སྤེལ་ཞིབ་ཕྲ།
རྒྱ་དམར་ཇག་ཚོགས་ཀྱིས་དཔའ་མོ་ཀུན་བཟང་མཆོག་དམར་གསོད་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བར་མྱ་ངན་རྗེས་སླད་དུ་དཔའ་མོ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུའོ།།
ལས་སློབ་གཉིས་ཀྱི་བར་གསེང་ནས། དཔའ་མོ་ཀུན་བཟང་མཆོག་གི་ལོ་རྒྱུས་མདོར་སྡུས་འདི་བྲིས་པ་ཡིན། ཆད་ལྷག་སོགས་ཇི་སྙེད་ཅིག་བྱུང་སྲིད་པས་དྲ་གྲོགས་ཚོས་ལེགས་སྤེལ་ཉེས་འགོག་གནང་རོགས་གྱིས། འཇིགས་ཞུམ་བྲལ་བའི་དཔའ་མོ། ངས་པོ་རྒྱལ་མཚན། ཚ་རོང་ཟླ་དགྲ་འདུལ་མཆོག་གི་གཅུང་པོ་བསོད་ནམས་དབང་འདུས་ལགས་ཀྱི་བཟའ་ཟླ་དང་པོར་བུ་གཅིག་དང་བུ་མོ་རིག་འཛིན་དང་ཀུན་བཟང་གཉིས་ལས་བུ་མོ་རྒན་པ་ཚ་རོང་ཀུན་བཟང་ལགས། སེ་གྲོང་གཡུ་སྨད་ཀྱི་མནའ་མར་སོང་ཡང་མཐུན་པོ་མ་བྱུང་སྟབས་ཁ་བྲལ། རྗེས་སུ་ཀུན་བདེ་གླིང་དུ་ཡོད་པའི་གུར་སྟེང་ལྡེ་འཆང་བློ་བཟང་བཀྲིས་ལགས་དང་འཁྲུངས་ས་བསྐྱོན་ནས་སྤྱི་ལོ་ ༡༩༥༣ ལོར་སྲས་མོ་ཚེ་བརྟན་དབྱངས་སྐྱིད་ལགས་འཁྲུངས། དེ་ནས་རིམ་པས་དཔའ་མོ་མཆོག་གི་མཚན་ལ་ཀུན་བདེ་གླིང་གུར་སྟེང་ཀུན་བཟང་ཞེས་འབོད་ཀྱི་ཡོད། “ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་རྩེ་ཕོ་ཏ་ལའི་ཕོ་བྲང་མདུན་དུ་རྒྱལ་གཅེས་བུད་མེད་ཚོགས་པའི་བུད་མེད་རྣམས་འཛོམས་འདུག་པས་དེར་ང་ཡང་སྐད་བཏང་བྱུང་། ང་ཚོ་བུད་མེད་ཚོགས་པའི་རྒྱུན་ལས་རྣམས་ནི་ང་ཚོའི་ལས་འགུལ་ལ་བརྟེན་ནས་རྒྱ་མིས་ང་ཚོ་བཟའ་འཚོ་བུ་ཕྲུག་དང་བཅས་པར་མནར་གཅོད་བཏང་མི་ཡོང་ངམ་བསམ་པའི་འཇིགས་སྣང་སྐྱེས་པ་དང་།
དབང་མཛད་ཅེས་པའི་ཐ་སྙད་དང་འབྲེལ་བའི་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། བག་མཁར་ངག་དབང་དཀོན་མཆོག རང་རེའི་རྒྱལ་རབས་ཆོས་འབྱུང་དག་ཏུ་གསལ་བ་ལྟར་ན། གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་ལ་དབང་མཛད་ཅེས་གྲགས་ཤིང་། ལོ་རྒྱུས་ཀྱི་ཡི་གེ་ལ་ལར་མངའ་མཛད་དང་། ལ་ལར་དབང་བྱས། ཡང་ན་དབང་བྱེད་སོགས་འབྲི་ཚུལ་མི་འདྲ་བ་འགའ་མཐོང་བ་མ་ཟད། དེའི་གོ་དོན་དང་གྲངས་ཀ་བཅས་ཀྱི་ཐད་ལའང་བཤད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད། གཅིག 《བཀའ་ཐང་སྡེ་ལྔ》ལས། “བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། །སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།།” ①ཞེས་གཉའ་ཁྲི་བཙན་པོའི་གོང་དུ་བོད་ལ་མངའ་མཛད་རིམ་པ་དྲུག་བྱུང་ཟེར་བ་དང་མངའ་མཛད་དྲུག་པོ་གང་དག་ཡིན་མིན་གསལ་པོར་འཁོད་ཡོད་པ་ཙམ་ལས། མངའ་མཛད་དེ་དག་མི་ཡིན་དང་མ་ཡིན་མཐའ་དཔྱོད་བྱས་མེད། དེ་ནི་རྒྱལ་རབས་ཆོས་འབྱུང་གཞན་དང་མི་མཐུན་པའི་བཤད་ཚུལ་ཞིག་ཀྱང་རེད།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མ་ཡིག་འཚོལ་བ།
སྤྱོད་འཇུག་མཛད་པ་པོ་རྒྱལ་སྲས་ཞི་བ་ལྷའམ་ཤཱནྟ་དེ་ཝ། རྣམ་ཕྱུག་གིས་བསྒྱུར། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་(बोधिसत्वचार्यवत्रा) ནི་ཐེག་པ་ཆེན་པོའི་དགོངས་པ་ཡོངས་སུ་བསྡུས་བའི་ནང་བསྟན་རིག་པའི་ལོ་རྒྱུས་ཁྲོད་འཆད་ཉན་གྱི་བསྟན་པ་ཆེ་ཆེར་དར་བའི་བསྟན་བཅོས་ཤིག་ཡིན། འོན་ཀྱང་། ཆེས་རྒྱུན་ལྡན་མ་ཡིན་པ་ཞིག་ནི་ད་སྐབས་སློབ་གཉེར་བ་རྣམས་ལ་ཡོངས་གྲགས་སུ་གྱུར་ཡོད་པའི་སྤྱོད་འཇུག་གི་འགྱུར་དང་། དཔེ་རྙིང་ཁྲོད་དུ་བརྙེད་པའི་འགྱུར་གཉིས་ཉེ་ཆར་ཉི་ཧོང་གི་ཞིབ་འཇུག་པ་སེ་ཏོ(Akira Saito) ལགས་ཀྱི་ཞིབ་འཇུག་ལ་དངོས་སུ་མཇལ་ན། འགྱུར་གཉིས་ཀྱི་བར་ལ་ཆད་ལྷག་སོགས་མི་མཐུན་པ་ཧ་ཅང་མང་བར་སྣང་བས། ཐོག་མར་དགེན་སེ་ཏོ་མཆོག་ལ་ཞིབ་འཇུག་གི་བློ་སྒོ་དེ་འདྲ་ཞིག་ཕྱེས་པར་བཀའ་དྲིན་ཧ་ཅང་ཆེ་ཞུ་འདོད་བྱུང་། ལོ་རབས་དགུ་བཅུ་བའི་ནང་སེ་ཏོ་ལགས་ཀྱིས་ཏུན་ཧོང་གཏེར་ཡིག་ལས་རྙེད་སོན་བྱུང་བའི་སྤྱོད་འཇུག་གི་དཔར་རྙིང་རིང་ཐུང་མི་འདྲ་བགསུམ་ཕན་ཚུན་ཞིབ་བསྡུར་བྱས་པར་གཞིགས་ན། དཔར་རྙིང་དེ་དག་གི་ཁྲོད་ཕན་ཚུན་གཏན་ནས་མི་འདྲ་བའི་གནད་དོན་བློ་ཡུལ་ལས་འགོངས་བ་མང་དག་ཅིག་བྱུང་། འདི་ནས་ངས་ཁོང་གི་ཞིབ་འཇུག་གི་རིམ་པ་རྣམས་རང་ཉིད་མི་སྒེར་གྱི་ལྟ་ཚུལ་དང་ཅུང་སྦྲགས་ཏེ་བཤད་ཐབས་བྱ།
གཉའ་ཁྲི་བཙན་པོའི་ཞང་རྒྱུད་ཀྱི་ལོ་རྒྱུས་དང་རིག་དངོས་ཤུལ་རྫས།
གཉའ་ཁྲི་བཙན་པོའི་ཞང་རྒྱུད་ཀྱི་ལོ་རྒྱུས་དང་། རིག་དངོས་ཤུལ་རྫས་རགས་བསྡུས་སུ་བཤད་པ། ༈ གཉའ་ཁྲི་བཙན་པོ་ནི་བོད་ཀྱི་རྒྱལ་པོའི་ཐོག་མ་ཡིན་པ་དང་། ཁོང་གི་གདུང་རུས་དང་གང་ནས་བྱོན་པའི་སྐོར་ལ་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པ་ཡོངས་གྲགས་རེད། གནད་དོན་དེའི་འཁྲིས་ན་ཁོང་གི་ཡུམ་ཕྱོགས་རིགས་རུས་སོགས་དཔྱད་པ་དང་ངོས་འཛིན་ཡོད་པ་ཧ་ཅང་དཀོན་པོ་རེད། དོན་དངོས་ཐོག་དེ་ནི་བོད་ཀྱི་ལོ་རྒྱུས་པ་རྣམས་ཀྱིས་དཔྱད་བརྗོད་དགོས་ངེས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད། དེས་ན་ད་རེས་ཉེ་ཆར་བརྩད་འཚོལ་ཐུབ་པའི་ཡིག་རིགས་དང་། རིག་གནས་གནའ་ཤུལ་ཁག་ལ་ཕྱོགས་སྡོམ་དང་འབྲེལ་འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་བསྡུར་ཅུང་ཟད་བགྱིས་ནས་གོང་གསལ་ཁ་བྱང་ཡོད་པའི་རྩོམ་ཡིག་ཐུང་ངུ་ཞིག་འབྲི་འདོད་བྱུང་། དེ་ཡང་དོན་ཚན་གསུམ་ལ་བསྡུས་ནས་གསལ་བཤད་བྱེད་པར་འདོད་དེ། དང་པོ་གཉའ་ཁྲིའི་ཞང་རྒྱུད་ངོས་འཛིན་དང་དེའི་ལོ་རྒྱུས་ཉུང་ངུ་། གཉིས་པ་དེ་དག་གནས་ཡུལ་དང་ཤུལ་བཞག་དངོས་རྫས། གསུམ་པ་དེ་དག་གི་གནས་ལུགས་སྤྱི་སྡོམས་སུ་བཤད་པ་བཅས་ལས།
མཁར་གདོང་གནའ་ཤུལ་བོན་གྱི་ལོ་རྒྱུས་ཐོག་ཞང་ཞུང་ཁྱུང་ལུང་དངུལ་མཁར།
ཁྱུང་ལུང་དངུལ་མཁར། མཁར་གདོང་གནའ་ཤུལ་ནི་ལོ་རྒྱུས་ཐོག་གི་ཞང་ཞུང་ལྟེ་བའི་མཁར་ཁྱུང་ལུང་དངུལ་མཁར་དེ་ཡིན། ཞང་ཞུང་ཁྱུང་ལུང་དངུལ་མཁར་ཏེ་མཁར་གདོང་གནའ་ཤུལ་པེ་ཅིང་སྤྱི་ཚོགས་ཚན་རིགས་ཁང་གི་ཞིབ་འཇུག་པ་མཁས་དབང་ཐུང་ཐོའོ་ཡིས་མཁར་གདོང་གནའ་ཤུལ་ལ་༢༠༡༢ལོ་ནས་༢༠༡༤ལོ་བར་ལོ་གསུམ་གྱི་རིང་དུ་ཞིབ་འཇུག་བྱས་ཏེ་ཐིག་ལེན་རིས་འབྲི་བྱས་པའི་ས་ཀྲ། ཁོང་གིས་སྤྱི་ལོ་དུས་རབས་བདུན་པའི་ཡར་སྔོན་དུ་ད་ལྟ་རྙེད་སོན་བྱུང་བའི་བོད་ཡུལ་དུ་རྒྱལ་མཁར་གྱི་ཁྱད་ཆོས་ལྡན་པའི་གཞི་བརྒྱ་ཆེ་ཤོས་དེ་འདི་ཡིན་པར་བཤད་ཅིང་འཛུགས་བསྐྲུན་གྱི་རྒྱ་ཁྱོན་ནི་རྨི་ཁྲི་དགུ་ལྷག་ཡོད། ཞང་ཞུང་ཁྱུང་ལུང་དངུལ་མཁར་ཏེ་མཁར་གདོང་གནའ་ཤུལ་གྱི་འདྲ་རིས། ༼ལྷ་བཟོ་བ་མཁས་ཅན་བསྟན་པའི་ཉི་མས་བྲིས།༽ སྟོན་པ་གཤེན་རབ་ཀྱི་བཀའ་རྒྱ་ཆེན་ཀུན་འབུམ་གོ་འབྱེད་ཀྱི་ལུང་དོན་གཙོར་བཞག་ཅིང་ཐུའུ་ཐོའི་ས་ཀྲ་དང་ཁོ་བོས་མཁར་གདོང་གནའ་ཤུལ་ལ་ལོ་བཅུ་ལྷག་ཙམ་ཞིབ་འཇུག་བྱས་ཅིང་བཀོད་པ་བྱས་ཟིང་ལྡོང་མདོའི་ལྷ་བཟོའི་སློབ་མ་ལྷ་རིས་ལ་མཁས་ཅན་བསྟན་པའི་ཉི་མས་བྲིས་ཤིང་༢༠༡༨ལོ་ལྷ་ས་དང་མངའ་རིས་ཀྱི་རྒྱལ་སྤྱི་ཞང་ཞུང་རིག་གནས་འགྲེལ་བཤད་བྱས་པས་མཁར་གདོང་ལ་ཞིབ་འཇུག་གནང་མཁན་ཐུང་ཐོའོ་སོགས་ཀྱི་ལེགས་བརྗོད་གང་མང་གནང་།
རྒྱ་ཡིག་གི་ལོ་རྒྱུས་དཔེ་རྙིང་ནང་དུ་གསལ་བའི་བཙན་པོ་རྣམས་ཀྱི་མཚན།
དབང་སྟོབས་ནས། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་། སློབ་ཁྲིད། ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་བེད་སྤྱོད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ལྷག་པར་ཏུ་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་མཁོ་བའི་ཏུན་ཧོང་ཡིག་རྙིང་དང་། རྡོ་རིང་དང་བྲག་བརྐོས། ཁྲམ་ཡིག་དང་ཅོང་ཡིག དེ་མིན་རྩ་ཆེའི་ཡིག་ཆ་གཞན་ཕུད། ཐང་ཡིག་གསར་རྙིང་སོགས་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྩ་ཆེན་རྣམས་བེད་སྤྱོད་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས། འོན་ཀྱང་། ཁོ་བོས་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་ཐང་ཡིག་གསར་རྙིང་སོགས་བེད་སྤྱོད་བྱ་སྐབས་རྒྱ་ཡིག་ཐོག་ཏུ་འཁོད་པའི་བཙན་པོའམ་བློན་པོ་བཙུན་མོ་རྣམས་ཀྱི་མཚན་དང་བོད་ཡིག་གི་མཚན་བར་ཧེ་བག་ཆེན་པོ་མཐོང་བས། དེའི་ཐད་དོ་སྣང་དང་ཉམས་ཞིབ་ཕྲན་བུ་བགྱི་བ་ལ་བོད་ཀྱི་ལོ་རྒྱུས་ལ་དད་ཞེན་ཆེ་བའི་གཞོན་སྐྱེས་རྣམས་དང་རང་གཞན་གཉིས་ཀྱི་སློབ་ཁྲིད་ལ་ཕན་པ་ཕྲན་བུ་མི་ཡོང་ངམ་སྙམ་སྟེ་དཔྱད་རྩོམ་འདི་འབྲི་བའི་ཁུལ་བྱས། དང་པོ། རྒྱ་ཡིག་ལོ་རྒྱུས་དེབ་ཐེར་རྣམས་སུ་བཙན་པོ་རྣམས་ཀྱི་མཚན་ཇི་ལྟར་གསལ་བ། དེའང་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་མཁོ་བའི་རྒྱ་ཡིག་ཡིག་ཆ་གྲགས་ཆེ་བའི་གྲས་《 ཐང་ཡིག་རྙིང་མ་》《ཐང་ཡིག་གསར་མ་》《ཙེ་ཀྲེ་ཐུང་ཅན་》《ཚེ་ཧྥུ་ཡོན་ཀུས་》《ཐུང་ཏེན་》སོགས་ཡོད། ཡིག་ཆ་དེ་དག་དང་དེ་མིན་གྱི་ཡིག་ཆ་གཞན་ནང་བཙན་པོ་རྣམས་ཀྱི་ མཚན་འདི་ལྟར་འཁོད་ཡོད་དེ། 1. སྲོང་བཙན་སྒམ་པོའི་མཚན། 松赞干布、弃苏农、弃苏农赞、器宗弄赞、弃宗弄赞 、器宋弄赞。2.ཁྲི་མང་སྲོང་མང་བཙན་གྱི་མཚན། 芒松芒赞《ཐུང་ཏེན་》乞黎跋布。3ཁྲི་འདུས་སྲོང་མང་པོ་རྗེའི་མཚན། 赤都松《ཐུང་ཏེན་ 》ནང་乞梨弩悉笼《 ཚེ་ཧྥུ་ཡོན་ཀུས་》 དང་《 ཙེ་ཀྲེ་ཐུང་ཅན་》ནང་器弩悉弄。4.ཁྲི་ལྡེ་གཙུག་བཙན་ནམ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་མཚན། 赤德祖赞、乞隶缩赞5བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་མཚན། 赤松德赞、乞梨悉笼纳赞、乞黎苏笼猎赞、乞黎苏笼腊赞、娑悉笼腊赞、娑悉笼猎赞、乞立赞。6. མུ་ནེ་བཙན་པོའི་མཚན། 牟尼赞普、足之煎。7.ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་མཚན། 赤德松赞。8. ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན། 《册府元龟》中作:可黎可祖,长庆会盟碑或甥舅…

