དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་ཁྲལ་འུ་ཁྲིམས་གནོན་སྐོར།
གཉིས། ཁྲལ་འུ་ཁྲིམས་གནོན། ལྕགས་སྟག་ཟླ་ ༩ པའི་ཚེས་ ༢༨ ཉིན་ཡོངས་སུ་གཏན་འབེབས་མཛད་པའི་སྣེ་གདོང་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་རྐང་འགྲོ་ལག་འདོན་སྒྲུབ་ཆག་འཇགས་གསུམ་གྱི་འཁྲི་སྒྲུབ་བྱེད་ལུགས་ཀྱི་ཡིག་ཆ་《ལྕགས་སྟག་ཞིབ་གཞུང་།》ནང་གསལ་ལྟར་ན། རྫོང་དེར་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་འབབ་འཁྲི་སྒྲུབ་ལས་ཆོས་གཞིས་སུ་ཆོད་པའི་ཁྲལ་འབོར་དུ་མཆོད་གཞིས་འདོན་བརྒྱ་དང་བདུན་ཅུ་དོན་བདུན་དང་ལྔ་ཆ་གཅིག