སྤེལ་ཞིབ་ཕྲ།

ཚངས་མགུར་དུ་གྲགས་པའི་མགུར་གླུ་འདི་དོན་ངོ་མ་སུས་བརྩམས་པ་རེད།

ངས་ལོ་ཤས་སྔོན་དུ་ཞིབ་འཇུག་བྱས་ཏེ་ཚངས་མགུར་དུ་གྲགས་པ་འདིའི་ཐད་དུ་དཔྱད་རྩོམ་ཐུང་ངུ་ཞིག་བྲིས་ཀྱང་། དེ་ཉིད་ཐོག་མའི་གླེང་སློང་མཁན་ལྟ་བུར་གྱུར་ན་ཉེས་པ་ཏོག་ཙམ་མེད་དམ་སྙམ་ནས་ཁྱབ་སྤེལ་མ་བྱས་པར་བཞག་པས་དེ་ཉིད་བོར་བརླག་ཏུ་ཤོར། གནས་ཚུལ་དེ་གླེང་སྐབས་རྩོམ་གྲོགས་འགས་བློ་འགྱོད་གནང་སྟབས། སླར་ཡང་འདིའི་ཐད་དུ་སྐད་ཆ་ཉུང་ཙམ་གླེང་འདོད་ཀྱིས་ཞིབ་འཇུག་བྱས་པས། མགུར་གླུ་འདི་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཡིན་མིན་ཐད་དུ་སྔར་ནས་བཞེད་སྲོལ་མི་མཐུན་པ་ཁ་ཤས་བྱུང་འདུག་སྟབས་འདིའི་ཐད་དུ་བསམ་ཚུལ་ཞིག་བཤད་ཀྱང་འགལ་བ་དེ་ཙམ་མེད་ངེས།
བོད་ཀྱི་སྲོལ་རྒྱུན་རི་མོ་འགའི་བསྟན་དོན།

བོད་ཀྱི་སྲོལ་རྒྱུན་རི་མོ་འགའི་བསྟན་དོན། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་རྣམ་བཅུ་དབང་ལྡན་གྱི་མཚོན་དོན་དང་ཚོན་མདོག་བཤད་པ་ལ། ཐོག་མར་རྣམ་བཅུ་ཞེས་པ་ནི་ལལྫའི་ཡི་གེ་ཧྃ་ཀྵ་མ་ལ་ཝ་ར་ཡ་བཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་གནས་པ་རྣམས་འབྱུང་བའི་ཁམས་དང་སྦྱར་ན་ནམ་མཁའ་དང་། རླུང་། མེ། ཆུ། ས། བརྟན་པ། གཡོ་བ། གཟུགས་མེད་པའི་ཁམས། ཉི་མ། ཟླ་བ་དང་སྣ་ཚོགས་པདྨ་གདན་བཞི་དང་བཅས་པ་སྟེ། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་།། སྒྲ་གཅན་དུས་མེ་ལ་སོགས་གདན་གྱི་སྟེང་།། རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས།། ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས།། མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ།། ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ།། དེ་སྟེང་ཧ་དཀར་སྐྱེ་མེད་ཆོས་སྟོན་པ།། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར།། དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར།། ནཱ་ད་སྔོན་པོ་དུ་བའི་མདོག་ཅན་སོ།། སྤྲིན་རིས་སྨུག་པོ་པདྨའི་ཚལ་དང་མཉམ།། ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད།། ཅེས་གསུངས་ཏེ། དེའི་རིམ་པ་སྣ་ཚོགས་པད་མའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་གདན་བཞིའི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་རང་མདོག་སྟེ། རླུང་གི་ས་བོན་ཡ་ནག་པོ(ལྗང་གུ་ཞེས་ཀྱང་གསུངས)། མེའི་ས་བོན་ར་དམར་པོ། ཆུའི་ས་བོན་ཝ་དཀར་པོ།སའི་ས་བོན་ལ་སེར་པོ། མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནག  ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗང་གུའོ།། གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ(དཀར་པོ་ཡང་གསུངས)གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ།…
བོད་ཀྱི་རྐང་རྩེད་སྤོ་ལོའི་བྱུང་བ་དང་འཕེལ་རིམ།

བོད་ཀྱི་ཆེས་ཐོག་མའི་རྐང་གྲུག་རུ་ཁག   2018ལོའི་དབྱར་དུས་ཀྱི་ཚ་གདུག་དང་བསྡོངས་ནས་ཨུ་རི་སུའི་འཛམ་གླིང་བུམ་པའི་མགོ་བརྩམས་པ་དང་།    དེ་ནི་འཛམ་གླིང་མི་དམངས་ཀྱིས་བརྗེད་མི་སྲིད་པའི་ཕྱིར་དྲན་ཆེན་པོ་ཞིག་དང་རྐང་གྲུག་ལོ་རྒྱུས་ཀྱི་སྒོ་མོ་གསར་བ་ཅིག་གི་སྒོ་འབྱེད་དང་།ཡང་ན་རྐང་གྲུག་དང་འབྲེལ་བའི་དགའ་སྐྱོ་ཆགས་སྡང་གི་ཁྱད་འཚར་གཏམ་རྒྱུད་མང་པོ་ཅིག་ལ་གླེང་སློང་བྱས་པ་རེད།  དེར་བརྟེན་གོ་ལའི་རྒལ་ཚིགས་སུ་འབོད་པའི་མདོ་དབུས་མཐོ་སྒང་གི་བོད་ཀྱི་གྲུག་དད་པ་དག་གི་རྐང་གྲུག་ལ་དགའ་བའི་དད་མོས་ཀྱང་འཛམ་གླིང་བུམ་པའི་རླབས་རྒྱུན་དང་འགྲོགས་ནས་དྲག་དུ་འཕེལ་ཀྱིན་འདུག  བོད་ཀྱི་སྟག་ཤར་དག་གི་ཤ་དར་ཁྲག་དར་གྱི་ལུས་པོ་དང་རྐང་གྲུག་གི་རྩལ་ནུས་སོགས་ལ་བལྟས་ན་གནས་འདི་ཨང་རྐང་གྲུག་གི་དད་མོས་བླ་ལྷག་དུ་འཕེལ་བའི་རྐང་གྲུག་གི་རྒྱལ་ཁམས་ཅིག་མི་འགྱུར་བའི་ངེས་བའང་མི་འདུག་སྙམ། དབྱིན་ཇི་བ་དང་འགྲན་བསྡུར་བྱེད་པའི་ཡུལ་ངོས་ཀྱི་ཟུར་ཅིག གནས་འདིའང་རྐང་གྲུག་ལ་སྲོག་བཞིན་གཅེས་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་དང་འདྲ་བར།    ས་འདིའི་སློབ་མ་དང་།  ལས་བྱེད་པ།   གྲྭ་བཙུན་སོགས་ཀྱི་དབྱེ་བ་མེད་པར་རྐང་གྲུག་ལ་དགའ་མཁན་ཧ་ཅང་མང་།   ལྷག་པར་དུ་ལོ་བཞི་རེའི་རྗེས་སུ་ཐེངས་རེར་ཚོགས་ཀྱིན་པའི་འཛམ་གླིང་བུམ་པའི་དུས་སྐབས་སུ།  མཐོ་སྒང་གི་གྲུག་དད་པ་དག་གིས་ཀྱང་ནུབ་མའི་གཉིད་བཅག་དེ་བརྙན་འཕྲིན་གྱི་འགྲམ་དུ་རང་ཉིད་དགའ་སའི་གྲགས་སྐར་དག་གི་འགྲན་བསྡུར་ལ་རྣམ་རིག་དཀྲོག་དཀྲོག་གིས་སྒུག་སྲིད།     གནའ་བོའི་བོད་ཀྱི་རྟ་ཐོག་སྤོ་ལོ། བོད་པ་དང་སྤོ་ལོའི་ལས་དབང་ནི་གནའ་བོའི་བོད་ཀྱི་རྟ་ཐོག་སྤོ་ལོ་ནས་མགོ་རྩོམ་དགོས་ཀྱི་འདུག་སྟེ།སྔ་མོའི་དུས་སུ་རྟ་ཐོག་སྤོ་ལོ་ལ་ཡོངས་ཁྱབ་དུ་སྤོ་ལོ་ཞེས་འབོད་ཀྱི་ཡོད་པ་དང་།ད་ལྟའི་དབྱིན་ཡིག་གི་ཁྲོད་དུ་སྤོ་ལོའི་རིགས་ལ་ཡོངས་ཁྱབ་དུ་བཀོལ་ཀྱིན་པའི་ballཞེས་བའང་བོད་ཀྱི་སྤོ་ལོ་ཞེས་བའི་སྒྲ་བསྒྱུར་ཡིན་པར་ངེས་འཛིན་ཀྱིན་འདུག  དེ་བཞིན་བོད་སྐད་ཀྱི་ཁྲོད་དུའང་སྤོ་ལོ་ཞེས་བའི་མིང་ཚིག་འདི་ནི་སྤོ་ལོ་རིགས་ཀྱི་ཡོངས་ཁྱབ་སྤྱི་མང་དུ་བཀོལ་ཀྱིན་འདུག   དེ་ལྟར་བསམ་བཞིག་བྱས་ཚེ་བོད་པ་དང་སྤོ་ལོའི་ལས་དབང་དང་འབྲེལ་འདྲིས་ཀྱང་དེ་འདྲའི་ཧ་ཅང་རྒྱང་ཐག་རིང་བོ་ཞིག་མིན་པར་བསམ།
དབུས་ཀྱི་ཡིག་མཁན་ཁ་སྤུ་ཅན་གྱི་གཞུང་བྲིས་འབྲི་སྟངས།

༄༅། །ངོ་སྤྲོད་མཚམས་སྦྱོར།   དབུས་ཀྱི་བྲིས་པ་ལེགས་བཤད་བཟོད་པ། འཕྲིན་མིང་ཁ་སྤུ་ཅན། སྤྱི་ལོ་ ༡༩༦༧ ལོར་བོད་ལྗོངས་ལྷ་སའི་བྱང་ཕྱོགས་འཕན་ཡུལ་དུ་སྐྱེས། རང་ལོ་བརྒྱད་ཙམ་ནས་སློབ་ཆུང་དུ་བསྐྱོད་ནས་ལོ་མང་བྱང་ཤིང་ཐོག་ཡི་གེ་སྦྱངས།  སྤྱི་ལོ་ ༡༩༨༦ ལོར་དཔལ་ནཱ་ལེནྡྲ་དགོན་དུ་ཞུགས་ནས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་ཞིབ་འཇུག་དང་དོ་སྣང་ཞུས། ཕྱིས་སུ་གཞུང་བྲིས་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་དང་། གླིང་དབོན་པདྨ་སྐལ་བཟང་མཆོག ཅོག་གྲྭ་རིན་པོ་ཆེ་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་བྲིས་བྲིས་རྒྱུན་གྱི་ཁྱད་ཆོས་དང་དཀའ་གནད་དོགས་སེལ་ཞུས། དགེ་བའི་བཤེས་གཉེན་རྣམ་པས་རྟག་ཏུ་ཐུགས་བརྩེ་ཆེན་པོས་མཛུབ་སྟོན་དམར་ཁྲིད་དང་། ཕྱག་འབེབས་ཀྱང་མང་དུ་ཐོབ་པས་གཞུང་བྲིས་ཡིག་གཟུགས་ལ་གཏིང་ཚུགས་པའི་ངེས་པ་རྙེད། གཞན་ཡང་བཀའ་དྲིན་ཅན་གྱི་སློབ་དཔོན་རྒན་ཡེ་ཤེས་ངག་དབང་མཆོག་དང་། ཡིག་མཁན་ཆེན་མོ་རྒན་བསྟན་འཛིན་མཆོག རྒན་ཡེ་ཤེས་ཚུལ་ཁྲིམས་མཆོག ས་བྲིས་དགེ་རྒན་ཆེན་མོ་རྒན་སེངྒེ་དར་རྒྱས་སོགས་དང་། ལྷག་བསམ་ཅན་གྱི་བྲིས་གྲོགས་མང་པོས་རྟག་ཏུ་སྐྱོན་བརྗོད་དང་སློབ་སྟོན་མང་པོ་གནང་བའི་བཀའ་དྲིན་ལས་སྲོལ་རྒྱུན་ཡིག་གཟུགས་སྣ་ཚོགས་ལ་ངེས་ཤེས་གང་ཙམ་རྙེད་ཅིང་། ཁོ་བོའི་ཡིག་གཟུགས་ལ་མཁས་དབང་རྣམ་པའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ།
སྐྱིད་ཟུར་ལགས་དང་། ཁོང་གི་མཚར་གཏམ།

ངོ་སྤྲོད་མདོར་བསྡུས། སྐྱིད་ཟུར་ལགས་ནི་༸གོང་ས་རྣམ་འདྲེན་བཅུ་གསུམ་པའི་སྐབས་ཀྱི་བོད་གཞུང་གི་དྲུང་དཀྱུས་ཤིག་ཡིན་འདུག་ལ། གཞུང་གི་ཞབས་འབྲིང་དྲག་ཤོས་མིན་སྟབས་འཁོས་འབྱོར་ཅུང་ཞན་ཚོད་དུ་འདུག འོན་ཀྱང་སྐྱིད་ཟུར་ལགས་ནི་ཁ་བདེ་ལྕེ་བདེ་དང་། མགོ་བདེ་དྲན་འཕྲུལ་རིག་བསྐྱེན་ཞིག་ཏུ་འདུག་སྟེ། ཁོང་དང་འབྲེལ་བའི་མཚར་གཏམ་ཤིན་ཏུ་རྒོད་བྲོ་བ་མང་ཙམ་ཞིག་འདུག་པ་དང་། ཉིད་ཀྱིས་དྲན་ཐོ་འདི་ཀློག་སྐབས་དེ་སྔའི་གཞུང་གི་བསྟན་སྲིད་གཉིས་ཐད་ཀྱི་ཆགས་ཆེ་ཉམས་ང་དང་འདས་དོན་བསྐྱུར་པོ་དེ་དག་དྲན་པ་ཙམ་གྱིས་ཀྱང་ཡིད་སེམས་ཀློང་ཀློང་པོར་གཏོང་བ་དེ་ཙམ་མ་ཡིན་པར་ཐུགས་ལྷོད་ལྷོད་ངོས་སྐྱིད་ཟུར་ལགས་གྱི་མཚར་གཏམ་དག་ལ་ཐེངས་གཅིག་རོལ་བར་བྱས་ཆོག་པ་དང། གཤམ་འཁོད་དྲན་ཐོ་འདི་ནི་ལྷ་ཞོལ་གྱི་རྒན་པོ་བགྲེས་པོ་རྣམས་ཀྱིས་གཞུང་ཞབས་སྐྱིད་ཟུར་ལགས་ཀྱི་མཚར་གཏམ་ངག་རྒྱུན་རྣམས་བློ་བཟང་འཇམ་དཔལ་དང་། ཚེ་རིང་སྒྲོལ་མ། མིག་དམར་བཅས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན་འདུག་པ་པར་དབང་ཁོང་མི་གསུམ་ལ་ཡོད་པ་ཀུན་གྱིས་ཤེས་རྟོགས་བྱ་རྒྱུའི་གཞེན་སྐུལ་དང་བཅས་སོ།།
བོད་ཡིག་གི་གསལ་བྱེད་སུམ་ཅུའི་སྨྱུག་རིམ་ཀུན་གསལ་དགེ་སློབ་དགྱེས་པའི་སྟོན་མོ།

འཇམ་མགོན་ས་སྐྱ་པཎྜི་ཏས། གང་དག་ཡི་གེ་འབྲི་བ་པོ། །སྙོམས་གཙང་འགྲིགས་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་འཕང་ཐོབ་པ་ཡིན། །ཞེས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེ་ཆེན་པོ་ཀོང་སྤྲུལ་རིན་པོ་ཆེས། ཆ་ཚད་འབྲི་གཞི་སྣག་སྙུག་མཁས་པར་བསླབ། །གཙང་སྒྲོས་དག་པ་ཆེ་ཕྲག་ཀུན་ལ་གཅེས། །ཞེས་དང་། རྗེ་བསྟན་དར་ལྷ་རམས་པའི་ཞལ་ནས། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་བ། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་དང་། གནའ་བོའི་ངག་རྒྱུན་ལས། སྣག་ཤོག་སྙུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །ཞེས་དང་། དོར་ཞི་གདོང་དྲུག་སྙེམས་བློས། རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན། །ཁ་འཁྱོགས་སྣ་རྡིབ་བུ་མོ་ན་ཆུང་བཞིན། །དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། །ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ། །ཞེས་གསུངས་པ་ལྟར་ཡིག་གཟུགས་གལ་གནད་ཆེ་བར་གསུངས་པ་ལྟར། འདིར་བོད་ཡིག་གི་གསལ་བྱེད་སུམ་ཅུའི་སྨྱུག་རིམ་ཀུན་གསལ་དགེ་སློབ་དགྱེས་པའི་སྟོན་མོ་གསལ་བར་བསྟན་པ་ལྟར་འབྲི་གལ་ཆེའོ།།