༄༅། །ཀ་སོགས་སུམ་ཅུ་ལ་སྤེལ་བ་བཞུགས།།

༄༅། །ཀ་སོགས་སུམ་ཅུ་ལ་སྤེལ་བ་བཞུགས།། ༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། ཀ་ལ་པིངྐའི་དབྱངས་ལྟར་སྙན་གསུང་གིས། ། ཁ་ན་མ་ཐོའི་ཚོགས་འཇོམས་ཐར་པའི་གླིང༌། ། ག་ལ་བ་དེར་གདུལ་བྱ་འདྲེན་མཛད་ཅིང༌། ། ང་དང་ང་ཡིར་འཛིན་སྤངས་དེ་ལ་འདུད། །
ལྷ་བླ་མ་བྱང་ཆུབ་འོད་རྣམ་ཐར་སྙིང་བསྡུས།

ལྷ་བླ་མ་བྱང་ཆུབ་འོད་རྣམ་ཐར།   དེ་ཡང་ལྷ་བླ་མ་བྱང་ཆུབ་འོད་ནི། མངའ་རིས་ཀྱི་གུ་གེ་རྒྱལ་པོ་མངའ་བདག་ལྷ་ལྡེའི་བུ་གསུམ་གྱི་བར་པ་བཀྲ་ཤིས་འོད་ཡིན། རྗེས་སུ་རབ་ཏུ་བྱུང་བའི་མིང་ལ་བྱང་ཆུབ་འོད་ཟེར། ཁུ་བོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས། ཁོང་གིས་བསྐུལ་མ་ཞུས་པ་ལྟར་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ཀྱང་བརྩམས་པ་གནང་། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་ཆོས་འབྱུང་དུ་གསལ་[1]ལ།
ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་སྙིང་བསྡུས།

ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།   དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ནི། མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ཀྱི་ཆུང་བ་ཡིན། ཐོག་མར་ཆུང་དུས་ཀྱི་མིང་ལ་སྲོང་ངེ་ཟེར་ཞིང་། རྗེས་སུ་རྒྱལ་པོ་བྱས་པའི་མིང་ལ་ཁྲི་ལྡེ་སྲོང་གཙུག་བཙན་ཟེར་ལ། ཚེ་སྨད་རྒྱལ་སྲིད་གཅེན་པོ་ལ་གཏད་ནས་རང་ཉིད་རབ་ཏུ་བྱུང་བའི་མིང་ལ་ལྷ་བླ་མ་ཡེ་ཤེས་འོད་ཟེར། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་ཆོས་འབྱུང་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་བཅས་སུ་གསལ་[1]ལོ།།
བོད་ཀྱི་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ལགས་ཀྱི་འོད་སྟོང་འབར་བའི་སྒྱུ་རྩལ་བཞུད་ལམ།

བོད་ཀྱི་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ལགས་ཀྱི་འོད་སྟོང་འབར་བའི་སྒྱུ་རྩལ་བཞུད་ལམ།   འཇམ་དཔལ།     ཁོང་ནི། སྤྱི་ལོ1956ལོར་བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། 1981ལོར་ཧྲང་ཧེ་ཟློས་གར་སློང་གླིང་ནས་བསླབ་མཐར་ཕྱིན། ཀྲུང་གོའི་ཟློར་གར་མཁས་ཅན་པའི་ཚོགས་པའི་ཚོགས་མི་དང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་མི་ཡིན། ད་ལྟ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱལ་ཁབ་གྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་པ་དང་། ཁོང་གིས་སྔ་རྗེས་སུ་གཏམ་བརྗོད་ཟློས་གར་རིང་ཤོས«སྲོང་བཙན་སྒམ་པོ»དང«པོ་ཏ་ལའི་འཕོར་འགྱུར»«གནས་མཆོག་སུ་སྐྱོད་པའི་ལམ»«རྫོང་རིའི་རྣམ་ཤེས»«ཡང་རྩེ་བརྒལ་བ»སོགས་སུ་གཙོ་འཁྲབ་གྱི་འགན་བཞེས་གནང་ཞིང་། ད་ལ་ཐུག་གི་བར་དུ་གཏམ་བརྗོད་ཟློས་གར་མང་པོའི་ནང་དུ་སྣང་བརྙན་མི་འདྲ་བའི་མི་སྣ་དུ་མ་བཞེངས་སྐྲུན་གནང་མྱོང་ཡོད།
༄༅། །བོད་བཙན་པོའི་གདུང་རྒྱུད་ཨེ་ལྷ་རྒྱ་རིའི་མིང་གི་གྲུབ་ཚུལ་དང་གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་ལ་མདོ་ཙམ་དཔྱད་པ།

༄༅། །བོད་བཙན་པོ(གླང་དར་མ་འུ་དུམ་བཙན་)འི་གདུང་རྒྱུད་ཨེ་ལྷ་རྒྱ་རིའི་མིང་གི་གྲུབ་ཚུལ་དང་གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་ལ་མདོ་ཙམ་དཔྱད་པ། རྩོམ་པ་པོ། བསྟན་འཛིན་ཆོས་སྒྲོན། [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་ཨེ་ལྷ་རྒྱ་རི་ནི་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་ཚུལ་དང་། འགྲོ་མགོན་ཕག་མོ་གྲུ་པའི་དུས་ནས་(1110—1175)ད་བར་ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་ཁྲིམས་སྒོ་རང་བཙན་དུ་གནས་ཐུབ་པ་མ་ཟད། དུས་རབས་རིམ་བྱོན་གྱི་སྲིད་འཛིན་བདག་པོ་དེ་དག་གིས་སྡེ་དཔོན་མི་དྲག་གཞན་དང་མི་འདྲ་བར་མཐོང་གཟོས་བདག་རྐྱེན་དཔེ་མེད་ཇི་བཞིན་སྩོལ་གནང་མཛད་ཚུལ། ཨེ་ལྷ་རྒྱ་རིའི་མིང་གི་གྲུབ་ཚུལ་དང་དེ་ཉིད་བཙན་པོའི་གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་ལ་ལུང་དང་རིག་པས་དཔྱད་པ་ཅུང་ཟད་བྱས་ཡོད། [བརྡ་ཆད་གཙོ་བོ།] ཨེ། རྒྱ་རི། ཚ་རོང་བཙད་པོ། ལྷ་འབྲི་སྒང་། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281 [ཡིག་ཚང་མཚན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0016-10