བརྡ་སྤྲོད་ཀྱི་དཔེ་ཆ་འདི་དག་ནི་བདག་གིས་དངོས་སུ་བཀླགས་ཏེ་དུས་རབས་རིམ་བྱུང་ལྟར་ཕྱེ་བ་ཡིན།
ཟླ་བ་འོད་ཟེར།
དུས་རབས་བདུན་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧ཐུ་མི་སམྦྷོ་ཊས་མཛད་པ། ༡ སུམ་ཅུ་པ། ༢ རྟགས་འཇུག ༣ ལུང་སྟོན་པ་སྔགས་ཀྱི་ཀློག་ཐབས། ༼ཐོན་མི་སཾ་བྷོ་ཊས་མཛད་པའི་སྔགས་ཀློག་མུན་པའི་སྒྲོན་མེ་ལ། ཡར་འབྲོག་པ་རིན་ཆེན་ཏོག་གིས་མཛད་པའི་འགྲེལ་བ་ཞིག་དང་། བོན་གྱི་མཁས་པ་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི་འགྲེལ་བ་ཞིག་བདག་གིས་བཀླགས་མྱོང་། ༽ ༤ ཡི་གེའི་བཤད་པ་རྣམ་པར་གསལ་བ།
དུས་རབས་བརྒྱད་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་བརྡའ་དག་གི་ལྡེ་མིག ༧རྒྱ་གར་གྱི་སློབ་དཔོན་ཤྲཱིདྷ་རས་མཛད་ཅིང་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བསྒྱུར་པའི་བསྟན་འགྱུར་ལས་བྱུང་བའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ། ༧ལྕེ་ཁྱི་འབྲུག་གིས་མཛད་པའི་གནས་བརྒྱད་ཆེན་པོའི་རྩ་འགྲེལ་དང་། ཡོངས་གྲགས་སུ་སྒྲ་སྦྱོར་བམ་པོ་གཉིས་པའམ་དམ་པའི་ཆོས་ལས་བྱུང་བའི་སྐད་བྱེ་བྲག་ཏུ་བཤད་པ་འབྲིང་པོ།༼ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོ། བརྡ་སྤྲོད་པའི་ཁྱད་པར་རྟོགས་བྱེད།༽
དུས་རབས་དགུ་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧འགོས་ཆོས་གྲུབ་ཀྱིས་བསྒྱུར་པའི་ཏུན་ཧོང་གནའ་ཡིག་ལས་གསར་དུ་རྙེད་པའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ།
དུས་རབས་བཅུ་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧དྲན་པ་ཡེ་ཤེས་གྲགས་པས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་དང་། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ།
དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧རོང་ཟོམ་ཆོས་བཟང་གིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ། ༧རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་དང་། གཞན་རྗེས་སུ་འཛིན་པ་བཟོ་རིག་པ་ལས་གསུང་རྟེན་བོད་ཀྱི་ཡི་གེའི་ཆག་ཚད་བསྟན་པ་བློ་གསལ་ཀུན་ཏུ་དགའ་བའི་རྒྱན་དང་། བོད་ཀྱི་ཡི་གེའི་ཆག་ཚད་བསྟན་པ་མཁས་པ་སྒྲུབ་པའི་ཐབས།
དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཡི་གེའི་སྦྱོར་བ་དང་། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་དང་། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་དང་། དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། སྒྲ་ལ་འཇུག་པའི་རྣམ་བཤད་དང་། སྨྲ་སྒོའི་ས་བཅད། ༧སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་དང་། ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་རང་འགྲེལ། ༧དབུས་པ་བློ་གསལ་གྱིས་མཛད་པའི་རྟགས་ཀྱི་འཇུག་པའི་འགྲེལ་པ་དང་། བརྡ་གསར་རྙིང་གི་རྣམ་པར་དབྱེ་བ། ༧གཡའ་བཟང་པ་མཁས་བཙུན་དབང་པོས་མཛད་པའི་ཡང་དག་ངག་གི་ཕྲེང་བ་ཐོན་མི་སམ་བྷོ་ཊའི་བླ་མའི་གསུང་ཇི་བཞིན་དཔེར་བརྗོད་མདོར་བསྡུས།
དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་ཚོགས་གསུམ་གསལ་བ་དང་། བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ་རང་འགྲེལ་བརྡ་སྤྲོད་སྙིང་པོ་ཆེས་ཆེར་གསལ་བ་དང་བཅས་པ།
དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧སྒྲ་པ་ནམ་མཁའ་བཟང་པོས་མཛད་པའི་བྱཱ་ཀ་ར་ཎའི་རྩ་བ་སུམ་ཅུ་པའི་འགྲེལ་པ་དང་། རྟགས་ཀྱི་འཇུག་པའི་འགྲེལ་པ་མཁས་པའི་རྒྱན། ༧བོ་དོང་འཇིགས་མེད་གྲགས་པས་མཛད་པའི་བོད་ཀྱི་དག་ཡིག་དང་ཡི་གེ་འབྲི་བ་སོགས་ཀྱི་གདམས་པ།
དུས་རབས་བཅོ་ལྔ་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་བསྟན་བཅོས་ཀྱི་རྣམ་བཤད་སྨྲ་བའི་རྒྱན་དང་། བརྡའི་གནས་བྱེ་བྲག་ཏུ་རྟོགས་བྱེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ༧ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ་དང་། བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད་དང་། བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་དང་། བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་མཆན་བུ་ཅན། ༧སྐྱོགས་ཀྱི་དགེ་སློང་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་རྟགས་ཀྱི་འཇུག་པའི་འགྲེལ་པ་དང་། བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་། ༧ཀུན་མཁྱེན་གོ་རམས་བསོད་ནམས་སེངྒེས་མཛད་པའི་རྟགས་འཇུག་གི་ཊཱིཀྐ། ༧ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མཛད་པའི་གསུང་རབ་ཀུན་ལ་ལྟ་བའི་མིག་ཏུ་གྱུར་པ་བྱཱ་ཀ་ཎའི་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་མུན་སེལ་སྒྲོན་མེ། ༧དྭགས་པོ་ངག་དབང་གྲགས་པས་མཛད་པའི་དྭགས་པོ་ངག་དབང་གྲགས་པའི་བརྡ་དག་སྨྲ་བའི་རྒྱན།
དུས་རབས་བཅུ་དྲུག་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའི་བོད་ཀྱི་བརྡའི་བསྟན་བཅོས་ལེགས་བཤད་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཆུང་ངུ་། ༧ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ལེགས་པར་བཤད་པ་དག་ཡིག་སྦྱོར་ཚུལ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཡི་གེ་དང་། གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མ་དང་། བོད་ཀྱི་བརྡ་ཡི་བསྟན་བཅོས་མཁས་མང་དགོངས་པའི་བཅུད་བསྡུས་གསུང་རབ་ཀུན་ལ་ལྟ་བའི་ལེགས་བཤད་མིག་དབང་རབ་གསལ་སྣང་བ། ༧ལོ་ཙཱ་བ་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་སུམ་པའི་ལེགས་བཤད། ༧སྨན་ལུང་པ་བློ་མཆོག་རྡོ་རྗེས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། ༧ཟུར་མཁར་བ་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་གྱིས་མཛད་པའི་སུམ་རྟགས་ཀྱི་སྦྱར་བཤད་ཡང་དག་མཁས་པའི་དགའ་སྟོན། ༧དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོའམ་དབྱངས་ཅན་སྙེམས་པའི་སྡེས་མཛད་པའི་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་དང་། བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་མཆན་བུ་ཅན་དང་། བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ངག་གི་སྒྲོན་མེའི་འགྲེལ་བ་བདུད་རྩིའི་དགའ་སྟོན། ༧དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་འགྲེལ་པ་སྣང་བར་བྱེད་པའི་སྒྲོན་མེ། ༧གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བོད་ཀྱི་བརྡ་དག་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མ།
དུས་རབས་བཅུ་བདུན་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་བ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན་དང་། རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ་དང་། བོད་ཀྱི་བརྡའི་རྣམ་བཞག་ཉུང་ངུར་བསྡུས་པ་སྨྲ་བའི་སྒྲོན་མེ། ༧རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་ལུང་དུ་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ལེགས་བཤད་སྣང་བྱེད་ནོར་བུ། ༧ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ་དང་། དག་ཡིག་ཚིག་གསལ་སྒྲོན་མེ་དང་། དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད། ༧བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ཐོན་མིའི་རང་ལུགས་གསེར་གྱི་ཤིང་རྟ་རྣམ་དཔྱོད་ཀྱི་ལམ་པོ་ཆེར་འདྲེན་པ། ༧འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བོད་ཀྱི་བརྡ་དག་པའི་ཕྲད་ཀྱི་རྣམ་དབྱེ་སྟོན་པའི་བསྟན་བཅོས་སུམ་ཅུ་པའི་རྣམ་བཤད་རབ་གསལ་མེ་ལོང་།
དུས་རབས་བཅོ་བརྒྱད་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧དབྱངས་ཅན་རོལ་པའི་འོ་མཚོས་མཛད་པའི་དག་ཡིག་མཁས་པ་དགའ་སྐྱེད། ༧ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་པ་དང་རྟགས་འཇུག་གི་དོན་ཉུང་ངུར་བཤད་པ་བློ་ལྡན་དགའ་སྐྱེད་དང་། དག་ཡིག་མཁས་པའི་འབྱུང་གནས། ༧དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་རྟགས་འཇུག་གི་དྲིས་ལན། ༧ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་དང་། སུམ་ཅུ་པ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད་དང་། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། ༧སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་བོད་ཡིག་ཀློག་ཚུལ་མདོར་བསྡུས་མེ་ཏོག་གསར་པའི་མྱུ་གུ་དང་། ཡི་གེའི་རྣམ་གཞག་རབ་གསལ་མེ་ལོང་ཞེས་བྱ་བ་མཆན་འགྲེལ་དང་བཅས་པ། ༧དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་དང་། དབུས་གོང་དཀར་རྒྱ་མཚོའི་སྲས་ཀྱི་དྲི་ལན། སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་དང་། སུམ་རྟགས་ཀྱི་བསྡུས་དོན། ༧དངུལ་ཆུ་ངག་དབང་རྡོ་རྗེས་མཛད་པའི་བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད། ༧ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད་པའི་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སུམ་ཅུ་པ་དང་རྟགས་འཇུག ༧སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ༧ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་ཞར་བྱུང་རྣམ་དབྱེ་བརྒྱད་དང་བྱ་བྱེད་ལས་སོགས་ཀྱི་ཁྱད་པར་མདོ་ཙམ་བརྗོད་པ་དང་། ཞར་བྱུང་ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་། ༧ཨ་ཀྱཱ་སྐུ་སྐྱེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ལུང་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་པ་བློ་གྲོས་པདྨོ་བདེ་བླག་ཏུ་འབྱེད་པའི་སྣང་བ། ༧བོན་གྱི་མཁས་པ་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ། གངས་ཅན་བོད་ཀྱི་བརྡ་དག་ལ་ཉེ་བར་མཁོ་བའི་ཡང་འཇུག་ས་མཐའི་འཐོབ་ཚུལ་རབ་གསལ་སྒྲོན་མ། ༧གཤིན་མཁས་གྲུབ་ཀྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པ་རྩ་འགྲེལ། ༧སྦྲ་གསར་ཚང་གིས་མཛད་པའི་བརྡ་དག་བློ་གསལ་འཇུག་ངོགས།
དུས་རབས་བཅུ་དགུ་པའི་ནང་དུ་བྱུང་བའི་བརྡ་སྤྲོད་ཀྱི་སྐོར།
༧ཚ་སྤྲུལ་ངག་དབང་བློ་བཟང་གིས་མཛད་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་འགྲེལ་བཤད། ༧ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་དག་སྦྱོར་གྱི་ཡི་གེའི་དཀའ་གནས་ལ་ཅུང་ཟད་དཔྱད་པ་ཐུ་མིའི་དགོང་པར་ངེས་པའི་རྒྱན་ཕྲེང་དང་། ལས་ཀྱི་ཚིག་ཐམས་ཅད་གསལ་བར་བྱེད་པ་མཁས་པའི་མགྲིན་རྒྱན་དང་། དག་ཡིག་ནོར་ཕྲེང་ཅན་གྱི་ཡིག་སྡེབ་ཟུར་བཀོལ་ལེགས་བཤད་པདྨའི་ཕྲེང་བ་དང་། ནོར་འཕྲེང་ཅན་གྱི་ཡིག་སྡེབ་ཟུར་བཀོལ་ལེག་བཤད་པདྨའི་ཕྲེང་བ། ༧ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ། ༧དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་མིང་གཅིག་དོན་མང་པོ་ལ་འཇུག་ཚུལ་བཤད་པ་བློ་གསལ་མགྲིན་རྒྱན་དང་། བོད་ཡིག་གི་གནས་དང་བྱེད་རྩོལ་ངོས་འཛིན་ཚུལ་གསར་པའི་གཏམ་གྱི་མྱུ་གུ་དང་། སུམ་ཅུ་པའི་སྙིང་པོའི་དོན་ལེགས་བཤད་ལྗོན་དབང་དང་། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་། ༧དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས་མཛད་པའི་ཡུལ་གངས་ཅན་པའི་སྐད་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་སུམ་ཅུ་པའི་སྙིང་པོ་མདོར་བསྡུས་པ་ཐུ་མིའི་དགོངས་རྒྱན་དང་། བོད་ལུགས་རྣམ་དབྱེའི་ས་བཅད་བསྡུས་པ། གཙང་ལྗོངས་པ་སྣམ་ཁམ་བྲག་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལན་གནྡྷརྦྷའི་གླིང་བུ་དང༌། ལྷན་ཅིག་དབུས་གཙང་ཁམས་གསུམ་གྱི་མཁས་པ་ཁུ་ནུ་བ་བསྟན་རྒྱན་ཅན་གྱི་རྩོད་ཡིག་ལས་འཕྲོས་པའི་སྒྲུབ་བྱེད་གསལ་པོར་སྟོན་པ་འཇིགས་མེད་ཞོ་འཐུང་རུས་པ་དང་། ངག་དབང་ཚུལ་ཁྲིམས་ཀྱི་དྲི་བ་འཕགས་ནོར་གྲངས་ལྡན་ལ་ཕྱི་ནང་རིག་གཞུང་མདོ་རྒྱུད་དཔང་པོར་བྱས་པའི་དྲིས་ལན་མཁས་པའི་མགྲིན་རྒྱན་དང་། རྟགས་ཀྱི་འཇུག་པའི་དཀའ་གནད་སྙིང་པོ་རབ་གསལ་དང་། རྟགས་འཇུག་དཀའ་གནད་སྙིང་པོ་རབ་གསལ་གྱི་འགྲེལ་པ་མཐའ་དཔྱོད་དྭངས་ཤེལ་མེ་ལོང་། ༧ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱའི་གཞི་མ་ཡི་གེའི་སྦྱོར་བ།༧རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི་ལུང་སྟོན་པ་སུམ་ཅུ་པའི་དགོངས་དོན་ལེགས་པར་འགྲེལ་པ་རབ་གསལ་ཟླ་ཤེལ་སྣང་བ། ༧པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་མཛད་པའི་སྙིགས་དུས་ཀྱི་མ་ཧཱ་པཎྜི་ཏ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོའི་གསུང་རྒྱུན་ལུང་སྟོན་པ་སུམ་ཅུ་པའི་སྙིང་པོ་མདོར་བསྡུས་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བཤད། ༧བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱིས་མཛད་པའི་སུམ་ཅུ་པའི་འབྲུ་འགྲེལ་པདྨ་དཀར་པོའི་མགུལ་རྒྱན། ༧ཟུར་མང་པདྨ་རྣམ་རྒྱལ་གྱིས་མཛད་པའི་བརྡ་སྤྲོད་སུམ་ཅུ་པའི་མདོ་དོན་ཆུ་སྐྱེས་དཀར་པོའི་ཕྲེང་མཛེས། ༧གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག ༧རྗེ་དྲུང་འཕྲིན་ལས་བྱམས་པ་འབྱུང་གནས་ཀྱིས་མཛད་པའི་བསིལ་ལྡན་གངས་རིའི་ལྗོངས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་པ་ཉུང་བསྡུས་མ་རིག་མུན་པ་སེལ་བ་ཀུན་ཕན་ཉིན་བྱེད་གཞོན་ནུའི་འཁྲི་ཤིང་། ༧རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་མཛད་པའི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་འཕྲུལ་གྱི་ལྡེ་མིག ༧བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་མཛད་པའི་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་ཉུང་ངུའི་ཚིག་འགྲེལ་དབྱངས་ཅན་སྒྲ་དབྱངས། ༧དབྱངས་ཅན་ངག་དབང་གིས་མཛད་པའི་སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས། ༧དགེ་བཤེས་འཇིགས་མེད་དམ་ཆོས་ཀྱིས་མཛད་པའི་བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ། ༧གསུང་རབ་རྒྱ་མཚོས་མཛད་པའི་སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་དང་། དག་ཡིག་ཉེར་མཁོ་གཅེས་བསྡུས་ལེགས་བཤད་ཉི་མའི་འོད་ཟེར། ༧དཔྱི་ས་བློ་གྲོས་རྒྱ་མཚོས་མཛད་པའི་སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།
༼དུས་རབས་ལ་གསལ་ཁ་མེད་པའི་བརྡ་སྤྲོད་དང་དུས་རབས་ཉི་ཤུ་པའི་ནང་གི་བརྡ་སྤྲོད་སྐོར་མ་བྲིས། བརྡ་སྤྲོད་སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མ་འཐུས་ཚང་རང་བཞིན་དུ་གྱུར་ཡོད་པ་སྨོས་མེད་ཡིན། བརྡ་སྤྲོད་འདི་དག་དང་དུས་རབས་ཉི་ཤུ་པའི་བརྡ་སྤྲོད་སྐོར་ཞིག་བཀླགས་རྗེས། དབང་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་དབང་དང་། དཔའ་རིས་སངས་རྒྱས་ཀྱིས་མཛད་པའི་དག་ཡིག་རིག་པའི་གབ་པ་མངོན་ཕྱུང་གཉིས་ནི་ང་ཚོས་མ་འོངས་པར་བརྡ་སྤྲོད་གཅིག་གྱུར་རང་བཞིན་གྱི་རྨང་གཞིར་འཛིན་འོས་སྙམ་མོ།། ༽