསང་སྤྱོད་གཉིས། དེའི་འོག་བཙོན་ཁང་ཕྱི་སྒོ་ནུབ་ལྟའི་ནང་བཙོན་ཁང་སྒོ་བྱང་ལྟ་ཀ་བ་གཉིས། དེའི་བྱང་དུ་སྒོ་ལྷོ་ལྟའི་ནང་བཙོན་ཁང་ཀ་བ་གཅིག། དེའི་ཤར་བཙོན་ཁང་གནམ་སྒོ་ཅན། དེའི་འོག་སྒོ་ནུབ་ལྟ་ཀ་བཞིའི་འོག་བཙོན་ཁང་གནམ་སྒོ་ཅན་༡༢བཅས་ཡོད། ཕོ་བྲང་ཤར་འཁྱུད་ཀྱི་འོག་ཏུ་རྫོང་རྩེ་དྲུང་གི་སྡོད་ཡུལ་ཉིས་ཐོག་ཅན་དང་། དེའི་འོག་རྟ་ར་སོགས་སོགས་སྟེང་ཤོད་གཞུང་སྒོ་ཤར་ཡན་ཁང་མིག་༢༤བདེ་ཡངས་ཤར་དུ་དཔེ་ཧར་རྒྱལ་པོའི་མགོན་ཁང་། ལྷོར་རྫོང་ཤར་ནུབ་ཀྱི་གད་པ་སྡོད་ཁང་སོགས་ཁང་མིག་༢༠སྐོར་དང་གསང་སྤྱོད་གཅིག་བདེ་ཡངས་སྟེང་གནམ་སྒོ་གཉིས་ཡོད་པའི་འོག་བཅོ་བརྒྱད་བཀར་འཇུག་སོགས་ཀྱི་འབྲུ་ཁང་ཁག་དང་། དེའི་ཤར་ནས་གཏིང་ལ་བསྐྱོད་ས་ཐོག་སོ་བཅུ་ཙམ་ཡོད་པ་བཅས་སོ།

གཞིས་རྩེ་གྲོང་ཁྱེར་ནི་ལྷ་ས་ནས་ཀྲུང་ནེ་གཞུང་ལམ་བརྒྱུད་ནས་སྤྱི་ལེ་༢༧༨ཙམ་སོང་ན་གྲོང་ཁྱེར་དེར་འབྱོར་བ་ཡིན། གྲོང་ཁྱེར་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༣༦༥༨ཙམ་དང་། ས་ཞིང་རྒྱ་ཁྱོན་མུའི་ཁྲི་༡༨རྩ་ར་རྒྱ་ཁྱོན་མུའི་ཁྲི་༦༠མིའབོར་ཁྲི་༨.༢གྲོང་ཁྱེར་མངའ་ཁོངས་ཡོངས་ལ་ཤང་༦༠དང་། དེན་གཅོད་ཁྲུའུ་༢གྲོང་ཨུ་ཡོན་ལྷན་ཁང་༡༠གྲོང་

[page 144ཚོ་ཨུ་ཡོན་ལྷན་ཁང་༢༦༧ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༨༥༠ཙམ་གྱིས་མཐོ་བའི་ས་བབ་ཡིན་པ་བཅས་རེད། ༡༩༥༩ལོར་གཞིས་རྩེ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ༡༩༨༦ལོར་རྫོང་རིམ་པའི་གྲོང་ཁྱེར་དུ་མིང་བསྒྱུར་བྱས།

ཁུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི། པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང་གཙང་ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་སྐུ་ཚར་རབ་བྱུང་བདུན་པའི་ས་ལུགས་ཟླ་༡ཚེས་༡༢སྤྱི་ལོ་༡༤༣༩ལོར་སྐུ་འཁྲུངས། པཎ་ཆེན་སྐུ་ཕྲིང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་ནི་གཙང་ལྷོ་ཁུད་ཕུར་ཡབ་བསོད་ནམས་རྡོ་རྗེ་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་གླང་ཟླ་༡ཚེས་༤སྤྱི་ལོ་༡༥༠༥ལོར་སྐུ་འཁྲུངས། པཎ་ཆེན་སྐུ་ཕྲིང་བཞི་པ་ཆོས་ཀྱི་རྒྱལ་མཚན་ནི་ལྷན་དྲུག་བརྒྱ་སྤེལ་བར་ཡབ་འཚོ་ཡབ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དང་། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ལྕགས་རྟ་ལོའི་ཟླ་༤ཚེས་༡༥སྤྱི་ལོ་༡༥༧༠ལོར་སྐུ་འཁྲུངས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སད་མི་བདུན་གྱི་ནང་ཚན་བིེ་རོ་ཙ་ན་གཞིས་རྩེའི་ཤར་ངོས་ཆུ་ཤར་གྲོང་ཚོར་འཁྲུངས་། ཆུ་ཤར་གྲོང་ཚོར་བེ་རོའི་སྟོངས་གོག་ཅེས་པའི་ས་ཆ་དང་། བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད་(ཡང་ལ་ལས་བེ་རོའི་འཁྲུངས་ཡུལ་སྙེ་མོ་བྱེ་མཁར་ཞེས་པར་ཡིན་ཚུལ་དྲངས་)དགའ་ལྡན་ཁྲི་རབས་བཞི་པ་ཞ་ལུ་པ་ལེགས་པ་རྒྱལ་མཚན་བོད་རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ་༡༣༧༥ལོར་གཙང་ཞ་ལུར་འཁྲུངས། ས་སྐྱའི་ཁྲི་རབས་བཅུ་གསུམ་པ་བསོད་ནམས་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ཆུ་བྱི་སྤྱི་ལོ་༡༣༡༢ལོར་ཞ་ལུ་ཁང་གསར་དུ་འཁྲུངས། སྣར་ཐང་ཉེ་འཁོར་དུ་འཁྲུངས། སྣར་ཐང་པ་བཟོད་པ་དཔལ་གྲུབ་རབ་བྱུང་བདུན་པའི་ལྕགས་སྦྲུལ་སྤྱི་ལོ་༡༤༠༡ལོར་གཙང་ཆུ་སྒོ་གཞུང་དུ་འཁྲུངས། དགའ་ལྡན་ཁྲི་རབས་དགུ་པ་ཐུབ་བསྟན་ཀུན་[page 145དགའ་གཞིས་རྩེ་གཡུ་ལོ་བཀོད་དུ་འཁྲུངས་པ་བཅས།

 བཀྲ་ཤིས་ལྷུན་པོ་དགོན།

མཚན་རྒྱས་པར། བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལ་རྣམ་པར་རྒྱལ་བའི་གླིང་ཞེས་ཞུ། བཀྲ་ཤིས་ལྷུན་པོ་ནི་ལྷ་དང་བླླ་མས་ལུང་བསྟན་པའི་མཚན་ཡིན་པ་དང་། དཔལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པ་ནི་རྗེ་དགེ་འདུན་གྲུབ་པ་ཉིད་ཀྱིས་མཚན་གསོལ་གནང་བ་ཞིག་ཡིན། ཉི་ཟེར་རིའམ་རྒྱབ་རི་གླང་ཆེན་འགྱིང་འདྲའི་འདབས་མྱང་ཆུ་དང་ཡར་ལུང་གཙང་པོའི་འདུས་སོ། གཞིས་རྩེ་བསམ་གྲུབ་རྩེའི་ནུབ་ངོས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོ་༡༢༢༧ལོར་རྫེ་དགེ་འདུན་གྲུབ་པས་ཕྱག་བཏབ་གནང་མཛད། དེའང་རྫེ་དགེ་འདུན་གྲུབ་པ་སྣར་ཐང་ནས་འཇམ་དཔལ་མཚན་བརྗོད་གསུང་བཞིན་ཡར་མར་པེབས་སྐབས་ད་ལྟའི་དགོན་གནས་ཆགས་ཡུལ་དེར་ཕེབས་འབྱོར་སྐབས་“ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་”ཞེས་པའི་ཚིག་མཚམས་དང་རྟག་ཏུ་འཁེལ་བས་ཐོག་མའི་རྟེན་འབྲེལ་འགྲིག་གཞན་ཡང་རྭ་ལོ་ཙཱ་བ་ཁྲོ་ཕུར་བཞུགས་པའི་སྐབས་ཤིག་རི་རྩེར་སྐྱོ་སངས་དུ་བྱོན་པའི་ཚེ་ཤར་དུ་ཕྱག་མཛུབ་བསྟན་ཏེ། མ་འོངས་པ་ན་ས་ཕྱོགས་ཕ་ཀིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་གིས་དགོན་པ་བཀྲ་ཤིས་ཀྱི་མིང་ཅན་ཞིག་བཏབ་སྟེ་འགྲོ་དོན་དཔག་མེད་འབྱུང་བ་འདུག་ཅེས་གསུངས། ཡང་རྗེ་དགེ་འདུན་གྲུབ་འབྲས་སྤུངས་དགེ་འཕེལ་རིང་སྐུ་མཚམས་སུ་བཞུགས་པའི་སྐབས་ཤིག་མནལ་ལམ་དུ། ད་ལྟའི་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདྲ་བ་ཞིག་གི་རྩེ་མོར་རྗེ་ཙོང་ཁ་པ་དང་། སྐེད་པར་སེམས་དཔལ་ཆེན་པོ་འདུལ་འཛིན་པ། གཤམ་དུ་རྗེ་རང་ཉིད་བཅས་བཞུགས་ཡོད་པ་ལ་འདུལ་འཛིན་པས། དགེ་འདུན་གྲུབ་ཡར་རྣ་བ་གཏད་ནས་ཉོན་དང་། ཙོང་ཁ་པ་རང་རེ་ལ་ལུང་བསྟན་མང་པོ་གནང་གི་འདུག་ཅེས་གསུངས་པས། གསུང་གི་སྒྲ་དབྱངས་མང་པོ་སྒྲོག་པའི་ཁྲོད་“དགེ་འདུན་གྲུབ་

[page 146ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་གྱུར་ཅིག་”ཅེས་གསུངས་པ་ཞིག་གསལ་བར་གསན་པས་སྐུ་ལུས་ཀྱི་བ་སྤུ་གཡོས། དེ་བཞིན་རྗེ་ཤེས་རབ་སེང་གེ་བསམ་གྲུབ་རྩེ་ནས་སྣར་ཐང་དུ་ཕེབས་པའི་སྐབས་སུ་བཀྲིས་ལྷུན་པོ་ཆགས་སའི་ཕྱོགས་དེར་ཕྱག་མཛུབ་བསྟན་ནས། གནས་ཕ་གེར་དགེ་འདུན་གྲུབ་མགོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པའི་ཉམས་ཤིག་ང་ལ་རྟག་ཏུ་འོང་གི་འདུག་ཅེས་ཉེ་གནས་ལ་གསུངས་པ་སོགས་སྔོན་ནས་རྟེན་འབྲེལ་དེ་ལྟ་བུ་འགྲིགས། དེ་ནས་རྗེ་ཤེས་རབ་སེང་གེ་དགོངས་པ་གཞན་དོན་དུ་ཕེབས་རྗེས་དགོངས་རྫོགས་མཆོད་འབུལ་ལ་དམིགས་ཏེ་ཐུབ་དབང་གི་ལུགས་སྐུ་ཞིག་བཞེངས་པར་དགོངས། སྤྱིན་བདག་ཕྱུག་པོ་དར་རྒྱས་ཞེས་པ་དང་། རྡོ་རིང་པ། བྲང་ཚལ་པ། རྒྱ་བར་བ་སོགས་ཀྱིས་གསེར་གྱི་གའུ་རེ་ཕུལ་བས་ཐོག་དྲངས་གསེར་ཟངས་ཀྱི་འབུལ་བ་མང་པོ་དང་། ནས་ཁལ་སྟོང་གཅིག་ལྷག་ཙམ་ཉིན་གཅིག་ཁོ་ནར་ཕུལ་བ་བཅས་ཀྱིས་གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱིས་ལུགས་ཐོག་མར་བཏང་བ་མ་འཐེབས་པས། རྗེ་ཉིད་ཀྱིས་ཐུབ་པའི་བསྟོད་《བདུད་དཔུང་ཕྱེ་མར་འཐག་པ་》ཞེས་བྱ་བ་ལྗགས་རྩོམ་གནང་སྟེ་ཐོག་མར་ལུགས་ཕུད་ལ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་བཞེངས་གནང་མཛད། དེ་ནས་ལུགས་བཏང་བས་སྟོན་པའི་སྐུ་བརྙན་རྒྱབ་མཐོ་ཉེར་ལྔ་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་ངོ་མཚར་ཅན་ཞིག་བྱོན།རྟེན་དེའི་ཐུགས་ཀར་རྒྱལ་བ་ཙོང་ཁ་བ་ཆེན་པོས་དབུས་བླླ་མ་དང་། སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོས་གཏམས་པའི་དངུལ་གྱི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་ཞིག་དང་། རྗེ་ཤེས་རབ་སེང་གེའི་དབུ་ཐོད་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བཅས་བཞུགས། སྐུའི་སྨད་ཆར་གཟུངས་སྔགས་དང་འདུལ་བའི་གླེགས་བམ། རྗེ་ཙོང་ཁ་པའི་མཐང་གོས་བཅས་རྟེན་འབྲེལ་ཁྱད་པར་ཅན་དུ་མ་བཅས་ལ་དམིགས་ཏེ་དུས་ཡུན་ལོ་གཅིག་ཙམ་ལ་ཐུན་པ་བདུད་འདུལ་མ་ཞེས་ཞུ་བ་དེ་ཉིད་ཡོངས་སུ་འགྲུབ་པར་གནང་བའོ།

[page 147དེ་ནས་ཐུབ་པ་བདུད་འདུལ་མའི་བཞུགས་གནས་གཏན་མི་འཁེལ་བའི་མཚམས་དེར་སྔོན་གྱི་རྟགས་རིམ་བྱུང་དང་གཅིག་གཉིས་སུ་ས་བཀྲ་ལེགས་པ། གསུམ་དུ་གནས་དེར་ཕྱུག་གཞུང་དར་རྒྱས་པའི་ས་ཁོངས་ཡིན་པ་བཅས་ཀྱིས་མཐར་ཐུབ་པའི་བཞུགས་ཡུལ་གནས་དེར་བསྐྲུན་རྒྱུར་ཐུགས་ཐག་བཅད། ཕྱུག་གཞུང་དར་རྒྱས་པས་སྦྱིན་བདག་ཞུ་རྒྱུར་ཁས་བླངས། རྗེ་དགེ་འདུན་གྲུབ་པ་དགུང་གྲངས་༥༧དགའ་ལྡན་དགོན་བཏབ་ནས་ལོ་༣༩སྟེ་གོང་གསལ་སྤྱི་ལོའི་ལོ་ཁམས་དེར་དགོན་དེ་བཏབ་གནང་མཛད། ཐོག་དབུབ་པའི་ཚེ་ནམས་མཁའ་ནས་ཀ་བ་ལྟར་གྱི་འཇའ་ཟུག་པ་སོགས་ཀྱི་རྟེན་འབྲེལ་འགྲིག། འདུ་ཁང་ཁྱམས་སྟོད་ཀ་བསྟར་གཉིས་ལེགས་པར་འགྲུབ་རྗེས་བསམ་གྲུབ་རྩེ་ནས་ཐུབ་པ་བདུད་འདུལ་མའི་སྐུ་བརྙན་གདན་དྲངས་ཏེ་གཙང་ཁང་དབུས་མའི་རྟེན་གཙོར་བཞུགས་སུ་གསོལ། རྗེས་སུ་ཐུབ་པའི་གཡས་གཡོན་དུ་ཉན་ཐོས་གཉིས་དང་། གཡས་སུ་ཚེ་དཔག་མེད། གཡོན་དུ་སྨན་པའི་རྒྱལ་པོ། ཤར་ནུབ་གཉིས་སུ་དགེ་འདུན་གྲུབ་པའི་ཕྱག་བཟོ་ཡིན་ཞེས་ཞུ་བའི་ཉེ་སྲས་བརྒྱད། གཙང་ཁང་ནུབ་དུ་གསེར་ཟངས་ཀྱི་བལ་བཟོའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག་གཡས་སུ་འཇམ་དབྱངས་དང་གཡོན་དུ་སྤྱན་རས་གཟིགས། གཙང་ཁང་ཤར་དུ་སྒྲོལ་མ་ལྷ་ཁང་ནང་གསེར་ཟངས་ཀྱི་སྒྲོལ་དཀར་གཙོ་བོ་བཞུགས་གཡས་གཡོན་དུ་སྒྲོལ་མའི་སྐུ་བརྙན། དེའི་སྐུ་རྒྱབ་ཏུ་སྒྲོལ་མ་གསུང་བྱོན་མའི་ལྡེབས་རིས་ཤིག་ཡོད་པ་དེས་རྗེ་དགེ་འདུན་གྲུབ་དགོངས་པ་གཞན་དོན་དུ་ཕེབས་རྗེས་ཚོགས་གཞུང་ནས་རྗེའི་གསོལ་འདེབས་གསུང་བའི་སྐབས་དགེ་འདུན་གྲུབ་ཅེས་པའི་མཚན་མཚམས་སུ་དགེ་འདུན་ཡོངས་ཐུགས་སྐྱོ་ནས་མཚན་མ་ཐོན་པར་འཇམ་ཐིང་ངེར་བཞུགས་པའི་སྐབས། བུད་མེད་ཅིག་གི་སྐད་ཕྲ་ལ་སྙན་པའི་ཐོག་ནས་ “བློ་བཟང་དགེ་འདུན་གྲུབ་”ཅེས་གསུང་སྟེ་གྱང་ལ་ཐིམ། རྗེས་སུ་དགེ་འདུན་གྲུབ་པའི་གསོལ་འདེབས་ནམ་གསུང་རྗེའི་མཚན་མཚམས་དེར་སླེབས་སྐབས་གསུང་ཐོན་པར་བཏེགས་ཏེ་[page 148གསུང་སྲོལ་ཡང་དེ་ནས་དར་བ་ཡིན། འདུ་ཁང་ནུབ་བློ་བཟང་སྦུག་ཅེས་པར་ལྷ་མོདམག་ཟོར་དམ་སྦྱར་མ། ཡང་སྟེང་གཉེར་གཏད་གནས་བཅུ་ལྷ་ཁང་ནང་གནས་བཅུ་བྲག་རི་མ། ཡང་ཏུ་ལྷ་མོ་དམག་ཟོར་མ། བྱམས་ཁང་སྟེང་ཞལ་རས་ལྷ་ཁང་དང་། སྒྲོལ་མ་ལྷ་ཁང་སྟེང་ལྷ་ཁང་མཐོང་བ་དོན་ལྡན་ནང་རྗེ་དགེ་འདུན་ཀྱི་དངུལ་གདུང་། པཎ་ཆེན་སྐྱ་ཕྲིང་བཞི་པ་ནས་རྒྱ་བསྐྱེད་གནང་སྟེ་སེང་གཡབ་རྒྱབ་དང་ལྕང་ར་ལྷ་ཁང་། གྲིབ་སེལ་ལྷ་ཁང་། སྣ་ཚོགས་ལྷ་ཁང་། དགའ་སྡོང་ལྷ་ཁང་། པཎ་གྲུབ་ལྷ་ཁང་། ངུར་སྨྲིག་ལྷ་ཁང་། རིན་ཆེན་ལྷ་ཁང་། རྒྱ་ནག་ལྷ་ཁང་བཅས་པར་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ། དེ་ནས་རྗེ་ཉིད་གཙུག་ལག་ཁང་གི་ཁྱམས་སུ་རས་གུར་ནང་བཞུགས་པའི་ཐོ་རིངས་ཤིག་ལ་སྔར་ལུང་སྟོན་མཁན་གྱི་བུད་མེད་དེའི་སྐད་འདྲ་བ་ཞིག་གིས་“དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས་”ཞེས་ལྷང་ངེར་འབོད་བྱུང་བ་མཁའ་དགྲོའི་བརྡ་སྐད་ཡིན་པར་མཁྱེན་ཏེ་དེ་ནས་བཟུང་དགོན་པའི་མཚན་ལ་བཀྲ་ཤིས་ལྷུན་པོ་ཞེས་གསུངས་བ་ཡིན།

དགོན་སྡེར་གྲྭ་ཚང་བཞི་ཡོད་པ་ནི་ཤར་རྩེ་གྲྭ་ཚང་དང་། དཀྱིལ་ཁང་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་། སྔགས་པ་གྲྭ་བཅས་ཡིན།

ཤར་རྩེ་གྲྭ་ཚང་གི། ཚོམས་ཆེན་ཀ་བ་༡༦གི་གཙང་ཁང་ལྡེབས་རིས་སུ་རྗེ་ཙོང་ཐོག་ཚད་མ་དང་། གསེར་ཟངས་ཀྱི་ཐུབ་དབང་ཐོག་ཚད་མ་སྨན་འདམ་གྱི་ལྡེམ་དང་བཅས་པ། སྲུང་མའི་གཙོ་བོ་མགོན་པོ་ཕྱག་དྲུག་པ་ལ་སོགས་རྟེན་གསུམ་ཇི་སྙེད་བཞུགས། ཁྲོན་སྦུག་པ་བློ་བཟང་བསྟན་འཛིན་ནས་བློ་བཟང་ཆོས་ཉན་གྱི་ཡིག་ཆ་འབྱོར་བར་ (སྤྱི་ལོ་༡༩༦༠ཡན་)བླ་རབས་ལྔ་བཅུ་ཐམ་པ་བྱོན། འཆད་ཉན་གྱི་ཡིག་ཆ་གཙོ་བོ་ནི་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱིས་མཛད་པའི་《བཀའ་པོད་ལྔ་ཡི་ཐལ་ཕྲེང་》དང་བློ་གྲོས་ལེགས་བཟང་གིས་མཛད་པའི་དང་བློ་གྲོས་ལེགས་བཟང་གིས་མཛད་པའི་《དབུ་ཕར་གཉིས་ཀྱི་སྤྱི་དོན་》གཞན་ཡང་པོ་ཏི་བཞིའི་གཞུང་འགྲེལ་སོགས་ཡིན་

[page 149ཤར་རྩེ་གྲྭ་ཚང་ལ་མི་ཚན་༦ཡོད་པ་ནི་(མི་ཚན་ཞེས་པ་ནི་སྐྱེ་ཡུལ་འབབ་གཞིར་བཟུང་ནས་ཐོགས་པ་ཡིན་)ཁྲོན་སྦུག་ལྷ་ཁང་པ། བ་ཤེ་བ། གནས་གསེར། ཤར་བྱང་། ལས་སྟོད་བཅས་སོ་

དཀྱིལ་ཁང་གྲྭ་ཚང་གི་འདུ་ཁང་ རྒྱ་ཁོན་ཀ་བ་༢༤གཙང་ཁང་ཀ་བ་བཞིའི་རྟེན་གཙོར་སྨན་འཇིམ་གྱི་ཐུབ་དབང་ཐོག་ཚད་མ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གནས་བཅུ་བྲག་རི་མ་བཅས་བཞུགས། མགོན་ཁང་གཉིས་ གཙང་ཁང་ཀ་བཞིའི་སྟེང་གི་ལྷ་ཁང་རྟེན་གཙོ་ཐུབ་དབང་དང་། མཐའ་འཁོར་དུ་འཕགས་བོད་བླ་མ་མང་པོའི་སྣང་བརྙན། ངོ་མཚར་ཆེ་བའི་ལྡེབས་རིས། སྲུང་མའི་གཙོ་བོ་ལྕམ་སྲེང་དང་དེའི་ཞལ་འབག་གཏེར་མར་གྲགས་པ། བླ་རབས་དང་པོ་དཔལ་ལྡན་ཆོས་སྐྱོང་ནས་ཨོ་རྫོང་པ་མཁན་ཆེན་བློ་བཟང་བཟོད་པ་བར་(སྤྱི་ལོ་༡༩༦༠ལོ་ཡིན་)བླ་རབས་༥༧སོང་། འཆད་ཉན་ཡིག་ཆ་ནི་ཤཏྣི་པས་མཛད་པའི་《དབུ་མ་》དང་《ཕར་ཕྱིན་》《རྣམ་འགྲེལ་》བཅས་ཀྱི་ཌིཀྐ་དང་། འདུལ་ཌིཀྐ་ལྟ་བའི་སྒྲོལ་མེ། མངོན་པ་མཛོད་འགྲེལ་སོགས་ཡིན། གྲྭ་ཚང་འདིའི་ཁོངས་མི་ཚན་བཅུ་ཡོད་པ་ནི། གུ་གེ་སྟག་མོ། དཔེ་ཐུབ། མདངས་ཆེན། འདར་པ་ལ་ཁ། ལྷུན་གྲུབ་རྩེ། རོང་མཚོ། དཔེ་ཐུབ། མདངས་ཆེན། འདར་པ། ལ་ཁ། ལྷུན་གྲུབ་རྩེ། རོང་མཚོ། གནས་རྙིང་ཟུར་ཁང་པ། རི་མཁར་མི་ཚན་བཅས་ཡིན།

ཐོས་བསམ་གླིང་གྲྭ་ཚང་གི་ ཚོགས་ཆེན་རྒྱ་ཁྱོན་ཀ་བ་༢༤དང་ གཙང་ཁང་ཤར་ནུབ་ཤར་གཉིས་ལ་རྒྱ་ཁྱོན་ཀ་བ་གཉིས་རེ། གཙང་ཁང་ནུབ་མའི་རྟེན་གཙོ་སྨན་འཇིམ་གྱི་ཐུབ་དབང་ཐོག་ཚད་མ་མཆོག་ཟུང་དང་བཅས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཐོག་ཚད་མ་བཅས་དང་ཤར་མར་སྨན་འཇིམ་གྱི་ཐུབ་པ་གཙོ་འཁོར་གསུམ་བཅས་བཞུགས། སྲུང་མའི་གཙོ་ལྷ་མོ་གསུང་བྱོན་མ་ཡིན། གྲྭ་ཚང་དེར་

[page 150གདན་རབས་དང་པོ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་ནས་བློ་བཟང་རྒྱལ་པོའི་བར་(སྤྱི་ལོ་༡༩༦༠ཡན་ལ་)བླ་རབས་ཞེ་དགུ་བྱུང་། འཆད་ཉན་ཡིག་ཆ་ནི། བྱང་ཕྱོགས་རྣམ་པ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་མཛད་པའི་《ཕར་ཕྱིན་བསམ་འཕེལ་དབང་རྒྱལ་》དང་། འཇམ་དབྱངས་བློ་བཟང་བཤེས་གཉེན་གྱིས་མཛད་པའི་《འདུལ་བའི་སྤྱི་དོན་དང་། མཛོད་འགྲེལ་ཉི་མའི་དཀྱིལ་འཁོར་》བྱང་སྟོན་བརྩོན་འགྲུས་རྒྱལ་མཚན་གྱིས་མཛད་པའི་《དབུ་མ་》དང་། 《བློ་རྟགས་》སོགས་ཚད་མའི་སྐོར། རྟ་ནག་ཕྱོགས་པ་རྣམས་སེ་ར་རྗེ་བཙུན་པ་དང་མཁས་གྲུབ་དགེ་འདུན་བློ་བཟང་ཡབ་སྲས་ཀྱིས་མཛད་པའི་《དབུ་ཕར་འདུལ་མཛོད་རྣམ་འགྲེལ་བཅས་ཀྱི་མཐའ་དཔྱོད་》བཅས་ཡིན། གྲྭ་ཚང་དེའི་ཁོངས་མི་ཚན་བཅུ་ཡོད་པ་ནི། ལེགས་གླེང་དང་། གཅེན་ལུང་། འབྲོང་རྩེ། བདེ་འབྱོར། གནས་ཆོས། གནས་པ། རྟ་ནག་པ། ལྷུན་པོ་རྩེ། ནོར་དགའ། བྱང་སྤང་བཅས་ཡིན།

སྔགས་པ་གྲྭ་ཚང་ནི་རྒྱལ་མཆོག་དགེ་འདུན་གྲུབ་པ་ཉིད་ཀྱིས་རྗེ་བཙུན་ཤེས་རབ་སེང་གེའི་བཀྲ་དྲིན་གསབ་ཕྱིར་རྒྱུད་གྲྭ་འཛུགས་པར་བཞེད་ཀྱང་སྐབས་མ་འཁེལ། རྗེས་སུ་ཤིང་ཡོས་སྤྱི་ལོ་༡༦༡༥ལོར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསར་འཛུགས་མཛད། འདུ་ཁང་རྒྱ་ཁྱོན་ཀ་བ་བཅུ་དྲུག་དང་དབུས་ཀྱི་ལྡེབས་ཞལ་ཐོག་དང་པོའི་སངས་རྒྱས་རྟོ་རྗེ་འཆང་སོགས་ཡི་དམ་ལྷ་ཚོགས་མང་པོའི་ལྡེབས་རིས་དང་། དབུས་སུ་རྟོ་རྗེ་སློབ་དཔོན་གྱི་བཞུགས་ཁྲི། རྟོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་གདུང་རིལ་བུ་བཞུགས་པའི་དངུལ་གྱི་གདུང་རྟེན། མགོན་ཁང་ནང་སླེའུ་ཆུང་མར་གྲགས་པའི་ལི་མའི་རྟོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པས་གཙོས་ལི་དང་རྟོ་ནག་སྨན་འཇིམ་བཅས་ལས་གྲུབ་པའི་ལྷ་སྲུང་ཁག་གི་སྐུ་བརྙན་སོགས་བཞུགས། གྲྭ་ཚང་དེར་ཕེབས་པའི་རྟོ་རྗེ་སློབ་དཔོན་རིམ་བྱུང་ནི། ཇོ་རྫོང་བློ་བཟང་བསྟན་པའི་

[page 151རྒྱལ་མཚན་ནས་ལྷོ་པ་སྐུ་སྐྱེ་དཔལ་ལྡན་ཤེས་རབ་སེང་གེ་(སྤྱི་ལོ་༡༩༦༠ལོ་ཡན་)བར་རྟོ་རྗེ་སློབ་དཔོན་སོ་དྲུག་ཕེབས། འཆད་ཉན་ཡིག་ཆ་ནི་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་བཞི་སྦྲགས་《བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་སྙིང་པོ་》སོགས་རྒྱུད་སྡེ་བཞིའི་རྒྱུད་དང་དགོངས་འགྲེལ་རྣམས་ལ་འཆད་ཉན་མཛད་པ་ཡིན།

པཎ་ཆེན་སྐུ་ཕྲེང་དགུ་པའི་དུས་(སྤྱི་ལོ་༡༩༡༤ལོར་)བཞེངས་གནང་བའི་བྱམས་ཁང་ཆེན་མོའི་ནང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་དགུ་ཐོག་ཅན་ནི་འཇམ་གླིང་ཐོག་བྱམས་པའི་སྐུ་བརྙན་ཆེ་ཤོས་དེ་ཡིན་པ་དང་། མཆོད་ཁང་ནུབ་ལ་སྐུ་ཕྲེང་དྲུག་པའི་གདུང་རྟེན། སྲིད་གསུམ་རྣམ་རྒྱལ་ལྷ་ཁང་ནང་སྐུ་ཕྲེང་བཅུ་པའི་གདུང་རྟེན། སྐུ་ཕྲེང་བདུན་པའི་དུས་བཞེངས་གནང་པའི་ཤག་སྒོར་སྟེང་རྒྱ་ནག་ལྷ་ཁང་དང་། དེའི་སྦུག་ཏུ་ལྷན་འཛོམས་གཟིམ་སྦུག་བཅས་ཡོད། སྔོན་དགེ་འདུན་༥༠༠༠ལྷག་གིས་རི་བོ་དགེ་ལྡན་ལུགས་ཕྱག་ལེན་གནང་བ་ཡིན།

ད་ལྟ་མཆོད་ཁང་ནུབ་ལྷ་ཁང་ནང་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསེར་གདུང་གསུམ་ཐོག་ཅན་དང་། རྩེཐོག་ཏུ་དུས་འཁོར་གྱི་བློས་བླངས་དཀྱིལ་འཁོར་གསེར་དངུལ་ལས་གྲུབ་པ། མཆོད་ཁང་གི་མཚན་ལ་སྲིད་གསུམ་རྣམ་རྒྱལ་ཞེས་གསོལ་ཡོད། ལྷ་ཁང་དེའི་བཟོ་བཀོད་ནི་མཆོད་ཁང་ཤར་ལ་དཔེ་བྱས་ནས་བཞེངས་གནང་བ་ཡིན། དེ་ལྟར་བཞེངས་དགོན་དོན་ནི་མཆོད་ཁང་ཤར་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ངོ་མས་ལྗགས་བཀོད་གནང་བ་ཞིག་ཡིན་པ་ནི་མཆོད་ཁང་གི་ཕྱིའི་བཀོད་པ་དང་། ནང་གི་གདུང་རྟེན་ལྔ་ལྷན་བཞུགས་གནང་བ། ལྡེབས་རིས་ཀྱི་བཀོད་པ་དང་ལྷག་པར་དུ་ཐུན་མོང་མ་ཡིན་པ་ཞིག་ནི་ཐོག་ལ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་ཁོ་ན་བྲིས་སུ་འཇུག་གནང་བ་དང་མཆོད་ཁང་གི་མཚན་ལའང་“བཀྲ་ཤིས་རྣམ་རྒྱལ་”ཞེས་སྐུ་ཉིད་ངོ་མས་གསོལ་གནང་བ་བཅས་ཡིན། ད་དུང་ཐོས་བསམ་གླིང་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་། མི་ཚན་མང་པོ་ཞིག་ད་དུང་ཉམས་གསོ་འགྲུབ་མེད་པ་བཅས།

[page 152]

 བདེ་ཆེན་ཕོ་བྲང་།

མཚན་རྒྱས་པར། བདེ་ཆིན་སྐལ་བཟང་ཕོ་བྲང་ཞེས་ཞུ། བཀྲས་ལྷུན་དགོན་ནས་སྤྱི་ལོ་གཅིག་ཙམ་ལྷོ་ནུབ་ངོས་སུ་སོང་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་ཕོ་བྲང་དེར་སླེབས་པ་ཡིན། ཕོ་བྲང་དེ་ནི་པཎ་ཆེན་སྐུ་ཕྲེང་ན་རིམ་བཞུགས་ཡུལ་ཕོ་བྲང་ཀུན་སྐྱོབ་གླིང་གི་ལྟེ་བ་ལེ་ལག་དང་བཅས་པ་སྤྱི་ལོ་༡༩༥༤ལོར་ཉིང་རོའི་ཆུ་བརྡོལ་ཆེན་པོས་འཇིགས་(ཡོངས་ཁྱབ་ཏུ་རྒྱལ་རྩེ་ཆུ་ཤོར་ཟེར་)སྟབས་ཀྲུང་དབྱང་ལ་སྙན་སེང་ཞུས་པ་ལྟར་ཉམས་པ་སོར་ཆུད་ཞུ་རྒྱུའི་གྲོན་དངུལ་ཁྱོན་ཆེ་སྩལ་བ་བཀའ་དྲིན་ཆེ་བ་བཞིན་བདེ་ཆེན་ཕོ་བྲང་གི་ཤུལ་དུ་གསར་བསྐྲུན་ཞུ་གཏན་འཁེལ། ལས་གྲྭའི་གྲ་སྒྲིག་སྤྱི་ལོ་༡༩༥༥ལོའི་བོད་ཟླ་༨པར་དབུ་ཚུགས། གཞིས་རྩེ་ཀུང་ཧུད་དཔོན་རིགས་དང་། པཎ་ཆེན་ནང་སྒང་། ལྷག་པར་དུ་གོང་ས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་གཞི་མཛུབ་སྟོན་བཅས་ཀྱི་འོག་པེ་ཅིན་ནས་ཆེད་བཏང་བཟོ་སྐྲུན་ཆེན་མོ་བ་དང་། འདིར་ཡོད་རྒྱ་རིགས་བཟོ་སྐྲུན་ཆེན་མོ་བ། བོད་རིགས་ཤིང་བཟོ་དབུ་ཆེན་བཅས་ཀྱིས་ཕོ་བྲང་ལྟེ་བ་དང་ལེ་ལག་མཛོད་སྦུག་འཕུལ་འཁོར་ཁང་། སློབ་གྲྭ་ཁང་། ལས་ཤག་བཅས་ཀྱི་འཆར་འགོད་ས་བཀྲ་འཕྱུགས་པ་མེད་པ་བཀོད་གནང་མཛད། ཕོ་བྲང་ལྟེ་བ་རྡོ་རྩིག་མཐོ་བའི་སྟོང་ཚོམས་ཆེན་དང་། གཟིམ་ཆུང་ཁག་ལ་ལྕགས་གདུང་ལ་ཨར་འདམ་གྱིས་བཏུམས་པས་ཀ་བ་མེད་པའི་ཁྱད་ཆོས་དང་། ཕྱི་རྩི་སེར་སྤེན་བད་ནག་པོ། ཡང་སྟེང་གསེར་ཟངས་ཀྱི་གཛྣྱི་ར་དང་། རྒྱལ་མཚན་སོགས་ཀྱིས་བརྒྱན་ཏེ་བོད་ཕྱི་ཟུང་དུ་སྦྲེལ་བའི་ངོ་མཚར་ཆེ་བའི་ཁྱད་ཆོས་ལྡན་ཡོད།

ནང་དུ་གཟིམ་ཆུང་ཁག་ནི། 、ཕོ་བྲང་རྩེའི་ལྷོ་ཕྱོགས་སུ་གཟིམ་ཆུང་སྲིད་གསུམ་གླིང་ཞེས་པའི་ནང་དུ་གསེར་ཟངས་ཀྱི་རྗེ་ཡབ་སྲས་གསུམ་དང་[page 153རྗེ་བཙུན་སྒྲོལ་མ། བླ་ཁོ་རྡོ་རྗེ་འཆང་གི་སྐུ་པར། གཞན་ཡང་གསེར་ཟངས་དང་ལི་མ་སོགས་ཀྱི་སྐུ་བརྙན་ཇི་སྙེད་བཞུགས་སུ་གསོལ་བ། 、དེ་འབྲེལ་ལྷོ་ཕྱོགས་སུ་གཟིམ་མལ་གནང་ས་མདོ་སྦུག། 、དེ་འབྲེལ་ཁམས་གསུམ་རྣམ་རྒྱལ་གླིང་ནང་གི་གཟིམ་སྦུག་ཏུ་རྟེན་གསུམ་དང་། མདོར་མཇལ་ཁ་གནང་ས་དང་དེའི་མདོར་ཞབས་ཕྱི་ཁང་། 、ཕོ་བྲང་རྩེའི་བྱང་ཕྱོགས་སུ་གཟིམ་ཆུང་ཕུན་ཚོགས་ཟིལ་འབར་ནང་སྦུག་ཏུ་སྐུ་ངལ་གསོ་ས་དང་། མདོར་གསོལ་ཚིགས་གནང་ས།、དེ་འབྲེལ་ཕོ་བྲང་ས་གསུམ་ཀུན་གསལ་ནང་དབུས་སུ་བཞུགས་ཁྲི་བླ་བྲེས་དང་བཅས་ཡོད་པས་དེར་མཇལ་མང་གནང་ས་ཡིན་པ།、ཕོ་བྲང་བར་ཐོག་ཕུན་ཚོགས་དགྲ་བཅོས་ཞེས་པའི་ནང་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱིས་གཙོས་ཡི་དམ་ཁག་དང་ལྷ་སྲུང་ཁག་གི་སྣང་བརྙན་སྨན་འཇིམ་ལས་གྲུབ་པ།、འོད་གསལ་གླིང་ཞེས་པའི་སྒྲོལ་མ་ལྷ་ཁང་ནང་རྗེས་སུ་བཞེངས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྣང་བརྙན་སྨན་འཇིམ་ལས་གྲུབ་པ་མི་ཚད་མ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་ཡོངས་འཛིན་འཇིགས་མེད་བསམ་གཏན་དང་དངུལ་ཆུ་བློ་བཟང་ཆོས་འཕེལ་གྱི་སྣང་བརྙན། གཞན་ཡང་ལི་དང་གསེར་ཟངས་ཀྱི་སྐུ་བརྙན་མང་པོ་བཅས་དང་། རྒྱལ་བའི་བཀའ་བསྟན་གྱིས་གཙོས་རྒྱ་བོད་མཁས་པའི་གསུང་རྟེན་མང་པོ་བཅས་བཞུགས་པ་སོགས་མདོར་ན་གཟིམ་ཆུང་ཚང་མར་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་ཡོད་ལ་ད་ལྟའང་ཉམས་གསོ་གནང་དང་གནང་མུས་སུ་ཡོད།

 རྒྱན་གོང་།

མཚན་རྒྱས་པར། རྒྱན་གོང་བྱང་ཆུབ་ཀྱི་དགེ་གནས་ཞེས་ཞུ། གཞིས་རྩེ་བཀྲས་ལྷུན་དགོན་ནས་སྤྱི་ལེ་༢༠ཙམ་སྣུམ་ནག་འཁོར་ལམ་བརྒྱུད་རྒྱལ་རྩེའི་ཕྱོགས་སུ་སོང་ན་ཚོང་འདུས་ཞེས་པར་འབྱོར། དེ་ནས་ལྷོ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད་“རྒྱན་གོང་”ཞེས་པ་ནི་བསྟན་པ་ཕྱི་དར་ཀྱི་ཐོག་མར་བླ་ཆེན་དགོངས་

[page 154པ་རབ་གསལ་གྱིས་མཁན་པོ་གནང་བའི་མདོ་སྨད་ཀྱི་མཁས་པ་མི་བཅུའི་ནང་ཚན་སྐུ་ན་མཐོ་ཤེས་གཙང་ལོ་སྟོན་གྱིས་ཕྱག་བཏབ་གནང་མཛད། དེའང་མཁས་པ་མི་བཅུ་གཙང་དུ་ཕེབས་ཏེ་རང་སོ་སོའི་གནས་བཞི་གང་དུ་འདེབས་མིན་རྒྱན་བསྐྱོན་སྐབས་གཙང་ལོ་སྟོན་ནི་སྐུ་ན་མཐོ་ཤོས་དང་གཙང་དུ་ཕེབས་སྔ་ཤོས་ཡིན་ཙང་རྒྱན་ཁོངས་ནས་ཕུད་དེ་ཐུགས་གང་མཉེས་བསྐྱོན་རྒྱུ་གནང་སྡབས་རྒྱན་གོང་ཞེས་པ་དེ་ལྟར་བྱུང་། རྒྱན་གོང་ཕྱི་སྟོང་ནང་སྟོང་ཞེས་ནང་དུ་དགེ་འདུན་སྟོང་དང་། ཕྱི་ལ་མི་ཁྱིམ་སྟོང་ཡོད་པར་གྲགས། འོན་ཀྱང་རྗེས་སུ་ཉམས་ཆག་བྱུང་སྟེ་རྒྱན་གོང་མགོན་ཁང་ཞེས་པར་རྡོ་རྗེ་རབ་བརྟན་མའི་སྐུ་བརྙན་དང་། ཡང་སྟེང་དུ་སྨན་འདམ་གྱི་ཐུབ་དབང་མི་ཚད་མར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ས་པཎ་བསྙེན་རྫོགས་སྐབས་དབུ་སྐྲ་བསིལ་སའི་རྡོ་གཞོང་ཙམ་ལས་མེད།

ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། གོང་གསལ་ས་པཎ་གྱི་དབུ་སྐྲ་བསིལ་སའི་རྡོ་གཞོང་སོགས་མཇལ་རྒྱུ་ཡོད།

 ཞ་ལུ་དགོན།

མཚན་རྒྱས་པར་ དཔལ་ཞ་ལུ་གསེར་ཁང་ཁྲ་བོ་ཞེས་ཞུ། རྒྱན་གོང་ནས་སྤྱི་ལེ་ཕྱེད་ཙམ་གྱི་ས་ན་དགོན་དེ་ཆགས་ཡོད། དགོན་དེ་ནི་སྤྱི་ལོ་༡༠༠༣ལོར་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་མཛད། (“ལྕེ་”ཞེས་པ་ནི་རིགས་རུས་ཀྱི་མིང་ཡིན་)ལྕེ་བཙུན་ཤེས་རབ་འབྱུང་གནས་ནི་ལོ་སྟོན་གྱི་དངོས་སློབ་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་ཡིན། རྒྱན་གོང་བཏབ་རྗེས་ལོ་འགའ་སོང་བའི་རྗེས་ལྕེ་བཙུན་གྱིས་ཚོང་འདུས་ཁྲོམ་སྟོད་ཁྲོམ་སྨད་ཀུན་ལ་རྒྱན་གོང་སུས་བཏབ་བཀའ་འདྲི་གནང་བར་རྒྱན་གོང་ནི་ལོ་སྟོན་གྱིས་བཏབ་གནང་བ་ལས་ལྕེ་བཙུན་གྱི་མཚན་མེད་སྟབས་དགོན་གནས་ཤིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་ལོ་སྟོན་ལ་ཞུས་པས། ལོ་སྟོན་གྱིས།[page 155ཁྱོད་ཀྱིས་མདའ་ཞིག་འཕངས་ཏེ་དེ་གང་དུ་བབས་ས་དེར་དགོན་གནས་ཤིག་འདེབས་ཆོག་ཅེས་གསུངས། འོན་ཀྱང་ལྕེ་བཙུན་གྱིས་དགོན་པ་ཐག་རིང་ན་བླ་མའི་ཉེ་གནས་མཛད་རྒྱུར་ཐག་རིང་བར་དགོངས་ནས་མདའ་སྨུག་ནང་གསེར་བཀང་ཏེ་འཕངས་པས་ད་ལྟའི་དགོན་གནས་ཡུལ་དེར་པད་ཁའི་ཞིང་ཡིན་པ་དང་། མདའ་པད་ཁའི་ཞ་ལུའི་སྟེང་ཕོག་པས་“ཞ་ལུ་”ཞེས་པ་དེ་ལྟར་བྱུང་། དེ་ནས་རྗེ་བཙུན་གྱིས་ཐོག་མར་ཡུམ་ལྷ་ཁང་བཞེངས་ཏེ་ནང་རྟེན་དུ་ཡུམ་ཆེན་མོས་གཙོས་མངའ་བདག་ཁྲི་རལ་དང་། ཐུབ་པ་སེར་ཐུབ། ཕྱོགས་བཅུའི་སངས་རྒྱས་སོགས་སྐུ་རྒྱུ་སྨན་འདམ་ལས་གྲུབ་ཀྱང་ཁྲི་རྒྱབ་ཡོལ་དང་བཅས་གྲང་གསེར་གྱིས་ཁྱབ་པ་གསོལ་བས་གསེར་ཁང་ཞེས་པ་དེ་ལྟར་བྱུང་། ཁྲ་བོ་ཞེས་པ་ནི་ཁང་པའི་ཕྱིར་རིགས་གསུམ་མགོན་པོའི་མཚོན་རྟགས་ཞེས་ས་རྩེ་དཀར་པོ་དང་། དམར་པོ། སྔོན་པོ་བཅས་གསོལ་བ་ཡིན་པས་“ཁྲ་བོ་”ཞེས་པ་དེ་ལྟར་བྱུང་།དགོན་དེ་ཐོག་མར་སྤྱི་ལོ་༡༣༢༠ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང་། མདོ་སྔགས་ཀྱི་བཤད་གྲྭའང་བཙུགས་གནང་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་མཛད། “བུ་སྟོན་”ཞུ་བ་ནི་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་པའི་ཡུལ་དུ་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༢༩༠ལོར་འཁྲུངས། ཞལ་དབྱིབས་མི་མཛེས་པ་སྤྲེལ་དང་འདྲ་བས་གཞན་ལ་སྟོན་མི་ཕོད་པའི་ཚུལ་མཛད་པས་ཀུན་གྱིས་“བུ་སྟོན་ཅིག བུ་སྟོན་ཅིག་”ཅེས་པའི་སྒྲ་ལས་བུ་སྟོན་ཞེས་དང་། ཡང་ཕ་བྲག་སྟོན་པ་འཁྲུངས་འདུག་ཅེས་པ་ལས་བུ་སྟོན་ཞེས་པའི་མཚན་འབྱུང་ཚུལ་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། དེ་ལྟར་བུ་སྟོན་གྱིས་ཆོས་སྡེ་དེ་ཉིད་བསྐྱངས་གནང་བས་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་རྒྱ་བསྐྱེད་ཆེན་པོ་བྱུང་། འདུ་ཁང་ཆེན་མོ་ཀ་བ་༣༦དང་ཀ་རིང་གཉིས་ཅན་གྱི་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་བུ་སྟོན་ཡབ་[page 156སྲས་གསུམ་གྱི་སྐུ་བརྙན་མི་ཚད་མ་དང་། གཡས་ནས་རྩིས་པའི་ལྷ་ཁང་དང་པོར་ཤར་ལི་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན། གསེར་བྲིས་ཀྱི་བཀའ་བསྟན་དང་། བརྒྱད་སྟོང་བརྒྱ་ཚར། སྣར་ཐང་གི་པར་ཕུད་བསྟན་འགྱུར། གཙང་ཁང་དབུས་མར་ཐུགས་རྗེ་ཆེན་པོ་རྡོ་སྐུ་རང་བྱོན་ཁ་སརྤ་ཎི། རྒྱ་གར་རྡོ་རྗེ་གདན་གཙུག་ལག་ཁང་ནས་གདན་པའི་ཇོ་བོ་ཁ་སརྤ་ཎི། མ་ཎི་རང་བྱོན།ཐུགས་རྟེན་དུ་མཆོད་རྟེན་རང་བྱོན། གཞན་ཡང་སྐུ་ཞང་ཁྲི་པ་རིམ་བྱོན་གྱི་ནང་རྟེན། གཙང་ཁང་བྱང་མར་སྨན་འདམ་གྱི་རྣམ་པར་སྣང་མཛད་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་ཐོག་སོ་གཉིས་མ་ཟིན་ཙམ། དེ་ནས་སྒོ་གསུམ་ལྷ་ཁང་ནང་གཙོ་བོ་བུ་སྡོན་རིན་ཆེན་གྲུབ་ཀྱི་ནང་རྟེན་ཇོ་བོ་བྱང་ཆུབ་ཆེན་མོ་དང་། དེའི་གཡས་སུ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་ནང་རྟེན་ཐུབ་དབང་། གཡོན་དུ་འཇམ་དབྱངས་གྲགས་པ་རྒྱལ་མཚན་གྱི་ནང་རྟེན་ཐུབ་དབང་། གཞན་ཡང་སྐུ་ཞང་གི་བླ་མ་རིམ་བྱོན་གྱི་ནང་རྟེན་ཐུབ་དབང་། སྨན་བླ། རྣམ་འཛོམ། བུ་སྟོན་གྱི་ཡུམ་གྱི་ནང་རྟེན་གསེར་བུམ་མཆོད་རྟེན། དགའ་ལྡན་ཁྲི་པ་ལེགས་པ་རྒྱལ་མཚན་གྱི་ནང་རྟེན། མཁན་ཆེན་བསོད་ནམས་མཆོག་སྒྲུབ་དང་། མཁན་ཆེན་འཇམ་དཔལ། མང་ཐོས་བློ་གསལ་བསྟན་སྐྱོང་བཅས་ཀྱི་ནང་རྟེན་དང་སྐུ། གཞན་ཡང་ཞ་ལུ་དགོན་པར་ཁྱད་ཆོས་གསུམ་ཡོད་པ་ནི། གཙུག་ལག་ཁང་གི་རྨང་བོད་བཟོ་ཡིན་པས་གཅིག ལྡེབས་རིས་བལ་བཟོ་ཡིན་པས་གཉིས། རྒྱ་ཕིབས་རྒྱ་ནག་ལུགས་ཡིན་པས་གསུམ་བཅས་དང་། གྲྭ་ཚང་བཞི་ཡོད་པ་ནི་ཁང་རྙིང་གྲྭ་ཚང་དང་། རབ་རྒྱས་གྲྭ་ཚང་། དཀར་པོ་གྲྭ་ཚང་། བྲང་ཆེན་གྲྭ་ཚང་བཅས་སོ་སོ་ལའང་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་བུ་སྟོན་དུས་དགེ་འདུན་བདུན་སྟོང་ཙམ་འདུས་པ་ལ་རྗེས་སུ་དགེ་འདུན་སུམ་བརྒྱ་སྐོར་གྱིས་བུ་སྟོན་ལུགས་ཕྱག་བཞེད་མཛད་པ་ཡིན།

དགོན་དེར་བུ་སྟོན་གྱི་དངོས་སློབ་སྔགས་འཆང་གཡུ་སྟོན་རྡོ་རྗེ་དཔལ་གྱིས་ཞ་ལུ་མ་ཧེ་མཆོད་པ་ཞེས་པའི་འཆམ་གྱི་སྲོལ་རྒྱུན་བཙུགས་གནང་མཛད། [page 157མ་ཧེ་མཆོད་པ་ནི་ལོ་འཁོར་བཅུ་གཉིས་ཀྱི་ཡོས་ལོའི་བོད་ཟླ་༡༡ཚེས་༢༩ཉིན་ཡིན། དེའང་མྱང་སྡོད་སྐྱིད་སྦུག་དགོན་དང་། མྱང་སྨད་བསམ་གྲུབ་ཆོས་སྟིང་དགོན་གཉིས་རེས་མོས་ཀྱིས་རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ་པའི་དགེ་འདུན་པ་གཉིས་ཕེབས་དགོས་ཤིང་དེའི་ནང་ནས་གཅིག་ལ་“བམ་”དང་གཅིག་ལ་ “སྐད་གཏོང་”ཞེས་ཟེར་བ་ཡིན། བམ་ནི་རྩ་རླུང་ལ་རང་དབང་ཐོབ་སྟེ་རང་ལུས་ལ་ཞེན་མེད་མཆོད་སྦྱིན་ནུས་པ་ཞིག་ཡིན་པ་དང་། སྐད་གཏོང་ནི་གོང་ལྟར་རྩ་རླུང་ལ་རང་དབང་ཐོབ་སྟེ་བམ་ཆེན་ཤ་ཁྲག་གི་མཆོད་གཏོར་བཞེས་ལ་འབོད་པ་སྟེ་སྐད་གཏོང་བ་ཡིན་པས་སྐད་གཏོང་ཞེས་ཟེར་བ་ཡིན། སྐད་གཏོང་གིས་གཙང་སྨྱོན་ཧེ་རུ་ཀའི་ཆས་གོས་བཞེས་ཏེ་གཞིས་རྩེ་དང་། ས་སྐྱ་སོགས་བསྐོར་རྗེས་དབུས་སྡེ་པ་གཞུང་ལ་ཕེབས་ཏེ་རྒྱལ་བའི་མཇལ་ཁ་དང་། བསམ་ཡས་ལ་ཕེབས་ཏེ་བསམ་ཡས་དབུག་ཁང་གི་གཙབ་གདན་བརྗེ་བ་སོགས་དུས་ཐུང་ནང་འཁོར་བ་ནི་མགྱོགས་རླུང་ལ་རང་དབང་ཐོབ་པའི་རྟགས་ཡིན་པ། བམ་གྱིས་འདོམ་གང་གྲུ་བཞིའི་ནང་ཉིན་བདུན་སྐུ་མཚམས་ལ་བཞུགས་རྗེས་བོད་ཟླ་༡༡པའི་ཚེས་༢༩ཉིན་གྱི་ནམ་ལངས་ཕྱི་ཆར་སྐུ་ལུས་ལ་རས་ཀྱི་མདོམས་དྲིབ་ཆུང་ངུ་ཞིག་དང་སྒོམ་ཐག་ཙམ་ལས་ན་བཟའ་གང་ཡང་མ་བཞེས་པར་ཐོན་ཕེབས་པ་དང་། ལས་མཁན་ཕོ་མོ་ཞེས་པས་ཞགས་པ་ནག་པོ་བརྒྱབ་སྟེ་ཁྲིད་ཡོང་། སྐབས་དེར་གཞིས་རྩེ་དམར་ཁེ་བ་ཞེས་པས་པའི་བཤན་པས་གཡག་ཀོ་རློན་པའི་སྟེང་ཁྲག་དང་གྲོ་ཞིབ་བྱུག་སྟེ་འཁྱགས་བཏང་བའི་ཀོ་བ་སྡེར་སྡེར་ཞིག་བཞག་ཡོད་པ་དེའི་སྡེང་འཕྲུལ་འཁོར་རྡོར་འབེབས་ཞེས་ས་ནས་ཐོག་རྩེག་གཅིག་ཙམ་ཡར་འཕར་མར་འབབ་ལན་མང་དང་། གན་རྐྱལ་ཉལ་བ་སོགས་བྱས་པས་འཁྱགས་ཐེབས་པའི་ཀོ་བ་བཞུར་ནས་རླངས་པ་ཐོན། དེ་ནས་ཀོ་བ་བཞི་ལྟེབས་བསྐྱོན་ནས་ཕྱག་གཅིག་གིས་ཡར་བཏེགས་ཏེ་ “ང་ཚོའི་ཆོས་ས་རང་ཏེ་མྱང་སྟོད་སྐྱིད་སྦུག་ནས་ཡིན། ཆོས་ཀྱི་སྒྲོ་མདོངས་སྤྱོད་ས་ཞ་ལུ་རྡོ་གཅལ་སྔོན་མོ། ཞ་ལུའི་དགེ་འདུན་རྣམས་ཀྱི་ཞབས་[page 158ཀྲད་ (ལྷམ་གྱི་རྡོག་པ་)ཉན་པ་ཡོད་དོ་”ཅེས་རྡོ་གཅལ་གྱི་དཀྱིལ་དུ་གཡུགས་པས་འཕར་རློང་དང་དྲོད་རླུང་གི་སྒྲུབ་རྟགས་ཐོན་པ་ཡིན། དེ་ནས་བམ་རོའི་མཇུག་ཏུ་བདེན་པ་བརྡར། གྲྭ་ཚང་བཞི་ནས་གཏོར་མ་འཕངས། གཞན་ཡང་སྐྱ་སེར་ཚང་མས་ཟློག་པ་བརྒྱབ་པ་སོགས་བྱེད། དེ་ནས་ཞ་ལུ་གྲྭ་ཚང་བཞི་ནས་རྣམ་སྲས་ཀྱི་སྒོ་ནས་སྐུ་འཆམ་ཉིན་གསུམ་དང་། སྔགས་པ་གོས་དཀར་ཕྱོགས་ཡོངས་ནས་འདུས་ཏེ་རང་རང་གི་ལུགས་ལྷར་གཏོར་མ་བརྒྱབ་པ་དང་། གསེར་སྐྱེམས་འབུལ་བ། གླུད་བརྫང་པ་སོགས་བྱེད། དེ་ནས་རྟེན་འབྲེལ་བཅུ་གཉིས་དང་ལོ་འཁོར་བཅུ་གཉིས་སོགས་རིམ་བཞིན་འཆམ། དེ་ནས་གྲྭ་ཚང་བཞིའི་ཚོགས་ཆེན་བསྐང་གསོའི་རོལ་ཚིག་དང་བསྟུན་ནས་སྐད་གཏོང་བས་ཁ་ཌ་དྲག་པོ་ལན་དགུ་བརྡབས་ནས་བམ་ཆེན་ཤ་ཁྲག་གི་མཆོད་གཏོར་ཆེན་པོ་འདི་དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས་དགྱེས་པར་བཞེས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་ཚིག་ལན་གསུམ་ཙམ་གྱིས་མཇུག་གྲིལ་བར་བྱེད་པ་ཡིན། མཆོད་རྒྱུན་འདི་ནི་སྤྱི་ལོ་༡༤༥༠ནས་ད་བར་ཆད་དེ་སླར་གསོ་མ་བྱུང་།

 རི་སྦུག་དགོན།

མཚན་རྒྱས་པར། ཞ་ལུ་ཁྲི་ཆེན་སྦུག་ཅེས་ཞུ། ཞ་ལུ་དགོན་ནས་སྤྱི་ལེ་༤ཙམ་རི་སྦུག་ཏུ་སོང་ན་དགོན་དེ་མཇལ་གྱི་རེད། དགོནདེ་ནི་ཐོག་མར་ཇོ་བོ་ཞོགས་ལ་ཞེས་པ་ནས་ཕེབས་ཏེ་ཡུམ་ལྷ་ཁང་དུ་ཕེབས་ནས་རབ་གནས་གནང་བས་ཡུམ་ཆེན་མོའི་སྤྱན་གཡས་ལ་མཆོད་འབྲུ་བཞེས། དེ་ནས་ད་ལྟའི་གནས་དེར་ཕེབས་ནས་བྱང་སེམས་གླིང་དུ་བཞུགས། དེའི་འོག་ནས་སྒྲུབ་ཆུ་ཞིག་ཐོན་པ་ནད་ཀུན་ལ་ཕན་ཞེས་གསུངས། དེ་ནས་ཐུགས་དམ་[page 159འབུམ་པ་ཞེས་པ་དེ་བཞེངས་གནང་བ་བཅས་ཡིན། དེ་རྗེས་བུ་སྟོན་རིན་ཆེན་གྲུབ་ཀྱིས་དབྱར་ས་རི་སྦུག་དང་། དགུན་ས་ཞ་ལུར་བཞུགས་པར་མཛད་འདུ་ཁང་ལྷོ་བྱང་གཉིས་ཡོད་པ་ལ་ལྷོ་ཀ་རིང་གཉིས་དང་ཀ་ཐུང་༢༠སར་རྒྱུད་སྡེ་ལྔ་བཅུ་རྩ་གཉིས་ཚོགས་གནང་ས་ཡིན་པ་དང་། རྟེན་གཙོར་གསེར་ཟངས་ཀྱི་སྟོན་པ་བཅོམ་ལྟན་འདས་དང་། སྨན་འདམ་གྱི་བུ་སྟོན་ཡབ་སྲས་གསུམ་དང་ཇོ་རྔོག་འབྲོམ་གསུམ་གྱི་སྐུ་བརྙན། ལྡེབས་རིས་སུ་དཔལ་གསང་བ་འདུས་པ་དང་སྟོན་པའི་མཛད་བརྒྱ། འདུ་ཁང་ནང་བཏགས་གྲོལ་ཞེས་ཤིང་སྣ་༡༠༨ལས་གྲུབ་པའི་གཟུངས་ཆེན་སྡེ་ལྔའི་པར་ཤིང་ཡོད་པ་འདིའི་པར་ལུས་ལ་བཏགས་ན་ངན་སོང་ལས་གྲོས་ཞེས་(འདི་ད་ལྟའང་ཞ་ལུར་བཞུགས་)པ་དང་།མྱོང་གྲོལ་ནི་གྲུབ་ཆེན་བི་ལྦ་པའི་དབང་བུམ་གྱི་ཆུ། མཐོང་གྲོལ་ནི་བུ་སྟོན་གྱི་ཡུམ་གྱི་འཁྲུངས་རྟགས་འབུམ་པ་མཐོ་ཚད་ཁྲུ་༦༤ཡོད་པ་སྐུ་འབུམ་མཆོད་རྟེན་ཆེན་མོ་ཞེས་སཱཙཚ་འབུམ། སྐུ་འབུམ། མཆོད་རྟེན་འབུམ་བཅས་བཞུགས་པའི་མཐོང་གྲོལ་འབུམ་པ། ཞ་ལུ་མཐེལ་ལྟར་གྱི་གྲྭ་ཚང་ཡང་བཞི་ཡོད། བུ་སྟོན་དུས་དགེ་འདུན་༣༣༠༠ཙམ་ཡོད་པ་ལས་སྦས་སྒོ་འདག་སྦྱར་ཁོ་ན་༣༠༠ལྷག་ཙམ་ཡོད་ཅེས་གསུངས། གཞན་ཡང་རྟ་ཕྱག་ཁྱུང་གསུམ་གྱི་ཆུ་མིག་སོགས་ཆུ་མིག་༡་༠༨ཤིང་སྣ་༡༠༨ཡོད་ཅེས་དང་། གཞན་ཡང་ལྷོ་ངོས་སུ་རི་ཟུར་རིན་པོ་ཆེའི་གཟིམ་ཤག་དང་། བྱང་ངོས་བུ་སྟོན་གྱི་གཟིམ་ཤག་སོ་སོ་ལའང་རྟེན་དང་བརྟེན་པར་བཅས་པ། ད་དུང་མཆོད་རྟེན་བཅོ་བརྒྱད། ལྷག་པར་དུ་ཤིང་ཏ་ལའི་ལོ་མར་བྲིས་པའི་ཕྱག་དཔེ་ནི་ས་སྐྱ་ལས་མང་བ་ཡོད་ཅེས་གསུངས་པ་བཅས།

ད་ལྟ་འདུ་ཁང་ལྷོ་ཀ་རིང་གཉིས་དང་ཀ་ཐུང་༡༦གསར་བཞེངས་གནང་པའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐྱ་ཚབ་གསར་བཞེངས་གནང་བ་དང་།བོད་ཟླ་༤པར་རྡོ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་པའི་དུས་འཁོར་སྒྲུབ་མཆོད། ཟླ་༥པར་རྡོ་རྗེ་དབྱིངས་ཀྱི་རྡོ་མཚོན་དཀྱིལ་འཁོར་དང་འབྲེལ་པའི་[page 160སྒྲུབ་མཆོད། ཟླ་༧པར་བདེ་མཆོག་དྲིལ་བུ་ལྷ་ལྔའི་དཀྱིལ་འཁོར་གོང་དང་འདྲ་བའི་སྒྲུབ་མཆོད་སོགས་གནང་མུས་ཐོག་མཐོང་སྒྲོལ་སྐུ་འབུམ་ཆེན་མོ་བསྐྱར་བཞེངས་གནང་བ་བཅས་མཇལ།

 སྣར་ཐང་དགོན།

མཚན་རྒྱས་པར། སྣར་ཐང་གཙུག་ལག་ཁང་ཞེས་ཞུ། བཀྲིས་ལྷུན་པོ་དགོན་ནས་ས་སྐྱར་འགྲོ་སའི་རླངས་འཁོར་འགྲོ་ལམ་དེད་སྤྱི་ལེ་༡༠ཙམ་སོང་ན་སྣར་ཐང་གྲོང་གི་ལྟག་ཏུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོ་༡༡༥༣ལོར་དགེ་བཤེས་ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ་གནང་མཛད། རི་གླང་པོའི་སྣ་ཞགས་བརྐྱངས་འདྲའི་ཐང་དུ་ཆགས་པས་སྣར་ཐང་ཞེས་པའི་མཚན་དེ་ལྟར་བྱུང་། དགོན་དེ་ནས་མཆིམས་ནམ་འཁའ་གྲགས་པ་སོགས་མཁས་པ་མང་པོ་བྱོན། དུས་རབས་༡༢པའི་དུས་འགོར་མཁན་པོ་བཅོས་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སོགས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་བསྒྱུརབ་ཡོད་དོ་ཅོག་བཀའ་འགྱུར་དང་བསྡན་འགྱུར་གཉིས་སུ་བསྒྲིགས། ༡༧༣༢ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ་བཀའ་འགྱུར་པོད་༡༠༠དང་བསྟན་འགྱུར་པོད་༢༠༠ཤིང་པར་དུ་བརྐོས། གཞན་ཡང་མཛད་བརྒྱ་དཔག་བསམ་ཁྲི་ཤིང་དང་། རྗེ་ཙོང་ཁ་པའི་རྣམ་ཐར་ཀའི་པར་ཤིང་། ད་དུང་རྩ་ཆེའི་དཔེ་ཆ་བྲིས་མ་མང་པོ་སོགས་བཞུགས་སུ་གསོལ་ཡོད། སྔོན་དགོན་དེར་དབུ་རྩེ་ལྷ་ཁང་དང་། བླ་རྒྱུད་ཁང་། ཁམས་གསུམ་རྣམ་རྒྱལ་ལྷ་ཁང་། ཁྲི་ཁང་། རྒྱན་ཁང་ནུབ། རྒྱན་ཁང་བྱང་ དགན་ལྟན་ལྷ་ཁང་། བདེ་ཆེན་ཐར་པ་གླིང་སོགས་གྲྭ་ཚང་གཉིས་དང་མཚོད་ཁང་༡༣ཙམ་ཡོད། ཚོགས་ཆེན་ནང་རྒྱ་གར་ཤར་ལིའི་རྒྱལ་བ་བྱམས་པ་དང་། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཤིང་བརྐོས། གསེར་ཟངས་ཀྱི་ཤཱཀྱ་ཐུབ་པ། བཀའ་གདམས་མཆོད་རྟེན་ཤིང་བརྐོས་ཐོག་སོ་ཙམ་བྱས་པ་བཅས་བཞུགས། ཁྲི་ཁང་ཞེས་ཚོགས་ཆེན་འདུ་ཁང་ཀ་བ་༡༠༨ཀྱི་ནང་དགེ་[page 161འདུན་ཁྲི་ཁ་ཟིན་པ་ཚོགས་པ་ཡིན་སྟབས་ཁྲི་ཁང་ཞེས་དང་། རྗེས་སུ་དེར་པར་ཁང་གནང་ནས་པར་ཤིང་༡༣༠༠༠༠ཙམ་ཡོད། ཐོག་མར་འདུན་ཆིག་ཁྲི་ཙམ་ནས་རྗེས་སུ་དགེ་འདུན་ཉིས་བརྒྱ་ཙམ་གྱིས་བཀྲིས་ལྷུན་པོ་དགོན་དང་འདྲ་བའི་ཕྱག་བཞེས་གནང་བ་ཡིན་ལ་བཀྲིས་ལྷུན་པོའི་མ་དགོན་ཡང་ཡིན་པ་རེད།

ད་ལྟ་སྔོན་གྱི་རྡོ་གཅལ་སྟེང་བསྐྱར་བཞེངས་གནང་བའི་འདུ་ཁང་ཀ་བ་༡༢ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ཕྱག་རྡོར་ལོ་བཅུ་གཉིས་བསྒྲུབས་གནང་རྗེས་རྡོ་སྟེང་དུ་བཞག་གནང་བའི་ཞབས་རྗེས། གནས་བཅུ་ལྷ་ཁང་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་རྡོ་བརྐོས་ཀྱི་གནས་བཅུའི་སྐུ་བརྙན་སྔོན་ཁྲོན་པའི་ནང་དུ་སྦས་པ་རྣམས་བཏོན་ཏེ་བཞུགས་པ་མཇལ་རྒྱུ་ཡོད། ལྷ་ཁང་དེར་གསུངས་སྲོལ་འདི་འདྲ་ཞིག་ཡོད་པ་ནི། སྔོན་ཇོ་བོ་རྗེ་གནས་དེར་ཕེབས་སྐབས་ཉེ་གནས་ལ་ད་ལྟའི་གནས་བཅུ་ལྷ་ཁང་ཡོད་ས་དེར་ཅི་འདུག་ལྟོས་ཤོག་ཅེས་གསུངས་པར། ཉེ་གནས་ཀྱིས་དེར་ཕེབས་པས་རྡོ་ཕ་བོང་ཞིག་ལ་སྦྲང་སེར་བཅུ་དྲུག་བབས་ནས་ཡོད་པ་མཐོང་བས་དེ་ལྟར་ཇོ་བོ་རྗེ་ལ་ཞུས་པས་ཁྱོད་ཀྱིས་གནས་བརྟན་བཅུ་དྲུག་མཇལ་མི་འདུག། གནས་དེར་གནས་བརྟན་བཅུ་དྲུག་གསོ་སྦྱོང་ཚོགས་གནང་བ་ཡིན་ཞེས་གསུངས། ད་ལྟ་གནས་བརྟན་ཐིམ་ས་དང་གནས་བརྟན་ལྷ་ཁང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་དགོན་དེའི་མཐར་ལྕགས་རི་མཐོ་ལ་ཞིང་ཆེ་བ་དང་། ཁྲི་ཁང་སོགས་ཀྱི་གྱང་གོག་ པར་ཤིང་ཁ་ཐོར་༨༠༠༠ཙམ་བཅས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་བྱང་ངོས་སུ་བྱང་ཆེན་གངས་རི་ཞེས་པའི་དགོན་ཤུལ་མཇལ་རྒྱུ་ཡོད་ལ་རྗེ་དགེ་འདུན་གྲུབ་པས་《ཤར་གངས་རི་མ་》གསུང་སའང་གནས་དེར་ཡིན་ཞེས་གསུངས།

[page 162]

 ངོར་དགོན།

མཚན་རྒྱས་པར། ངོར་ཨེ་ཝཾ་ཆོས་སྡེ་ཞེས་ཞུ། བཀྲིས་ལྷུན་པོ་དགོན་ནས་སྤྱི་ལེ་༣༠ཙམ་སོང་ནས་ལྷོ་ངོས་སུ་ཀྱོག་ན་ཨེ་རོང་ཞེས་པའི་གྲོང་དུ་འབྱོར་བ་དང་དེའི་ལྟག་ཏུ་དགོན་དེ་མཇལ་བ་ཡིན། ངོར་ཞེས་པ་ནི་ས་མིང་སྟེ་གཡག་གི་ངུར་སྒྲ་སྒྲོག་པའི་དོན་དང་། ཨེ་ཝཾ་ཞེས་པ་ནི་ཐབས་ཤེས་ཀྱི་དོན་ཡིན་ཞེས་གསུངས། དགོན་དེ་ནི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དགུང་གྲངས་༤༢ཏེ་སྤྱི་ལོ་༡༤༢༩ལོར་ཕྱག་བཏབ་ཕྱག་མཛད། དེའང་ཀུན་དགའ་བཟང་པོ་ཐོག་མར་ས་སྐྱར་བཞུགས་ཡོད་པ་ལ་དེར་འདུ་རྫིང་གཡེང་བའི་ཚུལ་བྱུང་བས་ད་ནི་དབེན་གནས་ཤིག་འདེབས་དགོས་ཐུགས་ལ་འཁྲུངས་བཞིན་པའི་སྐབས་མནལ་ལམ་འོད་གསལ་དུ་རརྣམ་རྒྱལ་མ་དང་གུར་གྱི་མགོན་པོས་དགོན་གནས་དེ་ཉིད་ལུང་བསྟན་ཀྱང་ས་ངོས་མ་ཟིན་པར་བཞུགས་ཙ་ན་སླར་ཡང་ “ཁྱོད་ཀྱི་དགོན་པ་དགེ་བཤེས་དོནགྲུབ་ཀྱིས་བསྟན་པའོ་”ཞེས་པའི་ལུང་བསྟན་བྱུང་། དེ་ནས་རྟོགས་ལྡན་ལ་རུ་ཕེབས་ནས་གཟིགས་པས་ད་ལྟའི་དགོན་གནས་དེ་ཡིན་པ་ཅུང་ངོ་འཕྲོད། ཉག་རེ་དགེ་བཤེས་དོན་གྲུབ་དང་མཇལ་སྡེ་གསུང་གླིང་བྱུང་བས། དགེ་བཤེས་ཀྱིས་ད་ལྟའི་དགོན་གནས་དེ་ལྟ་བུ་ཡོད་ཚུལ་ཞུས་ལུང་བསྟན་དང་ཡང་ཕལ་ཆེར་ར་འཕྲོད། དེ་ནས་གདན་འཛིན་ཞེས་པར་ཕེབས་པས་དེར་སྙེ་མ་མགོ་གསུམ་ཅན་ཞིག་སྐྱེས་ཡོད་པ་གཟིགས་པས་རྟེན་འབྲེལ་འགྲིགས། དེ་ནས་ད་ལྟའི་དགོན་གནས་དེར་ཕེབས་པས་དགུན་ཁ་ཡིན་ཀྱང་མེ་ཏོག་སོས་པ་ཞིག་སྐྱེས་ཡོད་པས་དགོན་པ་དེ་གར་འདེབས་རྒྱུ་གནང་། ཆུ་མིག་བདག་ཆེན་ཞེས་པའི་དཔོན་ལ་ཤེལ་གྱི་ཕོར་པ་ལ་སོགས་པའི་འབུལ་རྟེན་དང་བཅས་ས་དེ་དགོན་གནས་འདེབས་སར་ཞུས་པ་ལྟར་གནང་བ་ཐོབ་སྟེ་དགོན་དེ་འདེབས་གནང་མཛད་པ་ཡིན། དེ་ནས་རིམ་བཞིན་མུས་ཅན་དཀོན་མཆོག་རྒྱལ་མཚན་ལ་སོགས་མཁན་རབས་༧༥བར་བྱུང་། དགོན་གཞུང་སྟེ་དགོན་གཞུང་ཚོགས་ཆེན་གཅིག་དང་བླ་ཁག་བཞི། ཁམས་ཚན་བཅོ་[page 163བརྒྱད་བཅས་བར་འཕེལ་ཏེ་དགེ་འདུན་༤༠༠༠ཙམ་གྱིས་ངོར་ལུགས་ཕྱག་བཞེས་མཛད་པ་ཡིན། སྔོན་དབང་ཁང་ཞེས་འདུ་ཁང་ཀ་བ་༢༠གཙང་ཁང་ནང་ཇོ་བོའི་སྐུ་བརྙན་ཐོག་སོ་གཅིག་ལྷག་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ལྟེབས་རིས་སུ་བལ་བྲིས་ཀྱི་སངས་རྒྱས་སྟོང་སྐུ། ཡང་སྟེང་དུ་བཻ་ཁང་ངམ་སྒྲུབ་ཐོབ་བཻ་ཁང་ནང་ཡི་དམ་དགྱིས་པ་རྡོ་རྗའི་བློས་བླངས་དཀྱིལ་འཁོར། བླ་བྲང་བཞི་ནི་ཨེ་བཾ་ཡང་རྩེ་དང་། ཨེ་བཾ་ཕན་བདེ་གླིང་། ཨེ་བཾ་ཕུན་ཚོགས་ཁང་གསར། ཀླུ་ལྡིང་ཕོ་བྲང་བཅས་བཞི་ལའང་རྟེན་དང་བརྟེན་པར་བཅས་བཞུགས། མདོ་སྨད་དང་། དབུས་གཙང་། མངའ་རིས་སོགས་དང་། ཐ་ན་འབྲུག་ཡུལ་སོགས་ནས་ཀྱང་ཕེབས་པའི་གྲྭ་རྒྱུན་སུམ་བརྒྱ་སྐོར་ཡོད་པ་ནི་གདོང་གྲལ་ནང་བཞུགས་པ་ཡིན། དེ་ནི་ཀུན་དགའ་བཟང་པོས་ཐག་རིང་ནས་ཕེབས་མཁན་གྱི་སློབ་གཉེར་བ་རྣམས་ལ་དམིགས་མཐོང་མཛད་པའི་སྲོལ་རིམ་བཞིན་མི་ཉམས་པ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་དབང་ཁང་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་ལྷག་སོགས་སྔོན་གྱི་རྟེན་སྐུ་རྣམས་ཀྱི་སྐུ་ཚབ་གསར་བཞེང་གནང་བ་དང་། ལམ་འབྲས་ལྷ་ཁང་ནང་རྟེན་གཙོ་ས་པཎ་གྱི་ཐུགས་དམ་རྟེན་སྤྱན་རས་གཟིགས་ཁ་སཱརྤ་ཎི། ཐུབ་པ་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་གྱི་རྟེན་རྒྱལ་བ་རྡོ་རྗེ་འཆང་། གོང་ས་ལྔ་པའི་ན་བཟའ། ངོར་ཆེན་ཆོས་དུང་སོགས་དང་། བླ་བྲང་ཁག་ཀྱང་ཐོག་མའི་བསྐྱར་བཞེངས་འགྲུབ་པ་བཅས།

 གསེར་མདོག་ཅན་དགོན།

མཚན་རྒྱས་པར། ཐུབ་བསྟན་གསེར་མདོག་ཅན་དགོན་ཞེས་ཞུ། བཀྲས་ལྷུན་དགོན་ནས་སྤྱི་ལེ་བཅུ་གྲངས་ཙམ་རྣམ་གླིང་གི་ཕྱོགས་སུ་ཡོང་ན་གསེར་མོ་ལུང་ཞེས་པའི་གྲོང་དབུས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་པཎིཌ་ཏ་ཤཱཀྱ་མཆོག་ལྡན་གྱིས་སྤྱི་ལོ་༡༤༧༥ལོར་ཕྱག་[page 164བཏབ་གནང་མཛད། པཎིཌ་ཏ་ཁོང་ཐོག་མར་ནཱ་ལེནྡྲ་དང་། ངོར་སོགས་སུ་རོང་སྡོན་གྱི་ཞབས་ལ་གཏུགས་ནས་ཆོས་བཞུགས་ཡུན་རིང་མཛད། དེ་ནས་ད་ལྟའི་དགོན་ཆགས་ཡུལ་གྱི་ཕུར་ཁྲུང་ཚང་ཞེས་པའི་སྒྲུབ་ཕུག་ཏུ་སྒྲུབ་པ་མཛད་དེ་རྗེས་རྒྱ་རྒན་ནང་པ་ཞེས་པས་ཟི་ལུང་གི་གནས་དང་མཐུན་རྐྱེན་ཕུལ། དེ་ནས་རིམ་བཞིན་མཛད་འཕྲིན་རྒྱས་ཏེ་དགེ་འདུན་ཞལ་གྲངས་ཀྱང་༧༠༠ཙམ་བར་འཕེལ་《ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས་》ལ་སོགས་ལྗགས་རྩོམ་མང་པོ་མཛད། སློབ་མ་ཤངས་ཆེན་པ་དང་། ལྕང་ར་བ། རྡོར་རྒྱལ་བ། བློ་བཟང་སོགས་མང་དུ་བྱོན། འདུ་ཁང་ཀ་བ་༣༦ཅན་གྱི་ནང་རྟེན་དང་བརྟེན་པར་བཅས་དང་། དགའ་ལྟན་ལྷ་ཁང་ནང་རྒྱལ་བ་བྱམས་པའི་སྐུ་བརྙན་བརྐྱངས་ཁྲུ་༡༧ཅན་ལ་གཡས་གཡོན་སྤྱན་རས་གཟིགས་དང་འཇམ་དབྱངས། སྟོན་པ་གནས་བརྟན་བཅུ་དྲུག་བཅས་མཇལ་རྒྱུ་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་འདུ་ཁང་གི་གཙང་ཁང་སྦུག་མར་པཎིཌ་ཏ་ཤཱཀྱ་མཆོག་ལྡན་གྱི་སྐུ་སྨར་གདུང་བཞུགས་པའི་གདུང་རྟེན་དང་། སྔོན་གྱི་སྐུ་བརྙན་རྣམས་ཀྱི་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 དབེན་དགོན།

མཚན་རྒྱས་པར། སྒྲུབ་པའི་གནས་མཆོག་དབེན་ས་བདེ་ཆེན་ཆོས་ཀྱི་ཕོ་བྲང་ཞེས་ཞུ། གསེར་མདོག་ཅན་དགོན་ནས་སྤྱི་ལེ་བཅུ་གྲངས་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་ལྷ་ཁུད་བར་དུ་སོང་། དེ་ནས་ལྷོ་ངོས་སུ་སྤྱི་ལེ་ཁ་ཤས་འཛེགས་ན་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་སྤྱི་ལོ་༡༥༥༠ལོར་པཎ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་དོན་གྲུབ་སྟེ་རྒྱལ་བ་དབེན་ས་པས་ཕྱག་བཏབ་གནང་མཛད། དེ་ཡང་རྒྱལ་བ་དབེན་ས་པ་ཐོག་མར་ད་ལྟའི་དགོན་དེའི་ཤར་ངོས་ཞལ་གཟིགས་སྒྲུབ་ཕུག་ཏུ་བླ་མ་ལྷའི་རྣལ་འབྱོར་གྱི་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་བཞུགས་པའི་སྐབས་རྗེ་ཙོང་ཁ་པ་གླང་ཆེན་ལ་འཆིབ་པ་ཞལ་གཟིགས་བྱུང་བས་རྗེས་སུ་སྒྲུབ་ཕུག་ལའང་ཞལ་གཟིགས་སྒྲུབ་ཕུག་ཅེས་[page 165ཐོགས། དེ་ནས་ཉིན་གཅིག་རྒྱལ་བ་དབེན་ས་པའི་དབུ་བླ་སྐྱབས་མཆོག་དཔའ་བོ་མཆོག་དང་ལྷན་དུ་དབུས་རིའི་རྩེར་ཕེབས་པ་ན་སྐྱབས་མཆོག་ཆེན་པོས་སྤྱན་ནམ་མཁར་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་བས། དབེན་ས་པས་ཅི་ལགས་ཞུས་པར། རྒྱལ་བ་རྡོ་རྗེ་འཆང་ལ་སྒྲུབ་ཆེན་བརྒྱད་ཅུས་སྐོར་བའི་ཉམས་ཤིག་ཤར་བྱུང་གསུངས་ཏེ་དེ་མར་ད་ལྟའི་དགོན་གནས་དེར་ས་བཞི་བྱོན་གྱིས་བརླབས་སྐབས་དེར་སྐྱབས་མཆོག་དམ་པ་དགུང་གྲངས་༨༡ལ་ཕེབས་ཡོད། དེ་ནས་བླ་བྲང་རྩེ་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་སངས་རྒྱས་གླང་པོའི་སྐུ་སྐྱེ་བཞེས་སྐབས་ཀྱི་ཚེམས་དང་། རྒྱལ་བ་དབེན་ས་པའི་སྐུ་སྨར་གདུང་བཞུགས་པའི་འདྲ་སྐུ་དང་། མགོན་ཁང་བཀའ་རྒྱ་མ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་དགོན་ཤུལ་གསར་བཞེངས་གནང་བའི་ནང་སྔོན་གྱི་རྒྱལ་བ་དབེན་ས་པའི་སྐུ་རྨར་གདུང་བཞུགས་འདྲ་སྐུ་དང་། དབེན་ས་པའི་སློབ་ལ་མཁས་སྒྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བརྙན། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་དང་ཉེ་བར་ཆོས་འཁོར་དབུས་སྟེང་ཞེས་པའི་བཙུན་མའི་དགོན་དང་། དགོན་དེའི་ཤར་རིའི་རྒྱབ་ཏུ་བྲག་སྐྱ་རྡོ་རྗེ་ཕོ་བྲང་ཞེས་པའི་བཙུན་མའི་དགོན། ལྷན་ཕུར་བ་སོ་དགོན། དེ་ནས་ཉ་མོ་ཞེས་པའི་ཕུར་ཧའུ་དགོན་སོགས་མཇལ་རྒྱུ་ཡོད།

[page 166]

པ་སྣམ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 167]

 པ་སྣམ་རྫོང་།

པ་སྣམ་ཞེས་པ་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་རྒྱལ་པོ་འདུལ་བར་ཕེབས་སྐབས་པ་སྣམ་དུ་སྒར་ས་མཛད་དེ་དཔལ་རྣམ་པར་རྒྱལ་བའི་ས་ཞེས་པའི་མིང་བྱུང་བས་རྗེས་སུ་པ་སྣང་དང་། ཡང་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་དང་སློབ་དཔོན་པདམ་འབྱུང་གནས་ཀྱི་དངོས་སློབ་སྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་རྫོང་དེར་ཡུན་རིང་བཞུགས་པས་ཁོང་རྣམ་གཉིས་ཀྱི་མཚན་ཟུར་རྫོང་ལ་ཐོགས་ཏེ་པ་སྣམ་རྫོང་ཞེས་བྱུང་ཚུལ་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད།

ད་ལྟའི་པ་སྣམ་རྫོང་གི་མིང་ཡང་སྔར་མིང་རང་སོར་བཞག་ཡོད་པ་དང་། རྫོང་གནས་ཡུལ་ཡང་སྔར་གྱི་པ་སྣམ་རྫོང་གི་འོག་ཏུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༢༤༨༩དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༩དང་། རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༢༧༠ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༡༧༥༥ཤང་༡༡གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༡༤མི་འབོར་༤༡༧༩༨ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༢༠༠ཙམ་གྱིས་མཐོ་བའི་རྫོང་ཞིག་ཡིན་པ་རེད།

རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་ཅོག་རོ་ཀླུའི་རྒྱལ་མཚན་དང་། སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དུས་རབས་བཅུ་དགུ་པར་འཁྲུངས། པཎ་ཆེན་སྐུ་ཕྲིང་བདུན་པ་བསྟན་པའི་ཉི་མ་སྤྱི་ལོ་༡༧༨༢ལོར་འཁྲུངས། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་སྤྱི་ལོ་༡༦༨༩ལོར་འཁྲུངས་པ་བཅས།

 གྲངས་མེད་ཅན་དགོན།

མཚན་གཞན་ལ་གནས་ཆུང་དགོན་ཡང་[page 168ཟེར། ད་ལྟའི་པ་སྣམ་རྫོང་གི་རྒྱབ་ནོར་བུ་ཁྲུང་རྩེའི་ལྷོ་ངོས་སུ་དགོན་དེ་མཇལ་བ་ཡིན། གྲངས་མེད་ཅན་ཞེས་པ་ནི་བཀྲས་ལྷུན་དགོན་གྱི་གྲངས་མེད་ཁམས་ཚན་ཞེས་པ་འདི་ནས་བྱུང་བའམ་འདིའི་ཁོངས་ཡིན་པས་གྲངས་མེད་ཅན་དང་། གནས་ཆུང་ཞེས་པ་ནི་ཕྱིས་སུ་དགོན་དེ་བསྐྱར་བཞེངས་གནང་སྐབས་ཀྱི་སྦྱིན་བདག་གཙོ་བོ་གནས་ཆུང་ཞེས་པའི་ཁྱིམ་ཚང་ཡིན་སྡབས་མཚན་དེ་ལྟར་གསོལ་བ་ཡིན། དགོན་དེ་ནི་ཐོག་མར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡབ་ནང་ཆེན་ཀུན་དགའ་ཞེས་པས་དུས་རབས་༡༤ཙམ་དུ་བཏབ་གནང་མཛད་སྔོན་འདུ་ཁང་ཀ་བ་བཅུ་ག་མཉིས་ནང་ཇོ་བོ་ཐོག་སྲུང་མ་སོགས་རྟེན་སྐུ་ཇི་སྙིད་བཞུགས། དགེ་འདུན་ཞལ་གྲངས་༡༤༠སྐོར་གྱིས་རི་བོ་དགེ་ལུགས་ཀྱི་སྒྲུབ་མཆོད་ཁག་ཕྱག་ལེན་གནང་བ་ཡིན། སྔོན་བོད་ཟླ་༡༠པའི་ནང་ཁྱུང་རྩེ་ལྔ་མཆོད་ཅེས་གར་འཆམ་ཡང་བསྐྱོན་སྲོལ་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྔོན་གྱི་ཇོ་བོ་ཐོག་སྲུང་མའི་སྐུ་ཚབ་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 བསེ་བྲག་སྒྲུབ་སྡེ།

གྲངས་མེད་ཅན་དགོན་ནས་སྤྱི་ལེ་༡༠ཙམ་མྱང་ཆུའི་བྱང་ངོས་སུ་སོང་ན་བཀྲ་ཤིས་འབུག་ཅེས་པའི་གྲོང་གི་བྱང་ངོས་རི་ལྟེབས་སུ་དགོན་དེ་མཇལ་བ་ཡིན། བསེ་བྲག་ཅེས་པ་ནི་བྲག་རི་དང་དེའི་བར་ན་ཤིང་བསེ་བ་སྐྱེས་ཡོད་པས་མིང་དེ་ལྟར་ཐོགས། དགོན་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་དགུ་པར་བླ་མ་སྨྱུག་སྟོན་སངས་རྒྱས་ཞུ་བས་ཕྱག་བཏབ་གནང་མཛད། དེ་རྗེས་བླ་མ་ཤཱཀྱའི་རྒྱལ་མཚན་ཕེབས། ཐོག་མར་སྒྲུབ་ཁང་ཁོ་ན་ཙམ་ཞིག་ཡིན་པ་ལ་སྐུ་ཚེའི་སྨད་དུ་ད་ལྡའི་དགོན་གནས་དེ་ཉིད་བཏབ་གནང་མཛད་ཤཱཀྱའི་རྒྱལ་མཚན་གྱི་སྐུ་ཕྲེང་རིམ་བྱུང་ལས་ད་ལྟ་འཚོ་བཞུགས་ཐུབ་བསྟན་རྒྱ་མཚོ་ཞུ་བ་བར་སྐུ་ཕྲེང་རིམ་བྱུང་ལས་ད་ལྟ་འཚོ་བཞུགས་ཐུབ་བསྟན་རྒྱ་མཚོ་ཞུ་བ་བར་སྐུ་ཕྲེང་༡ཙམ་བྱུང་། ཨ་ལྕེ་སྣང་ས་ལྷ་ཆོས་སུ་ཕེབས་ཏེ་བླ་མ་ཤཱཀྱའི་རྒྱལ་མཚན་དང་མཇལ་སའང་དགོན་དེ་ཡིན། དེ་ལྟར་དགོན་དེའི་ཆོས་གྲྭ་རིམ་བཞིན་དར་རྒྱས་བྱུང་སྟེ་དགེ་འདུན་སྟོང་བར་འཕེལ་ཞེས་གསུངས་པར་གྲགས། སྔོན་འདུ་ཁང་ཀ་བཞིའི་ནང་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་། བསེ་བྲག་སྒྲུབ་སྡེའི་བླ་རྒྱུད་རྣམས་ཀྱི་སྐུ་བརྙན། བླླ་རྒྱུད་རིམ་པར་རྒྱུད་པའི་གུ་རུའི་སྐུ་བརྙན། སྐུ་རྒྱུ་ལི་ལས་གྲུབ་པ་བྱིན་ཅན་སོགས་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ། སྔོན་དུས་འགྱུར་གོང་དགེ་འདུན་སུམ་ཅུ་སྐོར་གྱིས་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་དང་། དཀོན་མཆོག་སྤྱི་འདུས་སོགས་ཕྱག་བཞེས་གནང་བ་ཡིན། དགོན་དེའི་འོག་དུ་མཆོད་རྟེན་གཉིས་ཡོད་པས་གཅིག་ནི་རི་ནང་དཔོན་དགྲ་ཅན་གྱི་སྡིག་བཤགས་མཆོད་རྟེན་ཡིན་ཞེས་པ་དང་། ཡང་བཤགས་པའི་མཆོད་རྟེན་ཞེས་པ་ཞིག་ཡོད་པ་དེའི་ནང་རི་ནང་པས་དམག་འདྲེན་སྐབས་ཀྱི་མདའ་གྲི་མདུང་གསུམ་ཡོད་ཅེས་པ། དགོན་དེའི་ལྷག་ཏུའང་མཆོད་རྟེན་གཉིས་ཡོད་པས་གཅིག་ཨ་ལྕེ་སྣང་སས་མཚན་མོ་ལྷ་འདྲེ་བསྐུལ་གནང་ནས་བཞེངས་གནང་པའི་མཆོད་རྟེན་ཡིན་ཞེས་པ་དང་། གཅིག་ནི་སྣང་སས་མཆོད་རྟེན་བཞེངས་བསྒྲུབས་རྗེས་བླ་མ་ཤཱཀྱའི་རྒྱལ་མཚན་རབ་གནས་ལ་གདན་འདྲེན་སྐབས་

[page 169བླ་མ་སྐུ་ན་བགྲེས་སྟབས་ཕེབས་མ་ཐུབ་པས་ཆོས་གོས་གནང་ནས་འདི་དཀྲུགས་ཤིག་ཅེས་གསུངས་པས་དེ་ལྟར་བྱས་པས་དེ་ལས་ས་རྡུལ་ཕོན་ཆེ་བབས་ཏེ་སླར་ཡང་མཆོད་རྟེན་ཞིག་བཞེངས་པ་ཡིན་ཞེས་ཞུ་བ་སོགས་མཇལ་རྒྱུ་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་མཁན་སློབ་ཆོས་གསུམ་དང་། སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་སྐུ་བརྙན་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། གཞན་ཡང་དགོན་དེའི་རྒྱབ་རིར་གཡོལ་ལ་ཤར་ནུབ་ཅེས་ཡོད་པ་ལས་གཡོལ་ལ་ནུབ་ཏུ་རི་ནང་ནས་ཐོག་མར་ཕེབས་སྐབས་ཀྱི་སྒྲུབ་ཁང་དང་། གཡོལ་ལ་ཤར་དུ་རི་ནང་པས་དམག་དྲངས་སྐབས་ནམ་མཁར་འཕུར་ཕེབས་[page 170སའི་སྒྲུབ་ཁང་སོགས་མཇལ་རྒྱུ་ཡོད།

 སྤོས་ཁང་དགོན།

མཚན་རྒྱས་པར། སྦོས་ཁང་ཇོ་གདན་ངོས་དོན་བཤད་སྒྲུབ་དར་རྒྱས་གླིང་ཞེས་ཞུ། བསི་བྲག་སྒྲུབ་སྡེ་ནས་མུ་མཐུད་ཤར་ངོས་སུ་སྤྱི་ལེ་༡༠ཙམ་སོང་ན་སྤོས་ཁང་གྲོང་གི་ཤར་ངོས་རི་སྟོང་དུ་དགོན་དེ་མཇལ་རྒྱུ་ཡོད་། སྤོས་ཁང་ཞེས་པ་ནི་རོང་ཆོས་ལུང་ཚོགས་པ་གནས་དེར་སྤོས་གནང་བས་སྤོས་ཁང་ཞེས་དང་། ཡང་དགོན་དེ་དང་ཉེ་བར་སྤོ་ཏོ་སྒང་ཞེས་པ་ཞིག་ཡོད་པས་སྤོ་སྒང་ཞེས་པའི་སྒྲའི་ཟུང་ཆགས་ཚུལ། ཡང་ཡུལ་དེར་དྲི་སྤོས་བཟོ་སྲོལ་ཡོད་པས་སྤོས་ཁང་སོགས་ཡུལ་མིང་དང་དགོན་མིང་འབྱུང་ཚུལ་བཤད་སྲོལམི་འདྲ་བ་སོ་སོར་ཡོད། དགོན་དེ་ནི་ཐོག་མར་མྱང་སྟོད་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་རྙིང་ཐིག་ཕྱག་བཞེས་ག་ནང་བ་ལ་རྗེས་སུ་དགེ་ལྡན་ལུགས་ཕྱག་ལེན་གནང་བར་གྱུར། དགོན་དེར་སྤོས་ཁང་བླ་མ་ཁྱད་པར་ཅན་དྲུག་ཅུ་ཙམ་ཕེབས་ཏེ་པཎ་ཆེན་ཤཱཀྱ་ཤྲིའི་ཆོས་རྒྱུད་ཕྱག་ལེན་མཛད་པ་ཡིན། སྔོན་འདུ་ཁང་ཀ་བ་༣༦གི་གཙང་ཁང་ཀ་དྲུག་ནང་ཐུབ་དབང་གཙོ་འཁོར་གསུམ་དང་འབྲེལ་བའི་ཉེ་བའི་སྲས་ཆེན་བརྒྱད། གནས་རྟེན་བཅུ་དྲུག། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བཞེངས་གནང་བ་ཡིན་ཞེས་ཞུ་བའི་མཆོས་རྟེན་གསུམ། གཞན་ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དགོན་དེའི་མཁན་པོ་མཛད་རོགས་ཞེས་ཞུས་ཏེ་ཚོགས་དུང་ཡིད་བཞིན་ནོར་བུ་དང་། རྫ་སྐུ་མཐོང་བ་དོན་ལྡན་ཕུལ་བས་དགོན་དེའི་མཁན་པོ་མཛད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཡིས་ཚོགས་པ་བཞི་ཕྱག་བཏབ་གནང་བ་ནི་གྲ་ཕྱི་ཚོང་འདུས་ཚོགས་པ་དང་། གྲ་ནང་རྒྱལ་གླིང་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་མྱང་སྟོད་ཆོས་ལུང་ཚོགས་པ་བཅས་ཡིན་ཞེས་ཞུ་བས་ད་ལྟ་སྤོས་ཁང་དེ་ལ་ཐུག་པ་བཅས་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་ཁ་ཆེ་[page 171པཎ་ཆེན་ཤཱཀྱ་ཤྲིས་ཤངས་ཁྲག་ལས་བྲིས་གནང་བའི་འདྲ་སྐུ་དང་། ཚོགས་དུང་ཡིད་བཞིན་ནོར་བུ། གཞན་ཡང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 མདངས་ཅན་དགོན།

མཚན་རྒྱས་པར། མྱང་སྟོད་རིག་པའི་འབྱུང་གནས་དབེན་པའི་རི་ཁྲོད་རི་བོ་མདངས་ཅན་ཞེས་ཞུ། ད་ལྟའི་པ་སྣམ་རྫོང་ནས་སྦྱི་ལེ་༢༠ཙམ་མི་དབང་བསོད་ནམས་སྟོབས་རྒྱལ་འཁྲུངས་ཡུལ་དུ་སོང་ན་དགོན་དེར་སླེབས་པ་ཡིན། མདངས་ཅན་ཞེས་པ་ནི་ཐོག་མར་རྗེ་ཡབ་སྲས་གསུམ་ནོར་ཁྱུང་ཕུའི་གོང་གསུམ་ཞེས་པར་བཞུགས་སྐབས་ད་ལྟའི་དགོན་གནས་དེར་མདངས་ཆེན་པོ་ཞིག་འཕྲོས་པས་རྗེ་ཙོང་ཁ་པས་མཁས་གྲུབ་རྗེར།ཁྱོད་ཀྱིས་མ་ཀི་མདངས་འཕྲོས་ས་དེར་དགོན་གནས་ཤིག་ཐོབས་ཤིག་ཅེས་གསུངས་པ་ལྟར་འཁས་གྲུབ་རྗེས་གནས་དེར་སྤྱི་ལོ་༡༤༡༣ལོར་ད་ལྟའི་དགོན་གནས་དེ་ཉིད་འདེབས་གནང་མཛད། དགོན་མིང་དུ་མདངས་ཅན་དགོན་ཞེས་གསོལ། མཁས་གྲུབ་རྗེར་རྗེ་གཟིགས་པ་ལྔ་ལྡན་ཞལ་གཟིགས་སའང་དགོན་དེའི་མདུན་གྱི་སྤང་སྟེང་དུ་ཡོན་པ་དང་། དེ་ནས་དགོན་དེ་ངོ་མཚར་ཆེ་བ་མཇལ་བ་ཡིན། མཁས་གྲུབ་རྗེས་《དུས་འཁོར་གྱི་ཊི་ཀ་》མཛད་སའང་གནས་དེར་ཡིན་པ་མ་ཟད་དཔལ་དུས་ཀྱི་འཁོར་ལོ་དང་། གསར་བ་འདུས་པ། དཔལ་འཁོར་ལོ་ལྡོམ་པ། མགོན་པོ་ཕྱག་དྲུག། མགོན་པོ་ཞལ་བཞི་པ་སོགས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཐོབ་པ། མཁས་གྲུབ་རྗེའི་གསུང་རྩོམ་པོད་༡༦ལས་མང་ཆེ་བ་དགོན་དེར་བརྩམས་གནང་མཛད། སྔོན་འདུ་ཁང་ནང་རྟེན་གཙོ་རྗེ་ཡབ་སྲས་གསུམ་དང་། ལྷ་མགོན་ཆོས་གསུམ་སོགས་རྟེན་དང་བརྟེན་པར་བཅས་པ་དང་། དགེ་འདུན་སུམ་ཅུ་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཕྱག་ལེན་མཛད་པ་ཡིན།

ད་ལྟ་བླ་བྲང་གི་ཤུལ་དུ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་སྨན་

[page 172འདམ་གྱི་རྗེ་ཡབ་སྲས་གསུམ་ལ་སོགས་པ་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 དགེ་ལྡིང་དགོན།

མཚན་རྒྱས་པར། དགེ་ལྡིང་བཤད་སྒྲུབ་གླིང་ཞེས་ཞུ། དེང་གི་པ་སྣམ་རྫོང་ནས་ལྷོ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༡༥ཙམ་སོང་ན་དགེ་ལྡིང་གྲོང་ཚོའི་ལྟག་ཏུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞུ་བས་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཕྱག་བཏབ་གནང་མཛད། དེའང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞུ་བ་ནི་ཞལ་དཀྱིལ་ཤིན་ཏུ་ཚར་བས་བུད་མེད་རྣམས་ཀྱིས་ཁོང་ལ་ཆགས་ཏེ་སུན་གཙེར་བྱུང་བས། ད་ང་ཚེ་ཕྱི་མ་ཨ་ཉག་སྤྲེལ་གདོང་ཞིག་ཏུ་སྐྱེ་བར་ཤོག། ཅེས་གསུངས་པས་ཤར་ངོས་པདམ་སྤུངས་འདྲའི་རི་ལ་ད་ཡིག་གི་རང་བྱོན་དང་། ནུབ་ངོས་ནས་དཀར་སྤུངས་འདྲའི་རི་ལ་ད་ཡིག་གི་རང་བྱོན་དང་། ནུབ་ངོས་ནས་དཀར་སྤུངས་འདྲའི་རི་ལ་ང་ཡིག་གི་རང་བྱོན་གསལ་བ་ད་ལྟའང་མཇལ་རྒྱུ་ཡོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སྐུ་སྐྱེ་བུ་སྟོན་རིན་པོ་ཆེ་ཞལ་ངོ་མི་མཛེས་པའངསྔོན་གྱི་ཐུགས་སྨོན་བདེན་ཚིག་ཡིན་ཞེས་ཞུ། ཐོག་མར་སེར་ཁྱིམ་དགོན་ཡིན་པ་ལ་རྗེས་སུ་རི་བོ་དགེ་ལུགས་པར་བསྒྱུར་གནང་མཛད། བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་མཁན་པོ་རེ་ཕེབས་རེ་ལོ་གསུམ་རེ་གསུམ་རེ་བཞུགས་དགོས། སྔོན་དགེ་འདུན་༢༠༠སྐོར་གྱིས་རི་བོ་དགེ་ལུགས་ཀྱི་རྒྱུད་སྡེ་ཁག་གི་སྒྲུབ་མཆོད་ཕྱག་ལེན་མཛད་པའི་སྟེང་བཤད་གྲྭའང་འཛུགས་ཉེར་གནང་ཡོད། སྔོན་འདུ་ཁང་ཀ་བ་༢༠གཙང་ཁང་སྦུག་མར་རྗེ་ཡབ་སྲས་གསུམ་ཐོག་སོ་གསུམ་མ་ཟིན་ཙམ་ལ་གཡས་གཡོན་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་འདུ་ཁང་ནང་ལའང་རྟེན་དང་བརྟེན་པར་བཅས་བཞུགས། ཡང་སྟེང་རབ་གསལ་ནང་སྐུ་རྒྱུ་ཙན་དན་ལས་གྲུབ་པས་སྐུ་བརྙན་མང་པོ། དབུ་རྩེ་ཀ་བཞིའི་ནང་དུའང་རྟེན་དང་བརྟེན་པར་བཅས་བཞུགས་ཡོད། ད་དུང་དགོན་དེའི་ལྟག་ཏུ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཕྱག་འཁར་བཙུགས་གནང་ནས་བཏོན་གནང་[page 173པའི་སྒྲུབ་ཆུ་ད་ལྟའང་དགོན་སྡེ་ཚང་མས་སྤྱོད་བཞིན་པ་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་གནང་བའི་ནང་། གཙང་ཁང་སྦུག་མར་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་མི་ཚད་ལྷག་དང་། རྗེ་ཡབ་སྲས་གསུམ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སྐུ་བརྙན྄། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་ཏུ་བསམ་གླིང་དགོན་ཞེས་པ་དང་། དགོན་དེའི་ཕུར་རི་སེར་དགོན། ཤར་ལྷོའོ་མཚམས་སུ་སྐྱ་འདུར་བདེ་བ་ཅན་དགོན། དབང་ལྡན་ཕུར་ཆོས་འཁོར་དགོན་ཞེས་པ། དེའི་ཕུར་བདེ་འབྱོར་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

 དགེ་འཕེལ་གླིང་།

མཚན་རྒྱས་པར། པ་སྣམ་དགེ་འཕེལ་གླིང་ཞེས་ཞུ། ད་ལྟའི་པ་སྣམ་རྫོང་ནས་སྤྱི་ལེ་༢༠ཙམ་སྣུམ་ནག་འཁོར་ལམ་བརྒྱུད་མར་ཡོང་ན་ལྷང་མཐོང་ཞེས་པའི་གྲོང་གི་བྱང་ངོས་རི་འདབས་སུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་བདེ་ཆེན་ཡེ་ཤེས་རྒྱ་མཚོ་ཞུ་བ་ཐོག་མར་བདེ་ཆེན་རི་ཁྲོད་ཅེས་པར་བཞུགས་ཡོད་པ་ལ་དེ་རྗེས་གནས་དེར་ཕེབས་ནས་ད་ལྟའི་དགོན་དེ་བཏབ་གནང་ནས་དགེ་ལྡན་ཕྱག་བཞེས་མཛད། སྔོན་འདུ་ཁང་ཀ་བཞིའི་སྒོ་འཕྱོར་ཀ་གཉིས་ནང་རྒྱལ་ཆེན་རིགས་བཞིའི་སྐུ་བརྙན་དང་། འདུ་ཁང་ནང་སྟོན་པ་གཙོ་འཁོར་མི་ཚད་ཙམ་དང་། ཚེ་དཔག་མེད་སོགས་མཇལ་རྒྱུ་ཡོད། བདེ་ཆེན་ཡེ་ཤེས་རྒྱ་མཚོ་རྒྱུན་དུ་རི་ཁྲོད་དུ་བཞུགས་པ་ལ་སྐབས་རེ་དགོན་དེར་ཡང་བཞུགས་པ་ཡིན། ད་ལྟ་འཚོ་བཞུགས་བདེ་ཆེན་བློ་བཟང་འཇམ་དཔལ་བར་སྐུ་ཕྲེང་བཞི་ཙམ་བཞི་ཙམ་བྱུང་། བཙུན་མ་༢༥སྐོར་གྱིས་དགེ་ལྟན་ལུགས་ཀྱི་རྒྱུད་སྡེ་ཁག་ཕྱག་ལེན་མཛད་པ་ལ་ཁྲིམས་ལྟན་གླིང་དང་། དགེ་འཕེལ་གླིང་། ཆུ་ཤར་འབྱོར་རྒྱས་གླིང་བཅས་བཀྲས་ལྷུན་དགོན་གྱི་ཁོངས་ཡིན།

ད་ལྟ་སྔོན་གྱི་དགོན་གཤམ་དུ་གསར་བཞེངས་གནང་བའི་ནང་འཇིམ་གྱི་[page 174རྒྱལ་བ་བྱམས་པ་ཐོག་སོ་གཅིག་ལྷག་གིས་གཙོས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 དགའ་སྡོང་དགོན།

མཚན་རྒྱས་པར། པ་སྣམ་དགའ་སྡོང་དགོན་ནམ། སྒ་གདོང་དགོན། དགའ་སྡོང་ན་སྒྲོག་དགའ་ལྟན་དར་རྒྱས་གླིང་ཞེས་སོགས་མཚན་གྱི་རྣམ་གྲངས་མང་། ད་ལྟའི་པ་སྣམ་རྫོང་ནས་སྤྱི་ལེ་༢༥ཙམ་སྣུམ་ནག་འཁོར་ལམ་དེད་ནས་སོང་བ་དང་དེ་ནས་ཟམ་པ་ཐོན་ཏེ་ལྷོ་ནུབ་ངོས་སུ་སོང་ན་དགའ་གདོང་གྲོང་གི་དབུས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་པ་ཚབ་ལོ་ཙྭ་བས་ཕྱག་བཏབ་གནང་མཛད། པ་སྣམ་ཞེས་པ་ནི་གོང་གསལ་པ་སྣམ་རྫོང་གི་གནས་བཤད་ནང་འཁོད་པ་ལྟར་པ་ཚབ་ལོ་ཙཱ་བ་དང་སྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་ཀྱི་མཚན་ཟུར་ལས་ཆགས་པ་ཡིན་ཞེས་ཟེར། དགའ་སྡོང་ཞེས་པ་ནི་བསྟན་པ་ནི་བསྟན་པ་སྔ་དར་ལ་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ཀྱི་དཀྱིལ་འཁོར་ཚོ་ག་ཕྱག་ལེན་དང་བཅས་པ་དགོན་པ་འདི་རང་དགའ་བ་དང་འདིའི་ཕྱག་བཞེས་མདོ་དབུས་ཁམས་གསུམ་ལ་ཁྱབ་པས་སྡོང་པོ་ལྡ་བུར་གྱུར་ སྟབས་དགའ་སྡོང་ཞེས་དང་། ཡང་སྒ་གཏོང་ཞེས་པ་ནི་དགོན་དེའི་རྒྱབ་རི་ཆུང་ངུ་རྟ་སྒ་འདྲ་བ་ཞིག་ཡོད་པས་དེའི་གདོང་དུ་ཆགས་པས་སྒ་གདོང་།མཚན་སྒྲོག་དགའ་ལྡན་དར་རྒྱས་གླིང་ཞེས་པ་ནི་དགོན་དེར་ཉིན་ལྟར་ཆག་མེད་གཙུག་ལག་ཁང་གི་ཡང་སྟེང་དུ་སངས་རྒྱས་ཀྱི་མཚན་འབུམ་སྒྲོག་སྲོལ་ཡོད་པས་མཚན་སྒྲོག་ཅེས་པ་དེ་ལྟར་བྱུང་བ་སོགས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། དགོན་དེ་ནི་བསྟན་པ་སྔ་དར་དུས་པ་ཚབ་ལོ་ཙཱ་བ་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་བ་ལ་དེ་ནས་རྒྱ་འདུལ་བ་འཛིན་བར་བཀའ་གདམས་དང་། དེ་ནས་ས་ལུགས། དེ་ནས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ཀརྨ་པར་ཕུལ་ནས་དེའི་རིང་ལུགས་ཀྱང་འཛིན། དེ་ནས་ཆུ་རྟ་ལོ་སྟེ་སྤྱི་ལོ་༡༦༤༢ལོར་གུ་ཤྲི་ཧའན་གྱིས་(ཇིང་གིར་རྒྱལ་པོ་འམ། རྒྱ་སྐད་དུ་ཁྲའང་ཇིའི་སི་ཧའན། གུ་ཤྲི་[page 175བསྟན་འཛིན་ཆོས་རྒྱལ། གུ་ཤྲི་ཧའན་བཅས་དོན་གཅིག།)གཙང་པ་རྒྱལ་པོའི་སྲིད་དབང་གཏོར་ནས་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་བ་ནས་བཟུང་དེའི་རིང་ལུགས་འཛིན་པར་གྱུར། སྔོན་དགོན་དེའི་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་ཐུབ་དབང་གི་སྐུ་བརྙན་ཐོག་སོ་གཅིག་ཙམ་གྱི་གཡས་གཡོན་དུ་གནས་བརྟན་བཅུ་དྲུག་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོ་རྗེའི་སྣང་བརྙན་ཁྱད་འཕགས་ཅན། གསེར་ཟངས་ཀྱི་འཇིགས་བྱེད་དཔའ་བོ་གཅིག་པ། རྗེ་ཙོང་ཁ་པའི་སྣང་བརྙན་ཐོག་སོ་གཉིས་ལྷག་ཀུན་མཁྱེན་དགའ་སྡོང་པ་སོགས་བླ་བརྒྱུད་རིམ་པའི་བླ་སྐུ་དང་གདུང་རྟེན། འདུ་ཁང་ནང་སྨན་བླའི་བློས་བསླངས་དཀྱིལ་འཁོར། རྒྱལ་བ་མི་འཁྲུག་པའི་སྣང་བརྙན། སྡེབས་རིས་སུ་ལམ་རིམ་བླ་བརྒྱུད་དང་། བླ་མ་སེམས་དཔའ་ཆེན་པོ་གཙོ་འཁོར། རྗེ་གཟིགས་པ་ལྔ་ལྡན། རྒྱལ་ན་ལྔ་པ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་རྟེན་གསུམ་ཇི་སྙིད་བཞུགས། བྱམས་ཁང་ནང་གསེར་ཟངས་ཀྱི་རྗེ་བཙུན་བྱམས་མགོན་ཐོག་སོ་ཕྱེད་བཞི་དང་། བཀའ་འགྱུར་དང་བསྟན་འགྱུར། ཞལ་ཡས་ཁང་ཀ་བརྒྱད་ཀྱི་ངོས་རིང་མོར་ལྕགས་དྲའི་ནང་སྐུ་རྒྱུ་རིན་ཆེན་ཤ་སྟག་ལས་གྲུབ་པའི་གུ་རུ་རིན་པོ་ཆེ་དང་། གྲུབ་མཐའ་རིས་མེད་ཀྱི་བླ་སྐུ། སྟོན་པ་ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པ། རྗེ་བཙུན་སྒྲོལ་མ་སོགས་རྩ་ཆེའི་རྟེན་སྐུ་ཇི་སྙིད། རྡོར་གླིང་ལྷ་ཁང་ནང་བླ་སྐུ་གསུམ་དང་དགོན་དེའི་ཆོས་སྤྱོད་པར་ཤིང་ཁག། སྨིན་གླིང་ལྷ་ཁང་ནང་སྨྱུང་གནས་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་མ་དང་། བཀའ་འགྱུར་ཆ་ཚང་གཉིས། དགའ་ལྡན་ཡང་རྩེའི་ལྷ་ཁང་ནང་རྒྱལ་བ་ལྔ་པའི་སྐུ་བརྙན་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་དཀྱིལ་འཁོར་བཅས་དང་། གཞན་ཡང་དབྱེན་འདུམ་མཆོད་རྟེན་ཐོག་སོ་བཞི་ཙམ་དང་། བླ་བྲང་། གཉེར་ཚང་། ཁང་གསར་ཤར་ནུབ། རུང་ཁང་། གུར་ཁང་། མཛོད་ཁང་། གྲྭ་ཤག་བཅས་གཞི་རྒྱ་ཆེ་བ་དང་། སྔོན་དགེ་འདུན་སུམ་བརྒྱ་སྐོར་གྱིས་རི་བོ་

[page 176དགེ་ལུགས་ཀྱི་རྒྱུད་སྡེ་ཁག་དང་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་མཐའ་གཉིས་ཀྱི་བཤད་གྲྭ་སོགས་ཕྱག་ལེན་གནང་བ་ཡིན།

ད་ལྟ་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་བླ་མ་སེམས་དཔའ་ཆེན་པོའི་ཞབས་གདུང་རང་བྱོན་དང་། སངས་རྒྱས་དང་བྱང་སེམས་ཀྱི་རིང་བསྲེལ་དང་སྐུ་རུས་སོགས་སྣ་ཚོགས་གཅིག་ཏུ་དྲིལ་བའི་ཐུམ་དམ་རྒྱ་མ་ཞེས་པ་།མཁའ་འགྲོ་སེ་བཟའ་ཆོས་སྒྲོན་གྱི་དབུ་ཐོད་རང་བྱོན་ཅན་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་བརྙན་རྫ་སྐུ། གསར་དུ་བཞེངས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགོན་དེར་ལོ་ལྟར་བོད་ཟླ་༧ཚེས་༡༢ནས་འཇིགས་བྱེད་ལྷ་བཅུ་གསུམ་ཀྱི་སྒྲུབ་མཆོད་ཉིན་དགུ་དང་། ཚེས་༢༡ནས་དགུ་གཏོར་གཏོར་སྒྲུབ། དེ་ནས་མགོན་པོ་ཕྱག་དྲུག་། མགོན་དཀར་ཡིད་བཞིན་ནོར་བུ། ཆོས་རྒྱལ། ལྷམོ། མགོན་པོ་གུར་ཞལ་གཉིས། རྣམ་ཐོས་སྲས། ལྕམ་སྲིང་སོགས་ཀྱི་བསྐང་གསོ་གཟབ་རྒྱས། ཚེས་༢༨ལ་འཆམ་རྒྱུགས། ཚེས་༢༩ལ་འཆམ་རྒྱུགས། ཚེས་༢༩ཉིན་སྐུ་འཆམ་དངོས་གཞི་གནང་བའི་ཉིན་དད་ལྡན་སེར་སྐྱ་ཕོ་མོ་མང་པོ་དགུ་གཏོར་སྐུ་འཆམ་མཇལ་དུ་ཡོང་བ་ཡིན།

[page 177]

ས་སྐྱ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 178]

 ས་སྐྱ་རྫོང་།

ས་སྐྱ་ཞེས་པ་ནི་སློབ་དཔོན་པདམས་ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ལས་“ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་ཞེས་རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་བྱུང་ཞེས་པ་དང་། ཡང་ས་སྐྱ་ལོ་ཙྭ་ཀུན་དགའ་མིང་ཅན་དང་། འཕགས་པའི་མིན་ཅན་གཉིས་བྱུང་ནས། བོད་འབངས་སེམས་ཅན་བདེ་ལ་ཕན། སངས་རྒྱས་བསྟན་པ་ལྔ་བཅུ་འཛིན། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན།”ཞེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན་པས་སྤྱན་དྲངས་པ་ལྟར་དབུས་སུ་ཕེབས་སྐབས་འབྲོང་ངུར་ལ་རྩེ་ནས་དབོན་པོ་རི་གཟིགས་པས། དེའི་ངོས་ལ་འབྲོང་ཆེན་པོ་གཉིས་རྩ་བཟའ་བཞིན་ཡོད་པས་སྐུ་འཁོར་རྣམས་ལ། མ་འོངས་པའི་དུས་སུ་མ་ཧཱ་ཀ་ལ་གཉིས་དེར་འཕྲིན་ལས་མཛད་པའི་ལྟས་སུ་འདུག་དེ་ནི་ས་སྐྱའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ཡིན་ཞེས་གསུངས། དེ་ནས་ཕྱག་འཚལ་སྒང་ཞེས་པའི་ས་ཆར་ཕེབས་སྐབས་ཆིབས་པ་ལས་བབས་གནང་ནས་སྐུ་འཁོར་རྣམས་ལ་མཆོད་པ་གཤོ་མས་གསུངས་ནས་དབོན་པོ་རིའི་ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད་པ་ལ་སྐུ་འཁོར་རྣམས་ཀྱིས་མ་མཐོང་བ་ཡིན་ནམ། ས་དཀར་པོ་ཕ་ཀིའི་ལོགས་ལ་དྷི་ཡིག་བདུན་དང་། ཧྲི་ཡིག་གཅིག་ཧུཾ་ཡིག་གཅིག་བཅས་བདུན་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུངས། དེ་ཅི་ཡིན་ཞུས་པར། མ་འོངས་པའི་དུས་སུ་འཇམ་དབྱངས་ཀྱི་སྤྲུལ་པ་བདུན། སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག་ཕྱག་

[page 179ན་རྡོ་རྗེའི་སྤྲུལ་པ་གཅིག་བཅས་ཐོག་མར་བྱོན་ཏེ་དེ་ནས་རིམ་བཞིན་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱུན་མི་ཆད་པར་བྱོན་ནས་འགྲོ་བའི་དོན་མཛད་པར་འདུག་ཅེས་གསུངས་པ་ལྟར། རྗེས་སུ་འཁོན་དཀོན་མཆོག་རྒྱལ་པོས་དང་པོ་བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་སྟེ་བཞུགས་པར་ས་སྐྱ་གོག་པོར་གྲགས་ཤིང་དེ་ནས་སློབ་རྣམས་སྐྱོ་བསང་ལ་བྱོན་ཏེ་རི་ཁ་ནས་གཟིགས་པས། དབོན་པོ་རི་དེ་གླང་པོ་ཆེ་ཉལ་འདྲའི་མཁལ་ཁུང་གཡས་ཀྱི་ཐད་ན་ས་དཀར་ཞིང་སྣུམ་པ། ཆུ་བོ་གཡས་སུ་འབབ་པ་ལ་སོགས་པའི་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས། སའི་བདག་པོར་རིན་བཅལ་ནས་དབོན་པོ་རིའི་རྩེར་དཔལ་ས་སྐྱའི་གཙུག་གས་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད་པ་ནས་རིམ་བཞིན་ལུང་ཟིན་གྱི་ས་སྐྱ་གོང་མ་ན་རིམ་བྱུང་། ས་དཀར་པོའམ་སྐྱ་བོ་དོན་གཅིག་ཡིན་པའི་སྟེང་དུ་ས་སྐྱ་དགོན་བཏབ་པས་དགོན་དང་ཡུལ་མིང་ལའང་དེ་ལྟར་ཆགས་པ་བཅས།

ད་ལྟའི་ས་སྐྱ་རྫོང་ནི་སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། རྫོང་གནས་ཡུལ་ཡང་ས་སྐྱ་དགོན་དང་ཉེ་བའི་ཤར་ངོས་སུ་ཡོད་ལ། གཞིས་རྩེ་བཀྲས་ལྷུན་དགོན་ནས་ལམ་ཐག་སྤྱི་ལེ་༡༥༠ཙམ་གྱི་ས་ན་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༦༤༠༥དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༡༡.༤རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༧༠༠གླིང་ཁ་རྒྱ་ཁྱོན་མུའུ་༧༠༠མི་འབོར་ཁྲི་༤.༣རྫོང་ཡོངས་ལ་ཤང་༩དང་། གྲོང་བརྡལ་༢གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༣༩ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི༤༤༠༠ཙམ་གྱིས་མཐོ་བའི་རྫོང་ཞིག་ཡིན་པ་རེད།

རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་ས་སྐྱའི་གྲུབ་མཐའ་སྲོ་ལ་གཏོད་པ་འཁོན་དཀོན་མཆོག་རྒྱལ་པོ་རབ་བྱུང་དང་པོའི་ཤིང་ཁྱི་སྤྱི་ལོ་༡༠༣༤ལོར་གཡའ་ལུང་མཁར་སྟབས་སུ་འཁྲུངས། ས་ཆེན་ཀུན་དགའ་སྙིང་པོ་རབ་བྱུང་གཉིས་པའི་ཆུ་སྤྲེལ་སྦྱི་ལོ་༡༠༩༢་ལོར་སྐུ་འཁྲུངས། སློབ་དཔོན་

[page 180བསོད་ནམས་རྩེ་མོ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ་༡༡༤༢ལོར་འཁནམས་རྩེ་མོ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ་༡༡༤༢ལོར་འཁུངས། ས་སྐྱ་པཎིཌ་ཏ་ཀུན་དགའ་རྒྱལ་མཚན་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་༡༡༨༢ལོར་འཁྲུངས། ངོར་ཆེན་ཀུན་དགའ་བཟང་པོ་རབ་བྱུང་དྲུག་པའི་ཆུ་ཁྱི་སྤྱི་ལོ་༡༣༨༢ལོར་འཁྲུངས། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་རབ་བྱུང་བདུན་པའི་ས་སྦྲུལ་སྤྱི་ལོ་༡༣༢༩ལོར་ས་སྐྱ་དཔོན་ཆེན་ཀུན་དགའ་དཔལ་གྱི་ཁྱིམ་དུ་འཁྲུངས། བསོད་ནམས་མཆོག་གྲུབ་གྲགས་བཟང་རབ་བྱུང་བདུན་པའི་ས་ཡོས་སྤྱི་ལོ་༡༣༩༩ལོར་གཙང་ཤབ་དགེ་ལྡིང་དུ་སྐུ་འཁྲུངས། གུ་ཤྲི་བློ་གྲོས་རྒྱལ་མཚན་རབ་བྱུང་དྲུག་པའི་མེ་རྟ་སྤྱི་ལོ་༡༣༦༦ལོར་གཙང་ས་སྐྱ་བཞི་ཐོག་ཏུ་སྐུ་འཁྲུངས། སྣར་ཐང་པ་ཤེས་རབ་རྒྱལ་མཚན་ཤབ་ལྟག་ལའི་ཉེ་འཁོར་དུ་རབ་བྱུང་བདུན་པའི་ལྕགས་གླང་སྤྱི་ལོ་༡༤༢༣ལོར་འཁྲུངས། བུ་སྟོན་རིན་ཆེན་གྲུབ་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཤབ་སྨད་སྒོམ་གནས་ཞེས་པའི་ཡུལ་དུ་རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་༡༢༩༠ལོར་འཁྲུངས་པ་བཅས།

 ས་སྐྱ་དགོན།

མཚན་རྒྱས་པར། འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ས་སྐྱའམ། གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་ཞེས་ཞུ་གཞིས་རྩེ་བཀྲས་ལྷུན་དགོན་ནས་སྣར་ཐང་བརྒྱུད་རྒྱ་མཚོ་ལ་བརྒྱབ། དེ་ནས་ས་སྐྱའི་ཕྱོགས་སུ་ཁྱོན་སྤྱི་ལེ་༡༥༠ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ་གནང་མཛད། འཁོན་ཞེས་པ་ནི་འོད་གསལ་ལྷ་ཡི་གདུང་རྒྱུད་མ་སང་སྤུན་བདུན་ལས་མཆེད་ཅིང་དེ་ནས་གཡའ་སྤངས་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ། ཆུང་ལ་གཡའ་འཁྲུམ་སི་ལི་མ་ཁབ་ཏུ་བཞེས་པ་ལས་སྲས་གཅིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་འཁོན་བར་སྐྱེས་སུ་གྲགས་དེ་ནས་བཟུང་འཁོན་ཞེས་པའི་རིགས་རུས་བྱུང་བ་ཡིན་(ས་སྐྱ་ཞེས་པ་ནི་

[page 181གོང་གསལ་ས་སྐྱ་རྫོང་གི་གནས་བཤད་དུ་གསལ་བས་འདིར་མི་སྤྲོ།)དེའང་ས་སྐྱའི་གདན་ས་ཆུ་ལྷོ་བྱང་གཉིས་སུ་ཕྱེ་བ་ལས། འཁོན་དཀོན་མཆོག་རྒྱལ་པོས་ཐོག་མར་ཆུ་བྱང་དུ་དབུ་རྩེ་གཙུག་ལག་ཁང་བཏབ། རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་འདུ་ཁང་ཀ་བ་༨༠གཙང་ཁང་སྦུག་མར་ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་གྱི་ནང་རྟེན། རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཕྱག་བཟོ། ངོ་མཚར་རྟེན་བཞིའི་ཡ་གྱལ་འཇམ་དབྱངས་གཟི་འོད་འབར་བ་གཙོ་བོར་གྱུར་པའི་རྟེན་སྐུ་དང་། མཐའ་འཁོར་དུ་ས་ཆེན་གོང་མ་རྣམ་ལྔའི་གསུང་འབུམ་བཞུགས་པའི་ཀུན་དགའ་ར་བ། འདུ་ཁང་ནང་ས་པཎ་གྱི་བཞུགས་ཁྲི་དང་སྐུ་བེར་ལ་སོགས་པ་དང་། གཞན་ཡང་བཞི་ཐོག་བླ་བྲང་དང་། རིན་ཆེན་སྒང་བླ་བྲང་། དུས་མཆོད་བླ་བྲང་། ལྷ་ཁང་བླ་བྲང་བཅས་དང་། དབུ་རྩེའི་ནུབ་ཏུ་རྣམ་རྒྱལ་ལྷ་ཁང་། དེའི་བྱང་དུ་ཤག་ཚང་ཤར་ནུབ། དེ་ནས་དགའ་ལྡན་ལྷ་ཁང་། གཡུ་ཐོག་ལྷ་ཁང་། སྨུག་ཆུང་ཞེས་ཤུགས་ལྡན་གྱི་མགོན་ཁང་བཀྲས་རྩེག་བླ་བྲང་། ཞལ་གྲོ་ལྷ་ཁང་། ནང་བཟོ་མགོན་ཁང་། སྤྲོ་ཁང་བླ་བྲང་། འཕེལ་རྒྱས་བླ་བྲང་། བྲང་མོ་ཆེ་བླ་བྲང་། ཆོས་ཁྲི་ཆེན་མོ། སྒང་དགའ་ཤར་ནུབ་གཉིས། གསུང་རབ་ལྷ་ཁང་། ཐུབ་དབང་དོན་ཡོད། མངོན་དགའ་བདེ་ཆེན། གསང་བའི་མགོན་ཁང་། གསང་སྔགས་ཚོགས་ཁང་། དམར་པོ་སྐོར་གསུམ་ལྷ་ཁང་། ལྷ་མགོན་བཞུགས་པའི་ལྷ་ཁང་སོགས་མདོར་ན་ཆུ་བྱང་ཀོ་ནར་ལྷ་ཁང་༡༠༨ཙམ་ཡོད་ཅེས་གསུངས།

དེ་ནས་སྤྱི་ལོ་༡༢༦༢ལོར་འགྲོ་མགོན་ཆོས་འཕགས་ཀྱི་བཀའ་བཞིན་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་བསྐུལ་སྟེ་ཆུ་ལྷོ་རྒྱུད་དུ་ད་ལྟའི་ལྷ་ཁང་ཆེན་མོ་ཞེས་པའི་གཙུག་ལག་ཁང་དེ་དང་། ལྕགས་རི་ཆེན་མིའི་ཟུར་བཞིར་ལྕོག་སྤེལ་བཅས་པ་ཨར་ལས་བསྒྲུབ་ལ་ཉེ་བར་དཔོན་ཆེན་ཤཱཀྱ་[page 182བཟང་པོའི་སྐུ་ཚེའི་འཕེན་པ་རྫོགས། དེ་ནས་ནང་གཉེར་པ་སྣམ་ཀུན་དགའ་བཟང་པོ་དཔོན་ཆེན་ལ་བསྐོས་ཏེ་གཙུག་ལག་ཁང་གི་སྤན་པད་དང་། ལྕགས་རི་ཕྱི་ནང་བར་གསུམ། ཟུར་ལྕོག་བརྒྱད་བཅས་ཀྱི་མཇུག་བསྐྱངས། དེ་ནས་དཔོན་ཆེན་ཨང་ལེན་དུས་གཙུག་ལག་ཁང་གི་རྒྱ་མཐོང་ཀ་རིང་བརྒྱད་བཙུགས། ཐིག་ཁང་གྱི་སྡེབས་རིས་སུ་འགྲོ་མགོན་གྱི་བཀའ་བཞིན་ཡི་དམ་ཁག་གི་དཀྱིལ་འཁོར་༡༣༩བཞེངས། དབོན་པོ་རི་འདམས་ནས་བྱས་ལྕགས་རི་ཆེན་པོ་ཐོག་ཚད་མ་བསྐོར་ཤུལ་ད་ལྟའང་མཐོང་རྒྱུ་ཡོད། ལྷ་ཁང་ཆེན་མོར་ཐོག་མར་ཀ་བ་༡༠༨ཡོད་པ་ལ་སྤྱི་ལོ་༡༩༤༨ལོར་གོང་མ་ཁྲི་ཐོག་པོ་དྲུག་པ་བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་བར་བཅད་བསྐྱོན་ཏེ་འདུ་ཁང་ཆེན་མོ་དང་། དངུལ་གདུང་རིག་འཛིན་ལྷ་ཁང་། ཕུར་པ་ལྷ་ཁང་། དཔེ་མཛོད་ཁང་སོགས་ད་ལྟ་མཇལ་བ་འདི་ལྟར་དབྱེར་གནང་མཛད། ལྷ་ཁང་ཆེན་མོར་ས་པཎ་གྱི་ནང་རྟེན་ཐུབ་དབང་འཛམ་གླིང་གཡས་བཞག་སྐུ་རྒྱུ་ལི་སེར་ལས་གྲུབ་པ་ཁྲི་རྒྱབ་ཡོལ་དང་བཅས་ལྷ་ཁང་ཆེན་མོའི་ཐོག་དང་མཉམ་པ་ད་ང་དེའི་གཡས་སུ་ཆོས་རྒྱལ་འཕགས་པའི་ནང་རྟེན་ཐུབ་དབང་དཔལ་འབར་མ་ཁྲི་རྒྱབ་ཡོལ་དང་བཅས་སྐུ་ཚད་གོང་མཚུངས། དེའི་གཡོན་ན་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ནང་རྟེན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་ཁྲི་རྒྱབ་ཡོལ་དང་བཅས་པ་སྐུ་ཚད་གོང་མཚུངས། དེའི་གཡོན་ན་བླ་མ་བདག་ཉིད་ཆེན་པོའི་ནང་རྟེན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་འཆང་ཁྲི་རྒྱབ་ཡོལ་དང་བཅས་པ་སྐུ་ཚད་གོང་མཚུངས། དེའི་གཡོན་ན་དཔལ་ཆེན་ཨང་ལེན་གྱི་ནང་རྟེན་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་རིག་པའི་འབྱུང་གནས་ཁྲི་རྒྱབ་ཡོལ་དང་བཅས་སྐུ་ཚད་གོང་མཚུངས་སོགས་བླ་ཆེན་གོང་མ་རྣམས་ཀྱི་ཐུགས་དམ་ནང་རྟེན་ཇི་སྙིད་བཞུགས། གཙུག་ལག་ཁང་གི་ལྷོ་ནུབ་བྱང་བཅས་པར་ག་སེར་ཆོས་དང་། དངུལ་ཆོས་། སྐྱ་ཆོས་བཅས་དཔེ་རྙིང་པོད་ཉིས་ཁྲི་ཙམ་བཞུགས་པ་ནི་ས་སྐྱ་ལྷ་ཁང་ཆེན་མོའི་ཕྱིའི་རྩེག་པ་ཞིག་ཀྱང་ནང་གི་ཆོས་རྩིག་མི་[page 183ཞིག་ཅེས་པའི་ཤོད་རྒྱུན་ཀྱང་འཇགས། ད་དུང་ཤིང་ཏ་ལའི་ལོ་མར་བྲིས་པའི་དཔེ་ཆ་དང་། པོ་ཏི་ལྕགས་ལུང་མ་ཞེས་སྐྱེས་པ་བདུན་བརྒྱད་ཙམ་གྱིས་བཏེགས་ཐུབ་ཙམ་གྱི་བརྒྱུད་སྟོང་པ། གཞན་ཡང་ཆོས་དུང་དཀར་མོ་རྒྱང་གྲགས་ཞེག་སངས་རྒྱས་དུང་དཀར་གྱི་སྐྱེ་བ་བཞེས་སྐབས་ཀྱི་ཤུབ་ཡིན་པ། ཀླུའི་རྒྱལ་པོས་སྤྱན་རས་གཟིགས་ཀྱི་སྤུལ་པ་མཚོ་འགྲུལ་གྱི་དེད་དཔོན་བཟང་པོ་གྲགས་པར་ཕུལ་བ་རྒྱ་གར་རྒྱལ་པོའི་བང་མརྫོད་དུ་བཞུགས། དེ་ནས་རྒྱ་གར་རྒྱལ་པོ་དྷརྨ་པཱ་ལས་རྒྱ་ནག་རྒྱལ་པོ་དྷེ་ལྦ་ར་ཇར་ཕུལ། ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་འཕགས་ལ་ཕུལ་བ་བཅས་ཀྱི་ཆོས་དུང་ལ་སོགས་ནང་རྟེན་ཇི་སྙིད་མཛལ་རྒྱུ་ཡོད། སྔོན་དགེ་འདུན་བདུན་བརྒྱ་སྐོར་གྱིས་ས་ལུགས་ཕྱག་བཞེས་མཛད་པ་རེད།

ད་ལྟ་ཆུ་བྱང་ན་བླ་བྲང་ཤར་དང་། རྣམ་རྒྱལ་ལྷ་ཁང་། གོང་མ་རྣམ་ལྔའི་ཕྱིའི་རྟེན་མཆོད་རྟེན་དྲུག། རིན་ཆེན་སྒང་བཅས་བསྐྱར་བཞེངས་ཞུས་པའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྷ་ཁང་ཆེན་མོར་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་ཕལ་ཆེར་བཞུགས་ཡོད་པ། འགྲོ་མགོན་ཆོས་འཕགས་ཀྱི་བླ་བྲང་ཡང་གྱང་གོག་སྟེང་བསྐྱར་བཞེངས་གནང་བའི་ནང་རྟེན་གསུམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགོན་དེའི་དུས་མཆོད་ནི་བོད་ཟླ་༡པོར་བསེ་རག་གཏོར་རྒྱག་བོད་ཟླ་༢ཕུན་ཚོགས་ཕོ་བྲང་གི་གཏོར་རྒྱག་དང་བཀའ་འགྱུར་གསང་སྒྲོག། བོད་ཟླ་༤སྒྲོལ་མ་ཕོ་བྲང་གི་སྒྲོལ་མའི་འཆམ་གཟིགས་དང་། སྐྱབས་མགོན་རྩེ་ཤོད་དང་ཆོས་སྡེ་ལྷོ་བྱང་གི་དམ་རྫས་རིལ་སྒྲུབ། བོད་ཟླ་༥འདོད་བདེ་གཏོར་རྒྱག། བོད་ཟླ་༧ཕུར་པ་སྒྲུབ་མཆོད་དང་འབྲེལ་བའི་གར་འཆམ། བོད་ཟླ་༡༡པར་ས་སྐྱའི་མདོས་ཆེན་ཞེས་གུར་གྱི་མགོན་པོའི་གར་འཆམ། བོད་ཟླ་༡༢ཤུགས་ལྡན་གྱི་གཏོར་རྒྱག་བཅས་ཡིན།

[page 184]

 ཁའུ་བྲག་རྫོང་།

ས་སྐྱ་དགོན་ནས་སྤྱི་ལེ་༡༠ཙམ་ཁའུ་ལུང་དུ་ཕེབས་ན་གཡང་གཟར་བྲག་རིའི་ལོགས་སུ་དགོན་དེ་མཇལ་གྱི་རེད། དགོན་དེ་ནི་ཐོག་མར་གྲུབ་པའི་དབང་ཕྱུག་བླ་མ་གནམ་ཁའུ་བ་ཞེས་པ་ཞིག་ཡོད་པ་གནས་དེར་བཞུགས། དེ་ནས་གཉན་ལོ་ཙཱ་རྒྱ་གར་ནས་ཕྱིར་ཕེབས་སྐབས་དཔལ་མགོན་ཞལ་ཡང་ལོ་ཙཱ་བའི་ཕྱག་ཕྱིར་འབྲངས། གནས་དེར་ཕེབས་སྐབས་དཔལ་མགོན་བཙུན་ཆུང་ཞིག་ཏུ་སྤྲུལ་ཡོད་པ་ལ་བླ་མ་གནམ་ཁའུ་པར་ཕུལ། བཙུན་ཆུང་གིས་ཉིན་ལྡར་བླ་མའི་ཞབས་ཕྱི་ཞུས་ཏེ་མེ་གཏོར་ཆུ་ལེན་སོགས་བྱེད་པ་ཡིན། ཉིན་ཞིག་གནས་དེར་ཁ་བ་ཆེན་པོ་ཞིག་བབས་པས་བཙུན་ཆུང་གིས་ཆུ་ཁར་ཆུ་ལེན་དུ་མི་འགྲོ་བར་དགོན་པ་ནས་ལག་རིང་བརྐྱངས་ཏེ་ཆུ་བླངས་པ་བླ་མས་གཟིགས་པས། ཁྱོད་ནི་སོ་སོའི་སྐྱེ་བོ་ཕལ་པ་ཞིག་མ་ཡིན་པར་སྤྲུལ་པ་སྟོན་རྒྱུ་འདུག་པས་ད་སྤྲུལ་པ་ཞིག་སྟོན་ཅིག་གསུམས་པར། བཙུན་ཆུང་གིས་ངས་སྤྲུལ་པ་བསྟན་ན་བླ་མ་ཐུགས་མི་འཇིགས་སམ་ཞེས་ཞུས་པས། མི་འཇིགས་ཞེས་གསུངས། བཙུན་ཆུང་གིས་ད་འོ་ན་ངས་སྤྲུལ་པ་བསྟན་ཆོག་ཅེས་ཞུས་ཏེ་དཔལ་མགོན་ཞལ་བཞི་པར་གྱུར་ནས་ཞབས་གཉིས་དགོན་པའི་གཡས་གཡོན་དུ་བཞག་སྐུ་གཟུགས་ནམ་མཁའ་ལ་ཐུག་པ་ལྷ་བུ་བྱས་ནས། “ང་གང་དུ་ཐིམ་”ཞེས་གསུངས་པར། བླ་མ་ཐུགས་ཅུང་ཟད་སྐྲག་པའི་ཚུལ་མཛད་དེ་ཕྱག་མཛུབ་སྐུ་རྒྱབ་ཏུ་བསྟན་སྟེ་ “འདིར་ཐིམ་”ཞེས་གསུམས་པས་མགོན་པོ་བྲག་ལ་ཐིམ་པའི་ཤུལ་ད་ལྟའང་མགོན་ཁང་ནང་མཇལ་རྒྱུ་ཡོད། གཞན་ཡང་མགོན་ཁང་ནང་དཔལ་མགོན་ཞལ་གཙོ་འཁོར་དང་བཅས་པ་དང་། རྟོ་རྗེ་གུར་གྱི་མགོན་པོ། དཔལ་ལྡན་འདོད་ཁམས་ལྷ་མོ། ལྷ་མོ་ཨེར་ཀ་ཛྷ་ཏི། ལས་མཁན་པུ་ཏྲ་མིང་སྲིང་ལྔ། དཀར་མོ་ཉི་ཟླ་དང་། བདུད་རྒྱལ་ཐོད་པའི་ཕྲེང་བ་བཅས་འབུར་སྐུ་དང་ལྡེབས་རིས་སྣ་ཚོགས། བར་འཁྱམས་སུ་རུ་འདྲིན་སྡེ་བཞིའི་ལྡེབས་རིས། ལམ་འབྲས་ལྷ་ཁང་ནང་ཐུབ་པ་གཙོ་འཁོར་གསུམ་དང་གུ་རུའི་སྐུ་བརྙན། སྒྲོལ་[page 185ལྗང་། རྣམ་རྒྱལ་མཆོད་རྟེན། བདེ་གཤེགས་མཆོད་རྟེན་བརྒྱད། ལྡེབས་རིས་སུ་ས་སྐྱའི་ལམ་འབྲས་བླ་རྒྱུད་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསེར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། ལྷ་ཁང་དེའི་ནང་ནས་བླ་མ་ཁའུ་བས་འཁོན་དཀོན་མཆོག་རྒྱལ་པོར་ལུང་བསྟན་གནང་བ་ཡིན་ཞེས་གསུངས།

ཡང་དེ་ནས་མུ་མཐུད་ཅུང་ཟད་སོང་ན་བྱ་འགྱུར་པདམ་འོད་ཀྱི་དགོན་གནས་དང་སྒྲུབ་ཕུག་ངོ་མཚར་ཅན། བསམ་གླིང་དམག་ཟོར་མའི་མགོན་ཁང་དེའི་ཕར་ངོས་སུ་དཔལ་ཆེན་ལྷ་ཁང་། འཁོན་རིགས་ཤེས་རབ་ཚུལ་ཁྲིམས་སོགས་འཁོན་གྱི་རྙིང་མའི་བླ་མ་གོང་མ་རྣམས་ཀྱི་བཞུགས་གནས་ཀྱི་ཤུལ་མཇལ་རྒྱུ་ཡོད།

 ཨོ་རྒྱན་ལྷ་ཁང་།

མཚན་རྒྱས་པར། དཔལ་གྱི་ཆོས་སྡེ་ཆེན་པོ་ཆོས་འཁོར་ལྷུན་པོ་ཨོ་རྒྱན་ལྷ་ཁང་དགོན་ཞེས་ཞུ། ས་སྐྱ་དགོན་ནས་ལྷོ་ནུབ་ངོས་སུ་སྤྱི་ལེ་གཉིས་གསུམ་ཙམ་གྱི་ས་ན་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་བོད་རབ་བྱུང་བརྒྱད་པའི་ནང་རྗེ་དྭགས་པོ་ལྷ་རྗེའི་རྣམ་སྤྲུལ་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱིས་ཕྱག་བཏབ་གནང་མཛད། སྔོན་དགོན་དེར་གུ་རུ་གསུང་བྱོན་གཙོ་འཁོར་གསུམ་ཡོད་པ་དེ་ནི་བོད་གངས་ཅན་ལྗོངས་འདིར་གུ་རུའུ་སྐུ་བརྙན་གསུང་བྱོན་བཞི་ཡོད་པ་ལས་ “གཙང་སྟོད་ས་སྐྱ་གུ་རུ་གསུང་བྱོན་གཅིག་”ཞེས་པ་དེ་ཡིན། དེའང་གུ་རུ་རིན་པོ་ཆེས་བལ་པོ་ལྷ་བཟོ་མཁས་པ་གསུམ་དུ་སྤྲུལ་ཏེ་གུ་རུ་གཙོ་འཁོར་གསུམ་བཞེངས་བསྒྲུབས་རྗེས་ལྷ་བཟོ་གསུམ་ཡང་གུ་རུར་ཐིམ་པ་ཡིན་ཞེས་པའི་གུ་རུའི་སྣང་བརྙན་གཙོ་འཁོར་གསུམ་བཞུགས་ཡོད།

ད་ལྟ་བསྐྱར་བཞེངས་ཞུས་པའི་ལྷ་ཁང་སྔོན་གྱི་སུ་རུའི་སྐྱ་བརྙན་གྱི་སྐུ་ཚབ་གཡས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཡོན་དུ་ལྷ་ལྕམ་མན་དྷ་ར་བ། འདུ་ཁང་ནང་ཆོས་གླིང་རྒྱལ་བ་བྱམས་པ་བཅས་བསྐྱར་བཞེངས་ཞུས་པ་མཇལ་[page 186རྒྱུ་ཡོད། སྔོན་རྙིང་ཐིག་ཕྱག་ལེན་གནང་བ་ལ་ད་ལྟ་ཚེས་བཅུ་ཙམ་ལས་ས་ལུགས་ཕྱག་བཞེས་གནང་བ་ཡིན།

 གངས་ཅན་དགོན།

མཚན་རྒྱས་པར། གངས་ཅན་ཆོས་འཕེལ་དགོན་ཞེས་ཞུ། སྣར་ཐང་ནས་སྤྱི་ལེ་༡༥ཙམ་ནུབ་ངོས་སུ་སོང་ན་དགོན་དེར་སླེབས་པ་ཡིན། སྣར་ཐང་ནས་སྤྱི་ལེ་༡༥ཙམ་ནུབ་ངོས་སུ་སོངན་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་སྤྱི་ལོ་༡༤༧༠ལོར་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གཉིས་པ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་ཕྱག་བཏབ་གནང་མཛད། དེའང་ཐོག་མར་པཎ་ཆེན་བཟང་པོ་བཀྲ་ཤིས་གནས་དེར་ཕེབས་སྐབས་ལུག་རྫི་ཞིག་དང་འཕྲད་གནང་བ་དང་། ལུག་རྫིས་པཎ་ཆེན་ལ་གསོལ་བ་དྲངས་ནས་རྩམ་པ་གངས་འདྲ་བ་ཡོད་ཅེས་ཞུས་པས་རྗེས་སུ་དགོན་མིང་ལའང་གངས་ཅན་ཞེས་སུ་གྲགས། དགོན་དེའི་རྒྱབ་རི་གླང་ཆེན་འདྲ་བ་གཡོན་ནིའུ་ལི་གཉིས་ནོར་བུ་སྐྱུགས་པ་འདྲ་བ་ཡོད་ཅེས་གསུངས། དགོན་དེ་ནས་པཎ་ཆེན་བཟང་པོ་བཀྲ་ཤིས་ལ་གནས་བརྟན་བཅུ་དྲུག་ཀྱང་ཞལ་གཟིགས། ཐོག་མར་དུར་ཁྲོད་ཀྱི་སྟེང་དུ་བསྐྱོན་པ་ལ་རྗེས་སུ་ཡར་སྤོས་གནང་བ་ཡིན་ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་ཡང་གནས་དེར་ཕེབས་ཏེ་གསུང་ཆོས་གནང་སྐབས་དད་ལྡན་ཆོས་ཞུ་བ་མི་འབུམ་ཙམ་བྱུང་ཞེས་གསུངས། སྔོན་འདུ་ཁང་ཀ་བ་༢༠སར་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མཛོད་སྤུར་དུང་དཀར་གཡས་འཁྱིལ་ཅན་དང་། པཎ་ཆེན་བཟང་པོ་བཀྲ་ཤིས་ལ་བོ་དོང་ཨ་ཕྱི་རྒད་མོས་ཕུལ་བའི་དཔལ་སྡན་ལྷ་མོའི་སྐུ་བརྙན་བྱིན་ཅན། མར་པ་ལོ་ཙཱ་བའི་ཚེ་བུམ་བཅས་རྟེན་གསུམ་ཇི་སྙིད་བཞུགས། སྔོན་མཚན་ཉིད་གྲྭ་ཚང་དང་སྔགས་པ་གྲྭ་ཚང་ཞེས་གྲྭ་ཚང་གཉིས་ཡོད་པ་ལས་སྔགས་པ་ནི་དགེ་ལྡན་སྤྱི་མཚུངས་ཀྱི་རྒྱུད་སྡེ་ཁག་དང་། མཚན་ཉིད་གྲྭ་ཚང་དུ་ཀུན་མཁྱེན་རྡོབས་འབར་བས་མཛད་པའི་《དབུ་མའི་རྣ་མ་བཤད་》དང་རྒྱལ་བ་ལྔ་པས་མཛད་པའི་《ཕར་ཕྱིན་བློ་བཟང་དགོངས་རྒྱན་》གཉིས་ལ་སློབ་གཉེར་གནང་སྲོལ་ཡོད། མཚན་ཉིད་དཔེ་ཆ་དར་ཆེ་བས་[page 187དགེ་བཤེས་བརྒྱད་ཅུ་སྐོར་བྱུང་ཞེས་གསུངས།

ད་ལྟ་བསྐྱར་བཞེངས་གནང་བའི་ནང་ཐུབ་དབང་གཙོ་འཁོར་གསུམ་དང་རྗེ་ཡབ་སྲས་གསུམ། སྔོན་གྱི་ལྷ་མོའི་སྐུ་བརྙན། དེའི་འོག་ཏུ་ལྷ་མོའི་བླ་མཚོ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་སྤྱི་ལེ་༡༥ཙམ་བྱང་ངོས་ཤབས་ཅེས་པར་སོང་ན་དགེ་སྟེང་རྡོ་རྗེ་ཕོ་བྲང་ཞེས་པ་དང་། དེ་དང་ཉེ་བར་ཁྲོ་ཕུ་བྱམས་ཆེན་ཞེས་པ་སོགས་མཇལ་རྒྱུ་ཡོད།

[page 188]

རྣམ་གླིང་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 189]

 རྣམ་གླིང་རྫོང་།

རྣམ་གླིང་རྫོང་ཞེས་པ་ནི་བཙན་པོའི་དུས་སུ་བཀྲ་ཤིས་རྩེ་ཞེས་ཟེར། ས་སྐྱས་དབང་སྒྱུར་སྐབས་གཙང་ཁུལ་ཁྲི་སྐོར་དྲུག་གི་ནང་ཚན་ཤངས་པ་ཁྲི་སྐོར་དྲུག་གི་ནང་ཚན་ཤངས་པ་ཁྲི་སྐོར་ཞེས་ཟེར་བ་དང་། ཡོངས་གྲགས་སུ་རྣམ་གླིང་ཞེས་ཟེར་བ་ཡིན། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༨༨༤༨ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༡༠.༦རྫོང་དེ་ཡོངས་ལ་ཤང་༡༦དང་། གྲོང་བརྡལ་༡གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༥༠མི་གྲངས་༧༣༠༠ས་བབས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༩༥༠དང་དམའ་ཤོས་ལ་སྤྱི་ཁྲེ་༣༧༩༠ཙམ་གི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་སྤྱི་ལོ་༡༦༦༣ལོར་གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་སྐུ་འཁྲུངས། པཎ་ཆེན་སྐུ་ཁྲེང་དྲུག་པ་དཔལ་སྡན་ཡེ་ཤེས་རབ་བྱུང་བཅུ་གཉིས་པའི་ས་རྟ་སྤྱི་ལོ་༡༧༣༨ལོར་ཤངས་གྲམ་བཀྲ་ཤིས་རྩེར་འཁྲུངས། པཎ་ཆེན་སྐུ་ཁྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་རབ་བྱུང་བཅུ་བཞིའི་ཤིང་ཡོས་སྤྱི་ལོ་༡༨༥༥ལོར་གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་སྐུ་འཁྲུངས། པཎ་ཆེན་སྐུ་ཁྲིང་བརྒྱད་པ་བསྟན་པའི་དབང་ཕྱུག་རབ་བྱུང་བཅུ་བཞིའི་ཤིང་ཡོས་སྤྱི་ལོ་༡༨༥༥ལོར་གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་སྐུ་འཁྲུངས། ཏཱ་ལའི་བླ་མ་སྐུ་ཕྲིང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་རབ་བྱུང་བཅུ་གསུམ་པའི་ས་སྟག་སྤྱི་ལོ་༡༧༥༨ལོར་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་སྐུ་འཁྲུངས།སྨན་རི་བློ་བཟང་རྣམ་རྒྱལ་གཙང་ཐོབ་རྒྱལ་སྨན་རིར་འཁྲུངས། ཆོས་རྗེ་འབར་ར་བ་རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ་༡༣༡༠ལོར་གཙང་ཤངས་ཀྱི་ཆབ་ལུང་[page 190ཞེས་པར་སྐུ་འཁྲུངས། འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ནམ་ས་ལོ་ཙཱ་བ་ཆེན་པོ་ཞེས་ཞུ་བ་རབ་བྱུང་བདུན་པའི་ཤིང་སྦྲུལ་སྤྱི་ལོ་༡༤༢༥ལོར་གཙང་རྩེ་གདོང་དུ་སྐུ་འཁྲུངས། གཏེར་ཆེན་ཀུན་སྐྱོབ་གླིང་པ་རབ་བྱུང་བདུན་པའི་མེ་བྱི་སྤྱི་ལོ་༡༣༩༦ལོར་ཤངས་ལྷ་ཕུ་བི་རྫིང་ཞེས་པའི་ཡུལ་དུ་འཁྲུངས། དགའ་ལྡན་ཁྲི་ཐོག་བདུན་པ་རྗེ་དྭགས་པོ་བློ་གྲོས་བརྟན་པ་(དྭགས་པོ་བཤད་སྒྲུབ་གླིང་ཕྱག་འདེབས་པ་པོ་)རབ་བྱུང་བཅུ་བདུན་པའི་ཆུ་རྟ་སྤྱི་ལོ་༡༤༠༢ལོར་གཙང་ཤངས་མགྲོན་ཁང་ཞེས་པར་སྐུ་འཁྲུངས་པ་བཅས།

 ཤངས་དགའ་ལྡན་ཆོས་འཁོར་གླིང་།

མཚན་གཞན་ལ། གཡས་རུ་ཤངས་དགའ་ལྡན་ཆོས་འཁོར་གླིང་ཡང་ཞུ། ཨེ་མ་སྒང་ཨར་འདམ་ཟམ་པ་གསར་པ་ནས་སྤྱི་ལེ་༥༠ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ད་ལྟའི་རྣམ་གླིང་རྫོང་དུ་འབྱོར་བ་དང་། རྣམ་གླིང་གྲོང་གི་རི་ལྡེབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་༡༣པའི་དུས་འགོ་ཙམ་དུ་ཁམས་རི་བོ་ཆེའི་བླ་མ་ཉི་མ་ཞེས་པ་ཞིག་གནས་དེར་ཕེབས་ཏེ་དགོན་ཞིག་བཏབ་གནང་མཛད། མཚན་ལ་བཀའ་དགོན་གསུང་རབ་གླིང་ཞེས་གསོལ། ཇུན་གར་དུས་གཏོར་སྐྱོན་ཆེན་པོ་བྱུང་ཚོད་ལ། རྒྱལ་བ་སྔ་པའི་དུས་དགོན་པ་གོང་གནས་དེར་སྤོས་ཏེ་སྒྱུར་གླིང་བཅུ་གསུམ་ཞེས་པའི་གྲས་སུ་དགེ་ལུགས་པར་བསྒྱུར། སྒྱུར་གླིང་བཅུ་གསུམ་གྱི་དང་པོའང་ཡིན་ཞེས་ཟེར། མཁན་ཐོག་དང་པོ་ཉང་བྲན་འཁར་ཀ་བ་བློ་བཟང་དཔལ་འབྱོར་ནས། སྟོད་ལུང་པ་དོན་གྲུབ་རྒྱལ་མཚན། སྤྱན་གཡས་པ་དཀོན་མཆོག་རབ་བརྟན་གཡས་དཀོན་མཆོག་རབ་བརྟ་ན། རྟག་སྒོ་བརྒྱད་པ། དཔལ་དགྱིས་བློ་བཟང་ཆོས་འཕེལ། རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་རབ་འབྱམས་པ་ཚུལ་ཁྲིམས་རྒྱལ་མཆོག། རབ་འབྱསམས་པ་ཉི་མ་ཆོས་ལྡན། རབ་འབྱམས་པ་ལྷུན་གྲུབ་བློ་གསལ། རབ་འབྱམས་པ་བློ་བཟང་རིགས་གྲོལ། རབ་འབྱམས་པ་ལྷུན་གྲུབ་མཐར་པ། རབ་འབྱམས་པ་ལྷུན་གྲུབ་སྨོན་ལམ། [page 191རབ་འབྱམས་པ་ལྟུན་གྲུབ་དགེ་འདུན། མཁན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་བཅས་མཁན་རྒྱུད་རིམ་པར་བྱུང་། གཞན་ཡང་དགོན་གནས་དེར་མི་དབང་ཕོ་ལྷ་བའི་དབུ་བླ་ཤངས་པ་རས་ཆེན་དང་། འབན་ཀུན་མཁྱེན་གྱི་ཡང་སྲིད་ཆོས་ལྡིང་བླ་མ་ཉི་མ་ཆོས་འཕེལ། རྗེ་མི་ལའི་ཐུགས་སྲས་བུ་ཆེན་བཞིའི་ཡ་གྱལ་རས་པ་ཞི་བ་འོད་ཀྱི་ཡང་སྲིད་བཞི་བ་མཁན་ཆེན་ལྷུན་གྲུབ་ཆོས་འཕེལ། དགེ་བཤེས་པོ་ཏོ་བའི་ཡང་སྲིད་ཐུབ་བསྟན་སྤྲུལ་སྐུ་པར་སྐུ་ཕྲེང་བཞི། སེར་བྱེས་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་རྣམ་རྒྱལ། ཀིའུ་གོང་མའི་ཡོངས་འཛིན་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་དར། རྒྱལ་ཟུར་རྭ་སྒྲེང་གི་ཡོངས་འཛིན་ལྷ་རམས་ཨང་དང་པོ་དགེ་བཤེས་བློ་གྲོས་རིན་ཆེན་དང་དགའ་ལྡན་ཁྲི་ཐོག་གོ་བཞི་པ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས། གཞན་ཡང་དགོན་དེར་གཞུང་ཆེན་བཀའ་ཁྲིད་ཡུན་རིང་མཛད་པོ་ལྷ་རམས་ཨང་དང་པོ་བློ་གྲོས་སྐལ་བཟང་། མཁར་རྡོ་རིན་པོ་ཆེའི་ཡོངས་འཛིན་སེར་བྱེས་དགེ་བཤེས་ལྷུན་གྲུབ་མཁས་མཆོག། སྒྲུབ་ཁང་སྐུ་གོང་མའི་ཡོངས་འཛིན་ལྷ་རམས་པ་བློ་བཟང་ཆོས་ལྡན་ཡང་སྐུ་ཚེའི་སྨད་དུ་དགོན་དེར་ཆོས་འཁོར་གཟབ་རྒྱས་སྐོར་གནང་མཛད། དེ་བཞིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཡོངས་འཛིན་སེར་བྱེས་མཁན་ཟུར་ལྷུན་གྲུབ་ཐབས་མཁས། དེའི་སློབ་མ་ལྷ་རམས་ཨང་དང་པོ་དགེ་བཤེས་ངག་དབང་དགེ་འདུན། ཕུར་ལྕོག་བྱམས་པ་རིན་པོ་ཆེའི་ཡོངས་འཛིན་ལྷ་རམས་ཨང་དང་པོ་ངག་དབང་རིག་གསལ། ཀེའུ་ཚང་ནུབ་སྤྲུལ་སྐུའི་ཡོངས་འཛིན་ལྷ་རམས་ཨང་དང་པོ་ངག་དབང་མཐར་ཕྱིན། སེར་བྱེས་ཁམས་ལུང་སྤྲུལ་སྐུའི་ཡོངས་འཛིན་དགེ་བཤེས་ལྷུན་གྲུབ་བཟོད་པ། སྤྲུལ་སྐུ་བློ་བཟང་བྱམས་པ་རྒྱལ་མཚན། སྤྲུལ་སྐུ་བློ་གྲོས་རབས་ཡངས། བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཞི་འོད་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་སོགས་ཞབས་བཅག་ཆོས་འཁོར་རྒྱ་ཆེར་བསྐོར་གནང་[page 192མཛད་པའི་དགོན་ཞིག་ཡིན་པ་དང་། སྔོན་དགོན་དེར་གྲྭ་ཚང་གསུམ་ཡོད་པ་ནི་ཕུན་ཚོགས་གྲྭ་ཚང་དང་། སྐལ་བཟང་གྲྭ་ཚང་། སྔགས་པ་གྲྭ་ཚང་བཅས་གསུམ་ལས་ཕུན་ཚོགས་གྲྭ་ཚང་དང་སྐལ་བཟང་གྲྭ་ཚང་ནི་མཚན་ཉིད་གྲྭ་ཚང་ཡིན་པ་དང་། ཐོག་མར་རྒྱལ་བ་ལྔ་པའི་ཡིག་ཆ་ཡིན་པ་ལས་དབུས་སུ་གྲྭ་ས་སེ་རར་སློབ་གཉེར་དུ་ཕེབས་པས་སེ་རྗེ་བཙུན་པའི་ཡིག་ཆའང་ཕྱག་ལེན་མཛད་པ་ཡིན། ཁམས་ཚན་གསུམ་ཡོད་པ་ནི་ཧྲལ་གསུམ་ཁམས་ཚན་དང་། ཆུམ་པ་ཁམས་ཚན། ཤར་རྒྱུད་ཁམས་ཚན་བཅས་ཡིན། མི་ཚད་བརྒྱད་ཡོད་པ་ནི་རྒྱ་མཚོ་མི་ཚན་དང་། བར་གཞིས་མི་ཚན། སེར་ཁང་མི་ཚན། ཚུར་བསྡུས་མི་ཚན། ནག་ཚང་མི་ཚན། བྲུད་རུ་མི་ཚན། གཡག་པ་མི་ཚན། བཞད་པ་མི་ཚན་བཅས་ཡིན། ཐོག་མར་རྒྱལ་བར་ལྔ་པའི་དུས་གྲྭ་ཚད་༥༠༠སྐོར་ནས། སྔོན་དུས་འགྱུར་གོང་འདུན་༨༠༠སྐོར་གྱིས་དགེ་ལྡན་རིང་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་མཛད་པ་ཡིན། དགོན་དེར་རིམ་ཕེབས་སྐྱེས་བུ་དམ་པ་གོང་དུ་ཞུས་པ་རྣམས་དང་། ཕྱོགས་མཐའ་གང་ས་ནས་གྲྭ་རྒྱུན་ཡང་བར་མི་ཆད་པ་ཕེབས་པ་ཡིན།

སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྦུག་མར་གཙང་པ་སྡེ་སྲིད་ཀྱི་སྲས་ཀྱི་འཁྲུངས་རྟགས་སུ་བཞེངས་པ་ཡིན་ཞེས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་སྐུའི་གཟུངས་སུ་ཤར་ལིའི་ཐུབ་དབང་བརྒྱ་རྩ་བརྒྱད་བཞུགས་ཡོད་ཅེས་ཐུབ་དབང་ཐོག་སོ་གཉིས་ལྷག་ཅན་ཞིག་དང་། མ་ཅིག་སྒྲུབ་པའི་རྒྱལ་མོས་གནང་བའི་ཤར་རིའི་བུའི་ཆོས་གོས།རྗེ་བཙུན་མི་ལའི་ཕྱག་འཁར། སངས་རྒྱས་ཀྱི་རིང་བསྲེལ་སོགས་བཞུགས་པ། འདུ་ཁང་གསེར་ཟངས་ཀྱི་རྗེ་ཙོང་ཁ་པ། སྐུ་རྒྱུ་དེ་མཚུངས་ཀྱི་སྤྱ་ན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་ཙམ། ལྡེབས་རིས་སུ་སྨན་བླ་བདེ་གཤིགས་བརྒྱད་དང་། རྒྱལ་བ་འཇམ་དཔལ་རྒྱ་མཚོས་གནང་བའི་ཞལ་ཐང་། ཡང་སྟེང་གནས་བཅུ་ལྷ་ཁང་ཁྲུང་པའི་ཕྱག་བཟོ་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་མི་ཚད་ཙམ། ལམ་རིམ་ལྷ་ཁང་ནང་ཇོ་[page 193བོ་རྗེའི་བྲལ་སྤང་གིས་གཙོས་ལམ་རིམ་བླ་བརྒྱུད། ཚོགས་ཆེན་ནང་རྒྱ་དངུལ་གྱི་ཉེ་སྲས་བརྒྱད་མི་ཚད་ཙམ་ལ་སོགས་རྟེན་སྐུ་ཇི་སྙིད་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ཚོམས་ཆེན་ནང་སྔོན་གྱི་འཇམ་དབྱངས་ཀྱི་སྙན་ཅོག་གཟུངས་སུ་ཕུལ་བའི་འཇམ་དབྱངས་ཆོས་འཁོར་གྱི་སྐུ་བརྙན་དང་། སྔོན་གྱི་རིང་བསྲེལ་སོགས་བཞུགས་པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་དང་རྟེན་གསུམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། གཞན་ཡང་དགོན་དེར་རྒྱལ་བ་སྐལ་བཟང་རྒྱ་མཚོས་འཛུགས་གནང་མཛད་པའི་ལོ་ལྟར་བོད་ཟླ་༢ཚེས་༢/༣གང་རུང་གཟའ་ཚེས་ལེགས་པ་ཞིག་ནས་དབུ་བཙུགས་མ་ཎི་དུང་སྒྲུབ་རིང་མཆོད་མཇལ་ལ་འགྲོ་མི་ཆོག་ལ་དགེ་འདུན་རྣམས་ཀྱང་ཕྱི་ལ་ཕེབས་མི་ཆོག་པ་དང་། རྒྱལ་བ་ལྔ་པའི་དགོངས་བཞེད་ཡིན་ཞེས་ཚོགས་ཆེན་ལ་སྨན་བླ་ཡིད་བཞིན་དབང་རྒྱལ་ལས་གསུངས་མི་ཆོག་པ་དང་། སྔགས་པ་གྲྭ་ཚང་ལ་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་ཚང་མ་གསུང་ཆོག་པ་ཡིན། ཡང་དགོན་དེ་དང་ཉེ་བར་འཇག་བཙུན་མའི་དགོན་དང་། པོ་ཏོ་དགོན། ཆོས་ལྡིང་དགོན་སོགས་ཀྱི་གྱང་གོག་མཇལ་རྒྱུ་ཡོད།

 རིན་ཆེན་སྒང་དགོན།

མཚན་རྒྱས་པར། གནས་མཆོག་རིན་པོ་ཆེ་སྒྲུབ་པའི་ཞལ་ཡས་ཁང་ཞེས་ཞུ། དགའ་ལྡན་ཆོས་འཁོར་གྱི་ལྷོ་ནུབ་ངོས་སྤྱི་ལེ་གཉིས་ཙམ་གྱི་ས་ན་སྲེག་ཤིང་ཞེས་པའི་གྲོང་གི་ལྟག་ཏུ་དགོན་དེ་མཇལ་བ་ཡིན་དགོན་དེ་ནི་ཐོག་མར་སྤྱི་ལེ་༡༡༥༩ལོར་རྫེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། དེའང་རྗེ་བཙུན་ལ་རྣམ་སྲས་མདུང་དམར་གྱིས་ལུང་བསྟན་པ་བཞིན་ཐོག་མར་སྲེག་ཤིང་གྲོང་དུ་བྱ་སྲེག་ཞིག་གིས་ཤིང་ཞིག་འཁྱེར་ཡོང་བས་དེ་རྣམ་སྲས་མདུང་དམར་གྱི་སྤྲུལ་པ་ཡིན་པར་མཁྱེན་ཏེ་ཤིང་དེས་སྲོག་ཤིང་བྱས་ཏེ་མཆོད་རྟེན་ཞིག་ཀྱང་བཞེངས་གནང་མཛད་པས་[page 194ཡུལ་དེར་ཡང་སྲེག་ཤིང་ཞེས་པའི་མིང་ཐོགས། དེ་ནས་ས་པཎ་ཡང་གནས་དེར་ཕེབས་ཏེ་དགོན་དེའི་འོག་ཏུ་ས་པཎ་རང་གི་ཕྱག་བཟོ་རྡོ་བརྐོས་རིགས་གསུམ་མགོན་པོ་ཞིག་ཀྱང་བརྐོས་གནང་མཛད་པ་ས་ལྟའང་མཇལ་རྒྱུ་ཡོད། དེའང་ས་སྐྱའི་དགོན་ལག་སྒང་བཞི་སྟེ་ས་སྐྱ་རིན་ཆེན་སྒང་དང་། རྩེ་སྡོང་རིན་ས་གནང་བ་དང་། དགོན་དེའི་འོག་དུ་འཇམ་དབྱངས་ལྷ་ཁང་ནང་ས་པཎ་གྱི་ཕྱག་བཟོ་རྡོ་བརྐོས་འཇམ་དབྱངས་སོགས་དང་། ལྡེབས་རིས་ལ་འཇམ་དབྱངས་ཚོས་གཉིས་མ་༡༠༨སོགས་མཇལ་རྒྱུ་ཡོད།

 བདེ་ཆེན་རབ་རྒྱས།

མཚན་རྒྱས་པར། གཡས་རུ་ཤངས་ཀྱི་ནང་ཚན་དགའ་ལྡན་བདེ་ཆེན་རབ་རྒྱས་ཞེས་ཞུ། དགའ་ལྡན་ཆོས་འཁོར་གྱི་གཡས་ངོས་སྤྱི་ལེ་༢/༣ཙམ་གྱི་ས་ན་དཀར་པོ་གྲོང་གི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་ཕྱག་བཏབ་གནང་མཛད། དེའང་པཎ་ཆེན་དཔལ་ལྟན་ཡེ་ཤེས་ཀྱི་སྐུའི་གཅེན་པོ་བློ་བཟང་སྦྱིན་པ་ཞུ་བས་ཤངས་དགའ་ལྡན་ཆོས་འཁོར་དགོན་གྱི་མཁན་པོ་མཛད།སྐབས་ཤིག་ཡུལ་དེར་ནད་ཡམས་དུག་པ་ཅན་ཞིག་བྱུང་བས་པཎ་ཆེན་རིན་པོ་ཆེའང་སྙུན་གཡོལ་གྱི་ཆེད་དུ་ད་ལྟའི་དགོན་གནས་དེའི་ལྟག་ཏུ་རྡོ་རྗེ་སྟེང་ཞེས་པའི་རི་ཁྲོད་དུ་བཞུགས་སྐབས་ད་ལྟའི་དགོན་གནས་ཆགས་ཡུལ་དེར་དཀར་པོ་མ་ཎི་སྒང་ཞེས་རྒན་རྒོན་བུ་ཚ་མེད་པ་གཉིས་ཀྱི་སྡོད་གནས་ཤིག་ཡོད་པ་པཎ་ཆེན་རིན་པོ་ཆེར་ཕུལ་བས་པཎ་རིན་པོ་ཆེས་དགའ་ལྡན་ཆོས་འཁོར་གྱི་གྲུབ་གྲྭ་ཚོགས་ཡུལ་གྱི་དགོན་གནས་དེ་ཉིད་བཏབ་གནང་མཛད། དགོན་དེའི་རྡོ་རྗེ་སློབ་དཔོན་ཡང་བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་ཕེབས་པ་ཡིན། སྔོན་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་སྦུག་མར་རྭ་ལོ་ཙྭ་བའི་ཕྱག་བཟོ་སྐུ་རྒྱུ་ཙན་དན་ལས་གྲུབ་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་སོགས་རྟེན་སྐུ་མང་པོ་དང་། འདུ་ཁང་ནང་དུས་གསུམ་སངས་རྒྱས་སོགས་རྟེན་གསུམ་[page 195ཇི་སྙིད། ཡང་སྟེང་པཎ་ཆེན་གཟིམ་ཆུང་ཉི་འོད་འཁྱིལ་བའི་ནང་པཎ་ཆེན་རིན་པོ་ཆེའི་གཟིགས་སྣང་དུ་བྱུང་བའི་དཔལ་མགོན་བྲམ་གཟུགས་ཀྱི་སྐུ་བརྙན། ཡང་སྟེང་དུས་འཁོར་ལྷ་ཁང་ནང་དཔལ་དུས་ཀྱི་འཁོར་ལོ་དང་། ཉེ་སྲས་ལྷ་ཁང་ནང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡུམ་གྱི་འཁྲུངས་རྟགས་རྡོ་རྗེ་འཆང་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ། སྔོན་དགེ་འདུན་༡༠༠ལྷག་ཙམ་གིས་རི་བོ་དགེ་ལུགས་ཀྱི་སྒྲུབ་སྡེ་ཁག་དབུས་རྒྱུད་སྨད་གྲྭ་ཚང་དང་། བཀྲས་ལྷུན་སྔགས་པ་གྲྭ་ཚང་གི་ལུགས་ལྟར་ཕྱག་ལེན་མཛད་པ་ཡིན།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་སྔོན་གི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དབུ་ཞྭ་དང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 དགོན་པ་གོང་།

མཚན་རྒྱས་པར། ཤངས་ཀྱི་གྲྭ་ཚང་ཆེན་མོ་ཞེས་ཞུ། དགའ་ལྡན་ཆོས་འཁོར་གྱི་གཡས་ངོས་སུ་སྤྱི་ལེ་གཅིག་ཙམ་གྱི་ས་ན་དགོན་དེ་ཡོད། དགོན་དེ་ནི་ཐོག་མར་སྨད་ཁང་པ་གྲགས་པ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་ས་ལུགས་ཕྱག་ལེན་གནང་བ་ལ་རྗེས་སུ་དགེ་ལུགས་ཕྱག་ལེན་མཛད་དེ་དགའ་ལྟན་ཆོས་འཁོར་དགོན་ཐོག་མར་གནས་དེར་ཆགས་པ་ཡིན། དགའ་ལྡན་ཆོས་འཁོར་དགོན་གྱི་མ་དགོན་ནམ་རྗེས་སུ་དགོན་ལག་ཡིན་སྟབས་དགའ་ལྟན་ཆོས་འཁོར་དགོན་ནས་དགེ་སློང་ཞིག་བཏང་གནང་མཛད་དེ་རྟག་ཏུ་བཞུགས་པ་ཡིན། སྔོན་དགོན་དེའི་རྟེན་གཙོ་ཇོ་བོའི་སྐུ་བརྙན་སྐུ་སྨད་ཨར་ཀ་དང་སྐུ་སྟོད་ལྷ་ལས་བབས་པ་ཞེས་པས་གཙོས་རྟེན་གསུམ་མང་པོ་བཞུགས་སུ་གསོལ་ཡོད།

ད་ལྟ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་ཇོ་བོའི་སྐུ་བརྙན་གྱི་སྐུ་ཚབ་ཐོག་སོ་གཉིས་ཙམ་གྱི་གཡས་དུ་གདུགས་དཀར། དེ་བཞིན་ཉེ་སྲས་བརྒྱད་སོགས་བསྐྱར་བཞེངས་གནང་བ་[page 196མཇལ་རྒྱུ་ཡོད།

 ལྟག་སྣ་དགོན།

མཚན་རྒྱས་པར། སྟག་སྣ་བདེ་ཆེན་ཕོ་བྲང་ཞེས་ཞུ། སྟག་སྣ་ཞེས་པ་ནི་རི་སྟག་འདྲ་བའི་སྣ་སྟེང་དུ་ཆགས་པས་སྟག་སྣ་ཞེས་ཟེར། ད་ལྟའི་རྣམ་གླིང་རྫོང་ནས་སྤྱི་ལེ་༡༥ཙམ་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་དེད་སོང་ན་སྟག་སྣ་གྲོང་གི་རྒྱབ་རིའི་ངོས་སྟག་སྣ་རྩེ་ཞེས་པར་དགོན་དེ་མཇལ་རྒྱུ་དགོན་དེའི་མདུན་རི་འཁོར་ལོ་བདེ་མཆོག་གི་ཕོ་བྲང་ཡིན་ཞེས་དང་། རྒྱབ་རི་ཚེ་རིང་མཆེད་ལྔའི་ནོར་གཞོང་ཇོ་མོ་ལྡེམ་ར་ཞེས་ཐོག་མར་གངས་རི་ཡིན་ཞེས་གསུངས། དེའང་དགོན་དེ་ནི་ཐོག་མར་ཁམས་ཤར་ཟླ་ཞེས་པའི་ཡུལ་དུ་འཁྲུངས་པ་ཏྲེ་ཧོ་ཆོས་ཀྱི་རྒྱ་མཚོ་ཞུ་བ་ཞིག་ཐོག་མར་བདེ་མཆོག་ཕོ་བྲང་ཞེས་པའི་བྲག་ལྡེབས་སུ་སྒྲུབ་པ་བསྐྱོན་ནས་བཞུགས། དེ་ནས་ཞིང་སྐྱོང་གིས་དགོན་གནས་ཤིག་འདེབས་དགོས་པའི་ལུང་བསྟན་དང་བཅས་ཆོས་བདག་ངས་བྱེད་གསུངས་པས། ཆོས་ཀྱི་རྒྱ་མཚོས། ད་བར་ངས་དགོན་པ་འདེབས་ཐུབ་མ་སོང་བས་ད་དགོན་གནས་ཤིག་འདེབས་དགོས་གསུངས་ནས་ཕྱག་ནས་གཏོར་གནང་བས་ད་དགོན་གནས་ཤོག་འདེབས་དགོས་གསུངས་ནས་ཕྱག་ནས་གཏོར་གནང་བས་ད་ལྟའི་དགོན་གནས་ཆགས་ཡུལ་དུ་འབྲུ་སྣ་ལྔ་ཡི་ལྗང་པ་སྐྱེས་པས་གནས་དེར་དགོན་པ་དེ་ཉིད་བཏབ། བླ་མའང་དགུང་གྲངས་༡༡༧བར་བཞུགས།དགུང་ལོ་༡༡༣ལོར་བཞེངས་གནང་བའི་གསེར་ཟངས་ཀྱི་སྐུ་བརྙན་གྱི་མཚན་བྱང་དུའང་གོང་གསལ་གྱི་དགུང་གྲགས་དེ་ལྟར་འཁོད་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་སྐུ་ཕྲེང་གཉིས་པར་དཔག་བསམ་དབང་པོ་ཞེས་ཞུ། མཚན་དེ་ལྟར་ཞུ་དོན་ནི་སྐུ་ན་ཆུང་དུས་ཡབ་ཡུམ་དང་བཅས་ལྷ་སར་ཇོ་བོ་མཇལ་དུ་ཕེབས་པས་ཇོ་བོས་དཔག་བསམ་དབང་པོ་ཞེས་གསུངས་དེ་ནས་མཆོད་མཇལ་ཞུས་ཚར་ནས་བར་སྐོར་ནང་ཕེབས་དུས་ད་ལྟ་གནང་བའི་མཚན་བརྗེད་གནང་བས། ད་ངའི་མིང་བརྗེད་སོང་གསུངས་ནས་བར་སྐོར་ཕྱི་སྐོར་དུ་ཕེབས་ནས་ཇོ་བོ་དབུ་སྐྲར་ཕེབས་སྐབས་བྱིའུ་ཞིག་གིས་ “དཔག་བསམ་དབང་[page 197པོ། དཔག་བསམ་དབང་པོ། ”ཞེས་ལན་གཉིས་འབོད་པས། འོ། ངའི་མིང་དེ་རང་རེད་ཅེས་གསུངས་ནས་རྗེས་སུ་མཚན་དེ་ལྟར་ཐོགས། མཚན་ཆ་ཚང་ལ་རྩིབ་བུ་དཔག་བསམ་དབང་པོ་ཞེས་ཟེར། དེ་ལྟར་ཞུ་དོན་ནི་ཡུམ་གྱི་རྩིབ་མའི་སྦུག་ནས་འཁྲུངས་པ་ཡིན་ཟེར། འཁྲུངས་མ་ཐག་ནས་“ཨ་མ་དཀའ་སོང་ངམ་”ཞེས་པའི་གསུངས་བྱོན་པ་སོགས་ཀྱི་ལོ་རྒྱུས་ཡོད། ཐོག་མར་ལ་སྟོད་མཚོ་དཀར་ནང་པར་འཁྲུངས། དེ་ནས་དབུས་གཙང་གི་གནས་བསྐོར་བསྒྲུབས་རྗེས་གནས་དེར་ཕེབས་ནས་ད་ངའི་དགོན་པ་འདེབས་ས་གནས་འདིར་ཡིན་གསུངས་ནས་ཐོག་མར་ད་ལྟའི་དགོན་དེའི་འོག་གི་སྒྲོལ་མ་ལྷ་ཁང་ཞེས་པ་བཏབ་གནང་མཛད། དེ་ནས་ཏྲེ་ཧོ་རྩིབ་བུ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱིས་དགོན་གནས་རྒྱས་བསྐྲུན་གནང་། སྐུ་ཕྲེང་བཅུ་པ་བསྟན་འཛིན་འཇིགས་མེད་ཆོས་དབྱིངས་ནི་ཡབ་ལྷ་ཀླུ་ཚེ་དབང་རྡོ་རྗེ་དང་། ཡུམ་བསོད་ནམས་བདེ་སྐྱིད་གཉིས་ལ་འཁྲུངས། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྦུག་མར་རྩིབ་བུ་སྐུ་ཕྲིང་རིམ་བྱོན་ལྔ་ཙམ་གྱི་གདུང་རྟེན་དང་། འདུ་ཁང་ཤར་ངོས་ལྷ་ཁང་ནང་བྷ་ར་ནམ་མཁའ་རྒྱལ་མཚན་གྱིས་ཉིན་མཚན་བདུན་ལ་བཞེངས་གནང་བའི་ཇོ་བོ་ཐོག་ཚད་མ་དང་། ཡང་སྟེང་གཟིམ་ཆུང་ནང་གནས་བརྟན་བཅུ་དྲུག་ལ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས། སྔོན་དུས་འགྱུར་གོང་དགེ་འདུན་༨༠སྐོར་གྱིས་ཀརྨ་བཀའ་བརྒྱུད་ཕྱག་ལེན་མཛད་པ་ཡིན།

ད་ལྟ་སྔོན་གྱི་དགོན་ཤུལ་བསྐྱར་བཞེངས་གནང་བའི་ནང་སྐུ་ཕྲེང་གཉིས་ཀྱི་སྐུ་རུས་བཞུགས་པའི་གདུང་རྟེན་དང་། སྐུ་ཕྲེང་བཅུ་པའི་གདུང་རྟེན། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཤར་ངོས་སུ་རྐང་ཐང་མར་ཉིན་གཉིས་ཙམ་སོང་བ་གུ་རུའི་སྒྲུབ་གནས་ཟབ་བུ་ལུང་ཞེས་པ་དང་། ཤར་ལྷོའི་མཚམས་སུ་གུ་རུའི་སྒྲུབ་གནས་མུན་བཤངས་ཞེས་པ། བྱང་ངོས་སུ་གུ་རུའི་སྒྲུབ་གནས་སོག་པོའི་མཛོད་[page 198ཁུང་ཞེས་པ་སོགས་ངོ་མཚར་ཆེ་ལ་བྱིན་རླབས་ཆེ་བའི་སྒྲུབ་གནས་ཁག་མཇལ་རྒྱུ་ཡོད།

 གཞོང་གཞོང་དགོན།

མཚན་རྒྱས་པར། གཞོང་གཞོང་རྡོ་རྗེ་གདན་ཞེས་ཞུ། ད་ལྟའི་རྣམ་གླིང་རྫོང་ནས་སྤྱི་ལེ་༥ཙམ་གཞོང་གཞོང་ཞེས་པར་སོང་ན་གཞོང་གཞོང་གྲོངགི་བྱང་ངོས་རྒྱབ་རིར་དགོན་དེ་ཆགས་ཡོད། དགོན་དེ་ནི་ཐོག་མར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ་གནང་མཛད། འཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཚན་ཤངས་པ་བཀའ་བརྒྱུད་སྲོལ་གཏོད་གནང་མཁན་ཡོན། དེའང་ཁྱུང་པོ་རྣལ་འབྱོར་ཐོག་མར་སྙེ་མོ་ར་མངས་ཞེས་པར་སྤྱི་ལོ་༩༠༩ལོར་ཡབ་ཁྱུང་རྒྱལ་སྟག་སྐྱེས་དང་། ཡུམ་འགོས་བཟའ་བཀྲ་ཤིས་གཉིས་ཀྱི་སྲལ་སུ་འཁྲུངས། དགུང་ལོ་༡༥༠བཞུགས། ཐོག་མར་ཡབ་མེས་རྣམས་ཀྱི་ཆོས་ལུགས་བོན་ཡིན་སྟབས་བོན་གྱི་བླ་མ་གཡུང་དྲུང་རྒྱལ་བསྟེན་ནས་བོན་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ་འཆད་སྤེལ་མཛད་པས་སློབ་ལ་ཤིན་ཏུ་མང་པོ་འདུས་ཤིང་ཉིན་གཅིག་ཁོ་ནར་གསེར་སྲང་༥༠༠འབུལ་བ་བྱུང་ཞེས་གསུངས་པར་གྲགས།བོན་སྐོར་གྱི་སྒྲུབ་ཐབས་དང་། བསྟན་བཅོས། བཀའ་འགྲེལ་སོགས་མང་པོ་བརྩམས་གནང་མཛད། དེ་ནས་རྙིང་མ། བཀའ་བརྒྱུད་སོགས་མང་དུ་གསན་ཡང་ཐུགས་བློ་མ་ཁེངས་པར་རྒྱ་གར་དུ་ཕེབས་ནས་མཁས་པ་༡༥༠ཙམ་དང་དེའི་ནང་ནས་ཁྱད་པར་ཅན་བླ་མ་མཻ་ཏྲེ་པ། པཎ་ཆེན་ན་རོ་པའི་སྲེང་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ། མཁའ་འགྲོ་མ་སུ་ཁ་སེདྷེ། མཁའ་འགྲོ་མ་གདྗ་དྷ་ར་སོགས་ལས་གསན་བསམ་མཛད་དེ་མཐར་ཤངས་པ་བཀའ་བརྒྱུད་ཅེས་པའི་སྲོལ་བཙུགས་གནང་བ་དང་གནས་དེར་ཕེབས་ནས་དགོན་གནས་དེ་ཉིད་བཏབ་གནང་མཛད། “ཤངས་”ཞེས་པ་ནི་དེའི་ཁུལ་དུ་རི་ཤངས་འདྲ་བ་ཞིག་ཡོད་པས་ཡུལ་མིང་གྲོང་དང་དགོན་པ་བཅས་ལ་ཐོགས་པ་ཡིན་ཟེར། དེ་ལྟར་

[page 199མཁས་གྲུབ་ཁྱུང་པོ་རྣམ་འབྱོར་གྱི་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་བརྒྱད་ཁྲི་ཙམ་བར་འདུས་ཞེས་གསུང་སྲོལ་ཡོད་ཀྱང་ཇུན་གར་སྡེ་གཟར་སྐབས་གཏོར་སྐྱོན་ཆེན་པོ་བྱུང་། འོན་ཀྱང་དེ་རྗེས་ཉམས་པ་སོར་ཆུད་ཀྱིས་ད་ལྟ་འཚོ་བཞུགས་ཚུལ་ཁྲིམས་མགོན་པོ་འཕྲིན་ལས་ཀུན་ཁྱབ་བར་སྐུ་ཕྲེང་མི་ཆད་པ་ཡོད། སྔོན་འདུ་ཁང་ནང་ཁྱུང་པོ་རྣལ་འབྱོར་སྐུ་འཚོ་བཞུགས་སྐབས་བཞེངས་པའི་འདྲ་སྐུ་ང་དྲ་མ་དང་། ཁྱུང་པོའི་ཕྱག་བཟོ་མགོན་པོ་ཕྱག་དྲུག་འཁོར་གནོད་སྦྱིན་བཞི་དང་བཅས་པ་ལ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་ཡོད།

ད་ལྟ་བསྐྱར་བཞེངས་འདུ་ཁང་ཀ་བ་དགུའི་སར་རྟེན་གཙོ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་བརྙན་ང་འདྲ་མ་སྨན་འདམ་ལས་གྲུབ་པའི་གཟུགས་སུ་སྔོན་གྱི་སྐུ་བརྙན་གྱི་ཆག་དུམ་བཞུགས་སུ་གསོལ་བ་དང་། གསེར་ཟངས་ཀྱི་རྒྱལ་བ་བྱམས་པ། རྟོ་རྗེ་འཆང་། སྨན་འདམ་གྱི་ཇོ་བོ་ཤཱཀྱ་མུ་ནི། རྗེ་ཙོང་ཁ་པ། ཡང་སྟེང་གསེར་ཟངས་ཀྱི་རྒྱ་ཕེབས། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

 རྩེ་གདོང་དགོན།

མཚན་རྒྱས་པར། རྩེ་སྟོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་གསང་ཆེན་སྨྲ་བའི་གླེང་ཆེན་པོ་ཞེས་ཞུ། ད་ལྟའི་ཨེ་མ་གྲུ་སའང་རྣམ་གླིང་ཟམ་པ་ནས་སྤྱི་ལོ་༢༣ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་རྩེ་སྡོང་ཞོལ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། རྩེ་སྡོང་ཞེས་པ་ནི་ཐོག་མར་རྣམ་རྒྱལ་རྩེར་ཆགས་པ་དང་། དེ་རྗེས་ད་ལྟའི་དགོན་གནས་དེའི་མདུན་དུ་ཆགས་པས་རྩེ་སྡོང་ཞེས་པ་དེ་ལྟར་བྱུང་། དགོན་དེ་ཐོག་མར་འཁོན་རིགས་མི་དབང་ནམས་མཁའ་བཀྲ་ཤེས་ཀྱིས་བོད་རབ་བྱུང་བརྒྱད་པ་སྤྱི་ལོ་༡༤༨༩ལོར་ཕྱག་བཏབ་གནང་མཛད། གདུང་རྒྱུད་ ༢༢ པ་ངག་དབང་ནོར་བུ་རྒྱལ་མཚན་དུས་ཇུན་གར་དམག་གིས་གཏོར་སྐྱོན་ཆེན་པོ་བཏང་། ད་ལྟ་རྒྱ་གར་དུ་སྐུ་འཚོ་[page 200བཞུགས་ངག་དབང་ཐེག་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་བར་གདང་རྒྱུད་མི་ཆད་པ་ཡོད། ངག་དབང་ནོར་བུ་རྒྱལ་མཚན་ཇུན་གར་སྡེ་གཟར་སྐབས་སྐུ་འབུམ་བྱམས་པ་གླིང་བར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེ་ནས་རྒྱལ་བ་ལྔ་པའི་བཀའ་དགོངས་ལྟར་ཡར་ཕེབས་ཏེ་དགོན་གནས་དེ་ཉིད་བསྐྱར་བཞེངས་གནང་། གུ་རུ་རིན་པོ་ཆེའང་གནས་དེའི་འཕྲིན་བཅོལ་ལ་ཞེས་པར་ཕེབས་ཏེ་ཡུལ་འདིར་ང་ལས་ལྷག་པའི་སྐྱེས་བུ་དམ་པ་ཞིག་བྱོན་པ་འདུག་ཅེས་པའི་ལུང་བསྟན་གནང་བ་ཞེས་དང་། རྒྱལ་བ་ལྔ་པའང་གནས་དེར་ཕེབས་པ་ནི་སྔར་རྩེ་གདོང་གཞིས་ཀར་གཟིམ་ཆུང་པོ་ཏ་ལ་ཞེས་པ་ཞིག་ཡོད་པ་དེ་ནི་རྒྱལ་བ་ལྔ་པ་གནས་དེར་ཕེབས་སྐབས་ཀྱི་གཟིམ་ཆུང་ཡིན་ཞེས་ཟེར། དགོན་དེའི་གཏོར་སྒོ་གཙོ་བོ་གཞིས་ཀ་དེས་གནང་སྡེ་གཞུང་ཁྲལ་ཀྱང་ཆག་ཡང་གནང་ཡོད། སྔོན་ས་སྐྱའི་ཁོངས་ཡིན་ཅིང་གདན་ས་གོང་འོག་ཅེས་ཀྱང་ཞུ་བ་ནི་གདན་ས་གོང་ས་སྐྱ་དང་། གདན་ས་འོག་དགོན་དེ་ཉིད་རྩེ་བ་ཡིན། སྔར་འདུ་ཁང་ཀ་བ་༡༦གི་གཙང་ཁང་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་ཐོག་སོ་མ་ཟིན་ཙམ་དང་། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་དང་། གོང་ས་ལྔ་པའི་སྐུ་བརྙན་སོགས་རྟེན་དང་བརྟེན་པ་ཇི་སྙིད་བཞུགས་། ཡང་སྟེང་དུ་ལོ་ཙཱ་བ་དཀའ་བ་དཔལ་བརྩེགས་ཀྱིས་བསྒྱུར་གནང་བའི་དབུ་ཤོག་གསེར་བྲིས་དང་། གཞན་ནག་བྲིས་ཀྱི་བཀའ་འགྱུར། དངུལ་གདུང་ལྷ་ཁང་ནང་དངུལ་གདུང་བཞི། འདུ་ཁང་ཡང་སྟེང་གནམ་བཅུ་ལྷ་ཁང་དང་ཚེ་དཔག་ལྷཁང་། བསིལ་ཚལ་མགོན་ཁང་ཞེས་པའི་ནང་གུར་ཞལ་ལྕམ་གསུམ་གྱི་སྐུ་བརྙན་དང་། གཡག་རྭ་ལྔ་ཞེས་པའི་རྭ་ཅོ་ཡོད། རྭ་ཅོ་དེ་ནི་འཁོན་རིགས་དབང་ནམས་མཁའ་བཀྲ་ཤིས་ཀྱི་སྲས་སངས་རྒྱས་ཚེ་བརྟན་དང་དེའི་སྲས་བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱི་བདག་མོར་ཡར་འབྲོག་རྒྱལ་པོའི་སྲས་མོ་བུ་འབྲིང་སྐྱེས་ཞེས་པ་བསུ་སྐབས་ཀྱི་ནོར་སྐལ་དུ་སྲུང་མ་ཨེར་ཀ་ཛྷ་ཏིའི་སྤྲུལ་པ་འབྲི་རྭ་གཅིག་མ་ཞིག་གནང་བ་ལ་དེར་དཔལ་མགོན་ཞལ་གྱི་སྤྲུལ་པ་གཡག་རྭ་ཅན་ཞིག་[page 201འཁྲུགས། རྭ་དེ་དག་ཀྱང་ཚོས་གཞི་མི་འདྲ་བ་ཡོད་པ་ནི་དཔལ་མགོན་ཞལ་གྱི་ཞལ་རས་ཀྱི་ཁ་དོག་དང་འདྲ་བ་ཡོད་ཅེས་པའི་རྭ་ཅོ་དང་། དགའ་ལྡན་ལྷ་ཁང་ནང་གི་ལྡེབས་རིས་སུ་མཛད་བརྒྱ་དཔག་བསམ་ཁྲི་ཤིང་། ཇོ་ཁང་ནང་རྟེན་གཙོ་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནི་དང་བཀའ་འགྱུར། སྒྲོལ་མ་ལྷ་ཁང་ནང་སྤྱན་རས་གཟིགས་ཁ་སར་ཎི་ཡོད་ཅེས་ཞུ་ཡང་རང་གར་མི་མཇལ་ཞེས་པ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་། སྔོན་དུས་འགྱུར་གོང་དགེ་འདུན་༩༠ཙམ་གྱིས་ས་ལུགས་རྒྱུད་སྡེ་ཁག་ཕྱག་ལེན་མཛད་པ་ཡིན། དགོན་དེར་ལོ་ལྟར་བོད་ཟླ་༡པོར་བྱ་རྒྱུད་ཀྱི་ཀུན་རིག་སྒྲུབ་མཆོད། བོད་ཟླ་༢པའི་ཟླ་མཇུག་ཏུ་ཕུར་ཟློག་ཅེས་པའི་སྒྲུབ་མཆོད་དང་གར་འཆམ། བོད་ཟླ་༣པར་ཕུར་པའི་སྒྲུབ་མཆོད་བསྡུས་པ། བོད་ཟླ་༤པའི་ནང་དགྱིས་རྟོར་གྱི་སྒྲུབ་མཆོད་ཉིན་བདུན། བོད་ཟླ་༦པར་ཉིན་གསུམ་རིང་སྒྲོལ་མ་གཡུ་མདོས། བོད་ཟླ་༩ཚེས་༡༡/༢༠བར་ཕུར་པའི་སྒྲུབ་མཆོད་དང་འབྲིལ་བའི་གར་འཆམ་ཉིན་གཉིས་བཅས་གནང་སྲོལ་ཡོད་པ་བཅས།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་འདུ་ཁང་གི་གཙང་ཁང་སྦུག་མར་སྔོན་གྱི་ཐུབ་དབང་གི་སྐུ་ཚབ་གསེར་ཟངས་ཀྱི་ཐུབ་དབང་ཐོག་ཚད་མ་གསར་བཞེངས། སྨན་འདམ་གྱི་ས་ཆེན་གོང་མ་རྣམ་ལྔའི་སྐུ་བརྙན། སྔོན་གྱི་གཡག་རྭ། སྔོན་གྱི་མདོ་སྡེ་སྐལ་བཟང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་ལྟག་ཏུ་ལྷུན་གྲུབ་རྩེ་ཞེས་དབང་རྣམ་སྲས་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་སྟོངས་རོ་དང་། དགོན་དེའི་མདུན་དུ་རྣམ་རྒྱལ་རྩེ། དེའི་གཤམ་དུ་རྩེ་གདོང་ཟིལ་གནོན་དགོན་པ། དེའི་ཤར་དུ་ཕྱིན་ན་པད་འོད་ཅེས་པ་། བསྙེན་སོང་སྤྱི་ཁང་ཞེས་པ་དང་དབྱར་གནས་ལྷ་ཁང་། སྔོན་གྱི་རྩེ་གདོང་གཞིས་ཀར་མགོན་ཁང་སོགས་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད་ལ་དགོན་དེའི་ཤར་དུ་སྟག་ཚང་ལོ་ཙཱ་བའི་རི་ཁྲོད་རིན་ཆེན་སྒང་ཞེས་པ་སོགས་མཇལ་རྒྱ་ཡོད།

[page 202]

 རུ་ལག་གཡུང་དྲུང་གླིང་།

མཚན་རྒྱས་པར། དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླེང་ངམ། རབ་ལེགས་གཡུང་དྲུང་གླིང་ཞེས་ཀྱང་ཞུ། སྟག་གྲུ་ཁ་ནས་གཙང་པོ་ལྷོ་ངོས་སུ་དགོན་དེ་དེ་མར་མཇལ་ཐུབ་ཀྱང་འཁོར་ལམ་བརྒྱུད་སོང་ན་སྤྱི་ལེ་༡༠ཙམ་བསྐོར་དགོས་པ་ཡིན། རུ་ལག་ཅེས་པ་ནི་སྔོན་རུ་གནོན་གྱི་གཙུག་ལག་ཁང་གི་ཁོངས་ཡིན་ཞེས་དང་། གཡུང་དྲུང་ནི་“སྐྱེ་མེད་རྟག་པས་མི་འགྱུར་བའི་གཡུང་དང་། འགག་མེད་དོན་ལས་མི་འགྱུར་བའི་དྲུང་”སྟེ་གཡོ་མེད་སྲ་ཞིང་བརྟན་པའི་དོན་ཡིན། དགོན་ས་དེ་ནི་སྔོན་སྟོན་པ་གཤིན་རབ་བོད་ལ་ཕེབས་སྐབས་ཞབས་བཅགས་སའི་གནས་ཡིན་པ་དང་། བོད་རྒྱལ་མུ་ཁྲི་བཙན་པོའི་སྐབས་བོད་ལ་འདུལ་བའི་བསྟན་པ་དར་སའི་གནས་ཁྱད་པར་ཅན་ཡིན་པར་བརྟེན་བོན་གྱི་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་སྤྱི་ལོ་༡༨༣༤ལོར་ཕྱག་བཏབ་གནང་མཛད། ཡོངས་འཛིན་འདུལ་བ་བློ་གྲོས་ནས་ཀུན་གསལ་བློ་གྲོས་བར་སློབ་དཔོན་ཁྲི་རབས་བཅོ་ལྔ་ཙམ་བྱོན་ཏེ་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རྒྱས་པར་འཛིན་ཏེ་དགེ་འདུན་ཞལ་གྲངས་༤༠༠ཙམ་བར་འཕེལ། གཡང་དྲུང་བོན་གྱི་གདན་ས་གོང་འོག་གསུམ་དུ་གྲགས་པའི་གདན་ས་འོག་ཅེས་པ་ཡིན། དགོན་དེར་གཡུང་དྲུང་གླེང་དང་། ཀུན་གསལ་གླེང་། ཀུན་ཁྱབ་གླེང་། ཀུན་གྲགས་གླེང་བཅས་གྲྭ་ཚང་བཞི་དང་། ཨ་མདོ་ཁམས་ཚན་དང་། ལ་དབྱིལ་ཁམས་ཚན། གྲུབ་ཐོབ་ཁམས་ཚན་། སྒོ་པེ་ཁམས་ཚན། རྒྱལ་རོང་ཁམས་ཚན། ཨ་སྟག་ཁམས་ཚན། དྲེལ་པ་ཁམས་ཚན་བཅས་ཁམས་ཚན་བདུན་ཡོད། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་དགོན་དེ་ཕྱག་བཏབ་གནང་ནས་མཁན་པོ་གནང་བ་དང་། ཀུན་མཁྱེན་ཉི་མ་བསྟན་འཛིན་(སྤྱི་ལོ་༡༨༡༣ལོར་འཁྲུངས་)གྱིས་སློབ་དཔོན་མཛད་སྐབས་མཚན་ཉིད་བཤད་གྲྭའང་བཙུགས་གནང་ནས་ཁམས་དང་། མདོ་སྨད། དབུས་གཙང་སོགས་ནས་གྲྭ་རྒྱུན་འདུས་ཏེ་གཡུང་དྲུང་བོན་གྱི་[page 203བསྟན་པའི་མི་རོ་སྤར། འདོན་མཆོད་སོགས་ཀྱི་ཕྱག་ལེན་ཕལ་ཆེར་གྲྭ་ས་སྨན་རི་དང་མཚུངས་། དགོན་དེའི་མཁན་པོ་ནི་གདན་སར་གཞུང་ཆེན་མདོ་སྔགས་ཀ་པོད་རྣམས་ལ་བློ་རྒྱུགས་རྩོད་པ་མཐར་ཕྱིན་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་པ་དང་། མཆོག་གསུམ་དམ་ཅན་རྒྱ་མཚོར་རྟགས་སྒྲིལ་ཞུས་ནས་ངོས་འཛིན་གནང་སྟེ་སྐྱབས་མགོན་གྱི་ཁྲི་འཛིན་པ་ཡིན་ནོ།

སྔོན་དགོན་དེར་རྟེན་གཙོ་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་སྐུ་སྨར་གདུང་གིས་གཙོས་ཕུན་ཚོགས་དབང་རྒྱལ་གྱི་སྐུ་གདུང་དང་། སྐལ་བཟང་ཉི་མའི་སྐུ་གདུང་། བསྟན་པའི་ཉི་མའི་སྐུ་གདུང་། ཤེས་རབ་བློ་ལྡན་གྱི་སྐུ་གདུང་བཅས་དང་། ཚོགས་ཁང་ཆེན་མིའི་གཙང་ཁང་སྦུག་མར་ཟླ་བ་རྒྱལ་མཚན་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐོག་ཚད་མ་། མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱིས་བཞེངས་གནང་བའི་རྣམ་པར་རྒྱལ་བའི་གསེར་སྐུ་ཉིས་ཐོག་ཅན། དེའི་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕེབས་དང་གཉྡྯིར། རྒྱལ་མཚན་བཅས་ཡོད། འདུ་ཁང་གསར་པའི་ལྡེབས་རིས་ནི་བཞུགས་ཁྲིའི་རྒྱབ་ཏུ་སྣང་ཞིང་ཟླ་བ་རྒྱལ་མཚན་གྱི་འཁྲུངས་རབས་དང་། གཡས་ངོས་སུ་ཕྱི་རྒྱུད་ཀྱི་ལྷ་འཁོར་རྣམས་ཏེ་བྱམ་མ་དང་། རྣམདག། རྣམ་རྒྱལ། འདུལ་རྒྱུད་སོགས་དང་། བོན་སྐྱོང་ཕོ་རྒྱུད་། གཡོན་ཕྱོགས་སུ་ཞི་བ་དཔལ་གསལ་སོགས་གསས་མཁར་མཆོག་ལྔ། མ་རྒྱུད་གདུངས་དཀར། བོན་སྐྱོང་མོ་རྒྱུད། དཀྱིལ་གྱི་མཐོངས་འཁོར་མདུན་སྟོན་པ་སངས་རྒྱས་ཀྱི་མཛད་བརྒྱའི་བཀོད་པ་བཅས་སློབ་དཔོན་ཟངས་རྒྱལ་གྱིས་ཞལ་བཀོད་གནང་བ་ལྟར་བྲིས་པ་ཡིན་ཞེས་གསུངས་པ་བཅས་རྟེན་དང་བརྟེན་པར་བཅས་པ་མཇལ་རྒྱུ་ཡོད་ལ་སྔོན་དགེ་འདུན་༢༠༠སྐོར་གྱིས་བོན་ལུགས་མདོ་སྔགས་ཟུང་སྦྲེལ་ཕྱག་ལེན་གནང་བ་ཡིན།

ད་ལྟ་སློབ་དཔོན་ཀུན་གསལ་བློ་གྲོས་དང་། དགེ་སློབ་ཤེས་རབ་བསྟན་འཛིན་གཉིས་ཀྱིས་གཙོ་འགན་བཞེས་ཏེ་བསྐྱར་བཞེངས་གནང་པའི་ནང་སྔོན་[page 204གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཉིན་གཅིག་ཙམ་སོང་ན་སྨན་རི་ཞེས་པ་དང་། མཁར་སྣ་ཞེས་པ་སོགས་བོན་གྱི་དགོན་གནས་ཁག་གཉིས་མཇལ་རྒྱུ་ཡིན།

[page 205]

རིན་སྤུངས་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

[page 206]

 རིན་སྤུངས་རྫོང་།

རིན་སྤུངས་རྫོང་ཞེས་པ་ནི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་འཛིན་སྐབས་དབུས་གཙང་ས་འགག་ལ་རྫོང་ཆེན་བཅུ་གསུམ་བརྩེགས་པའི་ཁོངས་རིན་སྤུངས་འདི་ཉིད་རྫོང་འགོ་ཆེ་གྲས་ཤིག་ཡིན་ཅིང་། རྗེས་སུ་ཕག་གྲུའི་བཀའི་བློན་པོ་གཙོ་གྲས་སུ་གཏོགས་པ་རིན་སྤུངས་པ་ནོར་བུ་བཟང་པོའི་དུས་ནས་བཟུང་ཕག་གྲུའི་སྲིད་དབང་ཉམས་འགོ་ཚུགས་། ཕག་གྲུ་ཁྲི་དཔོན་ཕྱི་ཚུལ་གྱི་མིང་ཙམ་མ་གཏོགས་དོན་དུ་བློན་པོ་རིན་སྤུངས་པའི་མི་ཐོག་བརྒྱུད་ཙམ་གྱི་རིང་དབུས་གཙང་རྒྱལ་ཁ་བློན་བསྒྱུར་བྱས་ཏེ་རིན་སྤུངས་པ་ཕག་གླུའི་སྡེ་དཔོན་གྱི་ཁོངས་སུ་གཏོགས་ཏེ་རིན་སྤུངས་རྫོང་དེ་སྡེ་པ་རིན་སྤུངས་པའི་ལྟེ་གནས་ཕོ་བྲང་ལྟ་བུར་གྱུར་། དེ་ལྟར་རིན་སྤུངས་པའི་དབང་གྲགས་ཆེས་ཆེར་རྒྱས་ཏེ་རིན་སྤུངས་ཆོས་རྒྱལ་ཞེས་པའི་ཆེ་བསྟོད་རྒྱལ་མིང་འབོད་དྲོལ་ཡང་ཆགས་། གྲོང་དང་རྫོང་ཆགས་ཡུལ་དང་བཅས་པ་རིན་ཆེན་སྤུངས་པ་ལྟ་བུར་གྱུར་བས་རིན་སྤུངས་རྫོང་ཞེས་པའི་མིང་དེ་ལྟར་བྱུང་བ་ཡིན་ཞེས་ཟེར་བ་དང་། དེང་གི་དུས་ཀྱང་རིན་སྤུངས་རྫོང་དེར་གསེར་དང་། ཟངས། ཞ་ཉེ། ཀེ་ལྕགས། རྟོ་ཀ་མ་རུ། པད་རཱ་ག་ གཡང་ཊི། ཆུ་ཤེལ་རྟོ་སོགས་ཡོད་པ་ཤེས།

ད་ལྟའི་རིན་སྤུངས་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལོ་ངོས་སྙོམས་གྲུ་བཞི་མ་༣༡༩༠དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་༥.༢༩རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་༩༢༤.༥ཙམ། མི་འབོར་༣༠༣༢༥རྫོང་ཡོངས་སུ་གྲོང་བརྡལ་༡དང་། ཤང་༨སྲིད་འཛིན་གྲོང་ཚོ་༧༩ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་[page 207༣༩༥༠ཙམ་ཟིན་པའི་ཞིང་ལས་གཙོ་བོར་གྱུར་པའི་རྫོང་ཞིག་ཡིན་པ་རེད།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི་རྗེ་བཙུན་མི་ལ་རས་པར་སེར་བ་མཛུན་ཁྲིད་ཀྱི་གདམ་ངག་སློབ་པའི་བླ་མ་ཁུང་ཡོན་ཏན་རྒྱ་མཚོ་དང་། ལོ་ངོ་བཅུ་བདུན་རིང་བོད་ལ་དབང་སྒྱུར་བྱེད་མཁན་རིན་སྤུངས་པ་ངག་དབང་འཇིགས་གྲགས་(སྤྱི་ལོ་༡༤༨༢ལོར་འཁྲུངས་)ཡང་རིན་སྤུངས་པའི་སྲིད་དབང་མགོ་རྟིང་སློབ་མཁན་རིན་སྤུངས་པའི་བློན་ཆེན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ། དགའ་ལྟན་ཁྲི་ཐོག་ལྔ་པ་གཡག་སྡེ་པ་བློ་གྲོས་ཆོས་སྐྱོང་སྤྱི་ལོ་༡༣༨༩ལོར་གཡག་སྟེར་འཁྲུངས། ཇོ་ནང་ཏཱ་ར་ནཱ་ཐ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་ཆོས་འཁོར་ལྟིངས་ཞེས་པར་ཡབ་རྭ་ལོའི་གདུང་རྒྱུད་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༥༧༥ལོར་སྐུ་འཁྲུངས། བྱམས་ཆེན་རབ་འབྱམས་པ་ཞུ་བ་སྤྱི་ལོ་༡༤༡༡ལོར་རོང་གི་སྣར་མདོ་སྤེ་ཞེས་པར་འཁྲུངས་པ་བཅས།

 རོང་བྱམས་ཆེན་དགོན།

མཚན་རྒྱས་པར། རོང་བྱམས་ཆེན་བྱམས་པ་གླིང་དགོན་ཞེས་ཞུ། ད་ལྟའི་རིན་སྤུངས་རྫོང་གི་བྱང་ངོས་སུ་དགོན་དེ་མཇལ་བ་ཡིན་། དགོན་དེ་ནི་ཐོག་མར་རིན་སྤུངས་ཆོས་རྒྱལ་ནམ་མཁའ་རྒྱལ་མཚན་གྱིས་ས་སྐྱའི་དཔོན་ཆེན་མཛད། དེའི་སྲས་ནམ་མཁའ་རྒྱལ་པོས་ས་སྐྱ་དགའ་ལྡན་ཞེས་པའི་མཁན་པོ་ཀུན་མཁྱེན་གཡག་པ་རིན་སྤུངས་སུ་གདན་དྲངས་ནས་ཆོས་གྲྭ་ཞིག་འདེབས་དགོས་ཞུས་ཀྱང་རེ་ཞིག་ལུས། དེ་ནས་སླར་ཡང་རྗེ་འདིས་རྗེ་སེམས་དཔའ་གཞོན་ནུ་རྒྱལ་མཆོག་པ་ཞེས་པ་ཕྱག་ཕྱིར་ཁྲིད་གནང་ནས་རིན་སྤུངས་སུ་བྱོན་ཏེ་ཆོས་རྒྱལ་ནམས་མཁའ་རྒྱལ་པོ་ཡབ་སྲས་ལ། ང་ཤི་ན་ཁྱེད་ཆོའི་སར་དགོན་པ་འདེབས་པ་འདིས་འོང་བ་ཡོད་ཅེས་གསུངས་ཏེ་ཆོས་ཡོན་ངོ་སྤྲོད་ཀྱི་ཚུལ་མཛད།དེ་ནས་ས་སྐྱར་ཕེབས་ཏེ་མི་རིང་བར་ས་སྐྱ་དགའ་ལྟན་དུ་ཞི་བར་གཤེགས། དེ་ནས་ཆོས་རྒྱལ་ནམ་མཁའ་རྒྱལ་པོའང་[page 208དགུང་ལོ་༤༧ཏེ་སྤྱི་ལོ་༡༢༦༥ལོར་སྐུ་གཤེགས། དེ་ནས་རྗེ་སེམས་དཔལ་ཆེན་པོ་མཆོག་དང་། ཆོས་རྒྱལ་ནམ་མཁའ་རྒྱལ་པོའི་སྲས་ཆོས་རྒྱལ་ནོར་བུ་བཟང་པོ། ཆོས་རྒྱལ་དཔལ་བཟང་རིན་ཆེན་བཅས་ཆོས་ཡོན་གསུམ་གྱིས་ཡབ་མེས་ཀྱི་དགོངས་གཞི་བཞིན་ཆོས་གྲྭ་འདེབས་པའི་ས་གཟིགས་སྐབས། མཉམ་མེད་ཇོ་བོ་རྗེ་དང་། རོང་པ་མགར་དགེ་བ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་མང་པོས་བྱིན་གྱིས་རླབས་པའི་ས་འདི་བཀྲ་ཤིས་པར་དགོངས་ཏེ་མཐར་དགོན་དེ་ཉིད་ཕྱག་བཏབ། བློ་གསལ་ཁྱིའུ་༧༠༠ཙམ་ལ་དགེ་བའི་བཤེས་གཉེན་དུ་མ་སྤྱན་དྲངས་ནས་ཆོས་བསྒྲུབ་པའི་མཐུན་རྐྱེན་བཟང་པོ་སྦྱར། ས་ལུགས་ཀྱི་ཆོས་གྲྭ་དར་ཞིང་རྒྱལ་པར་མཛད་པ་བཅས་ཡིན། དགོན་དེའི་རྟེན་གཙོ་ཐུབ་པ་བྱང་ཆུབ་ཆེན་པོས་གཙོས་རྟེན་དང་བརྟེན་པར་བཅས་བཞེངས། དགོན་ཀྱི་མཚན་དུའང་བྱང་ཆེན་དགོན་ཞེས་གསོལ་ཡང་ཡོངས་གྲགས་སུ་བྱམས་ཆེན་དགོན་ཞེས་སུ་གྲགས་པས་བྱམས་ཆེན་བཞེངས་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པ་ཡིན་ཅེས་གསུངས།

དེ་ནས་ཀུན་དགའ་བཀྲ་ཤིས་དགུང་ལོ་༢༦ལ་ཕེབས་སྐབས་བྲག་དམར་ཆོས་སྟེའི་མཁན་པོ་མཛད་ནས་བཞུགས་སྐབས་རྗེ་སེམས་དཔལ་ཆེན་པོས། ངའི་ཆོས་བློ་སྦྱོང་དང་བྱམས་ཆེན་ཆོས་སྡེའི་བདག་པོ་ཁྱེད་རང་འོས་པ་ཡིན་གསུངས་ནས་ཀུན་དགའ་བཀྲ་ཤིས་བཞུགས་ཁྲིའི་སྟེང་གདན་དྲངས་ཏེ་རྒྱལ་ཚབ་ཏུ་དབང་བཀུར། རྗེ་སེམས་དཔལ་ཆེན་ཆེན་པོ་གཞོན་ནུ་མཆོག་ཞི་བར་གཤིགས་རྗེས་གསོལ་འདེབས་རྒྱ་ཆེན་པོ་ཆུ་མོ་སྤྲེལ་ལོའི་བར་མཛད། དེ་ནས་གོང་གསལ་ཆོས་ཡོན་གྱི་ཐུགས་བཞེད་བཞིན་གསེར་ཟངས་ཀྱི་བྱ་མས་ཆེན་ཐོག་སོ་དགུ་ལྡན་བཞེངས་གནང་མཛད་པས་རོང་བྱམས་ཆེན་ཞུ་བའང་དེ་ནས་བྱུང་། དེ་རྗེས་རྒྱལ་བ་སྐུ་ཕྲེང་༡༡དུས་དགེ་ལུགས་སུ་བསྒྱུར་གནང་མཛད་ཅིང་གཞུང་དགོན་ཨང་གཉིས་པ་ཞེས་པར་གྲགས། སྔོན་དུས་འགྱུར་གོང་དགེ་འདུན་༦༠༠སྐོར་གྱིས་རི་བོ་དགེ་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་བཞེད་མཛད་[page 209པ་ཡིན།

ད་ལྟ་བྱམས་ཁང་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་བྱམས་པའི་སྐུ་བརྙན་གྱི་སྐུ་ཚབ་ཐོག་སོ་གསུམ་ཚད་སྐུ་རྒྱུ་རྙིང་ལ་ལྷུ་བསྒྲིགས་ཞུས་པ་དང་། འདུ་ཁང་རྙིང་པ་ཉམས་གསོ་ཞུས་པའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།

 གཡུ་ཕུ་རྫ་ལྷུང་།

རྫ་ལྷུང་ཞེས་པ་ནི་ཐོག་མར་གུ་རུ་རིན་པོ་ཆེ་གནས་དེར་ཕེབས་སྐབས། ལྷ་འདྲེས་རྫ་བསྙིལ་ཏེ་ཕེབས་ལམ་བཀག་པའི་ཆོ་འཕྲུལ་བསྟན་པར་གུ་རུས་ཨཱཧུཾ་ཞེས་པའི་སྔགས་དང་སྡིག་མཛུབ་མཛད་པས་རྫ་བསྙིལ་བ་(རྫ་ལྷུང་བ་)གྱིན་ལ་ལྡོག་པར་མཛད་པས་རྫ་ལྷུང་ཞེས་པ་དེ་ལྟར་བྱུང་། བྱམས་ཆེན་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༩༠ཙམ་སོང་ན་རྫ་ལྷུང་ཨ་ནིའི་དགོན་དུ་འབྱོར་བ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་ན་གནས་མཚོ་དེར་འབྱོར་བ་ཡིན། དེའང་གུ་རུ་རིན་པོ་ཆེས་རྟ་ཟོག་སེམས་ཅན་བཞོན་ནས་འགྲོ་ཐུབ་པའི་གནས་ལ་སེམས་ཅན་གྱི་ནས་སྒྲིབ་མི་དག་ཅེས་གསུངས་ཏེ་མཚོ་དེ་ནས་ཆུ་ཀ་ལི་གང་བསྣམས་ཏེ་སྐས་རིང་སྐས་ཐུང་ཞེས་པའི་གྱེན་ལམ་གཟར་པོ་གཉིས་(གྱོན་ལམ་འདི་གཉིས་འཛེགས་སྐབས་ཕྱི་བསྟས་མ་སློག་ན་ཉེས་ལྟུང་ཆེན་པོ་དག་ཐུབ་ཅེས་ཟེར་)འཛིགས། དེ་ནས་གཡམ་ཧྲུག་གི་འཕྲེད་ལམ་བརྒྱུད་ལ་ཆུང་ཞིག་བརྒྱབ་པའི་ཤར་ངོས་རྫ་རོང་ནང་གཤོས་གནང་བས་མཚོ་དེ་ཆགས་ཞེས་དང་། ཡང་གསུང་སྲོལ་གཞན་ཞིག་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་ལ་གསེར་གྱིས་བཀང་པའི་ཀ་ལི་ཞིག་ཕུལ་བ་དེ་ལ་ཐུགས་སྨོན་མཛད་དེ་གཤོས་གནང་བས་མཚོའི་དབྱིབས་ཀྱང་ཀ་ལིའི་དབྱིབས་སུ་ཡོད་པ་དང་མཚོ་མདོག་ནི་མཐིང་ནག་ཡིན། གནས་མཚོ་དེ་ནི་ཚེ་རིང་མཆོད་ལྔའི་བླ་མཚོ་ཡིན་ཞེས་དང་། མཚོ་བདག་ཀླུ་མོ་མཚོ་སྨན་དཀར་མོ་ཞེས་སུ་གྲགས། མཚོ་མཇལ་ཞུ་བའི་དུས་ཚོད་ནི་ལོ་ལྟར་བོད་ཟླ་

[page 210༤ཚེས་༡༥གཡས་གཡོན་ལ་དར་ཁ་ཞིག་ཅིང་མཚོ་ཞལ་ཕྱེ་བ་ཞེས་མཚོ་མཇལ་འགྲོ་བ་དང་བོད་ཟླ་༨ཟླ་མཇུག་དུ་སླར་ཡང་དར་འགྲིག་པ་ཡིན། གནས་དེར་མཚོ་མཇལ་དུ་ཕེབས་སྐབས་ལུས་ངག་ཡིད་གསུམ་གྱི་དད་གུས་གཡོ་བ་མེད་པའི་ཐོག་མཚོ་རྫས་སུ་འབུལ་བྱེད་ཀྱི་རྫས་འབྲུ་སྣ་དང་། དར་སྣ་གསེར་དངུལ་སོགས་གཙང་ལ་དྲི་ཡིས་མ་འགོས་པ་བྱས་ནས་ཕུལ་ན་རང་རང་སོ་སོར་འབྱུང་འགྱུར་གྱི་ལས་དབང་མཚོའི་ནང་ནས་གསལ་སྟོན་ནམ་བརྡ་ཚིག་སོགས་སྟོན་པ་ཡིན་ཞེས་ཟེར།

གཞན་ཡང་རྫ་ལྷུང་དགོན་བསྐྱར་བཞེངས་གནང་བའི་ནང་སྔོན་རྫ་ལྷུང་དགོན་གྱི་རྟེན་གཙོ། དགོན་དེ་བསྐྱར་བཞེངས་གནང་སྐབས་གྱང་རོའི་དཀྱིལ་ནས་རྙེད་པ། གུ་རུ་རིན་པོ་ཆེའི་ཞབས་གཉིས་ཀྱི་རྗེས་རྡོ་སྟིང་དུ་འདམ་ལ་བཏབ་པ་ལྟ་བུའི་སྟེང་ཡི་གེ་ཨོཾ་དང་ཧུཾ་གི་རང་བྱོན་གསལ་བ་དང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

 བྱེ་ཐང་དགོན།

མཚན་གཞན་ལ་འོད་གསལ་གླིང་ཞེས་ཞུ། གསར་དུ་བརྒྱབ་པའི་བྱེ་མདའ་ཟམ་ཆེན་མ་ཐོན་པར་བྱང་ངོས་སུ་སོང་ན་བྱེ་ཐང་གྲོང་གི་དབུས་སུ་བཙུན་མའི་དགོན་དེ་མཇལ་བ་ཡིན། བྱེ་ཐང་ཞེས་པ་ནི་སྔོན་མཁའ་འགྲོ་བྱེ་བས་ས་གཞི་བྱིན་གྱིས་བརླབས་གནང་བའི་ཐང་ཡིན་སྟབས་བྱེ་ཐང་ཞེས་པ་དེ་ལྟར་བྱུང་། མ་ཅིག་ལབ་ཀྱི་སྒྲོལ་མ་ཡང་གནས་དེར་ཕེབས་ཏེ་ཁྱད་པར་ཅན་དུ་གཟིགས། དེ་ནས་ཉ་མོ་ཧའུ་དགོན་གྱི་བླ་མ་པདམ་བདུད་འདུལ་གྱི་སློབ་མ་སྒྲུབ་དབང་པདམ་རང་སྒྲོལ་གྱིས་དགོན་དེ་ཕྱག་བཏབ་གནང་མཛད་དེ་རིམ་པས་རྒྱ་བསྐྱེད་བྱུང་བ་དང་། སྔོན་བཙུན་མ་རྣམས་ཀྱིས་རྙིང་མ་བྱང་གཏེར་ལུགས་ཕྱག་ལེན་མཛད་པ་ཡིན། སྔོན་འདུ་ཁང་ཀ་དྲུག་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་དང་། སྐུ་རྒྱུ་དེ་མཚུངས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གུ་རུ་མཚོ་སྐྱེས་རྡོ་རྗེ། གཏེར་དུང་སོགས་མཇལ་རྒྱུ་ཡོད། [page 211ད་ལྟ་སྔོན་གྱི་འདུ་ཁང་དེ་རང་དང་། སྔོན་གྱི་བཙུན་མ་བགྲེས་སོང་ཆ་ཚང་བཞུགས་ཡོད་པ་རྣམས་ཀྱིས་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྔོན་གྱི་གཏེར་དུང་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཆུ་ཕར་ཕྱོགས་སུ་སོང་ན་ཆོས་སྡེ་གླིང་ཞེས་པའི་གྲྭ་དགོན་དང་། ཁུ་ལུང་ཕུར་ཁུ་ལུང་ཡོན་ཏན་རྒྱ་མཚོའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད་པ་བཅས་གཙང་གནས་ཡོངས་སུ་འཁོར་ཏེ་མཇུག་རིན་སྤུངས་སུ་བཞག་པ་འདིས་ཀྱང་དགེ་བའི་རྩ་བར་རྒྱུར་གྱུར་ཅིག།།

 མཇུག
 སླར་སྨྲས་པ།

མོས་པོས་བཞག་པའི་འཛད་མེད་ཕུགས་ནོར་ལས།

ཁྱད་དུ་འཕགས་པ་ནང་བསྟན་རིག་གཞུང་དེ།

ལ་ལས་རང་གི་བོན་ཆོས་བསྣུབས་ཞེས་དང་།

ལ་ལས་ནང་ཆོས་དར་བ་དྲིན་ཆེ་ཟེར།

སྐུ་གཤེན་བོན་ཆོས་མེས་པོའི་ཆོས་ཡིན་ཀྱང་།

དམུ་རྒོད་གདུལ་དཀའི་སེམས་ཅན་འདུལ་ཕྱིར་དུ།

ཆོས་ཀྱི་རྒྱལ་པོས་འདི་ཉིད་གཟིགས་པ་ལས།

རང་ཆོས་དྭངས་གཙང་ཆུ་མོ་རྒྱས་ས་རུ།

གཞན་ཆོས་རྙོག་ཆུ་འདྲེན་ཞེས་བརྗོད་ཨེ་འཐད།

མེས་དབོན་གསུམ་གྱིས་འདི་ཐད་ཐུགས་དཀྱེལ་མཛད།

ལོ་པཎ་རྣམས་ཀྱིས་སྐུ་ངལ་ཁྱད་དུ་བསད།

ཕྱིས་རབས་པ་ཡིས་དེ་ཡི་རྗེས་སུ་འབྲངས།

འཕགས་ཡུལ་ཆོས་ཀྱི་མཚོ་མོ་འཁྱིལ་བ་དེ།

མཐའ་འཁོབ་གངས་ཅན་ཡུར་བུར་འདྲེན་ནས་ནི།

[page 212བོད་ཡུལ་སྐྱེ་འགྲོའི་སེམས་ཀྱི་ཞིང་ས་རུ།

བྱམས་དང་སྙིང་རྗེའི་མྱུ་གུ་ཐོན་ན་དགོངས།

བཀའ་དང་བསྟན་བཅོས་གྲངས་ཀྱིས་མི་ལང་བ།

བོད་ཡིག་ལ་བསྒྱུར་བོད་མིས་རྟོགས་ན་དགོངས།

རྟོགས་པས་མ་ཚད་ཉམས་སུ་བླངས་བྱས་ཏེ།

འདི་ཕྱི་ཀུན་ལ་ལེགས་ཚོགས་བྱུང་ན་དགོངས།

འོན་ཀྱང་དེང་གི་རང་རིའི་རྒྱུད་པ་ཚོས།

ཁ་ནས་ཆོས་ཀྱི་མན་ངག་སྐྱོར་ནའང་།

རྒྱུད་ཀྱི་ཉོན་མོངས་མེ་ལྟར་འབར་བཞིན་དུ།

དབང་དང་ཁེ་ཕན་དོན་དུ་ཆོས་ཚུགས་ཤོར།

རྡོ་རྗེ་སྤུན་གྲོགས་དང་ཡང་དམ་ཚིག་འགལ།

རྗེན་པར་མཐོང་བའི་ཉོན་མོངས་ཡན་པོར་བཏང་།

གཟུགས་མེད་འདྲེ་ཟློག་མདོས་གདོས་བྲེལ་འཚུབ་འཚུབ།

མངོན་སུམ་རྗེས་དཔག་རིག་པས་མ་དཔྱོད་པར།

གྲོས་ཐག་ཤོ་མོས་གཅོད་ཅིང་ཧ་ལས་ལས།

གནས་ལུགས་ཉན་ཅིང་ཕན་ཚུན་མི་བསྡུར་བར།

ས་དགེ་བཀའ་རྙིང་ཟེར་ཞིང་ལྕེ་དིག་དིག།

ཕྱི་ཡི་ཆ་ལུགས་མཐོང་སྣང་ཙམ་བཟུང་སྟེ།

རྙིང་མའི་འདུལ་ཁྲིམས་ཟེར་ཞིང་གོད་འཚེར་འཚེར།

གྲུབ་མཐའ་ཡོངས་གསན་དགེ་ལྡན་ལུགས་སྤེལ་བར།

ཞྭ་སེར་རྩོད་ལྡན་ཟེར་ཞིང་གཏམ་ཤབ་ཤོབ།

དེ་ལྟར་ཕྱོགས་སུ་ལྷུང་བའི་ངུར་སྨྲིག་པར།

རང་དང་འདྲ་ལས་གཞན་གྱིས་བཀུར་བ་མིན།

དེ་བས་གནས་བཟང་རེ་རེ་བཞིན་དུ་བསྐོར།

[page 213མེས་པོའི་ཞབས་རྗེས་ཇི་ལྟར་བསྐྱོན་འདུག་སྟོས།

དང་པོ་གནས་དེ་ཇི་ལྟར་ཆགས་འདུག་གཟིགས།

གཉིས་པ་དམ་ཆོས་ཇི་ལྟར་སྤེལ་འདུག་དཔྱོད།

གསུམ་པ་ཉམས་སུ་ཇི་ལྟར་བླངས་འདུག་སོམས།

མང་དུ་ཐོས་ཀྱང་ཉམས་སུ་མ་བླངས་ན།

རྒྱ་མཚོའི་འགྲམ་དུ་སྐོམ་བྲིད་ཤི་དང་འདྲ།

དེ་ལྟར་སྙིང་གཏམ་སྙིང་ཁང་ནང་བཅུག་ཀྱང་།

ལྷག་བསམ་སྒོ་མོས་མ་ཐུབ་ཕྱི་ལ་ཤོར།

གཞན་ཡང་གནས་བཤད་འདི་འབྲི་བའི་མཐུན་རྐྱེན་དུ་ངག་དབང་རྣམ་རྒྱལ་ལགས་དང་། གདོང་དཀར་ཨར་འདམ་བཟོ་གྲྭ། ཁྲན་ཤིའི་གྲན་ལགས་དང་བདེ་སྐྱིད་པདམ་ལགས་སྟེང་ཞལ། ཆུང་བདག་ཚེ་རིང་། ཟླ་བ། ཚེ་བརྟན་དཀོན་མཆོག་རྒན་དཔལ་འབྱོར་ལགས། དབང་གྲགས་ཚེ་དབང་ལགས་བཅས་ནས་ཞལ་འདེབས་གསོལ་རས་བཀྲིན་ཆེ་བ་འདིས་ཀྱང་དགེ་རྩའི་གསོས་སུ་སྨིན་པའི་བདེན་ཚིག་སྨོན་པ་གྲངས་མེད་དང་བཅས།། །། ཕྲན་གནས་བཤད་འབྲི་པོས།

སྤྱི་ལོ་༢༠༠༦ལོའི་ཟླ་༨ཚེས་༣༠ལ།

 པར་སྐྲུན་ཆ་འཕྲིན།

རྩོམ་སྒྲིག་འགན་ཁུར་པ། ངག་དབང་ཕུན་ཚོགས།

责任编辑:阿旺平措

མདུན་ཤོག་ཇུས་འགོད་པ། ཀརྨ་རྡོ་རྗེ་ཚེ་རིང་།

封面设计:吾 要

༄༅། ། གངས་ཅན་བོད་ཀྱི་ལམ་ཡིག་གསར་མ་ལས།

-གཞིས་རྩེ་ཁུལ་གྱི་གནས་ཡིག

རྩོམ་པ་པོ། ཆོས་འཕེལ།

དཔེ་སྐྲུན་མཁན། མི་རིགས་དཔེ་སྐྲུན་ཁང་།

འགྲེམས་སྤེལ་མཁན། མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་།

གནས་ཡུལ། པེ་ཅིང་ཧོ་ཕིང་ལི་བྱང་ལམ་ཨང་14པ།

སྦྲག་ཨང་། 100013

ཁ་པར་ཨང་གྲངས། 642

བརྒྱུད་འཚོང་མཁན། རྒྱལ་ཡོངས་ས་གནས་སོ་སོའི་ཞིན་ཧྭ་དཔེ་ཚོང་ཁང་།

པར་འདེབས་མཁན། མི་རིགས་པར་འདེབས་བཟོ་གྲྭ།

དེབ་ཚད། 850×1168 1/32

པར་ཤོག 7

པར་གཞིའི་སྒྲིག་ཐེངས། 2008ལོའི་ཟླ་4པར་པར་གཞི་དང་པོ་བསྒྲིགས།

པར་ཐེངས། 2008ལོའི་ཟླ་4པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

དཔར་གྲངས། 0001་-་4000

དཔེ་རྟགས། ISBN 978་–་7་–་105 – 09225 – 3/K•996(藏126)

རིན་གོང་། སྒོར་17.00

图书在版编目(CIP)数据

雪域圣迹导游— 日喀则: 藏文/群培著;

北京:民族出版社,2008.4

ISBN 978་–་7་–་105 – 09225 – 3

I.雪•••II.群•••III. 名胜古迹—介绍—日喀则地区—藏语

IV.K928.707.2

中国版本图书馆CIP数据核子(2008)第048964号

民族出版社出版发行

(北京市和平里北街14号 邮 编 100013)

http://www.e56.com.cn

民族印刷厂印刷

各地新华书店经销

(藏编室电话:64275311 藏文发行科电话:64227665)

2008年4月第1版 2008年4月北京第1次印刷

开本:850 毫米 ×1168毫米 1/32 印张:7

印 数:0001-4000册

ISBN 978་–་7་–་105 – 09225 – 3/K•996(藏126)

定价:17.00元

གུས་ཤིང་བརྩེ་བའི་ཀློག་པ་པོ་རྣམས་ཀྱི་སྙན་དབང་དུ་ཞུ་གསོལ།

《གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་》ཞེས་པའི་གནས་བཤད་དེབ་ཚོགས་ལས། དང་པོ་《ལྷོ་ཁ་ས་ཁུལ་གྱི་གནས་ཡིག་》དང་། གཉིས་པ་《ལྷ་ས་ས་ཁུལ་གྱི་གནས་ཡིག་》འདི་པར་འགྲེམ་ཞུས་ཟིན་པ་ཡིན། དེབ་ཚོགས་འདི་ནི་གཙོ་བོ་གནས་སྐོར་ལྗོངས་རྒྱུ་བར་གནས་བཤད་ལག་དེབ་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་སྟབས་ཡིག་རྫོབ་ཉུང་ལ་གོ་དཀའི་ཚིག་གིས་མ་བཅིངས་པ་དང་གཅིག ས་ཁུལ་སོ་སོ་དང་རྫོང་སོ་སོ་བྱས་ནས་བྲིས་སྟབས་གནས་དང་དགོན་པ་གང་དུ་ཡོད་མེད་དེ་མར་མཁྱེན་ཐུབ་པ་དང་གཉིས། བར་ཐག་སྤྱི་ལེའི་གྲངས་ཀྱང་བཀོད་ཡོད་པས་འགྲོ་འོང་ཚོད་དཔག་ཐུབ་པ་དང་གསུམ། ཕྱི་དབྱིབས་སྐུ་པར་རེའང་བསྒྲོན་ཡོད་པས་མཇལ་མ་ཐག་བྱིན་རླབས་ཤུགས་ཀྱིས་བྱུང་བ་དང་བཞི། སྟབས་བདེའི་ས་བཀྲའང་བྲིས་ཡོད་པས་འགྲོ་སྐྱོད་བདེ་བ་དང་ལྔ་བཅས་ཀྱི་ཁྱད་ཆོས་ལྡན་ཁུལ་ཡང་། གནས་ལམ་དཀྱུས་རིང་སྐབས་རེ་འགྲིམ་འགྲུལ་འཕྲུལ་འཁོར་བདེ་མིན་གྱིས་རྐྱེན་ལ་ལ་མཚན་བྱང་ཙམ་ལས་གནས་བཤད་འབྲི་རྒྱུ་མ་བྱུང་བ་དང་། བྲིས་པ་དག་ཀྱང་དོན་རྩ་ཚིག་རྫོབ་ཀྱིས་སྒྲིབ་སྟེ་དོན་འབྲས་འབུར་དུ་མ་ཐོན་བློ་ཁྱོག་ཟར་ཟིར་ངང་གནས་ཐོ་འབྲི་མུས་སུ་མཆིས་པས། དེས་ན་རང་རེ་མེས་རྒྱལ་གྱི་བོད་ལྗོངས་འདིའི་ཤེས་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་མུ་མཐུད་གནས་ཐོ་འབྲི་བའི་ཐད་ལེགས་བཅོས་བྱ་འོས་དད་དམ་གཅིག་པའི་མཁྱེན་སྤྱན་རབ་ཡངས་རྣམས་ཀྱིས་རིན་བྲལ་དགོངས་འཆར་གསལ་རྗེན་གཤམ་གསལ་ཁ་པར་ཨང་ཡིག་འདི་ཐོག་ནས་ལྷུག་སྩོལ་ཡོང་རེ་སོར་འདབ་སྙིང་ཁར་སྦྱར་ནས་ཞུ་བཞིན་པས་དབྱིངས་འཚལ།

 

 

 

བརྒྱུད་སྐུལ།

མཆན་སྤེལ།