ཆ) ལྕགས་པོ་རིའི་སྨན་ཆུ་དང་། གོ་མཛོད་རྡོ་རྗེ་གླིང་།
ཆ) ལྕགས་པོ་རིའི་སྨན་ཆུ། ལྕགས་པོ་རིའི་སྨན་ཆུ་ནི། ལྕགས་པོ་རིའི་རི་འདབས་ཀྱི་བྱང་ངོས་སུ་ཡོད་པའི་སྨན་ཆུ་ཞེས་ཆུ་མིག་རྡོ་རྩིག་གི་ལྕགས་རི་སེར་པོ་ཅན་ཞིག་ཡོད་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་ཐབ་ཀྱི་ཆབ་བཞེས་ས་ཡིན། དེའི་ལྕགས་རིའི་རྒྱལ་སྒོར་སྒོ་ལྕགས་བརྒྱབ་པའི་ལྡེ་མིག་ནི་རྩེ་གསོལ་ཐབ་ཀྱི་ཆབ་བསུ་བས་བདག་ཉར་གནང་ལམ་ཡོད།




