ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་ཚོལ་རྙེད་བྱུང་བའི་རྡོ་བརྐོས་ཀྱི་མི་མངས།
མིག་མངས་ནི། བོད་དུ་དུས་ནམ་ཞིག་ལ་དར་བ་གསལ་པོར་བཀོད་ཡོད་པ་མ་མཐོང་ཡང་།རྒྱའི་ཡིག་ཚང་《ཐང་ཡིག་རྙིང་མ་》ལས་བོད་ཆེན་པོའི་སྲིད་ལུགས་སྐོར་བརྗོད་སྐབས་“རྩེད་མོར་ཤོ་དང་མིག་མངས་” ཞེས་དང་།《ཏུང་ཧོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》 དག་ན་བོད་བཙན་པོའི་བློན་ཆེན་སྤུང་སད་ཟུ་ཙེ་སོགས་ཀྱིས་མིག་མངས་རྩེ་བའི་གཏམ་རྒྱུད་བཀོད་ཡོད་པ། དམངས་སྲོལ་ཞིབ་འཇུག་པ་སྐུ་འབས་དགྲ་ལྷ་ཟླ་བ་བཟང་པོས་བོད་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་ཚོལ་རྙེད་བྱུང་བའི་རྡོ་བརྐོས་ཀྱི་མི་མངས་འཁྲབ་གའི་སོགས་དང་།



