ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | ཨ་ཏི་དགོན། | མཚམས་པ་ངག་དབང་གྲགས་པ། | རྙིང་མ། | |
| ༢ | ཡངས་པ་ཅན་དགོན། | ཕྱི་ལོ་ ༡༥༠༣། | ཞྭ་དམར་ཆོས་གྲགས་ཡེ་ཤེས། | བཀའ་བརྒྱུད། |
| ༣ | རྒ་ལོ་དགོན། | དུས་རབས་ ༡༢། | དཔལ་ཆེན་རྒ་ལོ་མཐུ་སྟོབས་དབང་ཕྱུག | བཀའ་བརྒྱུད། |
| ༤ | རྡོ་རྗེ་གླིང་། | དུས་རབས་ ༡༢། | ཀརྨ་དུས་གསུམ་མཁྱེན་པ། | བཀའ་བརྒྱུད། |
| ༥ | ལ་ཐོག་སྒར་པ། | བཀའ་བརྒྱུད། | ||
| ༦ | བྱ་མདོ་དགོན། | དགེ་ལུགས། | ||
| ༧ | ཁང་དམར་དགོན། | དུས་རབས་ ༡༨། | ལྷ་བཟང་ཁང་། | དགེ་ལུགས། |
| ༨ | རྐྱང་རག་དགོན། | ཕྱི་ལོ་ ༡༧༧༩། | པཎ་ཆེན་དཔལ་ལྡན་ཡེ་ཤེས། | དགེ་ལུགས། |
| ༩ | བཀྲ་ཤིས་དེའུ་དགོན། | |||
| ༡༠ | རག་རིན་རི་ཁྲོད། | |||
| ༡༡ | རྟེན་མཁར་དགོན། | |||
| ༡༢ | གནམ་མཚོ་དགོན། |
གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | འབྲོམ་སྟོན་རྒྱལ་བའི་འབྱུང་གནས། | ཡངས་པ་ཅན། | ༡༠༠༤-༡༠༦༤ | བཀའ་གདམས་སྲོལ་འབྱེད་པ། |
| ༢ | ཁྲི་ཆེན་ངག་དབང་ཆོས་འཕེལ། | མར་རྐྱང་། | ༡༧༦༠-༡༨༣༩ | དགའ་ལྡན་ཁྲི་ཐོག་བདུན་ཅུ་པ། |
| ༣ | ཀརྨ་ཞྭ་དམར་མཁའ་སྤྱོད་དབང་པོ། | ཡངས་པ་ཅན། | ༡༣༥༠-༡༤༠༥ | ཞྭ་དམར་སྐུ་ཕྲེང་གཉིས་པ། |
| ༤ | རྡོ་རྗེ་ཕག་མོ་སྙན་གྲགས་བཟང་མོ། | གཉན་གྲོང་། | རྡོ་རྗེ་ཕག་མོ་སྐུ་ཕྲེང་གསུམ་པ། | |
| ༥ | མ་སྤྲུལ་འཇིགས་མེད་དབང་པོ། | འདམ་ཤོད་ཁང་དམར། | ༡༨༥༦-༡༩༡༥ | |
| ༦ | སྒྲུབ་ཁང་བསྟན་འཛིན་རྒྱ་མཚོ། | ཁྲེ་མདོ་ཁུལ། | -༡༩༡༧ | |
| ༧ | མཚམས་པ་བློ་བཟང་ཉི་མ། | ཀོ་རབ། | -༡༩༧༨ | |
| ༨ | མཁའ་འགྲོ་ཨོ་རྒྱན་མཚོ་མོ། | ཡ་ཡུ་གྲོང་ཚོ། | ༡༨༩༨-༡༩༧༠ | |
| ༩ | ཁང་དམར་བསྟན་འཛིན་དགྲ་འདུལ། | ༡༩༠༥-༡༩༦༨ | ||
| ༡༠ | ངག་དབང་ཆོས་འཕེལ། | མར་རྐྱང་། | ༡༧༦༠-༡༨༣༩ | |
| ༡༡ | མཁས་གྲུབ་དར་རྒྱ་བ་མཆོག | ཐང་ལྷའི་འགྲམ། | དུས་རབས་ ༡༤། | གནས་ནང་གི་གདན་ས་པ་མཛད། |
| ༡༢ | མཁའ་འགྲོ་བསོད་ནམས་དཔལ་འདྲེན། | བྱང་འདམ་གཞུང་། | ཕྱི་ལོ་ ༡༣༨༨། | བུད་མེད་སྤྲུལ་སྐུ། |
གསུམ་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| རྗེས་ཤུལ། | སོག་རིགས་གཞིས་ཆགས་རྗེས་ཤུལ། | འདམ་གཞུང་རྒྱུད། | ༸གོང་ས་ལྔ་པ་ཆེན་པོའི་སྐབས་སོག་རིགས་དཔོན་འབངས་རྣམས་ཁུལ་དེར་གཞིས་ཆགས་པའི་ཤུལ་ཡོད། |
| གནས། | ཐང་ལྷའི་དཀོར་མཛོད། | སྙིང་གྲོང་དང་གནམ་མཚོའི་བར། | མཚན་གཞི་ལྷའི་རྟེན་མཁར་རམ་རྟེན་མཛོད་ཅེས་ཀྱང་བརྗོད། རྟེན་མཁར་དེ་ཁང་པ་ཉིས་ཐོག་དང་དེ་སྔ་བོད་གཞུང་ནས་ལོ་ལྟར་གསེར་དངུལ་དང་། དར་གོས། ཇ་མར། འབྲུ་སྣ། ལྷ་བུམ་ཀླུ་བུམ་སོགས་སྐྱེལ་འཇུག་བྱེད། |
| གནས། | སྐྱིད་ཀྱི་གྲོ་མ། | ཐང་ལྷའི་རི་རྒྱུད། | སློབ་དཔོན་རིན་པོ་ཆེའི་སྒྲུབ་ཕུག་ཡིན་པར་གྲགས། |
| གནས། | ཐང་ལྷའི་ཤེལ་ཕུག | ཐང་ལྷའི་རི་རྒྱུད། | སློབ་དཔོན་རིན་པོ་ཆེའི་སྒྲུབ་ཕུག་ཡིན་པར་གྲགས། |
| གནའ་ཤུལ། | བཀྲ་ཤིས་མདོ། | གནམ་མཚོ། | གྲགས་ཅན་གྱི་གནའ་ཤུལ་ཇི་སྙེད་ཅིག་ཡོད། |
| གནས། | གཉན་ཆེན་ཐང་ལྷ། | སྙིང་གྲོང་དང་གནམ་མཚོའི་བར། | བོད་དུ་གྲགས་ཆེ་བའི་རི་ཆེན་ཞིག དེའི་རྩེ་མོ་གངས་རི། རི་སྐེད་གཡའ་དང་རྫ། རི་གཤམ་སྤང་དང་སྤ་མའི་ནགས་ལ་རྩ་ཆུ་འཛོམ་པ་སོགས་ཀྱི་ཁྱད་ཆོས་ཡོད། རི་ཆེན་པོ་དེ་ནི་བོད་ཀྱི་སྲིད་པའི་ལྷ་དགུའི་ཡ་གྱལ་ཐང་ལྷ་ཡ་ཤུར་རམ་གཉན་ཆེན་ཐང་ལྷ་ཞེས་དྲི་ཟ་ཟུར་ཕད་ལྔ་པའི་གནས་སམ་ཕོ་བྲང་ཡིན་པར་གྲགས། |
ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན།
འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་ནི་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་དུས་ཡུན་རིང་པོའི་བར་འདམ་གཞུང་ཁུལ་དུ་སོག་པོ་གུར་ཤྲི་ཁང་འཁོར་རྒྱུད་དང་བཅས་པ་སྡོད་པའི་སྐབས་ཐོག་མར་དར་བ་ཞིག་ཡིན་པའི་ཤོད་སྲོལ་འདུག་ལ། དེང་སྐབས་ཀྱང་དེ་གར་རྟ་རྒྱུག་འགྲན་ཚོགས་བྱེད་སྐབས་སོག་གླུ་ལེན་པའི་སྲོལ་ད་དུང་ཉམས་མེད་པ་གསུངས། འདམ་གཞུང་རྟ་རྒྱུག་འགྲན་ཚོགས་ནི་བོད་ཟླ་ ༧ ཚེས་ ༡༠ ནས་འགོ་བརྩམས་ཏེ་ཉིན་གསུམ་རིང་ཚོགས་ཀྱི་ཡོད་ལ། དུས་སྟོན་དེ་ལ་གྲོ་རིམ་ཚོགས་འདུ་ཡང་ཟེར་ཞིང་རྒྱུ་མཚན་ནི་བླ་མས་ཆོས་ལུགས་རིམ་གྲོ་སྒྲུབ་པའི་དུས་ཆེན་ནམ་ལོ་ལེགས་བྱུང་བ་ལ་རྟེན་འབྲེལ་ཞུ་བ་དང་། ཞིང་འབྲོག་ཐོན་རྫས་བརྗེ་རེས་དང་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཀྱང་ཡིན། དུས་འགྱུར་མ་བྱུང་གོང་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་དེ་བཞིན་འདམ་བརྒྱ་ཤོག་བརྒྱད་ཀྱི་ཚོ་དཔོན་གྱིས་འགོ་འཛིན་བྱེད་པ་དང་། བརྒྱ་ཤོག་བརྒྱད་ཀྱི་སྤྱི་དཔོན་ནམ་བརྒྱ་དཔོན་རྣམས་རྟ་རྒྱུག་འགྲན་ཚོགས་ལ་ཞུགས་དགོས། དེའི་ནང་ནས་བང་རྩལ་དང་མདའ་རྩལ་མཁས་པོ་ཞིག་མང་ཚོགས་ཀྱིས་བདམས་ཏེ་བསྐོ་སྲོལ་མཆིས། བརྒྱ་ཤོག་བརྒྱད་ཀྱི་བྱིས་པ་དང་འགོ་པ་རྣམས་ཀྱིས་མི་རྟའི་རྒྱུག་རྩལ་དང་། རྟ་ཐོག་ནས་མདའ་འཕེན་པ། ཁ་བཏགས་སྒྲུག་པ་སོགས་ཀྱི་འགྲན་བསྡུར་དང་། སྤྱི་རིམ་བྱེད་སྒོ་འཐུས་ཚང་ཐོག་ལྷོ་བྱང་ཡུལ་ཟོག་བརྗེ་ཚོང་དང་རྒྱ་ཟོག་མཁོ་སྒྲུབ་རྒྱལ་པོ་ལོ་ཁྲལ་ཞེས་འདམ་སྤྱི་ལྷན་ཁང་དུ་བརྒྱ་ཤོག་བརྒྱད་སྤྱིའི་གཏན་འབེབས་ལྟར་ལག་འདོན་ཁྲལ་རིགས་བསྡུ་ལེན་དང་གཞས་དང་ཞབས་བྲོ་འཁྲབ་སྲོལ་ཡོད།
གཉིས་པ། གནམ་མཚོའི་ལུག་ལོའི་མཚོ་སྐོར།
འདམ་གཞུང་ཁུལ་དུ་ལུག་ལོའི་མཚོ་སྐོར་ཞེས་པ་ནི་ལོ་འཁོར་བཅུ་གཉིས་ཀྱི་ལུག་ལོ་ནམ་ཤར་དུ། བོད་ཀྱི་ས་ཁུལ་ཁག་ནས་ཡུལ་མི་མང་པོ་གནམ་མཚོར་མཚོ་སྐོར་ལ་འགྲོ་སྲོལ་ཡོད་ཅིང་། དམངས་ཁྲོད་ཤོད་རྒྱུན་དུ་རྟ་ལོར་སྟོད་གངས་རི་དང་། ལུག་ལོར་རྭ་སྒྲེང་ཕོ་རོང་ཐང་དང་། བྱང་གནམ་མཚོ། སྤྲེལ་ལོར་ཙ་རི་བཅས་ལོ་དུས་དེ་དག་ལ་འགྲོ་ཐུབ་ན་བྱིན་རླབས་ཆེ་བའི་གསུང་རྒྱུན་ཡོད། །[1]
[1]. ཀྲུང་གོ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག་ ༤༨།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།