སུམ་རྟགས་སུས་བརྩམས་མིན་དོགས་སློང་།

སུམ་རྟགས་སུས་བརྩམས་མིན་དོགས་སློང་།
སུམ་རྟགས་སུས་བརྩམས་མིན་དོགས་སློང་།

 

ཁག་གཅིག་གིས། སུམ་རྟགས་ས་པཎ་གྱིས་བརྩམས་ཞེས་བཤད་ཀྱང་། ཁོང་གི་ཡར་སྔོན་ནས་ «རྟགས་འཇུག་» ཡོད་པའི་སྒྲུབ་བྱེད་ལ། རོང་ཟོམ་པས་མཛད་པའི་ «དཀོན་མཆོག་འགྲེལ་»  (vol. 1, p. 195.12–14) ལས། “ཡང་བྱཱ་ཀ་ར་ཎའི་གཞུང་ལས།
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །
ཚིག་གི་དོན་རྣམས་སྟོན་པར་བྱེད། །

”ཅེས་གསུངས་ཏེ།” ཞེས་ «རྟགས་འཇུག་» གི་ལུང་ཚིག་དངོས་སུ་དྲངས་ཡོད་ལ། དེ་བཞིན་ཁོང་ལ་ «རྟགས་འཇུག་» གི་འགྲེལ་པ་ཞིག་ཡོད་ཚུལ་ «ཆོས་ཀྱི་རྣམ་གྲངས་» (vol. 2, p. 238.15) ཀྱི་ཐོ་ཡིག་ཏུའང་འཁོད་ཡོད། མཁྱེན་མངའ་ལྟར་རོང་ཟོམ་པ་ནི་ས་པཎ་ལས་སྔོན་དུ་ཕེབས་པའི་མི་སྣ་ཞིག་ཡིན་པ་ཨ་ཅང་བརྗོད་མེད་རེད། (དཔེ་ཆ་སི་ཁྲོན་པར་མ། ཐེ་ཝཱན་པར་སློག)

བརྒྱུད་སྐུལ།

མཆན་སྤེལ།