༄༅། །ཐེག་ཆེན་ལ་སློབ་པར་འདོད་པས་ གཞན་དོན་སྒྲུབ་དགོས།
གསུང་མཁན། ཧའོ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ མཆོག གསུང་གནས། ཧའོ་དགོན་ཐར་ལམ་བཤད་གྲྭ། གསུང་དུས། ༢༠༢༡ ༡༢ ༢༤
གཞན་དོན་སྒྲུབ་རྒྱུ་དེའང་སངས་མ་ རྒྱས་ཀྱི་བར་དུ་སྒུག་ནས་སྡོད་རྒྱུ ་མ་ཡིན་པར། ད་ལྟ་ལམ་ལ་སློབ་པའི་གནས་སྐབས་ ནས་ཀྱང་སྒྲུབ་ཅིང་། དེ་ལྟར་བྱས་པས་བདེ་སྐྱིད་འབྱུང་ ལ། སངས་རྒྱས་ནས་ཀྱང་འབྱུང་བ་ཡིན་ཏེ ། དེ་ལ་བརྟེན་ནས་རང་གཞན་གྱི་དོན་ གཉིས་དང་། དེ་ལས་ཀྱང་གཞན་དོན་གཙོ་བོར་བྱས་ པའི་རྒྱུ་མཚན་གྱིས། སེམས་ཀྱང་ཧ་ཅང་སྐྱིད་པོ་ཆགས་ཐུ བ་ཀྱི་རེད།
ཉེ་བའི་ཆར་ཡང་ནས་ཡང་དུ་ཞུས་པ་ལྟ ར་དུ་གཞན་ལ་ཕན་པའི་བསམ་བློ་བཏང་ བའི་སྒོ་ནས་ལས་ཀ་ཞིག་བྱེད་རྐྱང་ བྱས་ན། དེ་ལ་དགའ་སྣང་དང་སྤྲོ་སྣང་དམི གས་བསལ་ཞིག་སྐྱེ་རྒྱུ་ཡོད་པ་རེ ད། གལ་ཏེ་རང་ཉིད་རྐྱང་རྐྱང་བསམ་ནས་ ལས་ཀ་གཅིག་བྱས་གཉིས་བྱས་ན། དེའི་དབང་གིས་སེམས་སྦུག་དེ་ཇེ་ བས་ཇེ་དོག་ཏུ་སོང་ནས། མཐའ་མར་སྨྱོ་ནད་ཕོག་སྟེ་རང་ཤི་ རྒྱག་དགོས་པའི་ཉེན་ཁ་ཡང་འཕྲད་ཀྱི ་ཡོད་པ་རེད། དངོས་གནས་དེ་འདྲ་ཡིན་པ་རེད། རང་ཞེས་པ་དེར་འཛིན་པ་ཆེ་དྲགས་ན་ དེས་རང་སེམས་ཚུར་ཚུར་གཅུར་ནས། དུས་གང་ཙམ་ཞིག་ན་དཔེར་ན་སྲིན་ འབུའི་ཁ་ཆུས་སྲིན་འབུ་རང་ཉིད་ བཅིངས་ནས་མཐར་འཆི་འགྲོ་གི་ཡོད་ པ་དང་གཅིག་པ་གཅིག་རྐྱང་ཆགས་ཀྱི་ རེད། དེང་སང་འཛམ་གླིང་ཁྱོན་གྱི་སྟེང་ དུ་གནས་ཚུལ་དེ་རིགས་མངོན་གསལ་དོ ད་པོ་ཆགས་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ དུ་རང་ཞེས་པའི་བསམ་ཚུལ་དེ་རྩལ་ དུ་བཏོན་ཞིང་སྐད་ཆ་དེ་ལྟར་བཤད་ དྲགས་པའི་དབང་གིས། རང་དོན་བྱུང་ན་འགྲིག་པ་དང་རང་དོ ན་མ་བྱུང་ན་སུ་ལའང་བརྩི་དགོས་དོ ན་མེད་སྙམ་པའི་བསམ་བློ་དང་། བརྩི་འཇོག་བྱེད་འདོད་མེད་པའི་སྒོ ་ནས་ལས་ཀ་བྱས་བྱས་པའི་མཐའ་མར་ རང་ཤི་རྒྱག་དགོས་མཁན་དེ་འདྲ་མང་ པོ་ཞིག་ཡོད་པ་རེད། སྒོར་མོ་ཁྲི་སྟོང་མང་པོ་ཡོད་ན་ ཡང་རང་ཤི་རྒྱག་མཁན་མང་པོ་ཡོད་པ་ རེད། དེ་ནི་རང་ཉིད་རང་གིས་གཅུར་དྲག་ པའི་མཇུག་འབྲས་ངན་པ་ཞིག་རེད། དེ་ཡང་རང་མ་གཏོགས་གཞན་ཅི་ལའང་ བསམ་བློ་གཏོང་རྒྱུ་མེད་པའི་དབང་ གིས་ལན་པ་རེད། རྒྱུ་མཚན་དེ་འདྲ་ཡིན་པའི་ཕྱིར་ ན། དེ་དག་ལ་ཕན་པར་བྱ་བའི་གདམས་ངག་ གཅིག་པུ་དེ་གང་ཡིན་ནམ་ཞེ་ན། དེ་ནི་གཞན་ཕན་གྱི་ལས་ཀ་ལ་འཇུག་ པར་བྱ་རྒྱུ་ཞེས་པ་དེ་ཡིན་པ་རེད། དེ་ཡང་རང་ལ་ཕན་པ་སྣ་གཅིག་ཐོགས་ རྒྱུ་མེད་པར་རང་གིས་ཕར་རྐྱང་རྐྱ ང་གཏོང་དགོས་བྱུང་ནའང་གཏོང་རྐྱ ང་བྱས་ན། དེའི་དབང་གིས་གཞན་ཕན་གྱི་ལས་ཀ་ སྒྲུབ་མཁན་དག་གི་སེམས་ནི་ནམ་ཡང་ གུ་ཡངས་ཡིན་པ་རེད། དེ་ནི་ནམ་ཡང་བདེ་སྐྱིད་རེད།
དེ་ཡང་གཞན་ཕན་སྒྲུབ་པའི་སྟོབས་ ཀྱིས་ད་ལྟ་ལམ་ལ་སློབ་པའི་གནས་སྐ བས་ན་རང་ཉིད་ལ་བདེ་ཞིང་སྐྱིད་པ་ བྱུང་གི་ཡོད་པ་ཙམ་དུ་མ་ཟད། མཐའ་མར་སངས་རྒྱས་པའི་ཚེ་ན་ནི་ གཞན་ཕན་གྱི་བསམ་བློ་དེ་མཐར་ཕྱི ན་པའི་བདག་ཉིད་ཅན་ཞིག་ཡིན་པའི་ ཕྱིར་ན། གཞན་དོན་ལ་འབད་བརྩོན་བསྟེན་མི་ དགོས་པར་གོམས་པའི་དབང་གིས་ངང་གི ་འཇུག་ཐུབ་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་འདྲ་ཡིན་པའི་ཕྱིར་ ན་མདོ་སྡུད་པ་ལས་ཀྱང་། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་ བྱེད་ཐེག་པའི་མཆོག །དེ་གང་བཞོན་ནས་སེམས་ཅན་ཐམས་ཅད་ མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེ་ཞེས་ རབ་བརྗོད་དོ། །ཞེས། ཐེག་པ་ཆེན་པོ་འདི་ནི་ནམ་མཁའ་དང་ འདྲ་བར་མཐའ་བཙལ་ཡང་རྙེད་རྒྱུ་མེ ད་ཅིང་། ལྟ་བ་དང་སྒོམ་པ་དང་སྤྱོད་པ་ཡང་ ནམ་མཁའ་དང་འདྲ་བ་ཡིན་པས། དེ་ལ་བརྟེན་ནས་གནས་སྐབས་སུ་དགའ་ སྐྱིད་ཀྱི་བདེ་བ་ཤིན་ཏུ་མང་པོ་ ཐོབ་ནས། གནས་སྐབས་སུ་ལྷ་དང་མིའི་དཔལ་དམ་ པ་ཤ་སྟག་ལ་ལོངས་སྤྱོད་པར་གྱུར་ ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོ བ་པར་འགྱུར་ལ། དེ་ཡང་རང་ཙམ་དུ་མ་ཟད་རང་དང་འབྲེ ལ་པ་ཐོགས་ཚད་ཀྱི་སེམས་ཅན་ཐམས་ ཅད་སངས་རྒྱས་ཀྱི་ས་ལ་འཁོད་ཐུབ་ པའི་ཐེག་པའི་མཆོག་ཏུ་གྱུར་བ་དེ་ ཡིན་པས། དེ་འདྲའི་ཐེག་པ་དེ་ལ་བཞོན་ནས་སེ མས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་ གཏན་འཁེལ་ཉིད་དུ་འགྲོ་ཐུབ་ཀྱི་ ཡོད་པ་ལས། དེ་ལས་གཞན་པའི་ཉན་ཐོས་དང་རང་ སངས་རྒྱས་ཀྱི་ཐེག་པའི་ལམ་དུ་སོ ང་ན། དགྲ་བཅོམ་གྱི་གོ་འཕང་ཐོབ་ནའང་ད་ དུང་སངས་རྒྱས་ཀྱི་ས་དངོས་ལ་སླེ བས་ཐུབ་ཀྱི་མེད་པ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན་གཞན་ ཕན་སྒྲུབ་པའི་རླབས་ཆེན་གྱི་ལམ་ བུ་དེ་ནི་ཐེག་པ་ཆེན་པོ་ཡིན་ཞེས་ མདོ་སྡུད་པའི་ནང་ནས་གསུངས་པ་རེ ད།

