བོད་ཁ་བ་ཅན་གྱི་རྩེད་མོའི་རྣམ་གྲངས། ཤོ་བཤད།

ཤོ་རྩེད་ནི་བོད་མིའི་ནང་དར་ཁྱབ་ཆེ་ཤོས་ཀྱི་རིག་རྩེད་ཅིག་ཡིན་ལ་དེར་བོད་མིས་ཧ་ཅང་གི་དགའ་པོའང་བྱེད་ཀྱི་ཡོད་ཅིང་།ཤོ་རྩེད་དེ་རོལ་རྩེད་གཞན་དང་མི་འདྲ་བར་དེའི་ཤོ་ཇུས་རྙོག་འཛིང་ཆེ་བས་བློ་དང་རིག་པས་ཇུས་འགོད་སྟོན་དགོས་པ་མ་ཟད།ཤོ་རྩེད་ལ་རོལ་སྐབས་ལྐུག་ཤོ་མིན་པར་བརྗོད་བྱ་ལོ་རྒྱུས་དང་། བཞད་གད་སློང་བ། ཟུར་ཟ་བྱེད་པ་སོགས་ཀྱི་ཤོ་བཤད་ཧ་ཅང་ཕུན་སུམ་ཚོགས་པོ་གཏོང་རྒྱུ་ཡོད། ཤོ་རྩེད་འགོ་འཛུགས་སྐབས་ཤོ་བཤད་ལ“ཡཱ། ཚུགས་ཤིང་ལེགས་པར་གྱུར།འཛུགས་བཟང་པ་དང་ཐོབ་བཟང་པ། ཤོ་དང་པོ་ང་ཡིས་བཙུགས། རྒྱལ་མཐའ་མ་ང་ཡིས་འཁྱེར།”ཡང་ན“ཤོ་བདག་མགོན་པོ་རྡོ་རྗེས་ཐུགས་དང་སྤྱན་མ་གཡེང་པར་གཟིགས་ཤོག་ཨཱ།”ཞེས་པའི་སྨོན་ལམ་བཏབ་ནས་རྩེད་འགོ་བཙུགས།དེ་ནས་ཤོ་སྐོར་གཅིག་གི་ཤོ་ཕོར་དང་པོ་སྟེ་ཤོ་མ་བཙུགས་སྐབས་ཀྱི་ཤོ་བཤད་ལ“ཤོ་མོ་རི་ནས་ཚུགས།བང་མ་རླུང་ནས་ལེན”ཞེས་འབོད་སྲོལ་ཡོད།དེའི་རྒྱུ་མཚན་ནི་ཤོ་གཉིས་འཁྲབ་པའི་མིག་གི་ནང་ཤོ་མིག་བདུན་མང་ཤོས་ཡིན། ཤོ་མིག་བདུན་ལངས་བར་རིགས་གསུམ(5+2=7. 6+1=7.4+3=7)རྩིས་རྒྱུ་ཡོད་པས་མ་ཚང་དེ་བདུན་ཚང་བཟུང་ཐུབ་ན་བཟང་བར་བརྩི་གི་ཡོད་། ཡང་ཤོ་རྩེད་སྐབས་རྩེག་ཤོ་ལངས་ན། ཤོ་རྒྱག་མཁན་དེས་རྩེག་ཤོའི་ཤོ་བཤད་ལ“པར་སུག་ཙིག་ཁ་ལུག་རི་དང་།ཤ་དགུ་ཆུ་ཐོད་ཅང་མོའི་གླིང་། འཇང་ཐོད་ཆུ་དགུ་ཤ་རི་དང་། ལུག་ཁ་ཙིག་སུག་ཤོ་པ་ར། ཤོ་མིག་བཞི་བཅུ་ཞེ་གཉིས་ཡོད།གནམ་ས་བསྡོམས་པས་བཅུ་བཞི་ཡོད”ཅེས་འཕྲལ་དུ་བཏང་ཐུབ་ན་ཐེངས་དེའི་རྒྱལ་ཁ་རྩེག་ཤོ་རྒྱག་མཁན་ལ་ཐོབ་པར་བརྩི་སྲོལ་ཡོད།
བོད་ཀྱི་དག་ཡིག་གི་བསྟན་བཅོས་ཁག་གི་མཚན་བྱང་།

༄༅།།  བོད་ཀྱི་དག་ཡིག་གི་བསྟན་བཅོས་ཁག་གི་མཚན་བྱང་། ༡.དག་ཡིག་ཉེར་མཁོ་བསྡུས་པ།   རྔོག་བློ་ལྡན་ཤེས་རབ། ༢.དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། སྡེབ་སྦྱོར་གྱི་བསྟན་བཅོས་བསྟོད་དབྱངས་ཀྱི་ཕྲེང་བ།ས་པཎ་ཀུན་དགའ་རྒྱལ་མཚན། ༣.དག་ཡིག་ཟ་མ་ཏོག  ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ། ༤ .བརྡ་ཡི་བྱེ་བྲག་གསལ་བྱེད། པཎ་ཆེན་ཤཱཀྱ་མཆོག་ལྡན། ༥.བོད་ཀྱི་བརྡའི་བསྟན་བཅོས་མཁས་མང་དགོངས་པའི་བཅུད་བསྡུས། ཨ་མེས་ཞབས་ཀུན་དགའ་བསོད་ནམས། ༦.ཚོགས་གསུམ་གསལ་བ།  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ༧.དག་ཡིག་ངག་སྒྲོན།  དཔལ་ཁང་ལོ་ཙཱ་བ། ༨.དག་ཡིག་སྨྲ་རྒྱན།  པཎ་ཆེན་བྱམས་པ་གླིང་པ། ༩.དག་ཡིག་ལི་ཤིའི་གུར་ཁང་།  སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་བཀྲ་ཤིས་རིན་ཆེན། ༡༠.དག་ཡིག་གངྒཱའི་ཆུ་རྒྱུན།  སྙེ་ཐང་བ་གྲགས་པ་སེང་གེ། ༡༡.དག་ཡིག་འོད་ཟེར་བརྒྱ་པ།  རྟག་སྟོན་གཞོན་ནུ་དཔལ།
གནའ་གྲོང་ལྷ་ས།

ས་ར་ཌ་ཅནྡྲ་དས་ཀྱིས་བརྩམས་པའི་ལྷ་སའི་ལམ་ཡིག་ལས། ་འབྲས་སྤུངས་ཀྱི་མདའ་རུ་ལྷ་འབག་དང་དེའི་ཤར་ངོས་ལ་གནས་ཆུང་གི་ཕོ་བྲང་འབྱོར་མཚམས་སུ། ལྷ་ལྡན་གྱི་སྣེ་ཟིན་ནས་སྐྱིད་ཚལ་ཀླུ་ལྡིང་དང་། ཀྱང་ཐང་ནགས་ཁ། དེའི་བྱང་ཤར་མཚམས་ཡབ་གཞིས་ལྷ་ཀླུའི་བཀའ་བློན་གྱི་ཕོ་བྲང་དང་དེ་ནས་བྱེ་རགས། ལྷོར་ནོར་བུ་གླིང་ཁ་སྐྱབས་མགོན་རྒྱལ་བའི་དབང་པོའི་ཕོ་བྲང་། དེ་ནས་ཀུན་སྡེ་གླིང་སྤྲུལ་པའི་སྐུ་ད་ལྟ་བོད་རྒྱལ་ཁྲི་པ་ཡིན། དེ་ནས་བ་མ་རི་དང་། དེ་ནས་རྒྱ་ལྷ་ཁང་ཡོད། ལྕོག་པོའི་རི་དེ་ན་འཚོ་བྱེད་མང་པོ་ཡོད། དེ་ནས་བར་སྒོ་བཀའ་ཎི་ཟེར་བའི་མཆོད་རྟེན། དེ་ནས་རྩེ་པོ་ཏ་ལའི་ཕོ་བྲང་། ཞོལ་རྡོ་རིང་ཕྱི་ནང་གཉིས་པོ། དེ་ནས་ལྕང་སྲེབ་ཤར། ཡབ་གཞིས་ས་དབང་གཡུ་ཐོག་པའི་ཕོ་བྲང་། གཡུ་ཐོག་ཟམ་པ་ནས་ཕྱིན་པའི་ལྷ་ལྡན་ལྟེ་བར་སླེབས།
བཙན་པོའི་རྒྱལ་རབས་སྐབས་ཀྱི་དབའས་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།

བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས།   རྩོམ་པ་པོ། ཚེ་རིང་དོན་གྲུབ། ཚེ་རིང་དོན་གྲུབ། [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་པོ་དབའས་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་གཉིས་ཀྱི་རུས་ཁུངས་སམ་མཛད་རྗེས་དང་། ཆོས་ལུགས་དད་མོས་སོགས་ལ་དབྱེ་ཞིབ་བྱས་ཏེ་ལོ་རྒྱུས་ཐོག་གི་མི་སྣ་འདི་གཉིས་ཀྱི་མཛད་རྗེས་སྐོར་དང་དེ་ལས་འཕྲོས་པའི་ལོ་རྒྱུས་སྐོར་ལ་དཔྱད་གླེང་བྱས་ཡོད། [བརྡ་ཆད་གཙོ་བོ།] སྟག་སྒྲ་ཁོང་ལོད། སྟག་སྒྲ་ཀླུ་ཁོང་། མཛད་རྗེས། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག ]1002
ལོ་ཆེན་རིན་ཆེན་བཟང་པོར་བསྔགས་པའི་རབ་བྱེད།

༄༅། །ལོ་ཆེན་རིན་ཆེན་བཟང་པོར་བསྔགས་པའི་རབ་བྱེད། ཞང་ཞུང་ཆོས་དབང་གྲགས་པས་བརྩམས། ༄༅། །ན་མཿ ཤྲི་གུ་རུ་རཏྣབྷདྲ་ཡེ། དཔལ་ལྡན་ཡོན་ཏན་སྦྲང་རྩིའི་དོག་པ་ཡིས། ། འཁྱུད་པའི་ཞབས་སེན་རེག་པའི་དགེ་མཚན་ཅན། ། ལྷ་དབང་གཙུག་གི་མཚོ་སྐྱེས་ཕྲེང་བ་ཡིས། ། འགྲོ་འདིའི་སྤྱི་བོ་རྟག་ཏུ་མཛེས་གྱུར་ཅིག ། ཚོགས་གཉིས་རིན་ཆེན་མ་ལུས་གཅིག་བསྡུས་པ། ། སྐལ་བཟང་བསོད་ནམས་ཕུང་པོ་ཡ་མཚན་ཞེས། ། མཁས་མང་དེད་དཔོན་ཚོགས་འདིས་བསྟོད་པའི་གླུ། ། སྦྱར་བས་ཐུབ་བསྟན་མཚོ་ཆེན་གང་བར་གྱུར། ། ཀེ་ལ་ཤས་མཚོན་བྱང་དུ་དགེ་སློང་མཆོག ། བྱ་ཡི་གདོང་ཅན་ཐུབ་བསྟན་དམིགས་བུ་ཞིག ། འབྱུང་པོ་ཀུན་དགའ་རངས་པ་སྐྱེད་ཅིག་ཅེས། ། སྟོན་པས་བསྟོད་ཚིག་ཕྲེང་བ་རྣམ་པར་སྤེལ། ། མཆོད་པ་གསལ་བྱེད་ཐལ་མོ་སྦྱར་མཛེས་སུ། ། ཚངས་པའི་ཅོད་པཎ་ས་ལ་ལྷུང་བ་ན། ། ས་སྐྱོང་ཚོགས་འདིའི་གཙུག་རྒྱན་གསེར་ལྡན་མའི། ། ལྟོ་བའི་རྒྱན་དུ་ཅི་སྟེར་མི་བགྱི་ལགས། ། ཉིད་ཀྱི་ཡབ་རྗེ་འབྱོར་བ་དུལ་བས་བརྒྱན། །…
༄༅། །ལེགས་བཤད་འཕྲུལ་གྱི་དྲ་བ་བཞུགས་སོ། །

     ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།   ༄༅། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབ་པ་ཡི། །བློ་གྲོས་བློ་ཆེ་བློ་ལྡན་བློ་ཡི་མཆོག་གྱུར་པ། །ཚད་མེད་བློ་ཡངས་འཕགས་པའི་ཚོགས་ལ་གུས་བཏུད་དེ། །འདི་ཕྱི་རྣམས་སུ་ལྷ་མིའི་བདེ་བ་འབྱུང་བའི་རྒྱུ། །ཀུན་ལ་ཕན་པའི་གཏམ་འདི་ནི། །འཇམ་དབྱངས་བཙུན་པས་འགྲོ་ལ་བཤད། །ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་ནི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག །གཙོ་བོ་གྲོས་ཀྱི་རྒྱ་མཚོ་བསྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱང་། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུངས་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག །བཟང་པོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་བས། མཁས་པའི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཁོ་བོ་ལ་དམ་པར་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ། ལྷ་ཆོས་མི་ཆོས་ཀུན་ལ་ཕན་པའི་གཏམ་འགའ་ཞིག་བརྗོད་པར་བྱའོ། །