
༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་བརྩམས་པ།
༄༅། །༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་བརྩམས་པ། ༼ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ (1878-1941) མཛད།༽ ༄༅། །སྙིང་རྗེའི་ལྷ་མཆོག་སྙིང་རྗེས་མྱོས་པ་ཡིས། །སྣ་ཚོགས་ཟློས་གར་འགྲོ་འདིར་བསྒྱུར་ལ་ལྟོས། །བློ༵་བཟང༵་བསྟན་པའི་རྒྱ༵་མཚོ༵་འཕེལ་བའི་གཉེན། །སྨྲ་བའི་ཟླ་བ་མཆོག་གཅིག་འདིར་སྣང་གྱུར། །གང་ཞིག་བལྟམས་མ་ཐག་ནས་ལྷ་རྣམས་ཀྱིས། །ངོ་མཚར་ལྟས་བཟང་དུ་མས་སྦྲན་པས་ཅི། །