སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་ཆོས་གྲགས་དཔལ་བཟང་པོའི་རྣམ་པ་ཐར་པ་མདོ་ཙམ་བརྗོད་པ།
རྗེ་བཙུན་བླ་མ་དམ་པ་སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་ཆོས་གྲགས་དཔལ་བཟང་པོའི་རྣམ་པ་ཐར་པ་མདོ་ཙམ་བརྗོད་པ་དད་པའི་པདྨ་འཛུམ་བྱེད་ངོ་མཚར་ཉིན་བྱེད་གསར་པའི་སྣང་བ་ཞེས་བྱ་བ་བཞུགས་སོ།། ༄༅། །བློ་ཆེན་ཀུན་བཟང་རྒྱལ་བ་ཙོང་ཁ་པའི། ། ཆོས་ཚུལ་སྙིང་པོ་དབེན་ས་སྙན་བརྒྱུད་ཀྱི། ། མཛོད་འཛིན་ཡོངས་སུ་གྲགས་པ་མཁས་པའི་དཔལ། ། རྗེ་བཙུན་བླ་མས་འོད་གསལ་དབྱིངས་ནས་དགོངས། ། གང་གི་ཐུགས་རྗེ་བདེ་བ་ཆེན་པོའི་དབྱིངས། ། སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། ། སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ། ། རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །