བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག
བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག ཐེག་པ་གསུམ་གྱིས་འགྲོ་ཀུན་ཐར་པར་འདྲེན། ། རྒྱུད་སྡེ་བཞི་ཡིས་གསང་ཆེན་ཉེར་ལམ་སྟོན། ། གྲུབ་མཐའ་བཞི་ཡིས་བདེན་དོན་ལེགས་གཏན་འབེབས། ། འཕགས་ཡུལ་བསྟན་པའི་མངའ་བདག་རྣམས་ལ་འདུད། ། རྙིང་མ་བཀའ་གདམས་ལམ་བཟང་ས་སྐྱ་བ། ། བཀའ་བརྒྱུད་ཤངས་པ་གྲུབ་པའི་སྲོལ་འཛིན་དང་། ། ཞི་བྱེད་ཇོ་ནང་ཨོ་རྒྱན་བསྙེན་སྒྲུབ་སྟེ། ། གངས་ཅན་ཤིང་རྟ་བརྒྱད་ཀྱི་སྲོལ་འདི་བཤད། །




