༄༅། །གཙང་གཞུང་རང་རེའི་རྒྱན་ཡིན།

༄༅། །གཙང་གཞུང་རང་རེའི་རྒྱན་ཡིན། རྩོམ་པ་པོ། རྣམ་གླིང་བསྟན་པ། གཙང་པའི་མི་ལ་ཆང་རག་བཏུང་ཤེད་འདུག་ཅེས་མ་གསུངས། ། གཙང་ཡུལ་ལྗོངས་ཀྱི་ཐོན་ཁུངས་གཙོ་བོ་འབྲུ་རིགས་རེད་ལགས། ། གཙང་གི་བུད་མེད་འཁེལ་འཐག་ལག་ཤེས་འདུག་ཅེས་མ་གསུངས། ། གཙང་པའི་བུ་མོ་ཨ་ཅེ་སྣང་བཟའི་རྒྱུད་འཛིན་རེད་ལགས། ། གཙང་པའི་མི་ལ་ལས་ཀའི་ཧུར་བརྩོན་འདུག་ཅེས་མ་གསུངས། ། བརྩོན་པ་སྔས་མགོར་བརྒྱབ་ནས་འདོད་དོན་སྒྲུབ་པར་བྱེད་ཀྱི། ། གཙང་པའི་མི་ལ་ཤེས་བྱ་ཡོན་ཏན་མི་འདུག་མ་གསུངས། ། གཙང་པའི་ཕོ་གཞོན་མོ་གཞོན་མགོ་བོ་དགྱེ་དགྱེར་བཞུགས་འདུག །
རྔོ་ལུང་མདའ་དཔོན་རྡོ་རྗེ་རྣམ་རྒྱལ།

རྔོ་ལུང་མདའ་དཔོན་རྡོ་རྗེ་རྣམ་རྒྱལ།     གཙང་ལ་སྟོད་ལྷོ་ཁུལ་གྱི་སྒེར་པ་བོད་གཞུང་གི་གཞུང་ཞབས་སྔོན་མོ་ལུང་པ་(རྔོ་ལུང་། རྔོན་ལུང་)མདའ་དཔོན་རྡོ་རྗེ་རྣམ་རྒྱལ(1906- )། བོད་གཞུང་གི་སྲིད་བློན་གླང་མདུན་གྱི་འགག་པ། རྩྭ་གཉེར། སྟོད་མངའ་རིས་སྤྱི་ཁྱབ་སྒར་དཔོན། མངའ་རིས་མདའ་པ་རྫོང་དཔོན། རྒྱལ་ས་ལྷ་སའི་དབུས་མདའ་དཔོན། ཤེལ་དཀར་རྫོང་དཔོན། སྐྱིད་གྲོང་རྫོང་དཔོན་སོགས་གཞུང་ཞབས་ཞུས།     ཡོང་ཁུངས། སྔ་མོའི་བོད་དང་བོད་མི།
སྲིད་བློན་ཀླུ་ཁང་པའི་སྲས།

སྲིད་བློན་ཀླུ་ཁང་པའི་སྲས། བཀའ་དྲུང་སྡེ་མཁར་བ་འཕྲིན་ལས་རྣམ་རྒྱལ་ནི། ཡབ་སྡེ་མཁར་ཚེ་དབང་རབ་བརྟན་ཡོངས་གྲགས་ཀྱི་མཚན་སྲིད་བློན་ཀླུ་ཁང་པ་མཆོག་དང་ཡུམ་རྡོ་ཁྲ་བཀྲས་གླིང་གི་སྲས་མོ་ཐུབ་བསྟན་དབང་མོ་རྣམ་གཉིས་ཀྱི་སྲས་སུ། ཕྱི་ལོ་ ༡༩༣༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། སྡེ་མཁར་བ་ནི་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲི་ཞུ་ལས་བྱེད་པ་ཞིག་ཡིན། ཕྱི་ལོ་ ༡༩༤༠ ལོར་ལྷ་ས་ཉག་རོང་ཤར་སློབ་གྲྭར་བསྐྱོད་དེ་གཞི་རིམ་སློབ་གཉེར་གནང་།
༄༅། །བརྟན་བཞུགས་ཀྱི་ཞལ་འདོན་ཉེར་མཁོ་ཕྱོགས་བསྒྲིགས་བཞུགས་སོ།།

༄༅། །བརྟན་བཞུགས་ཀྱི་ཞལ་འདོན་ཉེར་མཁོ་ཕྱོགས་བསྒྲིགས་བཞུགས་སོ།།   དཀར་ཆག ཀ༽ སྐྱབས་འགྲོ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(1) ཁ༽ རྒྱུན་ཆགས་གསུམ་པ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(4) ག༽ གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ།༌༌༌༌༌༌༌༌༌༌༌༌༌༌༌(6) ང༽ པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(9) ཅ༽ ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས།༌༌༌༌༌༌༌༌༌༌༌༌༌༌༌(17) ཆ༽ ༸རྒྱལ་བའི་༸ཞབས་བརྟན་རྒྱས་པ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(26) ཇ༽ ༸རྒྱལ་བའི་༸ཞབས་བརྟན་རབ་འབྱམས་མ།༌༌༌༌༌༌༌༌༌༌(38) ཉ༽ གུ་རུའི་ཐུགས་དམ་གནད་བསྐུལ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(43) ཏ༽ ཤེས་རབ་སྙིང་པོ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(45) ཐ༽ བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ།༌༌༌༌༌༌༌༌༌༌༌༌(50) ད༽ བློ་སྦྱོང་ཚིག་བརྒྱད་མ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(59) ན༽ མཚན་སྔགས་ཁག༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(61) པ༽ ཚིག་བདུན་གསོལ་འདེབས།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(62) ཕ༽ ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(63) བ༽ བསྟན་འབར་མ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(68) མ༽ བདེན་གསོལ་སྨོན་ཚིག༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(71) ཙ༽ མཇུག་གི་བསྔོ་བ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌(73)
༄༅། །སྦེལ་ཀོབ་ལྷ་མོའི་དགེ་རྒན་ཀུན་གླིང་ཐུབ་བསྟན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

༄༅། །སྦེལ་ཀོབ་ལྷ་མོའི་དགེ་རྒན་ཀུན་གླིང་ཐུབ་བསྟན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས། ༡ ༽  ཁོང་ནི་སྟོད་ལུང་ཚོ་སྨད་མི་ཉག་ཡུལ་དུ་ཕ་ཆོས་གྲགས་དང་། མ་དྭངས་བཟང་གཉིས་ཀྱི་བུར་ཕྱི་ལོ་ ༡༩༣༣ ལོར་འཁྲུངས། རང་ལོ་ལྔ་ལ་ཀུན་བདེ་གླིང་དགོན་དུ་གྲ་གཡོག་བྱས། དེའི་སྐབས་འཇིགས་བྱེད་བཅུ་གསུམ་མ་དང་། མགོན་པོ་སོགས་བློར་འཛིན་གནང་། རང་ལོ་དགུ་ལ་སྒྲིག་ཞུགས་ཀྱིས་རང་ལོ་བཅུ་དྲུག་བར་དུ་དགོན་པའི་ཐུན་མིན་གྱི་ཆོས་སྤྱོད་རྣམས་བློ་འཛིན་དང་སྒྲིག་ལམ་བཞིན་ཚོགས་རྒྱུགས་ཕུལ།
སྔར་བོད་ཀྱི་གཞུང་ཞབས་སྒེར་པའི་ལས་རྟགས།

སྔ་མོ་བོད་གཞུང་གི་གཞུང་འབྲེལ་སྲིད་བཀའ་གཙོས་ལས་ཚན་རིམ་པའི་གཞུང་འབྲེལ་ཐམ་ཁ་དང་ལས་ཤོག་ཡོད་ལ། བླ་བྲང་ཁག་དང་། གཞུང་ཞབས་སྒེར་པ། ཚོང་རིགས་སོ་སོ་ལའང་སྒེར་ཐམ་དང་སྒེར་གྱི་རུས་མིང་ངམ་ཁྱིམ་མིང་གི་ལས་རྟགས་ལས་ཤོག་སོགས་མང་པོ་ཞིག་ཡོད་ཀྱང་རྒྱ་མི་གུང་ཁྲན་གྱིས་བོད་ས་ཧམ་བཟུང་བྱས་པ་དང་དེ་རྗེས་རིག་གནས་གསར་བརྗེ་ཆེན་པོ་ཞེས་པ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་ལས་འགུལ་རྙིང་པ་བཞི་རྩ་གཏོར་ཞེས་པ་དེའི་ནང་དུ་རྩ་ཆེའི་ལྷ་སྐུ་རྟེན་གསུམ་ལ་སོགས་པ་རྩ་མེད་བཟོས་ཏེ། ད་ལྟ་མིང་གི་ལྷག་མ་ཙམ་ཡང་མེད་པར་གྱུར།   ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་དང་ཁང་གི་ལས་རྟགས། ཚ་རོང་དང་ཁོང་གི་ལས་རྟགས། ཀ་ཤོད་པ་དང་ཁོང་གི་ལས་རྟགས། ཡོང་ཁུངས། སྔ་མོའི་བོད་དང་བོད་མི། ཞེས་པའི་ངོ་དེབ་ལས་བཏུས།