རྒྱ་བོད་ཡིག་ཚང་བྱུང་ཡིག་ལོ་དུས་ངོ་སྤྲོད་མདོར་བསྡུས།
རྒྱ་བོད་ཡིག་ཚང་ཆེན་མོ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་རིན་ཐང་ཆེ་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་ཞིང༌། རྒྱལ་ནང་དུ་དཔེ་རྒྱུན་ཧ་ཅང་དཀོན་པའི་གྲས་ཤིག་ཡིན། རྩོམ་པ་པོ་ནི་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ་ཡིན། ཁོང་གི་ལོ་རྒྱུས་འཁོད་པའི་ཡིག་ཆ་ད་ཕན་མ་མཐོང་ཡང༌། ཡིག་ཚང་འདིའི་སྟོད་ཆའི་ཤོག་གྲངས་ ༥༧ བ་ན་ཡིག་ཚང་འདིའི་བརྩམས་དུས་ཀྱི་ལོ་ནི་ཤིང་སྟག་ཡིན་ཞེས་གསལ་ཞིང༌། ཡང་ཤོག་གྲངས་ ༡༩༢ ན་ས་ཕོ་སྤྲེལ་ལོ་ལ་རྒྱ་ནག་ཏཱ་མིང་རྒྱལ་པོས་རྒྱལ་ས་བླངས་ནས་ད་ལོ་ཤིང་སྟག་གི་ལོ་བར་ལོ་དྲུག་ཅུ་རེ་བདུན་སོང་ཞེས་གསལ་བས། དེབ་ཐེར་འདི་བརྩམས་པའི་ལོ་ནི་བོད་ཀྱི་རབ་བྱུང་བདུན་པའི་ཤིང་སྟག་སྤྱི་ལོ་ ༡༤༣༤ ལོ་ཡིན་པར་ར་འཕྲོད་ཅིང༌། མཇུག་བྱང་དུ་ཡིག་ཚང་འདི་བརྩམས་ནས་མཇུག་སྒྲིལ་སྐབས་རྒྱལ་རྩེ་ཆོས་རྒྱལ་རབ་བསྟན་ཀུན་བཟང་ད་དུང་འཚོ་བསྡད་ཀྱི་སྐབས་ཡིན་པར་གསལ། ཡིག་ཚང་འདི་ཉིད་ཀྱི་ནང་དཀར་ཆག་ཟུར་འཁོར་ལྟར་ལོ་རྒྱུས་མང་པོ་ཞིག་གནད་བསྡུས་བྱས་ཡོད་པ་དང༌། ལྷག་པར་དུ་ས་སྐྱའི་ལོ་རྒྱུས་དང༌། ཡོན་རྒྱལ་རབས་ཀྱིས་བོད་དུ་དམག་དོན་དང་ཁྲལ་འུལ་གྱི་ས་ཚིགས་འཛུགས་པ་དང༌། ཁྲིམས་ལུགས་དང༌། དཔོན་ཆེན་གྱི་གོ་གནས་བསྐོས་སྟངས་སོགས་ཡོན་རྒྱལ་རབས་དང་བོད་ཀྱི་འབྲེལ་བའི་སྐོར་གལ་ཆེ་བའི་ནང་དོན་མང་པོ་འཁོད་ཡོད་པས་ལོ་རྒྱུས་ཡིག་ཆ་གལ་ཆེའི་གྲས་ཤིག་ཡིན་རུང༌། རྒྱལ་ཁབ་ཕྱི་ནང་གང་ལའང་དཔེ་རྒྱུན་དཀོན་པར་བརྟེན་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་གནའ་རབས་དཔེ་ཆ་ལེགས་སྒྲིག་དང་དཔེ་སྐྲུན་གྱི་འཆར་འགོད་འགོ་ཁྲིད་ཚོགས་ཆུང་ནས་མཚམས་སྦྱོར་གནང་བ་ལགས།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།

༄༅། །རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ལས་སྟོད་ཆ་ཞེས་བྱ་བ་བཞུགས་སོ།།
མཛད་པ་པོ། གཡས་རུ་སྟག་ཚང་པ་དཔལ་འབྱོར་བཟང་པོས།
ཨོཾ་བདེ་ལེགས་སུ་གྱུར་ཅིག །དཀར་ཕྱོགས་ལྷ་དང་སྐྱེས་མཆོག་དམ་པ་འགའ་ཞིག་གི །དཀར་བའི་ཐུགས་ཀྱིས་བསྐུལ་ཕྱིར་འཛམ་གླིང་རྒྱལ་རབས་དང༌། །དཀར་རྒྱུད་བླ་མའི་རྣམ་ཐར་མཆོག་གསུམ་བྱོན་ཚུལ་སོགས། །དཀར་ཆག་མཐོང་བ་དོན་གསལ་འདི་དབང་ཀུན་ལ་སྤེལ།།
དོན་དོན་ངོ་སྤྲོད།
༈ ཐོག་མར་རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོའི་མཆོད་(བརྗོད་)དང༌། གླེང་གཞི་བསྟན་པ་འཛམ་བུ་གླིང་གི་རྒྱལ་རབས་སྤྱི་བྱིན་(༡.བ)གྱི་སྟོང་ཐུན། འཛམ་བུ་གླིང་པའི་ཡུལ་ཁམས་དང༌། མིའི་རིགས་རྒྱུད་ཀྱི་རྣམ་དབྱེ། རྒྱལ་རབས་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ། རྒྱ་གར་གྱི་རྒྱལ་རབས། བདག་གི་མཁས་པར་གྱུར་པ་མི་ཤེས་ཀྱིས། །འདི་ནི་མཐོང་བ་དོན་ལྡན་ལྟ་བུར་འདུག །རྨོངས་པ་སེལ་བའི་གློག་དང་ཆར་འགྲོ་ནི། །གང་ལ་མོད་པའི་མི་དེ་མཁས་པར་འགྱུར། །བསྟན་པའི་རྣམ་དབྱེ་བྱེད་ན་འདི་ལ་ལྟོས། །དེའི་ནང་ནས་བསྐལ་པ་ཆགས་(༢.ན)ཚུལ་ཟུར་ཙམ་དང༌། སྔར་འདས་ཀྱི་སངས་རྒྱས་རྣམས་བྱོན་ཚུལ་དང༌། ཐུབ་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། ལས་ལྔ་ས་བཅུ་བསྒྲོད་ནས་མཛད་པ་བཅུ་གཉིས་བསྟན་པ། བསྟན་པ་གཏན་རབས། བཀའ་བརྒྱུད་རིམ་པ། སྡེ་པ་བཅོ་བརྒྱད་དུ་གྱེས་ཚུལ། འབུམ་ཏིག་ཟུར་སོ་ཙམ་བསྟན་པའི་ལོ་རྩིས། ཆོས་རྒྱལ་མྱ་ངན་མེད་མན་ལ་རྒྱལ་རབས་བྱོན་ཚུལ། བྱམས་མགོན་གྱི་བསྟན་པ་ལོ་གྲངས་འདི་ཙམ་ནས་འཆར་བའི་ངེས་ཚིག་རྣམས་ཡོད། འཕགས་ཡུལ། བལ་པོའི་ཆགས་ལུགས་དང༌། རྒྱལ་རབས། བློ་ལྡན་རྒྱ་ནག་གི་རྒྱལ་རབས་དང༌། དཔའ་བོ་མེ་(མི)ཉག་གི་རྒྱལ་རབས། ཆོས་རྒྱལ་བོད་ཀྱི་རྒྱལ་རབས། འདིའི་ནང་ན་ཇོ་ཀཤ་ཞལ་གཉིས་དང༌། ཝོ་ཏི་མཆེད་གསུམ་གྱི་བྱོན་ཚུལ། བོད་དུ་བསྟན་པ་སྔ་དར་དང༌། ཕྱི་དར་གྱི་རྣམ་དབྱེ། རྩིས་དཀར་ནག་དང༌། སྨན་དཔྱད། ཇ་ཤིང༌། དཀར་ཡོལ། ལན་(༢.བ)ཚ། རལ་གྲི་རྣམས་དར་ལུགས། བློ་ཆེན་པོ། རྩལ་པོ་ཆེ་མི་བདུན་བྱོན་ཚུལ་རྣམས་ཡོད། ཆེན་པོ་ཧོར་གྱི་རྒྱལ་བས་ན། བོད་དུད། ཧོར་དུད། ཁྲི་བསྐོར། འཇའ་མོ་བཅས་ཚུལ། ཆོལ་ཁ་གསུམ་གྱི་ས་མཚམས། རྒྱལ་པོའི་མངའ་ཞབས། ཞིང་གི་རྣམ་གྲངས་དང༌། ཁྲིམས་རའི་རྣམ་དབྱེ། བ་ཡན་ཆིང་སང་དང༌། སཾ་གྷ་ཆིང་སང་གི་གཏནམ་རྒྱུད། དབུས་གཙང་གི་ཁྲི་བསྐོར་རྣམས་ཀྱི་དུད་གྲངས། འཇའ་མོ་འཛིན་ལུགས་རྣམས་ཡོད། དཔལ་ལྡན་ས་སྐྱ་མཁོན་གྱི་གདུང་རབས། ས་སྐྱ་པའི་བུ་ཆེན། ཤར། ནུབ། གུང་གསུམ་ཁང་གསར་ཆེན་མོ་བ་དང་བཅས་པའི་བྱོན་ཚུལ། དབུས་གཙང་དཔོན་ཆེན་དང༌། ས་སྐྱ་ནང་ཆེན་གྱི་བྱོན་རིམ། ཁྲི་བསྐོར་མཆོག་གྱུར། ཞ་ལུ་སྐུ་ཞང་བྱོན་ཚུལ་དང༌། ཉང་ཡུལ་ཆགས་ལུགས། ལྷ་དབང་སྤྲུལ་པ་དཔལ་ལྡན་ཤར་ཁ་བའི་བྱོན་ཚུལ། མ་སངས་སྤྲུལ་པ་སྟག་(༣.ན)སྣ་བའི་བྱོན་ཚུལ། གནོད་སྦྱིན་སྤྲུལ་པ་རྣམ་རྒྱལ་གླིང་པའི་བྱོན་ཚུལ། རྒྱ་བོད་དུ་བསྟན་པའི་སྙིང་པོ་ཐེག་པའི་ཡང་རྩེ། གསང་སྔགས་བླ་མེད་ཀྱི་ཆོས་དར་ལུགས། བོད་དུ་བསྟན་པའི་ཕྱི་དར་ལ། མཁས་གྲུབ་གླིང་པ་རྣམས་བྱོན་ནས་སྡེ་དགོན་བཏབ་ལུགས། སྨད་འདུལ་གྱི་བཤད་རྒྱུད། ཇོ་བོ་རྗེའི་སློབ་རྒྱུད། བཀའ་གདམས་བརྒྱུད་རིམ། རྔོག་ལོ་ཁུ་དབོན་གྱིས་ཐོག་གྲངས་བཤད་གྲྭ་དར་ལུགས། རྒྱ་བོད་དུ་དུས་འཁོར་རྒྱུད་འགྲེལ་དར་ཚུལ། པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་རྒྱུད། ཚོགས་པ་སྡེ་བཞིར་གྱེས་ཚུལ་དང༌། ཐ་དད་ཀྱི་མཁན་རབས། བོད་དུ་བླ་ཆེན་མཁན་རྒྱུད། པུ་ཚོ་མཁན་རྒྱུད། པཎ་ཆེན་མཁན་རྒྱུད། གསུམ་བྱོན་པའི་མཁན་རབས་མདོར་བསྡུས། དྭགས་པོ་བཀའ་རྒྱུད་བྱོན་ཚུལ། དཔལ་ཕག་མོ་གྲུ་པའི་བླ་རབས་དང༌། ཆོས་རྒྱུད་བྱོན་ཚུལ། དཔལ་ཕག་མོ་གྲུ་པའི་དབོན་རབས་བྱོན་ཚུལ། ལྷ་པའི་ཆོས་ལུགས་(༣.བ)དང་བླ་རབས། ཤངས་པ་བཀའ་རྒྱུད་རིན་ཆེན་བདུན་ལ་བྱོན་ཚུལ། ཆོས་རྒྱལ་འཕགས་པས་མཛད་པའི་ཤེས་བྱ་རབ་གསལ་ནས་སྣོད་བཅུད་ཆགས་ཚུལ་དང༌། བསྐལ་པ་ཆེ་ཆུང་གི་རྣམ་དབྱེ་མདོར་བསྡུས་པ། འཇིག་རྟེན་བརྟན་བཞག་མདོར་བསྡུས་པ། ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོའི་སྔོན་ཆད་མ་གྲགས་པའི། །ཡིག་ཚང་མཆོག་གྱུར་ཡིག་ཚང་བསྒྲིགས་ལེགས་འདིས། །རང་གཞན་དགེ་བསྐུལ་རང་གཞན་ཕན་བདེ་ཡིས། དཔལ་འབྱོར་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོའི་མཆོད་བརྗོད་རྫོགས་སོ།།
གླེང་གཞི།
ཨོཾ་སྭསྟི་སིདྷི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་སྐྱབས་གསུམ་འདུས་པའི་སྐུ། །ཆོས་ཀྱི་དབང་ཕྱུག་ཁམས་གསུམ་འདྲེན་པའི་མཆོག །ཆོས་ཀྱི་འབྱོར་(༤.ན)པས་སྟོང་གསུམ་དབུལ་བ་སེལ། །ཆོས་རྗེས་བླ་མ་དུས་གསུམ་མཁྱེན་ལ་འདུས(འདུད)། །བསྐལ་བཟང་འདི་པ་(ལ)སྲིད་པ་གསུམ་གྱི་མགོན། །མཚན་བཟང་དཔེ་བྱད་བརྒྱད་ཅུའི་གཟི་འོད་འབར། །རིགས་བཟང་ཟས་གཙང་སྲས་པོ་ལྷ་ཡི་ལྷ། །བློ་བཟང་ཀུན་མཁྱེན་རྒྱལ་པོའི་ཞབས་ལ་འདུད། །འཇམ་པའི་ཐུགས་ཀྱིས་ལོག་པའི་ལྟ་བ་འཇོམས། །དབྱངས་སྙན་གསུང་གིས་འགྲོ་བ་ཆོས་ཆར་འབེབས། །སྨྲ་བའི་ཕྱོགས་ལ་མི་འཇིགས་སེང་གེ་ཡི། །སྤོབས་པ་མཆོག་རྩོལ་རྒྱལ་སྲས་སྐུ་ལ་འདུད། །བསྟན་པ་ཡུན་རིང་གནས་ཕྱིར་སྟོན་པ་ཡི། །བསྟན་འཛིན་སྐྱེས་བུའི་མཐུན་རྐྱེན་བསྒྲུབ་པ་དང༌། །བསྟན་ལ་གནོད་བྱེད་བདུད་དཔུང་ཚར་གཅོད་པའི། །བསྟན་བསྲུངས་ལྷ་ཆེན་དཔལ་འབར་རྒྱལ་གྱུར་ཅིག །དེ་ལྟར་མཆོད་པར་བརྗོད་ནས་དམ་པ་རྣམས། །དགྱེས་པའི་ཕལ་གཏམ་མཁས་རྨོངས་འབྱེད་པའི་གཞི། །རྒྱ་གར་རྒྱ་ནག་གེ་སར་སྟག་གཟིག་དང༌། །བལ་བོད་ཧོར་སོགས་མི་ཉག་རྒྱལ་རབས་དང༌། །ཁྱད་པར་(༤.བ)བོད་ཡུལ་གངས་ཅན་ཁྲོད་འདི་རུ། །བསྟན་པའི་གསལ་བྱེད་ས་པཎ་ཁུ་དབོན་སོགས། །མཁས་གྲུབ་དུ་མས་དཀའ་བ་བརྒྱ་ཕྲག་གིས། །དགེ་འདུན་སྡེ་བཙུགས་བཤད་བསྒྲུབ་སྐྱོངས་ཚུལ་དང༌། །དེའི་སྦྱིན་བདག་སྡེ་དཔོན་བྱམས་ལྡན་རྣམས། །རིམ་པར་བྱོན་ནས་བསྟན་པའི་བྱ་བ་དང༌། །རང་གཞན་ཕན་བདེའི་དཔལ་ལ་ལེགས་བཀོད་པའི། །ཡིག་ཚང་ངོ་མཚར་ཕྲེང་བ་མཐའ་ཡས་རྣམས། །བདག་རྨོངས་བློ་ཡི་སྲད་བུར་རྒྱུད་མ་ནུས། །འོན་ཀྱང་བསྟན་ལ་གུས་ཤིང་མཁས་པ་ཡི། །ཆ་སྲོལ་མཐོང་ལ་བློ་གྲོས་ཆེ་བ་དང༌། །གོང་མའི་རྣམ་ཐར་དམ་པས་གླེང་བོས་རྣམས། །བརྗེད་དུ་ཕངས་པས་སངས་རྒྱས་འཇིག་རྟེན་འདིར། །བྱོན་པའི་ཚུལ་དང་བཀའ་ཆེམས་བཀའ་ཁོལ་དང༌། །རྒྱལ་རབས་རྐྱང་ཁུག་བློན་པོའི་ཞལ་གདམས་དང༌། །རྦ་བཞེད་ཡར་ལུངས་ཇོ་བོ་འཚལ་བ་དང༌། །བུ་སྟོན་གྱིས་མཛད་ཆོས་འབྱུང་ཆེན་མོ་སོགས། །ཡིག་ཚང་སྣ་ཚོགས་ལེགས་བཏུས་བརྗེད་བྱུང་(༥.ན)དང༌། །བློ་གསལ་མཛེས་པའི་རྒྱན་ལ་ཕན་ཕྱིར་དུ། །མདོར་བསྡུས་དོན་གསལ་འདི་ཉིད་བདག་གིས་བྲིས། །མཁས་པའི་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། །ཡིག་ཚང་མཁས་པ་དགའ་བར་བྱེད་པའི་མཆོད་བརྗོད་དང༌། གླེང་གཞི་བསྟན་པ། དགེ་ལེགས་འཕེལ་བར་གྱུར་ཅིག །འཛམ་བུ་གླིང་གི་རྒྱལ་རབས་སྤྱི་བྱིན་གྱི་སྟོང་ཐུན་ཟུར་ཙམ་གདའོ། །ཨོཾ་སྭསྟི། སྔོན་བསགས་བསོད་ནམས་དུ་མས་རྒྱུ་བྱས་ཤིང༌། །རིགས་རུས་ཆོ་འཕྲང་ལྡན་པས་རྐྱེན་བྱས་ཏེ། །རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པས་གླིང་བཞི་ལ། །འཁོར་ལོ་སྒྱུར་རྒྱལ་རྣམས་ལའང་བསྟོད་པར་བགྱི། །སྤྱིར་དུ་ལྷ་མིའི་རྗེར་གྱི་རྒྱལ་རིགས་ལ། །རྒྱས་པར་དབྱེ་ན་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ལས་བསྡུས་ན་རྣམ་པ་གཉིས་བཤད་དེ། །དག་པ་སངས་རྒྱས་རྗེ་དང་མ་དག་སེམས་ཅན་རྗེ། །སངས་རྒྱས་རྗེ་ནི་སྐ(སྐུ)གསུམ་འགྲོ་དོན་མཛད། །སེམས་ཅན་རྗེ་ལ་རྣམ་པ་ལྔར་ཕྱེ་ནས། །སྟོང་གསུམ་དབང་བྱེད་སྤྱི་ཕུད་རྒྱལ་པོ་དང༌། ས་འཛིན་(༥.བ) རྒྱལ་པོ་ཕྱོགས་སྐྱོང་རྒྱལ་པོ་དང༌། རིགས་དྲུག་རྒྱལ་པོ་འཛམ་གླིང་རྒྱལ་དང་ལྔ། །ད་(དེ)ཡང་འཛམ་གླིང་སོག་ཁའི་རྒྱལ་པོ་ལ། །བསྐོས་དང་གདུང་རྒྱུད་གློ་བུར་རྒྱལ་པོར་བཤད། །རྒྱལ་པོ་དེ་གསུམ་འཁོར་ལོ་བསྒྱུར་རྒྱལ་རྐྱེན། །དེ་ལ་སྤྱི་ཕུད་རྒྱལ་པོ་ཚངས་པ་དང༌། །ས་འཛིན་བརྒྱ་བྱིན་ཕྱོགས་སྐྱོངས་རྒྱལ་ཆེན་བཞི། །རིགས་དྲུག་རྒྱལ་པོ་གཤིན་རྗེ་ཆོས་རྒྱལ་དང༌། །འཛམ་གླིང་གདུང་རྒྱུད་རྒྱལ་པོ་མང་བཀུར་རྒྱུད། །འཁོར་ལོས་བསྒྱུར་རྒྱལ་སྤྱི་བོ་སྐྱེས་ལ་སོགས། །གསེར་དངུལ་ཟངས་ལྕགས་དབང་བསྐུར་རྒྱལ་པོ་ཡིན། །བོད་ཀྱི་རྒྱལ་པོ་གློ་བུར་རྒྱལ་པོར་གྲགས། །བསྐོས་པའི་རྒྱལ་པོ་ཕྱོགས་བཞིའི་རྒྱལ་པོ་ཡིན། །རྒྱ་གར་ཆོས་ཀྱི་རྒྱལ་པོར་བསྐོ་བ་ཡིན། །བྱིན་རླབས་བུམ་པ་གླང་ཆེན་སྣས་བཟུང་ནས། །དེའི་(དེས)སུ་ལ་དབང་བསྐུར་དེ་ལ་བསྐོ། །རྒྱ་ནག་གཙུག་ལག་རྒྱལ་པོར་བསྐོ་བ་ནི། །རྒྱ་ཡི་ཁང་པ་ཤིན་ཏུ་མཐོ་བ་ལ། །ཤེལ་གྱི་སྐས་བཙུགས་སུས་ཐར་དེ་ལ་བསྐོ། །གེ་སར་དམག་གི་རྒྱལ་པོར་(༦.ན)བསྐོ་བ་ནི། །དཔག་ཆེན་བཞི་ཡི་མདའ་བཞི་ཕྱོགས་བཞིར་འཕངས། །མདའ་ཅིག་སུས་ཟིན་དེ་ལ་བསྐོ། །སྟག་གཟིག་ནརོ་གྱི་རྒྱལ་པོར་བསྐོ་བ་ནི། །རིན་ཆེན་གླིང་ནས་ནོར་བུ་སུས་ལོངས་པའི། །ནོར་གྱི་བདག་པོ་དེ་ལ་བསྐོ་བ་ཡིན། །བཀོད་པའི་རྒྱལ་པོ་བཞི་ཡི་སྟོན་པ་ནི། །རྒྱ་གར་རྒྱལ་པོ་སྔོན་སྦྱངས་ལས་འཕྲོ་ཅན། །སངས་རྒྱས་ཆོས་ཀྱི་སྣོད་དུ་རུངས་པས་ན། །རྒྱལ་བ་ཤཱཀྱ་ཐུབ་པས་སྟོན་པ་མཛད། །རྒྱ་ནག་གཙུག་ལག་དཔྱད་ཀྱིས་འདུལ་གཟིགས་ནས། །མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་གྱིས། །གབ་རྩེ་སུམ་བརྒྱ་དྲུག་ཅུ་སྟོན་པ་མཛད། །གེ་སར་དམག་གིས་འདུལ་བར་གཟིགས་ནས་སུ། །ལྷ་མོ་པཉ྄ཙ་ཀ་ཡི་བུ་ལྔ་བརྒྱ། །དེ་འདྲ་དམག་ཏུ་སྤྲུལ་ནས་སྟོན་པ་མཛད། །སྟག་གཟིག་ནོར་གྱི་འདུལ་བར་གཟིགས་ནས་སུ། །འཕགས་པ་ནོར་འཛིན་སྐུ་སྤྲུལ་སྟོན་པ་མཛད། །རྒྱ་གར་ཆོས་རྒྱལ་མ་རིག་མུན་པ་སེལ། །རྒྱ་ནག་རྒྱལ་པོས་ལེགས་ཉེས་མེ་ལོང་སྟོན། །གེ་སར་རྒྱལ་(༦.བ)པོས་དམག་གི་དགྲ་དཔུང་འདུལ། །སྟག་གཟིག་རྒྱལ་པོས་དབུལ་བའི་སྡུག་བསྔལ་སེལ། །ཅེས་བཤད་པ་རྣམས་རྒྱལ་རབས་སྤྱི་སྒོས་ཀྱི་སྟོང་ཐུན་ཟུར་ཙམ་བསྟན་པའོ། །འཛམ་བུ་གླིང་པའི་ཡུལ་ཐམས་ཅད་དང༌། མིའི་རིགས་རུས་ཀྱི་རྣམ་དབྱེ་ག(དག)གོ།
འཛམ་གླིང་སྤྱི་དང་བོད་ཀྱི་ལོ་རྒྱུས་རུས་རྒྱུད་སྐོར།
ཨོཾ་སྭསྟི། སྲིད་པའི་གཏེར་ཁ་བང་མཛོད་འཛོམས་པའི་མཐུས། །མི་སྲིད་བྱ་བ་གང་ཡང་མེད་པའི་ཕྱིར། །ཁམས་གསུམ་གླིང་བཞི་ཁྱད་པར་རྒྱ་བོད་ན། །ཡུལ་གྲངས་མི་རིགས་རྣམ་འགྱུར་འདི་ལྟར་སྣང༌། །དེའང་ལྷོ་འཛམ་བུ་གླིང་པ་ལ། ཡུལ་གྲངས་ཆེ་ཆུང་དང་མཐའ་དབུས་ཀྱི་ངོས་འཛིན། མི་རིགས་དང་སྐད་རིགས་ཀྱི་རྣམ་དབྱེ་མང་དུ་བཤད་ཅིང༌། ཁྱད་པར་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པས། ཡུལ་གྱི་དབུས། རྒྱ་གར་རྡོ་རྗེ་གདན་ལ་ངོས་འཛིན་པ་མང་ལ། མདོ་རྒྱུད་ནས་ཀྱང་བཤད་པ་ནི། ཆོས་དར་ས་ཡིན་པ་ལ་དགོངས་པའོ། ། (༧.ན)འཛམ་བུ་གླིང་གིས་ཚད་དང༌། ཡུལ་ཁམས་ཀྱིས་དབྱེ་ནས་བཀོད་པ་ལུགས་གཅིག་ལ། འཛམ་བུ་གླིང་སོག་ཁ་འདི། དབྱིབས་ཤིང་རྟ་ལྟ་བུ། སོག་པའི་ཡུ་བ་ལྕགས་རི་ངོས་ལ་བསྟན་པ་ལ། དཔག་ཚད་ཕྱེད་དང་བཞི། གཞན་ཕྱོགས་གསུམ་པོ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་སོ། །དེ་ལ་ཤར་གྱི་གླིང་གཡོག་རྔ་ཡབ་ན། ལྗོན་པ་རྟ་མགོ་ཅན་གྱི་རྒྱལ་ཁམས་ཡོད་ཅིང༌། ནུབ་ཀྱི་རྔ་ཡབ་གཞན་ན། རཀྵ་སྲིན་པོའི་རྒྱལ་ཁམས་ཡོད། གླིང་གཡོག་གཉིས་པའོ། །དབྱིབས་གོང་དང་འདྲ་ཞིང༌། རྒྱ་ནི་གླིང་ཆེ་བའི་ཕྱེད་མའི་ཚད་དོ། །འཛམ་བུ་གླིང་འདི་ལ། ཡུལ་གྲངས་ཆེན་པོ་དགུ་ཡོད་པར་འདོད་དེ། བཅོམ་ལྡན་རལ་གྲིས་མཛད་པའི་སྡོམ་པ་བརྒྱན་གྱི་མེ་ཏོག་ལས། ཡུལ་དབུས་དང༌། མཐའ་འཁོབ་ཀྱི་ས་མཚམས་ནི། ཤར་དུ་ལི་ཁ་ར་ཤིང་འཕེལ་དང༌། ལྷོར་དུམ་བུའི་ཆུ་རླུང་དང༌། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང༌། བྱང་དུ་ཤི་རའི་རི་མུན་པ་ཅན་(༧.བ)གྱི་བཅད་པ་རྣམས་སོ། །ཤར་ན་རྒྱ་ནག་དང༌། ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕན་གཉིས། བྱང་ན་ཁྲོམ་དང་གེ་སར་གཉིས། དབུས་ན་བོད་ཡུལ་གངས་ཀྱི་ར་བ་དགུ་ཟེར་ཏེ། འཛམ་བུ་གླིང་གི་ས་ཚད་ཀྱི་ལྟེ་བ། བོད་གངས་ཅན་འདི་ཡིན་པར་འདོད་པ་ནི། ས་མཐོ། རི་མང༌། གངས་ཆགས་ཆུ་བོ་ཐམས་ཅད་འདི་ནས་ཕྱིའི་མཐའ་རྣམས་ལ་འབབ་པའི་ཕྱིར་གྱི་འདི་ཉིད། སའི་དབུས་ལྟེ་བ་ཡིན་པར་འདོད་དོ། །འཛམ་བུ་གླིང་ན་སྤྱིར་གྱིས་རྒྱལ་ཁམས་ཆེ་ཆུང་བཅུ་གསུམ་ཡོད་པའི། མིང་ངོས་ཅན་གྱི་འཛིན་པ་ལྔ་ནི། རྒྱ་གར་ཆོས་ཀྱི་རྒྱལ་ཁམས། རྒྱ་ནག་རྩིས་ཀྱི་རྒྱལ་ཁམས། སྟག་གཟིག་ནོར་གྱི་རྒྱལ་ཁམས། ཁྲོམ་གེ་སར་དམག་གི་རྒྱལ་ཁམས། བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་དང་ལྔའོ། །མི་མ་ཡིན་པས་འཛིན་པའི་རྒྱལ་ཁམས་བརྒྱད་ནི། ལྐོག་ལ་(མ)བྲང་(༨.ན)འབྱར་གྱི་རྒྱལ་ཁམས། ཐེ་རང་མིག་གཅིག་པའི་རྒྱལ་ཁམས། སྐྱེ་ལྦ་རྨེ་ཤ་ཅན་གྱི་རྒྱལ་ཁམས། སོག་པོ་སྤྲེའུ་ལག་ཅན་གྱི་རྒྱལ་ཁམས། རྒྱ་མོ་ཁྱི་ཁྱོ་ཅན་གྱི་རྒྱལ་ཁམས། རྣ་བོ་ཆེ་བོང་བུའི་རྒྱལ་ཁམས། ཚེ་ཚེ་ར་མགོ་ཅན་གྱི་རྒྱལ་ཁམས། ཙུ་ཏ་རྐང་གཅིག་པའི་རྒྱལ་ཁམས་དང་བརྒྱད་དོ། །ཞིབ་པར་ཕྱེ་ན། འཛམ་བུ་གླིང་པ་ལ། མི་རིགས་མི་འདྲ་བ་སུམ་བརྒྱ་དང་དྲུག་ཅུ། སྐད་རིགས་མི་གཅིག་པ་བདུན་བརྒྱད་དང་ཉི་ཤུ། ལུས་ཀྱི་རྣམ་འགྱུར་མི་འདྲ་བ་བཅུ་བདུན། རུས་པ་ལྕེས་འགྱུར་ཚད་གཅིག མིང་ཁ་ནས་ཐོན་ཚད་གཅིག་ཡོད་པར་བཤད་ནའང༌། རུས་ཀྱི་ཕྱི་མོ་བཅུ་གཉིས་ཅི་ལ་བསྡུའོ། །དེ་ལ་རྒྱལ་རིགས་རྣམས་ཆེ་བ། རྗེ་རིགས་རྣམས་བཙུན་པ། བྲམ་ཟེའི་རིགས་རྣམས་གཙང་བ། དམངས་རིགས་རྣམས་མང་བ་དང་བཞི་ལ། ཕྱིའི་རིགས་བཞི་ཟེར་ཏེ། འཛམ་བུ་གླིང་པའི་མི་རིགས་ཐམས་ཅད་འདི་ཁོག་ཏུ་འདུས་སོ།། (༨.བ)བར་གྱི་རིགས་བཞི་ནི། རྒྱ་གར་བ་ལྷ་ལས་ཆད་པ། སཾཀྲི་ཏ་ལྷའི་སྐད་དུ་སྨྲ། རྒྱ་ནག་པ་ཀླུ་ལས་ཆད་པས། ན་ག་ཏྲི་ཀླུའི་སྐད་དུ་སྨྲ། ཧོར་ལྷ་མ་ཡིན་ལས་ཆད་པས། ཨ་སུ་ཏྲི་ཏ་ལྷ་མ་ཡིན་གྱི་སྐད་དུ་སྨྲ། བོད་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པས། ཨ་ཝ་བྲག་ཏྲི་ཏ། འདྲེའི་སྐད་དུ་སྨྲ་བ་དང་བཞིའོ། །ནང་གི་རིགས་བཞི་ནི། སྟོང་དང༌། ལྷོང་(ལྡོང)དང༌། སེ་དང༌། རྨུ་རྐམས་ཏེ། འདི་བཞི་པོ་ལ་བོད་མི་ཕལ་ཆེ་བ་གྱེས་པར་བཤད་པས། འདི་རྣམས་རུས་ཀྱི་ཕྱི་མོ་བཅུ་གཉིས་ཞེས་པའོ། །ཡང་ལུགས་གཅིག་པ་(ལ)། ཕྱིའི་མིའུ་རིགས་བཞི་ནི། སྤང་ཕུག་གི་ཕྱི་བ་དང༌། ཀོ་སྐྱོང་གི་སྦལ་པ་དང༌། སྤྲ་དང༌། སྤྲེའུ་བཞིའོ། །ནང་གི་མིའུ་རིགས་བཞི་ནི། གི་ཤང་རྒྱ་དང༌། གྱིམ་ཞང་ཧོར། ཁ་ལེ་མོན་དང༌། སྤུ་རྒྱལ་བོད་བཞིའོ། །དེའི་ནང་ནས། རྒྱ་ལ་གྲོལ་ཆ་གཉིས་སུ་གྱེས་པ་ནི། རྨུ་རུས་དང༌། ཀེ་ལའོ། །ཧོར་(༩.ན)ཡང་གཉིས་སུ་གྱེས་པ་ནི། སྲིན་ཚ་དང༌། ལྷ་ཚའོ། །མོན་པ་རིགས་གསུམ་བྱུང་བ་ནི། མོན་རང་རྒྱུད་པ་དང༌། རྒྱ་བོད་མཚམས་ཀྱི་མི་ཉག རྐོང་པོ་དང་གསུམ་མོ། །བོད་ལ་མིའུ་རྒྱུད་དྲུག་ཏུ་གྲོལ་ཏེ། དེའང་སྔོན་དང་པོ། ཡུལ་དམའ་ཁ་ཤུ་གཡག་ཞུར་གྱི་གོང་ཁ་བྱ་བར། སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། བུ་གསུམ་བྱུང་བ། རྒྱ་བོད་ཧོར་གསུམ་དུ་གྱེས་པའི། བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ། བུ་དྲུག་བྱུང་བ་ནི། དབྲའ་འགྲུ་ལྡོང་གསུམ་ལྒ་དང་བཞི། ནུ་བོ་དབས་བརྡའ་གཉིས་དང་དྲུག བོད་ཀྱི་མིའུ་རྒྱུད་དྲུག་དེས། དམའ་ཁ་ཤུ་རས་འདེབས་སྟག་པ་དེར། བོད་མི་གསུམ་བུ་དྲུག་ས་དགོས་(བགོས)བྱས། ལྡོང་གིས་པ་མ་ལེ་པང་ཐོབ། །དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། །འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ། །ལྒ་ཡིས་ལྒར་མ་མེ་པོ་ཐོབ། །དབས་བརྡས་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་དར་གོང་མ་བཟུང༌། །དེ་ལ་ཆེ་རྒྱུད་གོང་ནས་མ་ཤོར་བ། (༩.བ)ཕོ་མོ་ལྡོང་གི་བུ་རྒྱུད་ཡིན། མཐུ་ཆེ་དམ་ཚིག་མ་ཉམས་པ། སེ་ཁྱུང་དབྲ་ཡི་བུ་རྒྱུད་ཡིན། །དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲུའི་བུ་རྒྱུད་ཡིན། །ཕྱུགས་གཡང་མོའི་འཁལ་ཚིལ་མ་ཞུ་བ། །རྨུ་ཚ་ལྒ་ཡི་བུ་རྒྱུད་ཡིན། །ད་ཕོ་བོ་ལྡོང་ལ་མཆེ་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་་་་་་་་་་་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བི་རི་འ་མདོ་དང་གླིང་པ་གཉིས། །རོ་མཛེ་(འཛེ)ལ་ཕུ་པ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །སེ་ཁྱུང་དབྲའི་ཆེ་དྲུག་དེ། །སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། །བར་ན་མར་པ་སྤུ་རང་གཉིས། །སྨད་ན་རེ་ཁེ་ཉག་ལེ་གཉིས། །ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། །ཀྲི་ལ་རྨེ་ཤ་དང་རྨེ་ཚན་གཉིས། །བྲག་ཏུ་ལ་གུ་གུ་དང་རྡོར་ཉེ་གཉིས། །ཉག་ལེ་ལ་ཁོ་པོ་དང་ཁོ(༡༠།ན)དབྲ་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །ཁྲི་ཟམ་འབྲུའི་དྲུག་དེ། །ཤར་ན་ཀྱི་དང་རོང་པོ་གཉིས། །ལྷོ་ན་བྷེ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། །སྤས་དང་སྤོས་དང་ཚ་ཕྲོམ་གསུམ། །ཞུག་པས་སྟོང་ཉེ་ཉེ་གྷ་གསུམ། །ཆེ་བཙུན་སྤེལ་པ་བཅུ་གཉིས་ཡིན། །རྨུ་ཚ་ལྒའི་ཆེ་དྲུག་དེ། །ཐོས་རུས་སྟག་རུས་སྟོད་ན་ཡོད། །བྱ་ཅན་ཁྲབ་ཅན་སྟོད་ན་ཡོད། །བྱ་རྗེ་སྤེན་ཐོག་སྟོད་ན་ཡོད། །ཆེ་དྲུག་མཚན་གྱི་གཙུག་དྲུག་དེ། །ལྒ་ལ་བྱེས་པ་ཡུལ་པ་གཉིས། །ལྟག་རུས་ཡུལ་སྟག་འབྲོག་སྟག་གཉིས། །དབས་ལ་ཆེ་སྐོར་ཆུང་སྐོར་གིས། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། དགེ་དང་(འོ)།།
རྒྱ་བོད་ཀྱི་རྒྱལ་རབས།
བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང༌། ཕྱོགས་བཞིའི་རྒྱལ་ཁམས་ཀྱི་ས་མཚམས་ན། སྲིད་པས་བཀོད་པའི་རྡོ་རིངས་ཆེན་པོ་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང༌། བོད་ཀྱི་སོ་མཚམས་ན། ཤ་ཕུད་གངས་དཀར་ལྷའི་(༡༠.བ)ཡུལ་དུ། འདྲོན་བུ་དུང་གི་རྡོ་རིངས་གཙུགས་པ་ཡན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང༌། བོད་ཀྱི་སོ་མཚམས། སྨུག་མ་བུ་ཁུར་སྲིན་གྱི་ཡུལ་དུ། མཐིང་ཞུན་གཡུའི་རྡོ་རིངས་གཙུགས་པ་ཚུན་ཆད། ནུབ་ཕྱོགས་སྟག་གཟིག་དང༌། བོད་ཀྱི་སོ་མཚམས། རྐང་མ་རྐང་གཅིག་ཀླུའི་ཡུལ་དུ། ཤ་རྩེ་དངུལ་གྱི་རྡོ་རིངས་གཙུགས་པ་མན་ཆད། བྱང་ཕྱོགས་ཁྲོམ་གེ་སར་དང༌། བོད་ཀྱི་སོ་མཚམས། མ་རྨའི་ལུ་རྒྱུད་སྨན་གྱི་ཡུལ་དུ། ར་རྒན་གསེར་གྱི་རྡོ་རིངས་གཙུགས་པ་ཚུན་ཆད། དེ་རྣམས་བོད་གངས་ཅན་གྱི་རྒྱལ་ཁམས་སུ་གཏོགས་པའི་ས་ཚད་ཡིན་ཞིང༌། རྡོ་རིངས་ཀྱི་སྤངས་ལ། གཞུ་འདོམ་བརྒྱད་ཅུ་རེ་དང་ཞེང་ཕྱོགས་རེ་ལ། གཞུ་འདོམ་ཉི་ཤུ་རེ། གཞུ་འདོམ་བརྒྱད་ཅུ་རེ་དང་ཞེང་ཕྱོགས་རེ་ལ། གཞུ་འདོམ་ཉི་ཤུ་རེ། སྟེང་ན་རྒྱ་ཕིགས་དང་བཅས་པ་ཡོད་དོ་ཟེར་རོ། །བོད་ལ་ཡུལ་གྲུ་ཆེན་པོ་གསུམ་ཡོད་པ་ནི། སྟོད་མངའ་རིས་བསྐོར་གསུམ། གངས་དང་གཡའི་ར་བ་རྫིང་དང་འདྲ་བ་ལ། ཡུལ་གྲུ་ཆེན་པོ་གཅིག་(༡༡.ན)སྨད་ལྷ་རེ་ཕྱུགས་དྲུག ནགས་དང་ནའི་ལྗོངས། ཞིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག བར་དུ་དབུས་གཙང་རུ་བཞི། བྲག་དང་ཆུ་འཐབ་ས། ཡུར་བ་འདྲ་བ་ལ། ཡུལ་གྲུ་ཆེན་པོ་གཅིག་སྟེ། དེ་གསུམ་མོ། དང་པོར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཟེར་ཞིང༌། བར་སྐབས་སུ་ལྷ་སྲིན་གྱི་འཛིན་པའི་དུས་ན། གདོང་དམར་ཅན་གྱི་ཡུལ་ཟེར་བའང་འབྱུང༌། རྟིང་དུ་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཟེར་བ་འདི། བོད་རྒྱལ་གྲི་གུམ་བཟན་པོའི་སྲས། བར་པ་བྱ་ཁྲིས། སྤུའོ་བྲ་ཐོག་ཏུ་བྱོན། སྤུ་བོའི་རྗེ་མཛད། རྟིང་དུ་བལ་ཡུལ་མཐིལ་དུ་གདན་དྲངས། སྤུ་དེ་གུང་རྒྱལ་དུ་མཚན་གསོལ། བོད་ཀྱི་རྒྱལ་པོར་བསྐོས། དེའང་མངའ་ཞབས་སུ་འགྱུར་པ་དེ་ཕྱིན་ནས། སྤུར་རྒྱལ་བོད་ཀྱི་ཡུལ་ཟེར་བ་འདི་བྱུང་བར་གདའོ། རྒྱ་དཀར་པོའི་ཡུལ་དེ། དར་དཀར་ཡོལ་བ་འདྲ། རྒྱ་ནག་པོའི་ཡུལ། ཁྲིས་པ་ལྕོངས་ལ་བསྐུར་བ་འདྲ། བལ་པོའི་(༡༡.བ)ཡུལ་གཞོང་པའི་དཀྱིལ་འདྲ། ཞང་ཞུང་གི་ཡུལ་ཤང་(ཅོང་)ཁའི་སྦུབས་འདྲ། ལྷོ་བལ་ན་པའི་ཁ་སྐོར་འདྲ། རྐོང་པོའི་ཡུལ་བྲེ་འདྲ། བོད་ཟལ་མོ་སྒང་འདྲ། དེའི་ནང་ནས་སྟོད་མངའ་རིས་བསྐོར་གསུམ་རྫིང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་སྒང་གསུམ་བཤོངས་ཞིང་དང་འདྲ་ཟེར་བ། རྒྱལ་རབས་ཁུགས་པ་ཐུགས་རྗེ་ཆེན་པོའི་ཡང་ཏིག་ལས་གསུངས་པ་དགེ། རྒྱལ་རབས་ཀུན་གྱི་མཆོག་ཏུ་གྱུར་པ། རྒྱ་དཀར་པོའི་རྒྱལ་རབས་བཞུགས་སོ།།
རྒྱ་གར་གྱི་རྒྱལ་རབས།
ན་མ་སརྦ་བུ་དྷ་བོ་དྷི་སརྟྲི་བྷཻཿ ཀུན་མཁྱེན་ཀུན་ལ་མཁས་པའི་ཟས་གཙང་སྲས། །ལྷ་ཡི་ལྷར་གྱུར་སྲིད་པ་གསུམ་གྱི་མགོན། །ཁམས་གསུམ་མུན་པའི་དམག་རུམ་སེལ་མཛད་པ། །བུ་རམ་ཤིང་པའི་གདུང་འཛིན་ཞབས་ལ་འདུད། །འདྲེན་མཆོག་དེ་ཡིས་མི་མཇེད་འཇིག་རྟེན་འདིར། །གཟིགས་པ་ལྷ་ཡིས་འགྲོ་བའི་དོན་ལ་བྱོན། །རྒྱལ་(༡༢.ན)བའི་ཞིང་མཆོག་རྒྱ་གར་རྒྱལ་རབས་འདི། །རྒྱལ་རབས་ཀུན་གྱི་གཙོ་བོར་བྲི་བར་བྱ། །ཐོག་མར་འཛམ་གླིང་འདི་ན་མཆོག་གྱུར་པ། །ཟས་བཞི་མིང་དྲུག་ཐ་དད་རྣམ་གསུམ་གྱིས། །ཀུན་ནས་འབྱོར་པ་སྔོན་མེད་མི་ཡི་བདག །མང་པོས་བཀུར་པའི་ཞབས་ལ་ཕྱག་འཚལ་འདུད། །དེའང་སྔོན་རབས་དང༌། ད་ལྟར་འགྱུར་པའི་ལོ་རྒྱུས། ཁ་དོ་སྣ་ཚོགས་པ་ལས། དང་པོར། རྒྱལ་པོ་མང་པོས་བཀུར་པའི་གདུང་རབས་འདི། འཛམ་བུ་གླིང་དུ། ཐོག་མར་བྱུང་པ་དང་མཆོག་ཏུ་གྱུར་པའི་ཕྱིར་རོ། །དང་པོར། སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་ཆགས་པ་ན། འཛམ་བུའི་གླིང་འདིའང༌། ཆུའི་རྒྱ་མཚོ་ཆེན་པོའི་སྟེང་དུ། རླུང་གིས་བསྲུབས་པའི་དཀྲིས་མ། མར་གསར་ལྟ་བུ། ས་ཆེན་པོ་འདི་ཆགས་ཤིང༌། འོད་གསལ་གྱི་ལྷ་འགའ་ཞིག་ཞིང་འཕོས་ནས། དེར་མི་རུ་སྐྱེས་ཏེ། རང་འོད་ཀྱིས་གསལ་ཞིང༌། མཁའ་ལ་འགྲོ་(༡༢.བ)དགའ་བདེའི་ཟས་ཀྱི་འཚོ་ཞིང༌། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་བྱུང་ངོ༌། །དེའི་ཚེ་ན། ཉི་ཟླ་དང༌། གཟའ་སྐར། དུས་ཚིགས། ཕོ་མོའི་དབྱེ་བ་ཡང་མེད་དོ། །དེར་མི་གཅིག་གིས། སའི་བཅུད། རོ་བཟང་པོ་དང་ལྡན་པ་རྙེད། དེ་མྱངས་པས། རིམ་གྱིས་ཁ་ཟས་ཟ་ཞིང༌། དེས་ལུས་ལྗི། རང་འོད་ཀྱང་ནུས་ནས། སྤྱི་མཐུན་གྱི་ལས་དང་བསོད་ནམས་ལས་གྲུབ་པའི་ཉི་ཟླ་དང༌། གཟའ་སྐར་དུས་ཚིགས་དང༌། ཉིན་ནུབ་ལ་སོགས་པ་བྱུང་ངོ༌། །སའི་བཅུད་དེ་ནུབ་ནས། རིམ་གྱིས་དམན་ཏེ། བདུད་རྩི་སའི་ཞག་དང༌། མྱུ་གུའི་ཚལ། མ་རྨོངས་པའི་ལོ་ཐོག་བྱུང་པས། དེ་རིམ་པས་ཟོས་པ་ལ་བརྟེན་ནས། ཕོ་མོའི་དབང་པོ་དང༌། འཁྲིག་པ་སྤྱོད་པ་བྱུང༌། དེའི་ངོ་ཚ་ལ་སྐྱོབ་པ་ཁང་པ་བྱུང་ངོ༌། །དེའི་རྟིང་ལོ་ཐོག་ལ་འགའ་རེས། བསོག་འཇོག་བྱས། མ་བྱི་པར་བླངས་པས་ཀུན་བསྒྲོས་ནས། (༡༣.ན)གཟུགས་དང་སྤྱོད་པ་ཕུན་སུམ་ཚོགས་པའི་མི་གཅིག་རྒྱལ་པོར་བསྐོས། དེ་ལ་ཞིང་པ་ཀུན་གྱིས། སྟོན་ཐོག་གི་དྲུག་ཆ་རེ་བཏབ་པས། རྒྱལ་པོ་སའི་དྲུག་ཆ་དབང་བྱ་བ་དེ་ནས་བྱུང་ཞིང༌། མང་པོས་བཀུར་བའི་རྒྱལ་པོ་ཞེས་གྲགས་སོ། །ལྷོ་འཛམ་བུ་གླིང་པའི་མིའི་རྒྱལ་པོ་ཐོག་མ་ཡིན་ནོ། །རྒྱལ་རབས་མཁན་པོ་འགའ་ཞིག ཡར་འདེད་ཀྱི་ལྷ་བདུན་ཟེར་བ་ནི། མང་པོས་བཀུར་བའི་རྒྱལ་པོའི་ཡབ་ལྷ་ཆེན་པོ་དེའི་ཡབ། ལྷ་རྒྱལ་བ། དེའི་ཡབ། ལྷ་གཟི་ལྡན་བཀྲ་ཤིས། དེའི་ཡབ། དབང་པོ་ལག་པ། དེའི་ཡབ། འཁོར་བ་དུང་སྐྱོང༌། དེའི་ཡབ། དྲི་མེད་དུང་མེས། དེའི་ཡབ། གཤེད་ཅན་རྣམ་གཤེད་སྟེ་བདུན་ནོ། །ཟེར་བ་འདི་ལ་ཁུངས་གསལ་རང་ཅིག་མི་འདུག་ནའང༌། འདི་ནི་བསམ་གཏན་བཞི་པའི་ལྷའི་གནས་ནས་ཆད་པ་ཡིན་ཟེར་རོ།།
༈ མང་པོས་བཀུར་བའི་བུ་བརྒྱུད་རིམ་པ་བཞིན། འོད་མཛེས། དགེ་བ། (༡༣.བ) དགེ་མཆོག གསོ་སྦྱོངས་འཕགས་ནས་སྔོན་གྱི་རྒྱལ་པོ་ལྔའོ། །དེ་རྣམས་ཀྱི་རིང་ལ་མའི་རིང་རིམ་པ་བཞིན། སེམས་ཅན། ཚུར་ཤོག རྨེ་བ་ཅན། (རྨེ་ཤ་ཅན)སྤྲིན་མགྲིན། (རྟ་ལའི་ཀོང་)གསོ་སྦྱོངས་འཕགས་ཀྱི་སྤྱི་བོའི་ལྦ་བ་རྡོལ་བ་ལས་སྐྱེས་པ། རྒྱལ་པོ་ང་ལས་ནུ་ནི་གླིང་བཞི་དང༌། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ་མན་ལ། གསེར་གྱི་འཁོར་ལོས་དབང་བསྒྱུར་རོ། །དེ་ནས་མིའི་མིང་ལ། མི་ཞེས་བྱ་བ་འདི་བྱུང་ངོ༌། །ང་ལ་ནུའི་རླ་གཡས་པ་ལས། སྐྱེས་པ་མཛེས་པས། དེའི་རླ་གཡོན་པ་ལས་སྐྱེས་པ་ཉེར་མཛེས། དེའི་རླ་ལས་མཛེས་ལྡན། དེའི་རླ་ལས་མཛེས་དགའ་རྣམས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ་སྟེ། རིམ་པ་བཞིན་དུ། གླིང་བཞི། གསུམ་གཉིས། གཅིག་ལ། གསེར་དངུལ། ཟངས། ལྕགས་ཀྱི་འཁོར་ལོས་དབང་བསྒྱུར་བའོ། །དེའི་དུས་སུ་བསྐལ་པ་རྫོགས་(༡༤.ན)ལྡན། སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་པ། བཞི་ཁྲི་པའང་ཟེར། བྲམ་ཟེའི་རིགས། སངས་རྒྱས་འཁོར་བ་འཇིག་རྟེན་དུ་བྱུང་ངོ༌། །དེའི་བསྟན་པ། དམ་པའི་ཆོས། ལོ་བརྒྱད་ཁྲིའི་བར་ལ་གནས་པར་བཤད་དོ། །མཛེས་དགའི་བུ། བཟང་པོ་ནས། བུ་རྒྱུད་རིམ་པ་བཞིན། རྒྱལ་རབས་སུམ་ཅུའི་མཐར། ཀུན་ནས་འོད་ཟེར་ཞེས་བྱ་བའི་རྒྱུད། རྒྱལ་རབས་བརྒྱ་ཐམ་པ། ཡུལ་གྲུ་འཛིན་དུ་བྱུང༌། དེ་ནས་རིམ་པས་རྒྱུད་དེ། ཡུལ་དམག་གི་མི་ཚུགས་པ་ལ་སོགས་ཡུལ་ཆེན་བཅུ་དྲུག་ཏུ། སངས་རྒྱས་འཁོར་བ་འཇིག་གི་བསྟན་པའི་རིང་ལ། རྒྱལ་རབས་དྲུག་འབུམ། ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་དང་གསུམ་བྱུང་ངོ༌། །དེ་ནས་བསྐལ་པ་གསུམ་ལྡན། ཚེ་ལོ་གསུམ་ཁྲི་པའི་དུས། བྲམ་ཟེའི་རིགས། སངས་རྒྱས་གསེར་ཐུབ་བྱོན། དེའི་དམ་པའི་ཆོས་ལོ་སྟོང་གནས་པར་བཤད་དོ། །དེ་ནས་ཡང༌། ཡུལ་དམག་གི་མི་ཚུགས་པ་ལ་སོགས་(༡༤.བ)ཡུལ་ཆེན་བཞི་རུ། སངས་རྒྱས་གསེར་ཐུབ་ཀྱི་བསྟན་པའི་རིང་ལ། རྒྱལ་རབས་ཉིས་འབུམ། དྲུག་ཁྲི། ཆིག་སྟོང༌། བརྒྱ་དང་ལྔ་བཅུ་བྱུང་བའི་ཐ་མ། རྒྱལ་པོ་ཀྲི་ཀྲི་ཡིན་ཏེ། དེའི་དུས་སུ། བསྐལ་པ་གཉིས་ལྡན། ཚེ་ལོ་ཉི་ཁྲི་པ། རྒྱལ་རིགས། སངས་རྒྱས་འོད་སྲུངས་བྱོན། དེའི་དམ་པའི་ཆོས་ལོ་བདུན་ཁྲིར་གནས་པར་བཤད་དོ། །ཀྲི་ཀྲིའི་བུ་རྒྱུད་བརྒྱ་ཐམ་པ། ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ། རྣ་བ་ཅན་ཡིན་ནོ། །དེ་ལ་བུ་གོའུ་ཏ་མ་དང༌། བྷ་ར་དྷ་ཛ་གཉིས། ནུ་བོས་རྒྱལ་སྲིད་བཟུང༌། གོའུ་ཏ་མས་ནགས་ལ་བསམ་གཏན་བསྒོམས། དེའི་དུས་སུ། སྐྱེས་བུ་གཡོ་ཅན། པདྨའི་རྩ་ལག་གཉིས། སྨད་འཚོང་མ་འགྲོ་བ་བཟང་མོ་བསད་པའི་ཉེས་པ། གོའུ་ཏ་མ་ལ་དཀྲིས་པས། བྷ་ར་དྷ་ཛས། རང་གི་ཕོ་བོ་ཡིན་པ་དང༌། ཉེས་མེད་པར་མ་ཤེས་པ། གོའུ་ཏ་མ་ཁྲིམས་ལ་བསྒྲལ། དེ་འཆི་ཁར། རང་གི་མཁན་པོ། དྲང་(༡༥.ན)སྲོང་མདོག་ནག་དང་འཕྲད། བདེན་པ་བརྗོད་པས། མཁན་པོ་གསེར་གྱི་མདོག་ཏུ་གྱུར། དེའི་ཚིག་བཞིན། ཆགས་པ་ཡིད་ལ་བྱས། ས་བོན་ཟག་ས་པ་ལས། སྒོ་ངའི་ནང་ནས་བྱིའུ་གཉིས་བྱུང་བ། མཁན་པོས། བུ་རམ་ཤིང་གི་ཚལ་དུ། ཉི་མ་ལ་བསྐྱངས་པས། མིང་ཉི་མའི་གཉེན་དང༌། བུ་རམ་ཤིང་པར་བཏགས་སོ། །ཕྱིས་བྷ་ར་དྷ་ཛ་བུ་མེད་པར་ཤི། གོའུ་ཏ་མ་རྩལ། སྔར་གྱི་ལོ་རྒྱུས་རྙེད་པས། ཐམས་ཅད་མྱ་ངན་དུ་གྱུར། ཁྱིའུ་གཉིས་པོ་བླངས་ནས། རིམ་པས་རྒྱལ་སར་བསྐོས་སོང༌། འདི་ལ་བུ་རམ་ཤིང་པའི་སྟེངས་ཟེར་རོ། །དེའི་བུ་བརྒྱུད་བརྒྱ་ཐམ་པ། ཁྱེའུ་གཉིས་པོ་བླངས་ནས། རིམ་པས་རྒྱལ་སར་བསྐོས་སོང༌། འདི་ལ་བུ་རམ་ཤིང་པའི་སྟེངས་ཟེར་རོ། །དེའི་བུ་བརྒྱུད་བརྒྱ་ཐམ་པ། གྲུ་འཛིན་དུ་བྱུང་བའི་ཐ་མ། འཕགས་སྐྱེས་པོ། དེ་ལ་བུ་གསུམ་བྱུང་བའི་ཐ་མ་དེ་ཤི་ནས། རྒྱལ་རིགས་དབང་ཆེན་གཞན་ཞིག་གི་བུ་མོ་ཁབ་ཏུ་བླངས། དེ་ལ་བུ་བྱུང་ནས། རྒྱལ་སར་འདོན་པའི་ཆས་བྱས་པས། བུ་གཅིག་བྱུང་པ་ལ། རྒྱལ་སྲིད་དགར་ལིང་(༡༥.བ)བཏགས་རྒྱལ་སར་བསྐོས། ཕོ་བོ་གསུམ་པོ་རང་རང་གི་སྲིང་མོ་དང་བཅས་ཏེ་སྤྱུགས་ནས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ། རི་དྭགས་གསོད་ཅིང༌། ལང་ཚོ་རྒྱགས་པ་དང༌། དྲང་སྲོང་གི་སྣང་བ་བྱིན་ནས། མིང་སྲིང་འགྲོགས་པས། བརྒྱུད་མང་དུ་འཕེལ་ཏེ། སེར་སྐྱ་དང༌། ལྷས་བསྟན་དུ་གྲོང་ཁྱེར་ཆེན་པོ་བྱུང་ངོ༌། །ཡབ་ཀྱི་དེའི་རྒྱུ་མཚན་ཚོར་ནས། དེ་བཞིན་ཡོད་པ་ཕོད་པ་བྱས་པས། ཤཱཀྱ་ཤཱཀྱ་ཞེས་གྲགས་སོ། །འདི་ལ་ཤཱཀྱའི་རིགས་ཀྱི་ཡ་མཚན་ཟེར་ཏེ། རིགས་ཕལ་པ་མ་འདྲེས་པའི་ཕྱིར་རོ། །ཕྱིས་རྒྱལ་སྲིད་དགའ་ལ་བུ་མེད་པར་ཤི། ཕོ་བོ་རྣམས་རིམ་པས་རྒྱལ་སར་བསྐོས་པས། ཆེ་རྒྱུད་ལ་ཤཱཀྱ་ཆེན་པོའི་རྒྱུད། འབྲིང་རྒྱུ་ལ་ཤཱཀྱ་རི་བྲག་པའི་རྒྱུད། ཆུང་རྒྱུད་ལ། ཤཱཀྱ་ལི་ཙའི་བྱིའི་རྒྱུད། ཞེས་པར་གྲགས་ཤིང༌། རྒྱལ་པོ་རྐང་ཐུབ་ཅན་གྱི་རྒྱུད་ལྔ་ཁྲི་ལྔ་སྟོང༌། སེར་(༡༦.ན)སྐྱར་བྱུང་བའི་ཐ་མ། ཤིང་རྟ་བཅུ་པའོ། །དེ་རྣམས་ཀྱི་རྒྱུད་པ་བཅུ་གཅིག་གི་ཐ་མ། གཞུ་བརྟན་པ། སྲས་སེང་གེ་འགྲམ་པ་དང༌། སེང་གེ་སྒྲའོ། །ཕོ་བོའི་སྲས་ཟས་གཙང༌། ཟས་དཀར། བྲེའོ་ཟས། ཚད་མེད་ཟས་སོ། །ཟས་གཙང་གི་སྲས་རྒྱལ་བུ་དོན་གྲུབ་དང༌། གཅུང་དབང་པོའོ། །ཟས་དཀར་ལ་རྒྱལ་བ་དང༌། བཟང་ལྡན། བྲེའོ་ཟས་ལ། མིང་ཆེན་དང༌། མ་འགགས་པའོ། །ཚད་མེད་ཟས་ལ། ཀུན་དགའ་བོ་དང༌། ལྷས་སྦྱིན་ནོ། །རྒྱལ་པོ་དོན་གྲུབ་ཀྱི་སྲས། སྒྲ་གཅན་འཛིན་བཟང་པོ་སྟེ། འདི་ཡན་གྱི་ཤཱཀྱ་ཆེན་པོའི་རྒྱུད་ཆད་དམ་ཟེར་རོ། །རྒྱལ་པོ་ཟས་གཙང་ཡན། སངས་རྒྱས་འོད་བསྲུངས་ཀྱི་བསྟན་པའི་རིང་ལ། རྒྱལ་རབས་ལྔ་ཁྲི་ལྔ་སྟོང༌། ཉིས་བརྒྱ་ཉི་ཤུ་རྩ་གཅིག་བྱུང་ངོ༌། །དེ་སྟེང་དུ། རྒྱལ་པོ་དོན་གྲུབ་དང༌། སྲས་སྒྲ་གཅན་ཡར་རྒྱབ། མང་པོས་བཀུར་བའི་རྒྱལ་པོ་མན་ལ། ཀུན་སྒྲིལ་བས། རྒྱལ་རབས་དགུ་འབུམ་གསུམ་(༡༦.བ)ཁྲི་ཉིས་སྟོང་བདུན་བརྒྱ་དང༌། བཅུ་གསུམ་བྱུང་བར་བཞེད་དོ།།
སངས་རྒྱས་ཤཱཀྱ་མུ་ནེའི་མཛད་པ་བཅུ་གཉིས།
བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ནི། དང་པོ་རྒྱལ་བུ་དོན་གྲུབ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དེ། ཉན་ཐོས་བློ་ཆུང་བ་རྣམས་ན་རེ། འདིས་སྐྱེ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས། ཚོགས་གཉིས་བསགས་པའི་སྐྱེས་བུ་རང་རྒྱུད་པ་གཅིག་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་པ་ཡིན་ཟེར། བྱང་སེམས་པ་རྣམས་ནི། འདི་སོ་སོ་སྐྱེ་བོའི་བུ་ཡང་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མ་ཡིན། ས་བཅུའི་བྱང་སེམས་ཡིན་ཟེར། སངས་རྒྱས་བསྟན་པའི་ཡང་སྙིང༌། གསང་སྔགས་རྡོ་རྗེ་ཐེག་པ་བ་རྣམས་ནི། འདི་སྔོན་བསྐལ་པ་མེ་ལོང་འབྱུང་གནས་ཞེས་བྱ་བ་ལ། ལམ་ལྔ་ས་བཅུ་སྔོན་དུ་སོང་ནས། སངས་རྒྱས་ཚར། དེའི་སྤྲུལ་པ་ཡིན་ཟེར། གང་ལྟར་ཀྱང༌། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་(༡༧.ན)བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། སྒྲིབ་གཉིས་སྦྱངས་པའི་མཐར། མངོན་པར་རྫོགས་པར་སངས་རྒྱས་པར་ཐམས་ཅད་མཐུན་པས། དེའང་ཐུགས་བསྐྱེད་ལུགས། མདོ་སྙིང་རྗེ་པད་དཀར་ལྟར་ན། འདི་དང་པོ། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ། ཐུགས་བསྐྱེད་ཞེས་པ་དང༌། བསྐལ་བཟང་ལས། སྨན་པར་གྱུར་ཚེ་ཐུགས་བསྐྱེད། དྲིན་ལན་བསམ་པ་ལས། དམྱལ་བའི་ལྕགས་སྲེགས་ཀྱི་ཐང་ལ། ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཚེ་ཐུགས་བསྐྱེད། ཕུང་པོ་གསུམ་པའི་མདོ་ལས། ཚོང་དཔོན་གྱི་བུ་མངོན་དགར་གྱུར་ཚེའམ། ཡང་ན་རྫ་མཁན་གྱི་བུ་ཁྱིའུ་སྣང་བྱེད་བྱ་བར་གྱུར་ཚེ། སངས་རྒྱས་ཐུབ་པ་ཆེན་པོའི་དྲུང་དུ། ཁམ་པའི་བུམ་པ་གཅིག་དང༌། ཀར་ཤ་པ་ཎི་དོག་མ་ལྔ། མཆིལ་ལྷམ་ཟུང་གཅིག་རྣམས་ཕུལ་ནས། བདེ་བར་གཤེགས་པ་ཁྱེད་སྐ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག(༡༧.བ)བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་པའི་སྨོན་ལམ་བཏབ་ནས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་བཤད། དེ་རྟིང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ངོས་འཛིན་ནི། ཉན་ཐོས་པ་ནི་རྣམས་ཀྱི་ལུགས་ལ། མཛོད་ནས། སངས་རྒྱས་རིན་ཆེན་གཙུག་ཏོར་ཡན་ཆད་ཀྱིས། གྲངས་མེད་དང་པོ་རྫོགས། དེ་ནས་མར་མེ་མཛད་ཡན་ཆད་ཀྱིས་གྲངས་མེད་གཉིས་པ་རྫོགས། རྣམ་གཟིགས་ཡན་ཆད་ཀྱིས་གསུམ་པ་རྫོགས་པར་བཤད་དོ། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་པ་ལྟར་འདོད་དོ། །ཐེག་ཆེན་པའི་ལུགས་ལ། གོང་ལྟར། ཁྱིའུ་སྣང་བྱེད་ཀྱིས་ཐུགས་བསྐྱེད་པ་ནས་བཟུང་སྟེ། ས་དང་པོ་ཐོབ་ཀྱི་བར་ལ། བསྐལ་པ་གྲངས་མེད་དང་དང་པོའོ། །དེའི་དུས་སུ། སོ་སོ་སྐྱེ་བོའི་ལུས་གྲངས་མེད་(༡༨.ན)པར་བླངས་ཏེ། ཚོགས་ཀྱི་ལམ་དུ་ཞུགས་ནས། དགེ་བ་སྤེལ་བ་དང༌། སྦྱོར་ལམ་ལས་འབྲས་ལ་ངེས་ཤེས་སྐྱེས་ཏེ། དེའི་བར་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡིན་ནོ། །དེ་ལྟར་ས་དང་པོ་རབ་ཏུ་དགའ་བ་ནས། མཐོང་ལམ་ཆོས་ཉིད་བདེན་པ་རྟོགས་ཏེ། ས་གཉིས་པ། དྲི་མ་མེད་པ་ནས་སྒོམ་ལམ་ལ་ཞུགས། ས་གསུམ་པ་འོད་སྣང་བྱེད་པ། བཞི་པ་འོད་རབ་ཏུ་འཕྲོ་བ། ལྔ་པ་ཤིན་ཏུ་སྦྱངས་དཀའ་བ། དྲུག་པ་སྔོན་དུ་གྱུར་པ། བདུན་པ་རིང་དུ་སོང་བའི་ས་ཐོབ་པ་མན་ལ། གྲངས་མེད་གཉིས་པའོ། །དེའི་བར་ལ། སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ།
༈ སངས་རྒྱས་མར་མེ་མཛད་ཡིན་ནོ། །དེ་རྟིང༌། ས་བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་དུས་སུ། བྱང་ཆུབ་སེམས་དཔའ་ཏོག་དཀར་པོར་གྱུར་ཅིང༌། དེ་མན་གྱིས་གྲངས་(༡༨.བ)མེད་གསུམ་རྫོགས་ཏེ། དེའི་རིང་ལ། སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ། སངས་རྒྱས་རྣམ་གཟིགས་ཡིན་ནོ། །དེ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། ས་བཅུ་ནོན་ཅིང༌། ས་གཉིས་པ་ནས། བཅུ་པའི་བར་ལ། སྒོམ་ལམ་ལ་གོམ་པ་འཕེལ་ཏེ། ས་བཅུ་གཅིག་པ་ཀུན་ཏུ་འོད་དང༌། བཅུ་གཉིས་པ་མ་ཆགས་པདྨ་ཅན། བཅུ་གསུམ་རྡོ་རྗེ་འཛིན་པའི་ས། སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་ཚུལ་འོག་ནས་བཤད་པ་ལྟར་རོ། །ཐུབ་པའི་མཛད་པ་བཅུ་གཉིས་དང་པོ་ནི། འཇིག་རྟེན་གྱི་མཛད་པ་ལྔ་ལས། ལྷུམས་སུ་ཞུགས་པ་དང༌། སྐུ་བལྟམས་པ། གཞོན་ནུ་རོལ་རྩེད་མཛད་པ། བཙུན་མོ་ཁབ་ཏུ་བཞེས་པ། རྒྱལ་སྲིད་བཟུང་བ་རྣམས་སོ། །འཇིག་རྟེན་ལས་འདས་པའི་མཛད་པ་ལྔ་ནི། རབ་ཏུ་བྱུང་བ་དང༌། དཀའ་བ་སྤྱད་པ་དང༌། ཆོས་འཁོར་བསྐོར་བ། ཆོ་འཕྲུལ་བསྟན་ཅིང་བདུད་(༡༩.ན)བཏུལ་བ། སངས་རྒྱས་པ་རྣམས་སོ། །ཁྱད་པར་ཅན་གྱི་མཛད་པ་གཉིས་ལ། རྟག་ཏུ་རེ་བ་རྣམས་སུན་བྱིན་པའི་ཕྱིར། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང༌། ཕྱི་རབས་པ་སྤྲོ་བ་བསྐྱེད་པའི་ཕྱིར། སྐུ་གདུང་རིང་སྲེལ་(བསྲེལ)ཆ་བརྒྱད་དུ་བགོས་པས། བྱིན་རླབས་འབྱུང་བའི་མཛད་པའོ། །དེ་ལྟར་བཅུ་གཉིས་ཀྱི་དང་པོ། དམ་པ་ཏོག་དཀར་པོར་གྱུར་ཏེ། དགའ་ལྡན་ན་བཞུགས་པའི་དུས། མི་མཇེད་འཇིག་རྟེན་གྱི་ཁམས་ན། སྙིགས་མ་ལྔ་བདོ་བ་ནི། སེམས་ཅན་གྱི་སྙིགས་མ་དང༌། ཚེའི། ཉོན་མོངས་པའི། ལྷ་བའི། དུས་ཀྱི་སྙིགས་མ་ལ་དགོངས། གདུལ་བྱ་དུས་ལ་བབ་པར་མཁྱེན་ཏེ། རྩོད་ལྡན་གྱི་དུས། འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་བརྒྱ་ཐུབ་པའི་སྐབས་སུ། དགའ་ལྡན་དུ་རྒྱལ་ཚབ་ལ། བྱམས་པ་དབང་བསྐུར་ནས་འཛམ་བུ་གླིང་དུ། གཟིགས་པ་ལྔའི་སྒོ་ནས་འབྱོན་པར་ཆས་པ་ནི། གནས་དང༌། རིགས་དང༌། རྒྱུད་དང༌། ཡུམ་དང༌། དུས་དང་ལྔ་ལ་གཟིགས་ (༡༩.བ)ནས། ང་ནི་འཛམ་བུའི་གླིང་དུ། ཆོས་སྟོན་པ་ལ་འགྲོ་འོ་གསུངས་པས། ལྷ་ཐམས་ཅད་མ་དགའ་སྟེ། ཐབས་སྣ་ཚོགས་པས་བཤོལ་བཏབ་ཀྱང༌། མ་ཐེབས་པ་དང༌། ལྷའི་བུ་གཟི་བརྗིད་དམ་པས། དེ་ལྟ་ན། གླང་པོ་ཆེའུ་གཟུགས་སུ་སྤྲུལ་ནས་བྱོན་ན། དོན་ཆེའོ་ཟེར་བ་ལྟར། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གཅིག་ཏུ་སྤྲུལ་ནས་བྱོན། གྲོང་ཁྱེར་སེར་སྐྱའི་ཕོ་བྲང་ན། ཡབ་རྒྱལ་པོ་ཟས་གཙང་དང༌། ཡུམ་ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ། རྒྱལ་སྲིད་སྐྱོང་གིན་བཞུགས་པའི་དབྱར་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད། བཅོ་ལྔ། ཟླ་བ་ཉ་གང་བ། ཡུམ་གསོ་སྦྱོང་ལ་གནས་པའི་སྤྱི་བོ་ནས། གླང་ཆེན་ཐིམ་པར་རྨིས་ཏེ། ལྷུམས་སུ་ཞུགས་ནས། ཡུམ་ལ་དགའ་བདེའི་ཏིང་ངེ་འཛིན་མང་པོ་འཁྲུངས་པར་གྱུར་ཏོ། །དེའང༌། ཇོ་བོ་རྗེའི་བཞེད་པས། སངས་རྒྱས་ཤིང་ཕོ་བྱི་བའི་དབྱར་ཟླ་འབྲིང་པོའི་ཉ་ལ་ལྷུམས་སུ་ཞུགས། (༢༠.ན)གླང་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་(དཔྱིད་ཐ་ཟེར་བའང་འདུག)ལ་སྐུ་བལྟམས། ས་མོ་ཕག་དང་བྱི་བའི་མཚམས་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་ལོ་ལ་མྱ་ངན་ལས་འདས་པར་མཛད་ཅིང༌། ཆོས་རྗེ་ས་སྐྱ་པ་ནི། སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་(དཔྱིད་ཐ་ཟེར་བའང་འདུག)ལ་སྐུ་བལྟམས། ས་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་དཔྱིད་ཐའི་ཉའམ། སྟོན་ཐའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་བཞེད་དེ། ཚེས་བརྒྱད་རྒྱལ་ཕུར་འཛོམ་པ་ལ། སྐུ་བལྟམས་པར་མཁས་པ་མང་པོ་ཞལ་མཐུན་ནོ། །རྒྱལ་བུ་ལྷུམས་སུ་ཞུགས་པའི་མཛད་པ་སྟེ་དང་པོ། །དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་དགུ་ངོ་བཅུ་བཞུགས་ནས། ཡབ་ཀྱི་བཀའ་བཞིན། མེས་རྒྱལ་པོ་ལེགས་པར་རབ་གསལ་གྱིས། བཀྲིས་ལུམ་པའི་ཚལ་དུ། གཙང་སྦྲ་དང་བྱི་དོར་བྱས་ནས། ཡུམ་གདན་དྲངས་པའི་དུས། (༢༠.བ)སྲས་ནི་ཕྱག་གཡས་པ། ཤིང་ན྄ཡ་ཏྲོ་ཏའི་ཡལ་ག་ལ་འཇུས་པའི་མོད་ལ། རྩིབས་ལོ་གཡས་པ་ནས། ཡར་ངོའི་ཚེས་བརྒྱད་ཀྱི་སྔ་དྲོ་སྐུ་བལྟམས། བརྒྱ་བྱིན་དང་ཚངས་པས་བརྟེན་ཅིང༌། ལྷ་ཀླུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་དགའ་བ་ཐམས་ཅད་ཀྱི་སྐུ་ཁྲུས་གསོལ། མཆོད་པ་རོལ་མོ་ཕུལ། ས་གཡོས། སྒྲ་བསྒྲགས། མེ་ཏོག་གི་ཆར་ཕབ། སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། བལྟམས་འཕྲལ་ལ། ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་ཞབས་རྗེས་གང་ཡིན་པ་པདྨ་རེ་རེ་བྱུང་ཞིང༌། ཞལ་ནས། དགེ་མཚན་ཆེ་བའི་ཚིག་བཅད་རེ་རེ་ཡང་གསུངས་སོ། །དེའི་དུས་སུ་ཡབ་ཀྱིས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་(༢༡.ན)ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་འདི་ནི། ཐུབ་པའི་བསྟོད་པའི་ཐོག་མའོ། །རྒྱལ་བུ་འདི་དང་དུས་མཉམ་དུ། ཡུལ་དབུས་སུ། རྒྱལ་པོ་ཚངས་བྱིན་དང༌། པདྨ་ཆེན་པོ། དམག་རྒྱལ་རྩིབས་ཀྱི་མུ་ཁྱུད། མཐའ་ཡས་དང་བཞི་པོ་ལ་བུ་རེ་རེ་བཅས་པ་ནི། གསལ་རྒྱལ། གཟུགས་ཅན་སྙིང་པོ། ཤར་པ། གཏུམ་པོ་རབ་སྣང་དང་བཞིའོ། །བྱང་སེམས་དེ་ཉིད། སྐུ་བལྟམས་ནས་ཞག་བདུན་ན། ཡུམ་འདས་ཏེ། སུམ་ཅུ་རྩ་གསུམ་དུ་སྐྱེས། སྲོ་མོ་སྐྱེ་དགུའི་བདག་མོས་མགོ་བྱས། མ་མ་བརྒྱ་ལ་གཏད་ནས། ཞབས་ཏོག་བྱས་པས། འཕེལ་སྐྱེད་ཤིན་ཏུ་ཆེའོ། །རྒྱལ་བུ་སྐུ་བལྟམས་པའི་མཛད་པ་སྟེ་གཉིས་པའོ། །དེའི་དུས་ན། རི་བོ་གྲུ་འཛིན་ན། དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ། འཇིག་རྟེན་འཆགས་འཇིག་ལྟ་བ་ལ་མཁས་པ་ཅིག་ཡོད་པ་དེས། འོད་ཟེར་གྱི་སྣང་བ་མཐོང་ནས། སངས་(༢༡.བ)རྒྱས་སྐུ་བལྟམས་པར་ཤེས་ཤིང༌། གཞན་ཡང་མཚན་ལྟས་བརྟག་མཁན་རྣམས་ན་རེ། འདིས་ནི་རྒྱལ་སྲིད་བསྐྱངས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཞིང༌། རབ་ཏུ་བྱུང་ན་འཇིག་རྟེན་གསུམ་གྱི་མགོན་པོར་ངེས་པར་འགྱུར་རོ། །ཟེར་བ་སོགས། མཚན་བལྟས་ཤིན་ཏུ་བཟང་བར་ལྟངས་སྤྱད་དོ། །མཚན་ཡང་རྒྱལ་བུ་དོན་གྲུབ་ཏུ་གསོལ་ལོ། །ཡང་དྲང་སྲོང་ན་རེ། ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་མི་འབྱུང༌། འདི་ནི། ད་སྟེ་ལོ་སུམ་ཅུ་རྩ་ལྔ་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་ཐེ་ཚོམ་མ་ཟ་ཅིག བདག་ནི་ལང་ཚོ་ཡོལ་བས་དེའི་ཆོས་མ་ཐོབ་པར་འཆིའོ། །ཟེར་ནས་མྱ་ངན་བྱེད་དོ། །དྲུང་སྲོང་དེས་ཚ་བོ་མེས་བྱིན་ལ། རྒྱལ་བུ་འདི་སངས་རྒྱས་པའི་དུས་སུ། ཁྱོད་ཀྱང་རབ་ཏུ་བྱུང་ཅིག་ཟེར་བ་ལྟར་བྱས་པས། མེས་བྱིན་གྱིས། དགྲ་བཅོམ་པ་ཐོབ་པའི་མཚན་ནི། འཕགས་པ་(༢༢.ན)ཀ་ཏྱ་ན་ཞེས་པའོ། །ཤཱཀྱའི་རིགས་རྣམས་ཀྱི་མཆོད་པའི་ལྷ། གནོད་སྦྱིན་ཤཱཀྱ་འཕེལ་གྱི་དྲུང་དུ། རྒྱལ་བས་བྱོན་པས། ལྷས་ཚུར་ལ་ཕྱག་བྱས་བྱུང་པས། བཅོམ་ལྡན་འདས་ལྷའི་ལྷའོ་ཞེས་པ་དང༌། དེའི་ལམ་ན་ཤཱཀྱའི་རིགས་གདུག་པ་ཅན། འགྲོ་བ་ཐམས་ཅད་ལ་འཚེ་བ་ཅིག་ཡོད་པ། དེས་ཀྱང་བཏུས་པས། ཤཱཀྱ་ཐུབ་པ་ཞེས་པར་གྲགས་སོ། །དེ་ནས་གཞོན་ནུ་དེ་ཉིད་ནས། ཡིག་དཔོན་སྲིན་བུའི་གོ་ཆ་ལ། ཀློག་ཡིག་བསླབས་པ་དང༌། ཤཱཀྱའི་སྲིད་སྒྲུབ་ལ་རྩིས་དང༌། སློབ་དཔོན་ལྷར་བཅས་ལ་འཕོངས་དང༌། བྱང་སེམས་བཟང་པོ་ལེན་ལ། གླང་པོ་ཆེའི་གཉའ་བར་གཞོན་པ་སོགས། སྒྱུ་རྩལ་དྲུག་ཅུ་རྩ་བཞི། རྒྱལ་པོའི་བྱ་བ་རྣམས་སློབས་པའི་ཚུལ་བསྟན་ནའང༌། སྔོན་སྦྱངས་ཀྱི་ཤུགས་དྲག་པོས། སློབ་དཔོན་རྣམས་སྐྱོང་པར་མཛད་དོ། །ལྷ་སྦྱིན་ལ་སོགས་རྒྱལ་ཕྲན་རྣམས་དང༌། ཨཾ་གྷ་མཾ་གྷ་དྷར། སྒྱུ་རྩལ་འགྲན་དུས་ཞབས་ཀྱི་མཐེ་བོང་(༢༢.བ)གིས་གླང་པོ་ཆེའི་རོ་དཔག་ཚད་གཅིག་གི་བར་ལ་སྐྱུར་པས། ས་ཤོངས་ཏེ་སོང་བ། སེར་སྐྱའི་གྲོང་ཁྱེར་གྱི་ཕྱི་རོལ་ན། གླང་པོ་ཤོངས་བྱ་བ་ཡོད། མདའི་ཚབས་འགྲན་པས། ཤིང་རྟ་ལ་བདུན། ལྕགས་ཀྱི་ཕག་བདུན་དང་བཅས་པ་ཕུག་ནས། མདའ་ཟུག་པའི་རྗེས་ལ། མདའ་ཆུ་ཁྲོན་པ་སྐྱེས་ཟེར་བའི། ཡན་ལག་བརྒྱད་ལྡན་གྱི་ཆུ་ཡོད་དོ། །གཞན་ཡང༌། རྐྱལ་དང༌། ཤིང་སྡོང་པོ་གཅོད་པ་ལ་སོགས། རྩལ་སྣ་གང་ལའང༌། སུས་ཀྱང་འགྲན་པར་མ་བཟོས་པས་ན། གྲགས་པས་ཁྱབ་པར་གྱུར་རོ། །གཞོན་ནུ་རོལ་རྩེད་ཀྱི་མཛད་པ་སྟེ་གསུམ་པའོ།།
༈ དེ་ནས་རྒྱལ་བུས་དགུང་ལོ་བཅུ་བདུན་བཞེས་པའི་དུས། མཚན་མཁན་གྱི་ངག་བཞིན། རྒྱལ་པོ་ཟས་གཙང་གི་སྲས་རབ་ཏུ་བྱུང་སྟབས་མེད་པས། བཙུན་མོར་འོས་པ་རྣམས། ཁབ་ཏུ་ལོང་གསུངས་ནས། ཐོག (༢༣.ན)མར་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ། གྲགས་འཛིན་མ་འཁོར་ཉིས་ཁྲི་དང་བཅས་པ། ཁབ་ཏུ་བླངས། ཡང་དགུང་ལོ་ཉི་ཤུ་རྩ་གཉིས་པའི་དུས་སུ། ཤཱཀྱ་དུས་ལེགས་ཀྱི་བུ་མོ། ས་མཚོ་མ། འཁོར་ཉིས་ཁྲི་དང་བཅས་པ་ཁབ་ཏུ་བླངས། ཡང་དགུང་ལོ་ཉེར་དགུ་པའི་དུས་སུ། ཤཱཀྱ་དྲིལ་བུ་སྒྲའི་བུ་མོ། ཤཱཀྱ་བཟའ། རི་དྭགས་སྐྱེས་མ་འཁོར་ཉིས་ཁྲི་དང་བཅས་པ་ཁབ་ཏུ་བླངས་སོ། །དེ་ལྟར་བཙུན་མོ་ཆ་གསུམ་འཁོར་དྲུག་ཁྲི་དང་བཅས་པ་ནི། ཁབ་ཏུ་བཙུན་མོ་བཞེས་པའི་མཛད་པ་སྟེ་བཞི་པའོ།།
༈ དེ་ལྟར་ལོ་ཉི་ཤུ་རྩ་དགུའི་བར་ལ་ནི། རྒྱལ་སྲིད་ཚུལ་དང་མཐུན་པར་བསྐྱངས་ཤིང༌། ཡབ་ཀྱིས། རྒྱལ་བུ་འཇིག་རྟེན་གྱི་ཆོས་ལ་ཡངས་སུ་འཇུག་པར་དགོངས་ཏེ། ཞིང་པའི་མཐའ་ལ་རྟོགས་ཏུ་འཇུག་པས། བྲན་རྒལ་རྣམས་ཅི་བདེ་ལ་བཏང་ནས། རྒྱལ་བུ་ཉིད་དང༌། སྔ་དྲོ་ཤིང་གི་གྲིབ་མ་ལ། བསམ་གཏན་བཞི་སྒོམ་གྱིན་(༢༣.བ)བཞུགས་པས། ཕྱིས་འཕྲད་ཀྱང༌། གྲིབ་མ་དེ་ངོས་ལ་ཁ་འདུག་པའི། ཡབ་ཀྱིས་གཟིགས་ནས། གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་ཞུས་ཚེ། །འཛམ་བུའི་གྲིབ་མས་བཞུགས་ས་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །དེ་ན་རྒྱལ་བུས་ཆིབས་ལྔ་ལྡན་ནམ། ཤིང་རྟ་ལ་ཆིབས། མོས་པས་སྣ་ཁྲིད་དེ། ཉི་མ་དང་པོ་ལ། གྲོང་ཁྱེར་གྱི་ཤར་སྒོ་ལ་བྱོན། གཉིས་པ་ལ་ལྷོ་ཕྱོགས་ལ་བྱོན། གསུམ་པ་ལ་ནུབ་ཕྱོགས་ལ་བྱོན་པས། ན་བ་དང༌། རྒས་པ་དང༌། འཆི་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་གཟིགས། རེ་རེ་བཞིན། ཇི་ལྟར་ཡིན་པའི་རྒྱུ་མཚན་གྱིས། མོས་པས། སེམས་ཅན་ཀུན་ལ་ཡོངས་པའི་རྒྱུ་མཚན་ཞུས་པས། ངེས་འབྱུང་དྲག་པོ་སྐྱེས། རང་གཞན་གྱི་དོན་དུ། ཐར་པ་ཁོ་ན་སྒྲུབ་པའི་བསྐུལ་མ་བྱས། ཉི་(༢༤.ན)མ་བཞི་པ་ལ། བྱང་ཕྱོགས་ལ་བྱོན་པས། འོད་གསལ་གྱི་ལྷའི་རྟོགས་པ་ལ། བྱང་སེམས་འདི། རྒྱུའི་སྟོབས་དང་ལྡན་པར་འདུག་ནའང༌། རྐྱེན་གྱི་སྟོབས་ལ་རག་ལས་པས། བདག་གིས་རྐྱེན་སྒྲུབ་བོ་སྙམ་ནས། ཉན་ཐོས་རབ་ཏུ་བྱུང་པའི་ཆ་བརྒྱད་དུ་སྤྲུལ་ནས་ཡོང་བ་དང་མཇལ། མོས་པ་ལ་དྲིས་པས། འདི་ནི་རབ་ཏུ་བྱུང་པ་བྱ་བ། ཐོག་མཐའ་བར་གསུམ་དུ་དགེ་ལེགས་སུ་སྤྱོད་ཅིང༌། སྐྱེ་རྒས་ན་འཆི་བཞི་ཐར་པར་བྱ་བའི་ཐབས་སོ། །ཞུས་པས། རྒྱལ་བུས་ཞོན་པ་ལས་བབས་ནས། ཕྱག་བྱས། རབ་ཏུ་བྱུང་པ་ལགས་ལེགས་སོ། །བདག་ཀྱང་འདི་ལྟར་རབ་ཏུ་བྱུང་ངོ་གསུངས། ཕོ་བྲང་དུ་ལོག རབ་ཏུ་བྱུང་ལུགས་ཇི་ལྟར་ལེགས་བསམ་པ་ཁོ་ན་སེམས་ཀྱིན་བཞུགས་པས། ཡབ་དང་འཁོར་འབངས་བྱིན་པས། བློ་བྲིད་དང༌། ཡེངས་ཐབས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་པ་བྱེད་ནའང༌། དེ་དག་ཐམས་ཅད་འཁོར་བའི་ (༢༤.བ)ཉེས་དམིགས་སུ་སྤྱད་ནས། གང་ལའང་ཆགས་སེམས་མི་མངའོ། །དེ་ནས་མཚན་མཁན་གྱིས། ད་སྟེ། དགུང་ཞག་བདུན་ན། རྒྱལ་བུ་རབ་ཏུ་མ་བྱུང་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཟེར་བས། ཡབ་ཀྱིས། སྲས་འདི་རབ་ཏུ་མ་བྱུང་ན། ཉེ་དུ་འཁོར་འབངས་ཐམས་ཅད་ཀྱིས། ཁོང་གི་ཞོར་ལ། གླིང་བཞི་རི་རབ་ཀྱི་རྩེ་ལ་སོགས་པ་མཐོང་པས། ཞག་བདུན་བར་ལ། རབ་ཏུ་བྱུང་པ་བསྲུངས་པར་རིགས་སོ་ཟེར་བའི་སྐད་བསྒྲགས་ཤིང༌། ཕྱོགས་བཞི་དབུས་དང་ལྔར། ཡབ། ཁུ་བོ་རྣམས། ཤཱཀྱ་མིང་ཆེན་དང་བཅས་པས་ཐོག་གྲངས་ཀྱིས། ཕྱོགས་དགོས་ཕག་ཅན་གྱི་བསྲུང་མ། ཉིན་མཚན་ཁོར་ཡུག་གཉིད་མེད་དུ་བཞག དེ་རྣམས་ཞག་རེ་སོང་རིམ་བཞིན། ད་སྟེ་ཞག་གྲངས་འདི་ལས་མེད། འདི་སོང་བ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་འདོད་པའི་གཏམ་ཁོ་ན་བརྗོད་པར་བྱེད་དོ། །དེར་ཞག་དྲུག (༢༥.ན)འདས་པའི་ནུབ་མོ། །རྒྱལ་བུའི་དགོངས་པ་ལ། བདག་གི་བཙུན་མོ་དྲུག་ཁྲི་བླངས་པ་ལ། གཅིག་དང་ཡང་མ་འགྲིགས་ན། ཟས་གཙང་གི་སྲས་ཀྱིས། བུད་མེད་བསྟེན་མ་ནུས་པར། དབང་མེད་ཀྱིས་རབ་ཏུ་བྱུང་བ་ཡིན་ནོ། །ཞེས་པའི་ཡ་ཁ་ཡོང་བསམ། དེ་སྤངས་པའི་ཕྱིར། དེ་ནུབ་བཙུན་མོ་དམ་པ་གྲགས་འཛིན་མ་དང་མཉམ་དུ་གཟིམས་སོ། །དེ་དུས་བཙུན་མོ་ལ། བཀྲ་ཤིས་ཀྱི་མལ་ཁྲི་ཞིག་པ་ལ་སོགས། རྨི་ལམ་ངན་པ་བརྒྱ་རྨིས་པས། རྒྱལ་བུ་ལ་ཞུས་པས། རྒྱལ་བུས་བཙུན་མོའི་སྤྲོ་བསྲིངས། དབུགས་ཕྱུང་ངོ༌། །རྒྱལ་བུ་རང་གི་མནལ་ལམ་དུ། ས་ཆེན་པོ་གདན་དུ་བཏིངས། རི་རབ་སྔས་སུ་བཅུག་པ་ལ་སོགས། མནལ་ལྟས་བཟང་པོ་ལྔ་བྱུང་བས། སངས་རྒྱས་པའི་ལྟས་སུ་མཁྱེན་ནས། གྲགས་འཛིན་མ་ང་འགྲོ་གསུངས་པས། ལྷ་གང་དུ་བཞུད་ཀྱང༌། བདག་ཁྲིད་མཛོད་ཅིག་ཟེར། ཐམས་ཅད་མཁྱེན་པས། བཙུན་མོའང་སངས་རྒྱས་ཀྱི་(༢༥.བ)སར་འདྲེན་པ་ལ་དགོངས་ནས། དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས་སོ། །དེའི་ཚེ་སྲས་སྒྲ་གཅན་འཛིན། བཙུན་མོའི་ལྷུམས་སུ་ཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་བུ་འཁོར་བའི་ཆོས་སྤངས། རབ་ཏུ་བྱུང་བར་བཞེད་ནས། ཞག་བདུན་པའི་སྲོད་ལ། བརྒྱ་བྱིན་རྒྱལ་བུའི་དྲུང་དུ་འོངས་ནས་བསྐུལ་ཅིང༌། ཡབ། ཁུ་བུ། བཙུན་མོ། བློན་འབངས། བསྲུང་མའི་ཚོགས་ཐམས་ཅད། གཉིད་ཀྱི་ཉོས་སུ་བཅུག གནོད་སྦྱིན་ལྔ་རྩེན་ལ། གནོད་སྦྱིན་གྱི་སྐས་རིངས་ལོང་ཤོག་གསུངས། བླངས་ནས་ཕོ་བྲང་ལ་སྐས་རིང་བཙུག་པ་ལས་བབས་ཏེ། ཞོལ་ཁང་དུ། མོས་པ་ལ། རྟ་ངང་པ་གསེར་ལྡན་ཁྱེར་ཤོག་གསུངས་ནས། རྟ་ཟུངས་པས། ཅང་ཤེས་ཀྱི་རིག་ནས། རྟ་བྲོས། མ་ཟིན་པ་དང༌། རྒྱལ་བུ་རང་གི་ཕྱག་བརྐྱང་ནས། ལྔ་ལྡན། ཐ་མའི་ཁུར་ལོང་ལ། དཀའ་ཐུབ་ཀྱི་ནགས་སུ་སྐྱོལ་ཅིག་གསུངས་པས། ཆིབས་ངང་པ་གསེར་ལྡན་(༢༦.ན)མཆི་མ་ཕྲལ་ཏེ། མདུན་དུ་བྱུང༌། དེར་ཡབ་དང་མ་མཇལ་བར་ཕྱིན་ན་མི་ཡོང་སྙམས་ནས། ཡབ་ཤར་སྒོ་བསྲུང་བའི་དྲུང་དུ་བྱིན། མནལ་སོང་འདུག་པ་ལ་ཕྱག་འཚལ། བསྐོར་བ་བྱས། རྟ་ལ་ཆིབས་ཏེ། ང་སུ་ཡིས་འདེགས་གསུངས་པས། རི་རབ་འབྱུང་པོ་ཆེན་པོ་བཞི་ལ་སོགས་པས་འདེགས་ནུས་པའི་ལྷའི་བུ་སྟོབས་ཆེ་བ་བཞིས། བདག་གི་འདེགས་ཟེར་ནས། རྟ་མིག་རེ་རེ་ནས་བཏེག མོས་པས་ཀྱང༌། མྱུར་དུ་མྱུར་དུ་རྟ་འཕོང་ལ་ཞོན་ཏེ། དཀའ་ཐུབ་ཀྱི་ནགས་ལ་གཏད་དེ། ནམ་མཁའ་ལ་མྱུར་བྱོན་ནོ། །རྒྱལ་སྲིད་ཆོས་བཞིན་བསྐྱངས་པའི་མཛད་པ་སྟེ་ལྔ་པའོ།།
༈ དེར་རྒྱལ་བུ་ནམ་མཁའ་ལ་བྱོན་པ་ལ། བརྒྱ་བྱིན། ཚངས་པ། འདོད་ཁམས། གཟུགས་ཁམས་ཀྱི་ལྷ་རྣམས་དང་བཅས་པས་བར་སྣང་ལ་བསུ་བ་བྱས། སྤྲོ་བ་བསྐྱེད་ནས་བྱོན་པས། ནམ་ཐུན་ཅིག་ལ། དཀའ་ཐུབ་ཀྱི་ནགས་སུ་མཆོད་རྟེན་རྣམ་དག་གི་དྲུང་དུ་ཏོལ་ལོ། །སེར་སྐྱའི་རྒྱལ་(༢༦.བ)བློན་འབངས་རྣམས་ནི། མྱ་ངན་གྱི་གདུང་པར་གྱུར་ཏེ། དེ་ནས་མོས་པ་ལ། རྟ་དང་རྒྱན་ཆ་ཐམས་ཅད་བསྐུར་ནས། སེར་སྐྱར་སློག་བཏང་ངོ༌། །སྨྲེ་ངག་འདོན་ཅིང་ཕྱིན་པས། ཞག་བདུན་ལ་སླེབས་ཙམ་བྱུང་ཞིང༌། གྲོང་ཁྱེར་མཐོང་ཙམ་ནས། མོས་པ་འགྲོ་མ་ནུས་པར། རྟ་རང་ཁ་གཏད་བཏང་པས། རྟ་ཚེར་བའི་སྐད་འཚེར་བ་དང༌། མི་དམངས་གི་བསམ་པ་ལ། རྒྱལ་བུ་ཕེབས་བྱོན་སྙམས་ལྟར་ཕྱིན་པས། རྟ་གོང་ན་དབུ་རྒྱན་ན་བཟའ་ལ་སོགས་པ་འདུག་པས། ཐམས་ཅད་ཀྱིས་རྟ་ལ་འཇུས་ཤིང་ངུས་པ་དང༌། ལྔ་ལྡན་དེ་ཉིད་དུ་ཤི་ནས། གྲོང་ཁྱེར་སྒྲ་གཅན་དུ། བྲམ་ཟེ་ལས་དྲུག་པ་མཁས་པ་གཅིག་པུར་སྐྱེས་སོ། །དེར་ཡབ་རྒྱལ་པོས་དྲིལ་བསྒྲགས་པའི་དོན་གྱིས། རྒྱལ་བུ་རབ་ཏུ་བྱུང་པའི་མཁན་སློབ་ལ་སོགས་ནི། སུས་ཀྱང་བྱེད་མ་ནུས། དོན་དང་མཐུན་པ་ཤེས་མིའང་མེད་པས། དགུང་ལོ་(༢༧.ན)སུམ་ཅུར་ཕེབས་པའི་ས་ག་ཟླ་བའི་ཚེས་བརྒྱད་(དུས་འཁོར་བ་ཤིང་མོ་ཕག་ལོར་བཞེད་དོ་)ཀྱི་ཉིན། མཆོད་རྟེན་རྣམ་དག་གི་དྲུང་དུ། རྒྱལ་བུ་རང་གི་རལ་གྲིས་དབུ་སྐྲ་བཞར་རོ། །དབུ་སྐྲ་རྣམས་བརྒྱ་བྱིན་གྱིས་ཁྱེར་ནས། སུམ་ཅུ་རྩ་གསུམ་ན་རིན་པོ་ཆེ་ལས་གྲུབ་པའི་དབུ་སྐྲའི་མཆོད་རྟེན་བྱ་བ་བཞེངས་ཡོད་དོ། །དེ་ན་བཟའ་ངུར་སྨྲིག་མ་རྙེད་པ་ལ། གྲོང་ཁྱེར་དཔེ་མེད་ཀྱི་ཁྱིམ་བདག་གི་བུས་རྒྱལ་བུ་དོན་གྲུབ་རབ་ཏུ་བྱུང་དུས་ཕུལ་ཅིག་ཅེས། ཤིང་གི་ལྷ་ལ་བཅོལ་བཞག་འདུག་པ་དེ། བརྒྱ་བྱིན་གྱི་བླངས་ནས་ཕུལ། ཀ་ཤི་ཀའི་ན་བཟའ་ཁྱེར་ནས། སུམ་ཅུ་རྩ་གསུམ་ན། རིན་པོ་ཆེ་ལས་གྲུབ་པའི། རིན་པོ་ཆེའི་ན་བཟའི་མཆོད་རྟེན་བྱ་བ་བཞེངས་ཡོད་དོ། །ན་བཟའ་ངུར་སྨྲིག་གསོལ་ནས། རབ་བྱུང་དུ་བསྙེན་པར་རྫོགས་པར་གྱུར་ཏོ། །དེ་ནས། ཡབ་དང༌། མེས་རྒྱལ་པོ་ལེགས་པར་རབ་གསལ་གྱིས། རྒྱལ་བུ་གཅིག་པུར། ནགས་ན་འདུག་ཟེར་བ་ཐོས་ནས། (༢༧.བ)འཁོར་ལྔ་བརྒྱ་བཏང་བས། ལྔ་འགོར་ནས། གཞན་རྣམས་ཕྱིར་སློག་བཏང་ངོ༌། །རབ་ཏུ་བྱུང་བའི་མཛད་པ་སྟེ་དྲུག་པའོ།།
༈ དེ་ནས་འཁོར་ལྔ་པོ་དེ་ཡང་ཁྲིད་དེ། ཆུ་བོ་ན་ར་ཛ་རའི་འགྲམ། གནས་མཚན་ཉིད་དང་ལྡན་པ་དེར་བྱོན། ལོ་དྲུག་གི་བར་ལ། ཏིལ་འབྲུ་གཅིག རྒྱ་ཤུག་འབྲུ་གཅིག འབྲས་འབྲུ་གཅིག་ལ་བརྟེན་ནས། དཀའ་ཐུབ་མཛད། བསམ་གཏན་བཞི་བསྒོམ་པ་ལ། ལུས་གཤེད་ལྡན་པ་དགོས་པས། ཞིང་པའི་བུ་མོ་ལེགས་སྐྱེས་མ་གཉིས་ཀྱིས། བ་སྟོང་གི་འོ་མ་སྐོལ་བའི་ཉིང་ཁུ་ལ། ལྷའ་བུ་མོ་གཉིས་ཀྱིས་གཟི་བརྗིད་བསྐྱེད་པའི་སྨན་བཏབ་ནས་དྲངས་པས། གསོལ་བ་དང༌། སྐད་ཅིག་ལ། སྐུ་ལུས་གསེར་གྱི་མདོག་ལྟ་བུར་གྱུར་ཏོ། །དེའི་ཚེ་འཁོར་ལྔ་པོ་ན་རེ། འོ་སྐོལ་རྣམས་ཀྱིས། ལོ་དྲུག་གི་བར་བསོད་བསྙོམ་བླང་གིན་དྲངས་དུས་མི་གསོལ་བར། བུད་(༢༨.ན)མེད་ཀྱིས་དྲངས་པས་གསོལ་བ། འདི་འཆལ་འདུག་པས། ད་རང་རེ་རྣམས་འགྲོ། །ཞབས་ཏོག་མི་སྒྲུབམ། ཕྱིས་འཕྲལ་ནའང༌། ཕྱག་དང་སྔུན་མང་ལ་སོགས་ཀྱང་མི་བྱེད་དོ་ཟེར་ནས། བ་ར་ན་སེར་སོང་ངོ༌། །དཀའ་བ་སྤྱད་པའི་མཛད་པ་སྟེ་བཅུ་པའོ།།
༈ དེ་ནས་བྱང་སེམས་ཀྱི། སངས་རྒྱས་བར་བཞེད་དེ། རི་བྱ་རྐང་ལ་བྱོན་པ་དང༌། རི་དེའི་རྩེ་མོ་ནས་ཉིལ་བྱུང་བས། བདག་གི་ཚུལ་ཁྲིམས་ལ་སོགས་ཉམས་པར་གྱུར་པ་ནི་མེད། འདི་ལྟར་བསྐལ་པ་དམན་པ་ཅིས་ཉེས་སྙམ་པ་དང༌། འོད་གསལ་གྱི་ལྷ་ན་རེ། ཁྱེད་ལ་གང་ཡང་ཉམས་པའི་སྐྱོན་གྱིས་མ་གོས་ཀྱིས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། སངས་རྒྱས་རྡོ་རྗེ་གདན་གྱི་སྤོ་ཡིན་པས། དེར་གཤེགས་ཟེར་ནས། བྱོན་པའི་ལམ་དུ། ཚོང་དཔོན་ག་གོན་དང་བཟང་པོས། གླང་བུ་གྲགས་པ་དང༌། བཀྲིས་བྱ་བ་ལ་ཁལ་བཀལ་ནས། ཚོང་ལ་(༢༨.བ)འགྲོ་བ་དང་མཇལ་ཏེ། བྱང་སེམས་ལ་འབྲས་ཅན་དྲངས་པ་གསོལ་བའི་ཞལ་ཕོར་མེད་པ་ལ། ལྷའི་བུས་ལྷུང་བཟེད་གསུམ་ཕུལ་བ། གཅིག་གི་མཆོག་པར་མཁྱེན་ནས། གསུམ་ཅན་གཅིག་ཏུ་བྱིན་གྱིས་རླབས་ནས། དེར་གསོལ་ལོ། །ཚོང་དཔོན་གྱི་ལམ་གྱི་བར་ཆད་བསྲུང་བའི་ཕྱིར། ལྷའི་བཀྲིས་དོན་གྲུབ་བྱ་བ་གསུངས་(ཐུབ་པའི་ཞལ་ནས་གསུངས་པའི་ཆོས་ཀྱི་ཐོག་མ་ཡིན་ནོ) དེ་ནས་ཡང་གཤེགས་པའི་ལམ་དུ། བརྒྱ་བྱིན་གྱི། རྩྭ་ཚོང་གི་ཁྱེའུར་སྤྲུལ་ནས། རྩྭ་བཀྲ་ཤིས་ཞེས་བྱ་བ། འཇམ་ཞིང་དྲི་ཞིམ་པ་ཁུར་གཅིག་ཕུལ་བ་དེ། རྡོ་རྗེ་གདན་གྱི་སྤོ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། རྩྭའི་གདན་གཏིང་ནས། ཞལ་ཤར་དུ་གཟིགས། སྐྱིལ་ཀྲུང་བཅས་ཏེ། ཇི་སྲིད་ཟག་མེད་མ་ཐོབ་པར། །དེ་སྲིད་སྐྱིལ་ཀྲུང་གཤིག་མི་བྱ། །གསུངས་ནས། ལྷའི་བུའི་བདུད་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་བྱམས་པས་བཏུལ་ནས། (༢༩.ན)ནམ་གུང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །གསུངས་ཤིང༌། གསང་སྔགས་བླ་མེད་པ་རྣམས་ནི། བྱང་སེམས་ཀྱིས་ཏིང་ངེ་འཛིན་གྱི་ངང་དེ་ཉིད་ལ། འོག་མིན་དུ་བྱོན་ནས་(དེ་ཉིད་འདུས་པའི་རྒྱུད་ལས། ཡེ་ཤེས་ཀྱི་ལུས་ཀྱི)། དེ་ན་དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་ཙམ་བཞུགས་འདུག་པ་ལ། ཕྱག་བྱས་ནས། སེང་གེའི་ཁྲི་ལ་འདུག་སྟེ། སྟོང་པའི་ངང་ལ། ཡུན་རིང་དུ་མཉམ་པར་བཞག་ཀྱང་གསང་སྔགས་ཀྱི་གདམས་པ་མེད་པས། སངས་རྒྱ་བར་མ་ནུས་ནས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། བྱང་སེམས་དེའི་མདུན་དུ་བྱོན་ཏེ། ཏིང་ངེ་འཛིན་དེ་ལས་སླང་ནས། འདི་སྐད་དུ། རིགས་ཀྱི་བུ་ཁྱད་ཀྱིས། གསང་སྔགས་ཀྱི་དོན་མི་ཤེས་པར། ཇི་ལྟར་སངས་རྒྱ་བར་བྱ་སྙམ། ཅེས་གསུངས་པ་དང༌། བྱང་སེམས་ཀྱིས། དེ་རྣམས་ལ་ཕྱག་བྱས་(༢༩.བ)ཏེ། ཐལ་མོ་སྦྱར་ནས། གསང་སྔགས་ཀྱི་དོན་བྱ་བ། ཇི་ལྟར་ལགས་ཞུས་པ་དང༌། མངོན་པར་བྱང་ཆུབ་ལྔའི་གདམས་ངག་གསུངས་པ་དེ་མ་ཐག་ཏུ། དེ་ལྟར་བསྒོམས་པ་དང༌། ས་བཅུ་གཅིག བཅུ་གཉིས། བཅུ་གསུམ་རྡོ་རྗེ་འཛིནཔའི་ས་ཐོབ་སྟེ། དགུང་ལོ་སོ་དྲུག་ཞེས་པའི། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རེངས། མངོན་པར་རྫོགས་པར་སངས་རྒྱས་སྐད། འདི་རྡོ་རྗེ་གདན་དུ་ཐོ་རངས་སངས་རྒྱས་ཟེར་བ་དང་ཡང་མི་འགལ་ལོ། །ངེས་པར་འོག་མིན་དུ་སངས་རྒྱས་པ་ནི། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱ་བར་ནི་མ་གྱུར་ན། །འདོད་ཁམས་གཟུགས་མེད་ཁམས་སུ་ནི། །སངས་རྒྱ་བར་ནི་མི་མཛད་དོ། །ཞེས་བཤད་པས་མངོན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟེ་བརྒྱད་པའོ།།
༈ དེ་ལྟར་མངོན་པར་རྫོགས་(༣༠.ན)པར་སངས་རྒྱས་མ་ཐག་ཏུ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་ལ། རྩོད་ལྡན་གྱི་དུས། གདུལ་བྱ་དམན་པར་གྱུར་པ་རྣམ་པ་ལ། ཟབ་མོའི་ཆོས་བསྟན་ཀྱང༌། གོ་བོར་དཀའ་བས་རང་ཉིད་ནགས་འདབ་བརྟེན་ལ། ཉམས་སུ་ལེན་པར་བྱའོ་གསུངས་ཏེ། སངས་རྒྱས་ནས། ཞག་བཞི་བཅུ་ཞེ་དགུའི་བར་ལ། གཞན་ལ་ཆོས་མ་གསུངས་སོ། །དེའི་བར་ལ་ལྷ་ཚངས་པས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། འགྲོ་བའི་དོན་དུ། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས། རིམ་པར་ཞུས་པས། མཐར་ཆོས་གསུངས་པར་གནང་སྟེ། འཁོར་རྣམས་བསྡུ་བའི་ཕྱིར། གྷནྡེ་བརྡུངས་པའི་སྒྲ་ལས། སངས་རྒྱས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱིས། །གང་དག་ཉན་པར་འདོད་(༣༠.བ)པ་འདིར་བྱོན་ལ། །ཟབ་མོ་རྒྱལ་བའི་བཀའ་ལ་ཉོན་ཅིག་ཨང༌། །ཅེས་པའི་སྐད་གསལ་བར་བྱུང་ཞིང༌། ཐོག་མར་བ་ར་ན་སེར་བྱོན། ལྔ་སྡེ་བཟང་པོ་ལ་སོགས་པ། འཁོར་ལྔ་པོས་ཁྲིམས་བཅས་འདུག་པ། སྟོན་པའི་ཟིལ་མ་ཐུབ་པར་བཏུད་ཅིང༌། ཆུ་སྟོད་ཟླ་བའི་ཚེས་བཞི་ནས། འཁོར་ལྔ་སྡེ་བཟང་པོས་མགོ་བྱས། ཐེག་དམན་གྱི་གང་ཟག་རྣམས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་རོ། །གསུམ་ནི། དང་པོ་སྒྲུབ་པའི་འཁོར་ལོ། །བར་པ་ཆད་པས་བཅད་པའི་འཁོར་ལོ། །ཐ་མ་རུང་མཐུན་གྱི་འཁོར་ལོའོ། །དེར་འཁོར་ལྔ་པོ། ཡེ་ཤེས་ཁོང་འཇུག་གི་བསྙེན་པར་རྫོགས་པར་གྱུར་ཅིང༌། ལྕང་ཤེས་ཀཽ་དི་ན྄ཡས་དགྲ་བཅོམ་པ་ཐོབ། གཞན་བཞི་པོས་ཡང་(མཚན་ལྡན་པ་རྟ་ཐུལ་དང༌། རླང་པོ་མིང་ཆེན་བཟང་ལྡན་དང་)། ཟག་པ་ལས་སེམས་གྲོལ་ལོ། །འཁོར་ལྔ་པོས། ཆོས་གོས་ཟླུམ་གོན་མ་བྱས་པ་(༣༡.ན)ལ། འོད་གསལ་གྱི་ལྷས་བརྡ་བསྟན་ནོ། །ཆོས་འཁོར་གཉིས་པ། བྱ་རྒོད་ཕུང་པོའི་རི་ལ། རབ་འབྱོར་དང༌། ཤཱ་རིའི་བུ་ལ་སོགས་འཁོར་དགྲ་བཅོམ་བྱང་སེམས་མང་པོ་ལ། ཐེག་པ་ཐུན་མོང་མ་ཡིན་པ། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་འཁོར་གསུམ་པ། རི་མ་ལ་ཡང་དང༌། ཡངས་པ་ཅན་ལ་སོགས་པར་དོན་དམ་ཡང་དག་འཕགས་ལ་སོགས། འཁོར་རྣམ་བཞི། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ལ། ཐེག་པ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ། དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་ལོ་རྣམས་བསྐོར་རོ། །དེའི་སྐབས་ཞིག་ཏུ། ཡབ་རྒྱལ་པོ་ཟས་གཙང་ཡང༌། དགེ་ལ་བསྐུལ་བའི་དུས་ལ་བབ་པར་མཁྱེན་ཏེ། བཅོམ་ལྡན་འདས། འཁོར་ལྔ་སྡེ། གྲགས་བྱིན་དང༌། འཆར་ཀ་ལ་སོགས། དགེ་སློང་སྟོང་ཉིང་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བཅས་ཏེ། སེར་སྐྱའི་གནས་(༣༡.བ)ལ་ཉེ་བ། ཤིང་ནྱ་གྲོ་ཏའོ་ཀུན་དགའ་ར་བར་གཤེགས་ནས། ཐབས་ཅིག་ཏུ་བཞུགས་ཤིང༌། ལྷ་མི་མང་པོ་ལ་ཆོས་སྟོན་པ་མཛད་དོ། །དེའི་ཚེ་དགེ་སློང་རྣམས་ཀྱི་ནང་ནས། རྒྱལ་པོ་ཟས་གཙང་དགེ་བ་ལ་བསྐུལ་བར་ནུས་པ། ཚེ་དང་ལྡན་པ་འཆར་ཀ་ཅིག་པོ་འདུག་པར་དགོངས་ནས། འཆར་ཀ་བཏང་བས། ཡབ་རྒྱལ་པོ་ནི། སེར་སྐྱའི་ཕོ་བྲང་ན། ཤཱཀྱའི་རིགས་ཐམས་ཅད་བསགས། ངའི་བུས། རྒྱལ་སྲིད་སྐྱོང་དུ་མ་འདོད་པ་ཡིན་པས། ཁྱེད་སུས་ཀྱང༌། བཀུར་བསྟི་མ་བྱེད་ཅིག་ཟེར་བའི་དྲིལ་བསྒྲགས། བཅའ་བ་བྱེད་ཀྱི་འདུག་པར་སླེབ་པ་དང༌། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་སོགས། ཤཱཀྱའི་བུ་མང་པོ་ནི། རང་ཤུགས་ཀྱི་དད་པ་སྐྱེས་ནས། འཆར་ཀའི་གདོང་བསུ། བསྙུན་འབྲི་བར་བྱེད་དོ། །དེར་འཆར་ཀས། ཏ་ལ་བདུན་ཙམ་གྱི་བར་སྣང་ལ། སྐྱིལ་མོ་(༣༢.ན)ཀྲུང་བཅས་ནས། རྒྱལ་པོ་ཟས་གཙང་གི་མདུན་དུ་ཕྱིན་པས། རྒྱལ་པོ་ཡང་དད་དེ། དྲི་བ་གླེང་མོ་མང་ད་མཛད། འཆར་ཀ་ལ་བཤོས་དྲངས། སྟོན་པ་ལའང་བཤོས་བསྐུར། ང་ཡང་བུ་དང་མཇལ་བ་ལ་མགྱོགས་པར་ཡོང་ཟེར། འཆར་ཀ་སྔོན་ལ་རྫངས། རྒྱལ་པོས་བློན་འབངས་མང་པོ་བསགས་ནས། བཞོན་པ་དང༌། རྒྱན་ཆ་སྣ་ཚོགས་པ་དང་བཅས་ཏེ་བྱོན་པས། སྟོན་པས། ཡབ་ཀྱི་ང་རྒྱལ་བཅོག་པའི་ཕྱིར་དུ། འདོད་ཁམས། གཟུགས་ཁམས་ཀྱི་ལྷའི་བུ་མང་སོ་སོས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཁྱེར་ནས། སྟོན་པ་བར་སྣང་ལ་སྐུ་འཆག་ཅིང་བཞུགས་པས། ཡབ་ཤིན་ཏུ་དད་སྟེ། རྒྱང་མ་ནས་ཕྱག་འཚལ། གུས་པས་བཞུགས་པས། ཡབ་ཤིན་ཏུ་དད་སྟེ། རྒྱང་མ་ནས་ཕྱག་འཚལ། གུས་པས་བསྟོད་པ་ནི། ང་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་ལྷ་མིས་མཆོད་པའི་གཙོ། །ཁྱོད་འདྲ་འཇིག་རྟེན་(༣༢.བ)མ་མཆིས་ལྷག་ཅི་སྨོས། །མཚན་ནི་དོན་གྲུབ་ལེགས་ཤེས་སྔོན་བརྗོད་པ། །ཕ་དང་མ་ཡིས་བསམ་སྟེ་བཏགས་པ་ལེགས། །ཁྱོད་ཀྱི་བསམ་རྫོགས་བདུད་རྩི་བརྙེས་པ་ན། །དོན་གྲུབ་ལེགས་པར་ད་དོན་བདག་གིས་འཚལ། །ཞེས་བསྟོད་པའི་རྗེས་ལ། སྟོན་པས་སེང་གེའི་ཁྲི་ལ་བཞུགས་ཏེ། ཡབ་སྲས་མཇལ་བའི་དགའ་སྤྲོ་མཛད་ཅིང་ (དགེ་སློང་འཆར་ཀས། ཡབ་རྒྱལ་པོ་དགེ་བ་ལ་བསྐུལ་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ། གལ་ཏེ་གཟུགས་ཡོད་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བྱེ་མ་སྙེད་དུ་མི་ཤོང་སྟེ། བསོད་ནམས་རྒྱ་ཆེའོ་གསུངས་སོ)། དེར་ཀྱང་འདུས་པའི་འཁོར་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའང༌། ཐོག་མར། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་གྲགས་པ་སྐོར་བའི་རིང་ལ། ལོ་བདུན་དུ་ཞག་བཞི་བཅུ་ཞེ་དགུས་མ་ཚང་པ་སོང་བར་བྱེད་ཅིང༌། སྟོན་པ་ཁོང་སངས་རྒྱས་ནས་ལོ་བདུན་ལོན་པའི་དུས་སུ། སུམ་ཅུ་རྩ་གསུམ་དུ། ཡུམ་ལ་ཆོས་གསུང་པ་ལ་བྱོན། (༣༣.ན)ཞག་དགུ་བཅུའི་བར་ལ་བཞུགས་པས། རྒྱ་གར་དུ་འཁོར་རྣམ་བཞི་ལ་སོགས་སུས་ཀྱང་མ་གོ་བའི་དུས་ན། རྒྱལ་པོ་ཨུ་ཏྲ་ཡ་ནས། རྩེ་གཅིག་ཏུ་གསོལ་བ་བཏབ་པས། རྨི་ལམ་དུ་ཞལ་མཇལ། གསུང་བྱོན་པ་དང༌། རྒྱལ་པོ་དེ་ཡིད་རབ་ཏུ་སྐྱོང་ནས། མོའུ་འགལ་གྱི་བུ་ལ་བསྐུལ་ཏེ། ཙན་དན་གོ་ཤི་ཥ་ལ། སྟོན་པའི་སྐུ་ཚད་ཇི་ལྟ་བ་གཅིག་ལྷ་ཡུལ་དུ་བཞེངས། སངས་རྒྱས་ཉིད་རང་གི་རབ་གནས་མཛད་ནས། རྒྱ་གར་ལ་གདན་དྲངས་སོ། །ཕྱིས་རྒྱ་ནག་ཏུ་སྤྱན་དྲངས་ནས། ཙནྡན་ཇོ་བོར་གྲགས་པ་ཡོད་འདུག ཡུམ་གྱི་དགོངས་པ་རྫོགས་པ་དང༌། སུམ་ཅུ་རྩ་གསུམནས། སྨིན་དྲུག་ཟླ་བའི་ཚེས་བཞི་ལ། སྟོན་པས་མི་ཡུལ་དུ་ཕེབས་པ་ནི། དཔལ་ལྡན་ལྷ་ལས་བབ་པའི་དུས་ཞེས་བྱའོ། །དེ་ལྟར་ཐེག་པ་ཆུང་ངུའི་ཆོས་རྣམས། འཛམ་བུ་གླིང་གི་མི་རྣམས་(༣༣.བ)ལ། གསལ་བ་སྟོན་པའི་དུས་སྐབས་ལ། མ་སླེབ་པ་ལ་དགོངས་ནས། སྤྲུལ་པས་གསུངས་པ་ནི། འཁོར་ལོ་བསྒྱུར་རྒྱལ་དུ་སྤྲུལ་ནས། དུར་ཁྲོད་བསིལ་བ་ཚལ་དུ་བྱོན་ནས་དཔལ་བོ་མཁའ་འགྲོ་བ་བྱ་བའི་རྒྱུད་གསུངས། གཞན་འཕྲུལ་དབང་བྱེད་དུ་བྱོན་ནས། སྤྱོད་པའི་རྒྱུད་གསུངས། འོག་མིན་དུ་བྱོན་ནས། རྣལ་འབྱོར་གྱི་རྒྱུད་གསུངས། རྒྱ་གར་ལྷོ་ཕྱོགས། ཀྲི་དྷརྨ་ཕ་ལ་ཆོས་ཀྱི་འབྱུང་གནས་སུ་བྱོན། རྡོ་གྲུ་གསུམ་སྣལ་བསྣོལ་བའི་སྟེང་དུ་བཞུགས་ནས། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་གསུངས་སོ། །དེ་རྣམས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟེ་དགུ་པའོ། །དེ་དག་གི་སྐབས་སུ། སྟོན་པ་ལ་མཐོ་མཚམས་ཤིང༌། བར་དུ་གཅོད་པར་འདོད་པའི་བདུད་དང༌། མུ་སྟེགས་རྣམས་རླགས་པར་མཛད་པ་ནི། ཐོག་མར་འཁོར་མོ་འཇིག་གི་ཡུལ་དུ། བདུད་འདུལ་བའི་དུས་ན། གཞན་འཕྲུལ་དབང་(༣༤.ན)བྱེད་ཀྱི་གནས་ན། བདུད་རྗེ་དགའ་རབ་དབང་ཕྱུག་བྱ་བ། འདོད་ཁམས་ན་མཐུ་སྟོབས་ཆེ་བ་ཅིག ལྷའི་བུ་དགུ་ཁྲིས་བསྐོར་ནས་ཡོད་པ་བདུད་ཀྱི་དཔུང་རྣམས་ཕམ་པར་གོ་ནས། མཐར་ཁོ་རང་སྟོན་པའི་དྲུང་དུ་ཡོང་ནས། གོའུ་ཏ་མ་ཁྱོད་ཀྱི། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཟེར་བའི་བརྫུན་སྟོང་བར་འདུག་པ། དེའི་དཔང་པོར་སུ་ཡོད་ཟེར་བ་ལ། སྟོན་པ་ཉིད་ཏིང་ངེ་འཛིན་ལས་བཞེངས་ཏེ། ཕྱག་གཡས་པའི་མཐིལ་ས་ལ་བསྣུན་ནས། ས་འདི་འགྲོ་བ་ཀུན་རྟེན་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་རིང་མེད། །དེ་རིང་ཁྱོད་ཀྱིས་བཟུ་དང་དཔུང་བྱོས་ཤིག །གསུངས་པས་ས་གཡོས། ལྷ་མོ་བརྟན་མ་གསེར་མདོག་ལུས་ཀྱི་སྟོད། སའི་སྟེང་དུ་འདོན། ཕྱག་གཡོན་ན་བུམ་པ་དང༌། གཡས་པས་བཤགས་འདེབས་པའི་ཚུལ་གྱིས། དེ་ནི་ངེས་པར་བདེན་པའི་དབང་པོ། །ངས་ཐུབ་བོ་ཟེར་བ་དང༌། བདུད་རྗེ་སྐྱེངས་ཏེ། དཔའ་གོང་ (༣༤.བ)པར་བྱས་ཤིང༌། བདུད་ཀྱི་སྡེ་རྣམས་ཕམ་པར་གྱུར་ཏོ། །དེ་རྟིང༌། མཉན་ཡོད་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་མུ་སྟེགས་ཀྱི་སྟོན་པ་ཆེན་པོ་རྫོགས་བྱེད་དང༌། སྣག་ལས་ཀྱི་བུ་ཀ་རི་དང༌། རྣམ་པར་སྨྲ་བའི་བུ་ཀུན་ནས་རྒྱལ་བ་དང༌། མི་ཕམ་སྐྲའི་ལ་བ་ཅན་དང༌། ཀ་ཏ་ཡ་ན་ནོག་ཅན་དང༌། གཉེར་གྱི་བུ་གཅེར་བུ་དང་དྲུག་པོ། འཁོར་དང་བ་ཅས་པ་མཐོ་མཚམས་པར་བྱུང་དུས། རྒྱ་གར་གླིང་དྲུག་གི་རྒྱལ་པོ། རྒྱལ་ཕྲན། དགེ་འདུན། སྐྱེ་བོའི་ཚོགས་དང་བཅས་པ། འབུམ་ཕྲག་མང་པོ་ཚོགས་པའི་དབུས་སུ། རྟ་ཟླའི་ཚེས་གཅིག་ནས། བཅོ་ལྔའི་བར་ལ་སྟོན་པས་ཉིན་རེ་བཞིན་ཆོ་འཕྲུལ་དུ་མ་བསྟན་ནས། བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་དེ། ནང་པའི་སྒོར་བཅུག་པ་ནི། བསྟན་པ་རྒྱས་པར་མཛད་པའི་མཛད་པ་སྟེ་བཅུ་པའོ།།
༈ སྟོན་པ་སངས་རྒྱས་ཉིད་ཀྱིས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་(༣༥.ན)དུ་བྱས་ཤིང༌། བདུད་བཞི་བཅོམ། རྫུ་འཕྲུལ་གྱི་རྐང་པ་ལ་དབང་ཐོབ་པས། བསྐལ་པའི་བར་དུ་བཞུགས་ནའང༌། དབང་ཡོད་པ་ལ། བདུད་ཀྱི་གསོལ་བ་བཏབ་པའི་ངོར། མྱ་ངན་ལས་འདའ་བར་ཞལ་གྱིས་བཞེས་ཚར་བ་དང༌། ཤིང་མཁན་གྱི་བུ་བཙུན་པས། ལོ་མའི་གདུག་ཚོད་ཕུལ་པས། སེམས་ཅན་རྟག་འཛིན་ཅན་རྣམས། མི་རྟག་པ་བསྐུལ་བའི་ཕྱིར་དུ། མྱ་ངན་ལས་འདའ་བར་བཞེད་དེ། གྲོང་ཁྱེར་རྩ་མཆོག་ཏུ་བྱོན་དུས། འཛམ་དཔལ་གྱིས། ཕྱིན་ཆད་ཇི་ལྟར་བགྱིད་ཞུས་པས། བདུད་དང༌། མུ་སྟེགས་འདུལ་བའི་ཕྱིར་དུ། ངའི་སྐུ་ཚབ་བཞེངས་ཤིག་གསུངས་ཏེ། ཞལ་ནས་འོད་ཟེར་གསུམ་འཕྲོས་པས། ཚངས་པ་དང༌། ཁྱབ་འཇུག་དང༌། བརྒྱ་བྱིན་ལ་ཕོག ཁོང་གསུམ་པོས། སངས་རྒྱས་ཀྱི་སྐུ་ཚབ་བཞེངས་པའི་ཡོན་བདག་བྱེད་པར་ཁས་བླངས། བི་ཤྭོ་ཀར་མས་ལྷ་བཟོ་དང༌། བྱམས་པས་དཀོན་གཉེར། ཕྱག་རྡོར་གྱི་སྐུ་བསྲུངས། དཔལ་ (༣༥.བ)མགོན་བདུན་ཅུ་རྩ་ལྔས་བསྲུངས་མ་བྱེད་པར་དམ་བཅས། དེ་ནས་ཚངས་པས། ལྷའི་རིན་པོ་ཆེ་ལས། ཆོས་སྐུའི་རྟེན་བུམ་པ་ཟླུམ་པོ་རིང་བསྲེལ་གྱི་བཀང་པ་བཞེངས་པ། དཔོ་བོ་མཁའ་འགྲོས་སྤྱན་དྲངས་ནས། ཨྱོན་གྱི་ཡུལ། ཧེ་རུ་ཀའི་རྒྱལ་ཁམས་ན། བར་སྣང་ལ་བཞུགས་ཏེ། རེག་པ་མེད་པ་དུ་བ་ལྟ་བུའི་མཆོད་རྟེན་ཟེར། མི་མ་ཡིན་ཐམས་ཅད་ཀྱིས་མཆོད་པའི་རྟེན་བྱེད་ཅིང༌། མཆོག་གི་དངོས་གྲུབ་གཏེར་རོ། །ཁྱབ་འཇུག་ར་ཧུ་ལས། ཀླུའི་རིན་པོ་ཆེ་ལས་ལོངས་སྐུའི་རྟེན། རྣམ་སྣང་གངས་ཆེན་མཚོ་དཔག་ཚད་བཅུ་གཉིས་པ་གཅིག་བཞེངས་པ། ཕྱིའི་རྒྱ་མཚོ་ན་བཞུགས་ཏེ། ཀླུ་དང༌། གཟའ་རྣམས་ཀྱིས་མཆོད་པའི་རྟེན་བྱེད་ཅིང༌། དེའི་དབུ་གཙུག་ན། རིན་པོ་ཆེ་ཆུ་ཤེལ་ཡོད་པས། ཟླ་བ་ཉ་རེས་ཀྱི་འོད་ཟེར་ཕོག་པས། དེ་ལས་ཆུ་བྱུང་ནས། སྐུ་ཁྲུས་གསོལ་བ་ཡོད་ཅིང༌། དེ་དུས་ཆུ་འཐུང་(༣༦.ན) ཚད། ཚེ་འདིའི་ནད་གདོན་སྡིག་སྒྲིབ་འདག ཕྱི་མ་བྱང་ཆུབ་ཐོབ། སྐུ་དེ་ལ་གསོལ་བ་བཏབ་པས། འབྲས་ཀྱི་ཆར་པ་ཉིན་མཚན་བཅུ་གཉིས་འབེབས་སོ། །བརྒྱ་བྱིན་གྱིས། ལྷ་དང༌། མིའི་རིན་པོ་ཅེ་ལས་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་གཅིག ཕང་དུ་འཚོ་བའི་མ་མ་དྲིས་ནས་བཞེངས། བཅུ་གཉིས་པའི་སྐུ་ཚད། རྒྱན་འདོགས་པའི་མ་མ་ལ་དྲིས་ནས་བཞེངས། ཉི་ཤུ་རྩ་ལྔ་པའི་སྐུ་ཚད། ད་ལྟར་སངས་རྒྱས་ཉིད་རང་དང་མཉམ་ཟེར་ནས། སྐུ་གསུམ་པོ་དེ། སྤྲུལ་སྐུའི་རྟེན་དུ་བཞེངས་ཏེ། རྟེན་དེ་ཐམས་ཅད་ལ། སངས་རྒྱས་ཉིད་རང་གི་རབ་གནས་མཛད་ཅིང༌། སྐུ་ཆེ་བ་དེ། སུམ་ཅུ་རྩ་གསུམ་དུ་ཁྱེར་ནས། བརྒྱ་བྱིན་གྱི་ཡི་དམ་མཛད། ཆུང་བ་གཉིས་པོ་རྒྱལ་པོ་གསལ་རྒྱལ་གྱི་ཡི་དམ་མཛད་ཅིང༌། བར་སྐབས་སུ། རྒྱ་ནག་བལ་པོར་འབྱོན་པ་དང༌། མཐར་བོད་ཡུལ་དུ་འབྱོན་པར་ལུང་བསྟན་ནོ། །སྤྲུལ་སྐུ་གསུམ་ (༣༦.བ)པོ་བཞེངས་པའི་ལུགས་ཕུད་ལ། མཁའ་སྤྱོད་མའི་སྐུ་གང་བ་གཅིག་ཡང༌། རང་བྱུང་དུ་བྱོན་(སྟོད་ལུངས་ར་ཚག་ཇོ་མོར་གྲགས་པ་དེ་ཡིན་པར་བྱེད་དོ)ཟེར་རོ། །དེ་ནས་གྲོང་ཟེར་རྩྭ་མཆོག་ཏུ། ཆུ་ཀླུང་ཧ་རི་ཞེས་བྱ་བའི་འགྲམ། ཤིང་ས་ལ་ཡོད་པར། བྱང་ཆུབ་ཀྱི་ཤིང་ལ་སྐུ་བརྟེན་ནས། མོའུ་འགལ་གྱི་བུ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་སྟེ། ཟླ་བ་གསུམ་ན། མྱ་ངན་ལས་འདའ་བས། ཁྱོད་ཀྱིས། རི་རབ་ཀྱི་རྩེར་སོང་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བོས། ཆོས་ཀྱི་ཕྱི་མ་ཉན་པ་དང༌། སྒྲོ་འདོགས་སྤྱོད་པ་ལ་ཤོག་གྱིས་ཤིག་གསུངས། དེ་བཞིན་བྱས་པས། ས་རྣམ་པ་དྲུག་ཏུ་གཡོས། འགྲོ་བ་ཐམས་ཅད་མྱ་ངན་དུ་གྱུར་བཞིན་པར་འདུས་ནས་གསོལ་བ་བཏབ་ཀྱང་བཞུགས་པར་མ་སྣང༌། མྱང་འདས་ཀྱི་མདོ་གསུངས། འཕགས་པ་ཤཱ་རིའི་བུ་ལ་སོགས། སྲིད་བཞི་ལ་དབང་ཐོབ་པ་རྣམས་ནི། སྟོན་(༣༧།ན)པའི་སྔོན་ལས་མྱ་ངན་ལས་འདས་སོ། །དེ་ནས་སྟོན་པས། ཀུན་དགའ་བོ་ལ་བཀའ་སྩལ་པ། ཡོངས་སུ་མྱ་ངན་ལས་འདའ་བར་ངེས་སོ། །ཆོས་ཐམས་ཅད་བརྟག་པ་དང༌། བདེ་བ་དང༌། དངོས་པོ་དང༌། བདག་དང་བཅས་པར་གྱིས་ཤིག ཐུབ་པར་སྟོན་ཅིག་གསུངས་སོ། །གསོལ་པ། བཅོམ་ལྡན་འདས། སྔོན་ཆོས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ། འདི་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་ཡིན་གསུངས་ན། ད་འདི་ལྟར་གསུངས་པ། ཅི་ལ་དགོངས་པ་ལགས་ཞུས་པས། བཀའ་སྩལ་པ། ངས་སྔོན་གྱི་དུས་ན། ཐེག་པ་ཆུང་ངུ༌། མཚན་ཉིད་ཀྱི་ཐེག་པ་ལ་དགོངས་ནས། དེ་བཞིན་དུ་བསྟན། ད་གང་ཅི་འདུལ་བ་ལ། དེ་བཞིན་དུ་སྟོན་ཅིག ཐེག་པ་ཆེན་པོའི་མཐའ། དགེ་འདུན་ལ་སྨྲས་སོ་ཞེས་གསུངས་སོ། །དེའི་དུས་སུ་འཁོར་འདུས་པ་དེ་ཉིད་ཀྱི་ནང་ནས། རིག་འཛིན་གྱིས་རྒྱལ་པོ་ཀུན་ཛ་ར་དེ་ཉིད། (༣༧.བ)སྟན་ལས་ལངས་ཏེ། ཕྱག་བྱས། སྟོན་པའི་མདུན་དུ། སེང་གེའི་ལྟ་སྟངས་ཀྱིས། མིག་མི་འཛུམ་པར་ལྟ་ཞིང༌། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མཛད་པ་ཐམས་ཅད། ཡོངས་སུ་རྫོགས་པར་བྱས་སོ། །གསུང་མོད་ཀྱང༌། བསྟན་པའི་སྙིང་པོ་ཟབ་མོའི་ལམ། གསང་བ་བླ་ན་མེད་པའི་ཐེག་པ་དག འཛམ་གླིང་འདིར་མ་གསུངས་སོ། །ཞེས་གསོལ་པ་དང༌། དེའི་ལན་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡིས། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་གྲ་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་སྣང་གྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་ལ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ཕྱག་ན་རྡོ་རྗེས་སྟོན་(༣༨.ན)པར་འགྱུར། །ཞེས་ལུང་བསྟན་ཏོ། །འདི་བཞིན་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ནས་ཀྱང་གསུངས་ཤིང༌། དེ་མཐུན། གསང་བ་ལུང་བསྟན་པ་དང༌། སྡོམ་བྱུང་གི་རྒྱུད་ཕྱི་མ་ནས་ཀྱང་གསུངས་སོ། །དེར་འཁོར་ཐམས་ཅད་མྱ་ངན་བྱེད་ཅིང༌། སྨྲེ་ངག་འདོན་པ་ལ། ཡང་བཀའ་སྩལ་པ། ང་ནི་ངེས་པར་མྱ་ངན་འདའ་བས། ལུས་གསེར་མདོག་འདི་ལ་ཡང་དང་ཡང་དུ་ལྟོས་ཤིག ཕྱིས་མྱ་ངན་མ་བྱེད་ཅིག འདུས་བྱས་ཐམས་ཅད་འདི་དང་འདྲ་བ་ཡིན་གསུངས་ཤིང༌། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱང་ངན་འདའ་བའི་ཚུལ་བསྟན་ཙམ། །གསུངས་པ་ལ། ཉན་ཐོས་རྣམས་ན་རེ། དེ་ལྟར་ན་ཅིས་ཀྱང་བཞུགས་པར་གསོལ་བ་བཏབ་པས། ས་སྟེང་འཇིག་རྟེན་ག་ན་ཡང༌། །སྐྱེས་ནས་འཆི་བར་མ་གྱུར་ཏམ། །གང་ཞིག་ཁྱོད་ཀྱིས་མ་མཐོང་ངམ། །འོན་ཏེ་ཐོས་ན་ཐེ་ཚོམ་ཟ། །ང་ཡི་མྱ་ངན་ཁྱོད་(༣༨.བ)བྱེད་ན། །ཁྱོད་ཀྱི་མྱ་ངན་སུ་ཡིས་བྱེད། །དེ་ལ་འབྲས་བུ་གང་ཡང་མེད། །གསུངས་སོ། །དེ་ནི་ཆོས་གསུངས་པའི་ཕྱི་མའོ། །དེར་དབུ་ནུབ་ཏུ་བསྟན། ཞལ་ལྷོར་གཟིགས། ཞབས་ཤར་ལ་བརྐྱངས། ཕྱག་གཡས་འོག་ཏུ་བཅུག གཡོན་རླའི་སྟེང་དུ་བརྐྱང་ནས། དགོང་ལོ་བརྒྱད་ཅུ་བཞེས་པའི། ས་ག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གུང་ཟླ་བ་རིའི་རྩེར་ནུབ་པའི་དུས་སུ་(མདོ་མྱང་འདས་ན་ས་ག་ཟླ་བའི་ཚེ་བཅོ་ལྔའི་ནམ་གྱི་གུང་ཐུན་ལ་གཤེགས་གསུངས)ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་སྟེ་མཛད་པ་བཅུ་གཅིག་པའོ།།
༈ དེར་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། མེ་ཏོག་གི་ཆར་བབ། མཁའ་ལ་རོལ་མོའི་སྒྲ་སྣ་ཚོགས་དང༌། དྲི་བཟང་པོས་ཁྱབ་པར་གྱུར་ཅིང༌། ལྷ་རྣམས་ཀྱིས་བསུ་སྟེ། འོག་མིན་སྟུག་པོ་བཀོད་པའི་ཞིང་མཆོག་དམ་པར་གཤེགས་སོ། །སྐུ་གདུང་ནི་བཀའ་བཞིན། དྲི་བཟང་(༣༩.ན)པོས་བྱུགས། རས་ཡུག་སྟོང་དང༌། འབྲུ་མར་གྱི་དྲིལ། ཞག་བདུན་ནས། ཞུགས་ལ་འབུལ་སྙམ་ནས། སྟོན་པ་རང་གི་ཐུགས་དཔལ་བེའུ་ནས། མེ་རང་འབར་དུ་འབར་ནས་བཞུའོ། །གདུང་རུས་དང༌། རིང་བསྲེལ་ལ། མ་ག་ཏའི་བྲེ་བོ་ཆེ་བཅུ་གཉིས་བྱུང་པའི། བགོས་ར་ལ། འཁོར་རྣམས་མ་འཆམ་པར་རྩོད་ཅིང༌། ཡངས་པ་ཅན་གྱི་གྱད་རྣམས་ཀྱིས་དཔུང་བཅས་ནས་བསྲུངས་སོ། །དེར་བྲམ་ཟེ་བྲེའོ་དང་མཉམ་པས་གསོལ་བ་བཏབ་ཅིང༌། ཐམས་ཅད་ལ་སྤྲོ་སྲིངས་ནས། བགོས་མཁན་བྱས་ཏེ། ཆ་གཅིག་གྲོང་ཁྱེར་རྩྭ་མཆོག་གི་གྱད་རྣམས་ལ་བྱིན་དེ་བཞིན་དུ་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང༌། ཡུལ་རྟོག་པ་ཅན་གྱི་རྒྱལ་རིགས་བུ་ལུ་ཀ་དང༌། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་ཏ་ཡང་དང༌། ཁྱབ་འཇུག་གི་བྲམ་ཟེ་དང༌། ཡུལ་སེར་སྐྱའི་རྒྱལ་རིགས་ནག་རྒྱ་རྣམས་དང༌། ཡངས་པ་ཅན་གྱི་རྒྱལ་རིགས་ལི་ཙ་བྱི་རྣམས་དང༌། ཡུལ་མ་ག་(༣༩.བ)ཏའིསྣ་ཆེན་པོ་ལ་རྟོགས་པའི་བྲམ་ཟེ་དབྱེར་བྱེད་རྣམས་ཏེ། ཆ་བརྒྱད་དུ་བགོས་ནས་བྱིན་ནོ། །དེ་རྟིང་སྐུ་གདུང་བཅུག་པའི་རིན་པོ་ཆེའི་བུམ་པ་དེ། ཐམས་ཅད་ཀྱིས། བྲམ་ཟེ་བྲེའོ་དང་མཉམ་པ་རང་ལ་བྱིན་ནོ། །བྲམ་ཟེའི་ཁྱིའུ་ལེགས་མཛེས་སྤུན་གྱིས། །སྐུ་གདུང་མ་ཐོབ་པར། གདུང་ཐལ་སོལ་བ་རྣམས་བྱོན་ནོ། །དེ་རྣམས་རང་རང་གི་ཡུལ་དུ་ཁྱེར་མཆོད་རྟེན་རེ་བཞེངས་པས། སྐུ་གདུང་གི་མཆོད་རྟེན་བརྒྱད་དང༌། བུམ་པའི་མཆོད་རྟེན་རྣམས། སོལ་བའི་མཆོད་རྟེན་བྱ་བ་དང་བཅུ་ཐམ་པ་འཛམ་བུ་གླིང་དུ་བྱུང་ངོ༌། །གྲོང་ཁྱེར་སྒྲ་སྒྲོགས་ཀྱི་མཆོད་རྟེན་དེ་ནི། ཀླུའི་རྒྱལ་པོས་མཆོད་པ་བྱེད་དོ། །སྟོན་པའི་ཚེམས་ཆེ་བ་བཞིའི་གཅིག་ནི། བརྒྱ་བྱིན་གྱི་སུམ་ཅུ་རྩ་གསུམ་དུ་ཁྱེར། གཅིག་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན་བཞུགས། གཅིག་ཀ་ལིང་ཀའི་རྒྱལ་པོའི་ཡུལ་ན་ཡོད། གཅིག་གྲོང་ཁྱེར་སྒྲ་སྒྲོགས་ན་ཀླུའི་རྒྱལ་པོས་མཆོད་(༤༠.ན)པ་འབུལ་ལོ། །སྟོན་པས་བྱིན་གྱི་རླབས་པས། བི་ཤྭོ་ཀར་མས་བཟོ་སླབ་མ་དགོངས་པར། སྟོན་པའི་སྐུ་ཚད་བཞེངས། དེའི་ཐུགས་ཁར། ཉིད་རང་གི་ཐུགས་དཔལ་བེའུ་དང༌། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་སོགས་ཀྱིས་ཕྱུར་བུར་བཀང་སྟེ། བྱང་ཆུབ་ཀྱི་སྙིང་པོ། མ་ག་ཏ་རྡོ་རྗེའི་གདན་ན་བཞུགས་སོ། །སྟོན་པ་མྱ་ངན་ལས་འདས་པའི་ཕྱིས་ལོའི་དབྱར་དེ། འཕགས་དྲུག་སྡེས་འདོད་ཁམས་པའི་ལྷའི་སྣང་བ་དང་བསྟུན་ནས། སངས་རྒྱས་ཀྱི་སྐུ་ཚབ་ཁྲུ་བཅུ་དྲུག་པ། མྱ་ངན་འདས་ཆུང་བྱ་བ་དང༌། གཟུགས་ཁམས་པ་དང་བསྟུན་ནས། ཁྲུ་སུམ་ཅུ་རྩ་གཉིས་པ། མྱ་ངན་འདས་ཆེན་བྱ་བའི་སྐུ་བཞེངས་སོ། །དེ་ནས་ལོ་ཉིས་བརྒྱ་ཙམ་ན། རྒྱལ་པོ་ཤྲཱི་སིང་ཧས། རྟེན་དེ་གཉིས། བྱང་ཆུབ་ཤིང་གི་ར་བས་བསྐོར་ནས་མཆོད་པ་བྱས་སོ། །དེ་ནས་ལོ་ཉི་ཤུ་ཙམ་ལ། བྲམ་ཟེ་མ་ཧཱ་པས་ལ་བྱ་བའི་ཁྱིམ་བདག་ཆེན་པོ་གཅིག་ལ། བུ་མ་ཧཱ་སམ་བེ། (༤༠.བ)ཙཀྲ་སམ་བེ། བི་མ་སམ་བེ་བྱ་བ་དང༌། སྤུན་གསུམ་ཡོད་པའི། ཆེ་བ་གཉིས་ཕྱི་པ་དང༌། ཆུང་བ་ནང་པའི་ཆོས་ལུགས་བྱེད་ཟེར་མ་འཆམ་པ་ལ། མས་ལུང་བསྟན་པ་བཞིན། གངས་རི་ཏི་སིའི་རྩེར། མཧཱ་དྷི་ཝ་ཡབ་ཡུམ་ལ་དྲིས་པས། དེ་ནའང༌། ཚེ་འདི་ལ། ཕྱི་པ་རྫུ་འཕྲུལ་ཆེ་ནའང༌། ཕྱི་མ་ནང་པ་ཕན་ཟེར་ནས། ནང་པའི་ཉན་ཐོས་ལ་བསྙེན་བཀུར་བྱེད་ཀྱིན་འདུག་པས། ནང་པའི་ཆོས་ལུགས་བྱེད་པར་ཁ་འཆམ་སྟེ། ཕ་མའི་ལུང་བསྟན་བཞིན། བུ་ཆེ་བས་རི་བོ་གངས་ཅན་གྱི་རྒྱུད། ཡུལ་བ་ན་ར་སེ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས། བདེན་བཞིན་འཁོར་ལོ་བསྐོར་སར། རྡོ་རིན་པོ་ཆེད་པས་རྒྱུ་བྱས་ནས། སངས་རྒྱས་ཀྱི་སྐུ་ཚབ་དྷརྨ་ཙཀྲ་ཟེར་བ་གཅིག་བཞེངས་སོ། །འབྲིང་པོས་རྒྱལ་པོའི་ཁབ་འོད་མའི་ཚལ། ཀ་དན་དྷ་ཀ་སྐད་འདོན་པ། མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་སར། གནས་ (༤༡.ན)ཆེན་བརྒྱད་ཀྱི་བྱང་ཆུབ་སྙིང་པོའི་སའི་ལོ་མ་ལ། རྒྱུ་བྱས་ནས། སྐུ་ཚབ་གཅིག་བཞེངས་པ། དེ་ལ་བྷེ་མུ་ཝན་ཞེས་གྲགས་སོ། །བུ་ཆུང་པས་མའི་ངག་བཞིན། དབུས་འགྱུར་རྡོ་རྗེ་གདན་གྱི་སྟེང༌། བྱང་ཆུབ་ཤིང་མཆོད་རྟེན་དང༌། ནང་ལྷ་ཁང་དུ་ཡོད་པའི་གྷནྡྷོ་ལའི་དཀྱིལ་དུ། ཆུ་བོ་གྷཾ་གའི་འགྲམ། སྟོན་པས་སྐུ་ཁྲུས་མཛད་པའི་རྫིང་བུ་ན། ཙནྡན་གོར་ཤི་སྡོང་པོ་འགྱེལ་བ་དྷར་བའི་ལྡེ་གུ་ལ་རྒྱུ་བྱས་ནས། བི་ཤྭོ་ཀར་མས་བཟོས་ཏེ། སངས་རྒྱས་དགུང་ལོ་སུམ་ཅུ་པའི་སྐུ་ཚད་གཅིག་བཞེངས་པ་ནི། རྡོ་རྗེ་གདན་ན་ད་ལྟར་བཞུགས་པའི། མཧཱ་བྷོ་དྷིའི་སྐུ་འདི་ཡིན་ནོ། །སྤྱན་འབྲས་གཉིས་ནི། ཚོང་དཔོན་གྱི་བུ་ལ། ཀླུའི་རྒྱལ་པོས་བྱིན་པའི་རིན་པོ་ཆེ་མར་གད་ཅུང་ཞོག་ཡོད་པ་ཁྲུ་གང་ལ། ཕས་དུམ་བུ་གཉིས་བྱས་ནས་ཕུལ་བ་དེ་བཅུག་ཡོད་པའོ། །སྐུ་དེ་བཞེངས་པའི་ཞག་གྲངས་མ་ཐིམ་པ་ལ། (༤༡.བ)བྲམ་ཟེའི་མས། ལྟས་པ་ལ་རྐྱེན་ནས། སྐུ་ཡི་ཞབས་གཡས་པའི་མཐེའུ་ཆུང་མ་ཚང་པ་ཡོད་ཅེས་གྲགས་སོ། །ཕྱི་རབས་སྤྲོ་བ་བསྐྱེད་པའི་ཕྱིར་དུ། སྐུ་གདུང་རིང་བསྲེལ་རྣམས། བྱིན་རླབས་ཀྱི་རྟེན་དུ་བཞག་པའི་མཛད་པ་སྟེ་བཅུ་གཉིས་པའོ།།
༈ སྟོན་པ་ཤཱཀྱ་ཐུབ་པས། མི་མཇེད་འཇིག་རྟེན་གྱི་ཁམས་འདིར། དགུང་ལོ་བརྒྱད་ཅུའི་བར་ལ། གནས་ཆེན་གང་གང་དུ་བཞུགས། མྱ་ངན་ལ་འདའ་བར། བསྟན་པ་སུ་ལ་གཏད་བསྟན་པ་ནི། བྱེ་བྲག་བཤད་མཚོ་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷའི་གནས། འབྲོག་ནས་མཆོད་རྟེན་རི་དང་ནི། །བྱི་པ་གསོ་དང་ཀོའུ་ཤམ་བི། །འོད་མའི་ཚལ་དང་སྒྲ་བཅས་དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་གནས་ཀྱི་ཕུག་ཏུ་གཉིས། །སྨན་གྱི་གནས་སུ་ལོ་(༤༢.ན)བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་ན་གནས། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པས་བཞུགས་པ་ཡི། །བསོད་ནམས་གནས་ནི་འདི་དག་ལགས། །རྟག་ཏུ་ལུས་དང་ངག་དང་ཡིད། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །བཅོམ་ལྡན་འདས་ཀྱིས། ལུང་རིམ་པར་བསྟན་ཏེ། བསྟན་པ་གཏད་པ་ནི། སྟོན་པས། འོད་སྲུངས་ཆེན་པོ་ལ་གཏན། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོང་ཅན་ལ། དེས་ཉེར་ཝས་ལདེས་དྷིདྷི་ཀ་ལ། དེས་བཙུན་པ་བུ་ཧན་མན་ཏི་ལ། དེས་བུདྷ་མེ་ལ། དེས་སློབ་མ་དགེ་སློབ་རྩིབས་ལ། དེས་སུ་ན་ཤ་ན་ལ། དེས་རྟ་སྐད་ལ། དེས་ཤི་པ་ལ། དེས་ཀླུ་སྒྲུབ་ལ་གཏད། དེས་ཆོས་འཁོར་བར་པའི་ལྟ་བ་གཏན་ལ་འབེབས་པའི། དབུ་མ་རིག་ཚོགས་དང་བསྟོད་སྐོར་ལ་(༤༢.བ)སོགས་མཛད་པས་ན། ཐུབ་པ་འདས་ནས་བཞི་བརྒྱ་ན། །མདོ་རྒྱུད་དུ་མར་ལུང་བསྟན་པའི། །ས་བརྒྱད་ནོན་པའི་ཀླུ་སྒྲུབ་བྱོན། །ཤིང་རྟ་ཆེན་པོའི་ལམ་སྲོལ་གཏོད། །ཞེས་པའོ། །དེས་ཨརྱ་དྷེ་ཝ་ལ། དེས་ར་ནུ་ཏ་ལ། དེས་སང་གྷ་ནན་ཏི་ལ། དེས་དགེ་སློང་དགྲ་བཅོམ་ལ། དེས་གྷ་ཡ་ཤ་ལ། དེས་ཀུ་མ་ར་ན་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བན་ཏུ་ལ། དེས་མ་ནུ་ཏ་ལ། དེས་ཧ་ཀ་ཧ་ན་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ། བསྟན་པ་གཏད་ཅིང༌། འདི་ཡན་ལ། ཐུབ་པ་ཆེན་པོ། རྒྱལ་ཚབ་དང་བཅས་པ། བསྟན་པའི་བདག་པོ་ཉི་ཤུ་རྩ་ལྔ་བྱོན་ནོ། །དེ་རྟིང་སངས་རྒྱས་འདས་ནས་ལོ་སྟོང་ལ་ཉེབ་ལ། འཕགས་པ་ཐོགས་མེད་ཀྱིས། བསྟན་པའི་བདག་པོ་ (ཆོས་འཁོར་ཐ་མ་གཏན་ལ་འབེབ་པ་མངོན་པའི་བསྟན་བཅོས་བརྩམ) མཛད་དེ། ལོ་སྟོང་ཉེ་ན་རྒྱལ་པོའི་རིགས། །ཐོགས་མེད་སྐྱེས་བུ་དམ་པ་བྱོན། །མི་ཕམ་མགོན་པོའི་བཀའ་བཞིན་དུ། །ཤིང་རྟ་ཆེན་པོའི་(༤༣.ན)ཤུལ་ལམ་ཕྱེ། །ཞེས་པའོ། །དེ་རྟིང༌། ཕྱོགས་ཀྱི་གླང་པོས། ཤིང་རྟ་ཆེན་པོའི་སྲོལ་གསུམ་པ་བསྟན་པས་ན། འདས་ནས་ཉིས་སྟོང་ལྔ་བརྒྱ་ན། །འཇམ་དབྱངས་བྱིན་རླབས་ལས་འཁྲུངས་པའི། ཕྱོགས་ཀྱི་གླང་པོ་རྗེས་འབྲང་བྱུང༌། །མངོན་སུམ་རྗེས་དཔག་གཉིས་དང་བཞིས། །གྲུབ་མཐའ་ངན་པའི་ལོག་རྟོག་བཅོམ། །ཤེས་བྱ་ཇི་བཞིན་གཏན་ལ་ཕབ། གྲུབ་ཆེན་བརྒྱད་ཅུ། ཀུ་སུ་ལུ་རྣམ་གཉིས་ལ་སོགས། མཁས་གྲུབ་རིམ་པར་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས། འགྲོ་བའི་དོན་མཛད་པའི་ཞིང་ཁམས་ཀྱི་མིང་ནི། སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཟེར་ལ། སྟོང་གསུམ་གྱི་དབྱེ་བ་ནི། རི་རབ་གླིང་བཞི། གླིང་ཕྲན་ཉི་ཟླ། ལྕགས་རི་འཁོར་ཡུག་ཚང་མ་གཅིག་ནས་བགྲང་པའི། ཆ་སྟོང་ལ། སྟོང་ཆུང་ངུ་ཡང་(༤༣.བ)ཟེར། སྟོང་ཕྱི་ཕུད་གཅིག་གོ །དེ་སྟོང་ལ། སྟོང་གཉིས་བར་མའོ། །དེ་སྟོང་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟེར་རོ། །དེ་རྣམས་རེ་རེར་བགྲང་ན། རི་རབ། གླིང་བཞི། ཚངས་རིས་མན། ཆ་བྱེ་བ་ཕྲག་བརྒྱ་སྟེ། དུང་ཕྱུར་གཅིག་གོ །མི་མཇེད་ཅེས་བྱ་བ་ནི། བཟོད་པའི་མིང་སྟེ། པད་དཀར་ལས། ཉོན་མོངས་པ་གསུམ་གྱིས། མི་འཕྲོག་ཅིང༌། འདོད་གཅིག་བཟོད་ལ། དེ་ལ་སྲན་ཐུབ་པས་ན། མི་མཇེད་སངས་རྒྱས་ཀྱི་ཞིང་ཁམས་ཡིན་པས་ན། མི་མཇེད་ཀྱི་ཞིང་ཁམས་ཞེས་པའོ། །སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་ནི་མཉམ་དུ་འཇིག་ཞིང༌། མཉམ་དུ་འཆགས་པར་བྱེད་དོ། །ལར་ཐུབ་པ་གངས་ཆེ་མཚོ། ཕྱག་མཉམ་བཞག་ཏུ་མཛད་པའི་སྟེང༌། ལྷུང་བཟེད་ཀྱི་ནང་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། ཆ་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི། བར་(༤༤.ན)མ། བཅུ་གསུམ་པ་དེ། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་པར་འདོད་ཅིང༌། ལུགས་གཅིག་ལ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཆ་ལྔ་ལྔ། དབུས་དང་ཕྱོགས་བཞིར་བསྒྲིགས་པ། ལྔ་བརྩེགས་སུ་ཡོད་པའི་དཀྱིལ་མ་དེ། ཐུབ་པའི་ཞིང༌། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་པར་འདོད་པ་ཡང་ཡོད་དོ།།
བསྟན་པའི་གནས་ཚད།
༈ ཐུབ་པའི་བསྟན་པ་གནས་ཚུལ་(ཚད)ལ། མདོ་སྡེ་བསྐལ་བཟང་ནས། དམ་པའི་ཆོས་ནི་ལོ་ལྔ་བརྒྱ་དང༌། གཟུགས་བརྙན་ལ་ལྔ་བརྒྱ་སྟེ། ལོ་སྟོང་དུ་གནས་སོ་ཟེར་བ་དང༌། མདོ་རྒྱུད་མང་པོ་ནས། ལོ་གྲངས་མི་གཅིག་པ་དུ་མར་བཤད་(མདོ་དྲིན་ལན་བསབ་པར། བསྟན་པ་ལོ་ལྔ་སྟོང་ལྔ་བརྒྱ་གནས་རྒྱུ་ལ་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས། བསྟན་པ་ལོ་ལྔ་བརྒྱ་འགྲིབ་པར་བསྟན་ནོ)ནའང༌། དེ་རྣམས་ནི་དྲངས་དོན་དགོངས་པ་ཅན་རེ་ཡིན་ལ། འབུམ་ཏིག་འགྲེལ་སྣོད་འཛོམ་ (འབུམ་ཊིཀ་འགྲེལ་གནོད་འཇོམས) ནས་གསུངས་པ་འདི་ནི། སྒྲ་ཇི་(བཞིན)པ་ཡིན་པར་མཁས་པ་རྣམས་བཞེད་དོ། །དེ་ཅིའི་ཕྱིར་ཞེ་ན། འབུམ་ཏིག་(ཊིཀ)ནས། བསྟན་པ་ལོ་ལྔ་སྟོང་དུ་བཤད་པ། ལྔ་བརྒྱ་(༤༤.བ)ཕྲག་བཅུར་ཕྱེ་བས། ལེའུ་བཅུ་ཐམ་པར་འགྱུར་ཏེ། ལེའུ་དང་པོ་ལ། དགྲ་བཅོམ་པའི་ལེའུ། གཉིས་པ་ལ། ཕྱིར་མི་འོང་བའི་ལེའུ། གསུམ་པ་ལ། རྒྱུན་དུ་བཞུགས་པའི་ལེའུ་རྣམས་ལ། ཁོང་དུ་ཚུད་པའི་ལེའུ་གསུམ་ཟེར། བཞི་པ་ལ། ལྷག་མཐོང་གི་ལྔ་པ་ལ། ཏིང་ངེ་འཛིན་གྱི། དྲུག་པ་ལས། ཚུལ་ཁྲིམས་ཀྱི་ལེའུ་རྣམས་ལས། སྒྲུབ་པའི་ལེའུ་གསུམ་ཟེར། བདུན་པ་ལ། མངོན་པའི་བརྒྱད་པ་ལ། མདོ་སྡེའི་དགུ་པ་ལ། འདུལ་བའི་ལེའུ་རྣམས་ལ། ལུང་གི་ལེའུ་གསུམ་ཟེར། ལྔ་པ་བཅུ་པ་ལ། རབ་ཏུ་བྱུང་བའི་རྟགས་ཙམ་ལས། ལྟ་སྤྱོད་རྣལ་མ་དང་མི་ལྡན་པས། རྟགས་ཙམ་འཛིན་པའི་ལེའུ་སྟེ། འདི་ལ་ལྔ་ཐ་མ་ཞེས་བཤད་དོ། །བསྟན་པ་ལོ་སྟོང་གི་སྟེང་ནས། སྔར་ཇི་ཙམ་འདས། ད་ལོ་གྲངས་དུ་གནས་ནི། འདིའི་ཐོག་ནས་ཞིབ་ཏུ་རྩི་བའོ། །མདོ་སྡེ་བསྐལ་བཟང་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ (༤༥.ན)སྐྱེས་པའི་ཡུལ་ནི། སེར་སྐྱ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གོའུ་ཏ་མའོ། །འོད་ནི་འདོམ་གང་པའོ། །ཡབ་ནི་ཟས་གཙང་མའོ། །ཡུམ་ནི་སྒྱུ་འཕྲུལ་མའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་འགྲོ་པ་ནི་ཀུན་དགའ་བོའོ། །ཤེས་རབ་ཅན་གྱི་མཆོག་ནི་ཉེར་རྒྱལ་ལོ། །རྫུ་འཕྲུལ་ཅན་མཆོག་ནི་སྤང་ནས་སྐྱེས་སོ། །འདུས་པ་དང་པོ་ནི། དགེ་སློང་དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཅུའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་ལ། ལྔ་བརྒྱའི་བར། དམ་པའི་ཆོས་ལྟར་སྣང་ངོ༌། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །གསུངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས། བཀའ་བསྡུ་བ་རིམ་པ་གསུམ་དུ་མཛད་པའི་ཚུལ་ནི། སྟོན་པ་གཤེགས་ནས། དགྲ་བཅོམ་པ་ཤས་ཆེ་བ་ཡང༌། མྱ་ངན་ལས་འདས་ཚུལ་བསྟན། འཁོར་(༤༥.བ)རྣམ་བཞི་ཐམས་ཅད། སྟོན་པའི་མི་བཞུགས་པའི་མྱ་ངན་གྱིས། ཆོས་སྤྱོད་ལྷོད་པར་གྱུར་པས། ལྷ་རྣམས་ན་རེ། ཉན་ཐོས་རྣམས། ཆོས་སྤྱོད་ལ་གཡེལ་བས། འཛམ་བུ་གླིང་འདིར། བསྟན་པ་དུད་པ་ཙམ་འགྱུར་རོ་ཞེས། ཁྲེལ་འདེད་ཅིང༌། འཕྱ་བར་གྱུར་པ། འཕགས་པ་འོད་སྲུང་ཆེན་པོས་གསན་ནས། བཀའ་བསྡུ་བར་དགོངས་ཏེ། གང་པོ་ལ་བཀའ་བགོས་ནས་དེས་ནམ་མཁའ་ལ་འཕགས། གྷཎྔྷེ་བརྡུངས་པས། དགྲ་བཅོམ་པ་ལྔ་བརྒྱ་སྟག་ཤི་རི་ཤ་ཀའི་གཞལ་མེད་ཁང་ན། འགོག་པའི་ཏིང་ངེ་འཛིན་ལ་བཞུགས་པ། རྫུ་འཕྲུལ་གྱིས་སྤྱན་འདྲེན་ཕྱིན་ནས། ལོ་རྒྱུས་རྙེད་པས། སྟོན་པ་གཤེགས་ན་བདག་ཀྱང་མྱ་ངན་ལས་འདའོ། །འཕགས་པ་རྣམས་བཟོད་པར་གསོལ་ཅིག ཆོས་གོས་རྣམ་གསུམ་ཚོགས་སུ་ཕུལ་ཅིག །(༤༦.ན)གསུངས་ནས་གཤེགས་སོ། །དེར་དགྲ་བཅོམ་པ་གཅིག་ཅིས་ཀྱང་དགོས་པར་བྱུང་ནས། འོད་སྲུང་གིས། ཀུན་དགའ་བོའི་རྒྱུད་བརྟག་པས། དགྲ་བཅོམ་པ་(མ)ཐོབ་པར་ངེས་ཏེ། དེའང༌། ཞི་བ་ལས། དྲག་པོས་བཅོམ་ན་འགྲུབ་པར་དགོངས་ནས། དགྲ་བཅོམ་པ་རྣམས། ཉན་ཐོས་དགེ་འདུན་མང་པོ་དང་བཅས་པ་འདུས་པའི་དབུས་ན། འཕགས་པ་འོད་སྲུངས་ཀྱིས། ཀུན་དགའ་བོ་ལ། མཆོག་འདུས་པ་རྣམས་ཀྱི་གསེབ་ཏུ། ཁྱོད་ནི་མ་འདུག་པར། ཕྱིར་སོང་ཅིག་གསུངས་པས། ཀུན་དགའ་བོ་ན་རེ། དེ་སྐད་མི་གསུངས་པར་ཞུ། སངས་རྒྱས་མྱ་ངན་ལས་འདའ་ཁར། བསྟན་པ་དང༌། བདག་ཀྱང་ཉིད་རང་ལ་གཏད་པ་ལགས་མོད། བདག་གིས་ནོང་པ་ཅི་ཡང་བགྱིས་པ་མེད་ན་ཞུས་པས། ཁྱོད་ཀྱིས། ཚུལ་ཁྲིམས་ལ་སོགས་མ་ཉམས་པ་ངོ་མཚར་ཆེ་རྒྱུ་མེད། གཞན་ཉེས་པ་བྱས་ཚུལ་རྣམས་བསྟན་གྱིས། ཚུལ་ཤིང་ལོང་ཅིག་གསུངས་(༤༦.བ)ནས། ཀུན་དགའ་བོ་ལ། བཅོ་བ་རྣམ་པ་བརྒྱད་ཀྱི་ཚིག་གིས། ཉེས་པའི་ཚུལ་ཤིང་རིམ་པར་གཏད་པས། ཁོང་ནི། གདོང་མཆི་མ་དང་བཅས་པས། ཀྱེ་མ། བཅོམ་ལྡན་འདས་ནི་མྱ་ངན་ལས་འདས། ང་ལ་མགོན་དང་སྐྱབས་བྱེད་པ་ནི་སུ་ཡང་མེད། ངའི་གནས་སྐབས་འདི་འདྲ་བར་གྱུར་ཏོ། །ཅེས་སྨྲེ་ངག་འདོན་ཅིང༌། ཕྱིར་མཐོན་(ཐོན)ནས། སྤོང་བྱེད་ཀྱི་ནགས་སུ། དབྱར་ཟླ་གསུམ་ཚུལ་(ཚུན)ལ་ཞུགས་(བཞུགས)དགོས་པ་འདྲ་སྙམ་སྟེ། ཚོགས་ནས་བུད་དོ། །བཅོ་བ་རྣམ་པ་བརྒྱད་གང་ཞེ་ན། སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བའི་ཞུས་སྣང་(སྣ)བྱས་པ་དང༌། སྟོན་པ་ལ། ཆུ་རྙོག་མ་ཅན་དྲངས་པ་དང༌། ན་བཟའ་འཚེམ་དུས། པུས་མོའི་འོག་ཏུ་མནན་པ་དང༌། མྱ་ངན་ལས་འདའམ་གསུངས་དུས། བཞུགས་པར་མ་ཞུས་པས། དྲིས་ལན་ལོག་པར་བཏབ་པ་དང༌། སོ་ཐར་སྡོམ་པའི་གནད་སྟོན་པར་བཞེད་པ། ཆེད་གཉེར་མ་ཞུས་(༤༧.ན)པ་དང༌། མྱ་ངན་ལས་འདའ་ཁར། སྐུ་གསེར་མདོག་འཁོར་མང་པོ་ལ་བསྟན་པ་དང༌། སྐུའི་གསང་གནས་སྦུབས་སུ་ནུབ་པ། བུད་མེད་ལ་བསྟན་པ་དང༌། རྣམ་པ་བརྒྱད་དོ། །དེའི་སྡོམས་པ་ནི། བུད་མེད་རབ་བྱུང་ཆུ་རྙོག་དྲངས། །ན་བཟའ་པུས་མནན་བཞུགས་མ་ཞུས། དྲིས་ལན་ལོག་བཏབ་སོ་ཐར་གནང༌། །གསེར་མདོག་སྐུ་དང་གསང་གནས་བསྟན། །ཞེས་པ་རྣམས་སོ། །དེ་ནས་ཚེ་དང་ལྡན་པ་སྤོང་བྱེད་ཞེས་བྱ་བ། དགྲ་བཅོམ་པ་དེས། བསྐུལ་ནས་བསམ་གཏན་བསྒོམས་པས། ཀུན་དགའ་བོས། ཞག་བདུན་ན། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེར་རྒྱལ་པོའི་ཁབ་ཏུ་བྱོན་ཏེ། རྣམ་ཕྱིར་ལྔ་བརྒྱའི་ཁྲི་ཐོག་ཏུ་ཀུན་དགའ་བོ་བཞུགས་ནས། བཀའ་བསྡུ་བ་མཛད་པའོ།།
བཀའ་བསྡུ་བ་རིམ་པ་གསུམ།
དེའང༌། བཀའ་བསྡུ་བ་དང་པོ། དོན་རྣམ་པ་བདུན་གྱི་སྒོ་ནས་བསྡུས་ཏེ། བདུན་གང་ཞེ་ན། དུས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱིས་ལོའི་དབྱར་(༤༧.བ)དེའོ། །གནས་ནི་རྒྱལ་པོའི་ཁབ། ཨ་སུ་གསང་བའི་བྲག་ཁུང་ངམ། རྡོ་ཅག་མའི་ཕུག་གོ །སྦྱིན་བདག་ནི་རྒྱལ་པོ་མ་སྐྱེས་དགྲའོ། །དགྲ་བཅོམ་པ་ནི་ལྔ་བརྒྱ་འཚོགས་པའོ། །གང་ཟག་སུའི་ཐུགས་རྒྱུད་ལས་བསྡུས་ན། འཕགས་པ་འོད་སྲུང་གིས་བསྐུལ་ནས། ཀུན་དགའ་བོས་མདོ་སྡེ་དང༌། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་གིས་མངོན་པའི་སྡེ་སྣོད་རྣམས། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་བཟུང་སྟེ་བསྡུས་པའོ། །བསྡུ་བའི་དང་པོ་ནི། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་མོ། །དགོས་བྱེད་(ཆེད)ནི། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་རམ་ལྷ་རྣམས་ཀྱིས་འཆའ་བ་བསལ་བའི་ཕྱིར་དུ་བསྡུས་པ་དང་བདུན་ནོ། །བཀའ་བསྡུ་བར་པ་ལའང༌། དོན་རྣམ་པ་བདུན་ཏེ། དུས་ནི། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་བཅུ་སོང་བ་ནའོ། །གནས་ནི་ཡངས་པ་ཅན་གྱི་གཙུག་ལག་ཁང་དུའོ། ། (༤༨.ན)སྦྱིན་བདག་ནི་རྒྱལ་པོ་དྷརྨ་ཨ་ཤོ་ཀའོ་ (ཆོས་རྒྱལ་མྱ་ངན་མེད་ཡིན་ནོ)། དགྲ་བཅོམ་པ་ནི་བདུན་བརྒྱའོ། །གང་ཟག་ནི། དགྲ་བཅོམ་པ་གྲགས་པས་གསོལ་བ་བཏབ་པས། གནས་བརྟན་ཐམས་ཅད་དོན་གྱི་ཐུགས་བརྒྱུད་ལས་བསྡུས་པའོ། །དངོས་པོ་ནི་སྡེ་སྣོད་གསུམ་མོ། །དགོས་བྱེད་ནི་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་རོ། །རྒྱལ་པོ་ཉི་མ་བཅུ་པའི་ཆོས་གནས། དགེ་སློང་ལྷ་ཆེན་པོས། རང་ཐག་རང་གིས་བཅད། ཆོས་ལོག་རུང་མིན་བཞི་བཅུ་བརྩམས་ཏེ། དེའི་ལྟ་བ་ལ་ཞུགས་པའི་དགེ་འདུན་ཁྲི་ཕྲག་མང་པོ་བསྡུས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཚབ་ཆེ་བར་བྱུང་པ། དེ་འགེགས་པའི་ཕྱིར་བསྡུས་པ་དང་བདུན་ནོ། །དེ་ལྟར། བཀའ་བསྡུ་གཉིས་པའི་དུས་སུ། སྔར་སྟོན་པ་སངས་རྒྱས་ཀྱིས་གསུངས་ཚད་སྡེ་སྣོད་རྣམས་མི་བརྗེད་པའི་གཟུངས་ཐོབ་པའི། དགྲ་བཅོམ་རྣམས་ཚོགས་པའི་འགྲན་བསྡུར། ཞུ་དག་མ་ནོར་བར་བྱས་ (༤༨.བ)པ་ཡིན་གྱི། པོ་ཏི་གླེགས་བམ་དང༌། ཡི་གེར་བཀོད་པ་ནི། ཚིག་འབྲུ་གཅིག་ཀྱང་མེད་པར་བཞེད་དོ། །བཀའ་བསྡུ་གསུམ་པ་ལའང༌། དོན་བདུན་གྱི་དུས་ནི། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་བརྒྱ་ལོན་པའི་དུས་སོ། །གནས་ནི་ཁ་ཆེའི་བྱེ་བྲག་ཤྲཱི་ཛ་ལན་དྷ་རའི་གཙུག་ལག་ཁང་དུའོ། །སྦྱིན་བདག་ནི། རྒྱལ་པོ་ཀི་ནའོ། །ཚོགས་པ་ནི་དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་རྣམས་འདུས་སོ། །གང་ཟག་ནི། དགྲ་བཅོམ་པ་པུར་ནི་ཀས་གསོལ་བ་བཏབ་སྟེ། སྐྱེ་བ་ཐ་མའི་བྱང་ཆུབ་སེམས་དཔའ་སུ་མུ་ཏྲི་ཏའི་ཐུགས་རྒྱུད་ལས་བསྡུས་སོ། །དངོས་པོ་ནི་སྡེ་སྣོད་གསུམ་མོ། །དགོས་ཆེད་ནི། སྤྱིར་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། སྒོས་སུ་རྒྱལ་བའི་བཀའ་ལ། ཕྱི་རབས་ཀྱི་གང་ཟག་རྣམས་(༤༩.ན)ཀྱིས། ལྷག་ཆད་ནོར་འཁྲུལ་དུ་འདོན་པ་དང༌། སྒྲོ་འདོགས། སྐུར་འདེབས་ཀུན་སྤངས་པའི་ཕྱིར་དུ། དག་པར་བསྡུས་པ་དང་བདུན་ནོ། །བཀའ་བསྡུ་གསུམ་པ་འདིའི་དུས་སུ། སྡེ་སྣོད་གསུམ་ལ་རྟོགས་ཚད་ཐམས་ཅད། གཞུང་དུ་བཀོད་ཅིང༌། དཀར་ཤོག་ཏུ་བཏབ་ནས། བམ་དོང་དང་ལེའུའི་རྣམ་གྲངས་གསལ་བར་བྱས་སོ། །བཀའ་བསྡུ་བ་རིམ་པ་གསུམ་པོ་འདི་ནི། ཐེག་པ་ཆུང་ངུའི་བསྡུ་བའོ། །ཐེག་པ་ཆེན་པོའི་བཀའ་བསྡུ་བ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་མ་ལ་སྭ་བྷ་ཝ་ཞེས་པའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། བཀའ་བསྡུགསུམ་པའི་དུས་སུ། སྡུད་སོ་སོ་ཞལ་མཐུན་དུ། རྩ་བའི་སྡེ་པ་བཞིའི་ལྟ་སྤྱོད་ཐུན་མོང་དུ་སྟོན་པ། བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བ། བམ་པོ་སུམ་བརྒྱ་ཡོད་པ་གཅིག་བརྩམས། དེ་ནི་རྒྱ་གར་དུ་བསྟན་བཅོས་རྩོམ་པའི་ཐོག་མ་ཡིན་ནོ། །འདི་བོད་དུ་ཚང་མ་མ་འགྱུར་བར་བྱེད། འདི་(༤༩.བ)ཆོས་འཁོར་དང་པོ། བདེན་བཞིའི་ཆོས་རྣམས་གཏན་ལ་དབབ་ཕྱིར་བརྩམས་པའོ། །འཇམ་དཔལ་གྱི་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས། མདོ་སྡེ་རྣམས་བསྡུས་སོ་ཞེས་གྲགས་ཤིང༌། གསང་སྔགས་ཀྱི་ཆོས་རྣམས་ནི། སྟོན་པས་ལུང་བསྟན་པ་བཞིན། རྒྱལ་པོ་ཛའི་ཁང་སྟེང་དུ་བྱིན་གྱིས་རླབས་ལས། ཆར་ལྟར་བབ་པར་བྱེད་དོ། །སྡེ་སྣོད་གསུམ་པོའི་བཀའ་བསྡུ་ཚར་ནས། ཐམས་ཅད། པོ་ཏི། གླེགས་བམ་དུ་བཀོད་ཡོད་པའི་མཚམས་སུ། ལྷ་མ་སྲིན་སྡེ་བརྒྱད་སོགས་གསུང་རབ་ཀྱི་ཞབས་ཐོག་དང༌། བདག་འཛིན་ལ་མ་འཆམ་པར། སྐུ་གདུང་བཞིན་དུ། བགོ་ར་ཐོབ་ཁྱེར་བྱས་པས། ཁྲི་བརྒྱད་སྟོང་པ་ལྷས་ཐོབ། ཤེས་རབ་ཁྲི་པ་ལྷ་མིན་གྱིས་ཐོབ། ཏོག་བདུད་ཀྱིས་ཐོབ། གཟུངས་མ་མོས་ཐོབ། འབུམ་ཀླུས་ཐོབ་སྟེ། གཟའ་(༥༠.ན)ཁྱབ་འཇུག་གིས་སྐལ་བ་ཆད་པས། གཞན་ཐམས་ཅད་མི་ཡུལ་དུ་འདུས། འབུམ་ཀླུ་ཡུལ་ནས་མ་ལོན་པའི་སྐབས་སུ། ཀླུའི་རྒྱལ་པོ་ར་ཀ་བྱ་བ། ནད་ཅི་ཇི་ཚ་མས་ཐེབས་པ། སུས་ཀྱང་འཆོས་མ་ཐུབ་སྟེ། སྨན་པ་འཚོ་བྱེད་གཞོན་ནུའི་བུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཅོས་པའི་གཏང་རག་ལ། འབུམ་ཕུལ་ནས། མི་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་རིམ་པས་དར་ཏེ། རྒྱ་བོད་མཚམས། རྒྱལ་མོ་ཚ་བ་རོང་དུ་ཕེབས་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། གླངས་ཁམ་པ་གོ་ཆ་གདན་འདྲེན་དུ་བཏང༌། བསམ་ཡས་སུ་ཕེབས་ནས། བོད་ཁམས་སྤྱི་ཁྱབ་ཏུ་དར་ཞིང་རྒྱས་པར་གྱུར་པས། རྒྱས་པ་འབུམ་ཞེས་གྲགས་པའོ། །འབུམ་ལ་ཤོ་ལོ་ཀ་འབུམ་ཡོད་པས། འབུམ་ཞེས་ཟེར་ཞིང༌། ལེའུ་བདུན་དུ་རྩ་གཉིས། བམ་པོ་སུམ་བརྒྱ། ཤད་བཞི་ཁྲི་བཞི་འབུམ། ཚེགས་བྱེ་བ་བཞི་ཁྲི། གཞན་ཡང༌། བཀའ་ཐམས་ཅད་ལ་ (༥༠.བ) འདི་བཞིན་གྱི་རྒྱས་བཤད་ཡོད་ཅིང༌། མདོར་ན་སྐབས་ཆེན་བརྒྱད། སྐབས་སུ་ཆུང་བདུན་ཅུ་ཐམ་པ་ནི། བཀའ་རྒྱས་པ་འབུམ་ནས་བསྡུས་པ། ཡི་གེ་གཅིག་མ་ཡན་ཆད་ལ་ཚང་ངོ༌། །འབུམ་བོད་ཡུལ་དུ་སྒྱུར་བ་པོ་སྔོན་མ་ནི། མཁས་པ་བཻ་རོ་ཙཱ་ན་ཡིན་ནོ། །ད་ལྟ་ཤོ་ལོ་ཀ་འབུམ་མ་ཚང་པ་ནི། མཐའ་དུམ་གཅིག ཀླུའི་ཡུལ་དུ་ལུས་པར་བྱེད་ནའང༌། ཆོས་ཉིད་མི་འགྱུར་བའི་ལེའུས་འཇུག་བསྡུས་པས། དོན་ལ་ཚང་པར་ཀ་ཅོག་ཞང་གསུམ་ལ་སོགས་ལོ་པཎ་མཁས་པ་རྣམས་བཞེད་(པ)མཐུན་ནོ། །ཡང༌། འབུམ་སྡེ་ལྔ་བྱ་བ་ནི། ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་འབུམ་ནི། རྒྱས་པ་འབུམ་ལ་ཟེར་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཕྱིར་ན་འབུམ། ཤོ་ལོ་ཀ་འབུམ་ཡོད་པས་ན་འབུམ་ཞེས་བྱའོ། །དཀོན་རྩེགས་ལ་སྨོན་ལམ་འབུམ་ཡོད་པས་ན་འབུམ་ཞེས་བྱའོ། །ཕལ་པོ་ཆེ་ལ་སངས་རྒྱས་ཀྱི་མཚན་འབུམ་ཡོད་(༥༡.ན)པས་ན་འབུམ་ཞེས་བྱ་སྟེ། མཚན་དགུ་བརྒྱ་མ་ཚང་པ། འཕགས་པ་གླང་རི་ལུང་བསྟན། ཡོད་པས་ཚང་ངོ༌། །ལང་ཀར་གཤེགས་པའི་མདོ་ནི། སྲིན་ཡུལ་ལང་ཀ་པུ་རིང་བཞེངས་སུ་གསོལ་ཏེ། སྲིན་པོ་བཏུལ་བའི་རྣམ་གྲངས་འབུམ་ཡོད་པས་ན་འབུམ་ཞེས་བྱའོ། །མྱ་ངན་ལས་འདས་པའི་འབུམ་ནི། སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་འབུམ་ཡོད་པས་ན་མྱང་འདས་འབུམ་ཞེས་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི། བརྒྱད་སྟོང་འགྲེལ་པ། སྙིང་པོ་མཆོག་ལས། མདོའི་སྡེ། དབྱངས་སྙན། ལུང་དུ་བསྟན། ཚིགས་བཅད། ཆེད་བརྗོད། གླེང་གཞི་དང༌། རྟོགས་བརྗོད། དེ་ལྟ་བུ་བྱུང་དང༌། སྐྱེས་རབས་ཡན་ལག་བཅུ་གཉིས་ཡིན།
༈ བཀའ་བསྡུ་གསུམ་པ་དགོས་པའི་ཉེར་ལེན་ནི། དེའི་དུས་ན། ཉན་ཐོས། དགེ་འདུན་ཐམས་ཅད། སྟོན་པ་སངས་རྒྱས་ཀྱི་བཀའ་རྗེས་སུ་སློབ་པར་འདོད་མཐུན་(༥༡.བ)ཅིང༌། ལྟ་བ་མ་ལོག་པ་ཤ་སྟག་ཡིན་ནའང༌། གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱིས། སྟོན་པས་གསུངས་པའི། དྲང་དོན། ངེས་དོན། ལྡེམ་དགོངས་ལ་སོགས་པ་རྣམས་ལ། གོ་ཡུལ་དད་དུ་བཟུངས། དེའི་ཚིག་གི་ཕྱོགས་ལ་ཞེན་ནས། སོ་སོར་གྱེས་པའི་སྡེ་པ་བཅོ་བརྒྱད་དུ་གྲགས་པ་བྱུང་པ། དེ་དུས། དགེ་འདུན་ལ་འགྱེད་པའི་ཕྱིར་རྩོད་པ་བྱུང་སྟེ། གཞི་ཀུན་ཡོད་པར་སྨྲ་བའི་སྡེ་པ་ན་རེ། ངེད་ཚང་འདོན་ཅིང་འཛིན་པའི་ཆོས་ལུགས་འདི་ཁོ་ན། བཀའ་ངོས་ཅན་ཡིན་གྱིས། གཞན་བཅུ་བདུན་པོ་དེ་ལྟར་མ་ཡིན་ནོ་ཟེར་ཞིང༌། གཞན་རྣམས་ཀྱང་རེ་རེ་བཞིན་དུ། ངེད་ཀྱི་འདི་བཀའ་ཡིན་པ། སྡེ་སྣོད་གསུམ་ན་གསལ། ཟེར་བ་ལ་སོགས་ཀྱི་རྩོད་པ་བྱུང་ངོ༌། །དེའང༌། རྩ་བའི་སྡེ་པ་བཞི། དེ་ལས་གྱེས་པའི་བཅོ་བརྒྱད་ཡོད་དེ། རྩ་བ་བཞི་ནི། ཐམས་ཅད་ཡོད་པར་སྨྲ་(༥༢.ན)པ། ཕལ་ཆེན་པ། མང་པོས་བཀུར་བ། གནས་བརྟན་པའི་སྡེ་པ་དང་བཞིའོ། །ཡོད་སྨྲ་ལས་གྱེས་པ་བདུན་ནི། ཐམས་ཅད་ཡོད་སྨྲ་བ། མས་སྟོན་པ། འོད་སྲུངས་པ། ཆོས་སྲུངས་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བ། མང་དུ་ཐོས་པ་ལ་སྦྱངས་པའི་སྡེ་དང་བདུན་ནོ། །དེ་དག་གི་སྐད་ནི། སམ་ཀྲི་ཏས་སྟོན། རིགས་རྒྱལ་རིགས་ལས། སྒྲ་གཅན་འཛིན་གྱི་རྒྱུད་དོ། །བསླབ་པ་གུས་པའི་མཆོག་གོ །མཁོ་བའི་ཡོ་བྱད་བཅུ་གསུམ་ནི། སྣམ་སྦྱར། བླ་གོས། ཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། དངུལ་གཟན། དེའི་ཡང་གཟན། གདོང་ཕྱིས། རྣག་གཟན། གཡན་པ་སྒགས་པ། སྒྲ་བཟེད། འདིང་བ། གཡར་གྱི་རས་ཆེན་དང་བཅུ་གསུམ་མོ། །དེ་ལ་སྣམ་ཕྱར་ནི། རབ་ཀྱི་རབ་ལ། སྣམ་ཕྲན་ཉེར་ལྔ། དེའི་འབྲིང་ལ་ཉེར་གསུམ། དེའི་ཐ་མ་ལ་ཉེར་གཅིག གླེགས་བུ་(༥༢.བ)ཕྱེད་དང་ལྔའོ། །འབྲིང་གི་གསུམ་པོ་ལ། སྣམ་ཕྲན་བཅུ་དགུ། བཅུ་བདུན། བཅོ་ལྔའོ། །གླེགས་བུ་ཕྱེད་དང་བཞི་པའོ། །ཐ་མའི་གསུམ་པོ་ལ། སྣམ་ཕྲན་བཅུ་གསུམ། བཅུ་གཅིག དགུ་པའོ། །གླེགས་བུ་ཕྱེད་དང་གསུམ་པའོ། །རྟགས་ནི། ཨུཏྤལ་དང༌། རིན་པོ་ཆེའམ། ཤིང་ལོ་རིམ། འཁོར་ལོ་འམ། པདྨའོ། །ཕལ་ཆེན་སྡེ་ལས་གྱེས་པ་ལྔ་ནི། ཤར་གྱི་རི་གནས་པའི་སྡེ། ནུབ་ཀྱི་རི་ལ་དང༌། གངས་ཀྱི་རི་ལ་དང༌། འཇིག་རྟེན་ལས་འདས་པར་སྨྲ་བ། རྣམ་པར་བརྟགས་ཏེ་སྨྲ་བའི་སྡེ་པ་དང་ལྔའོ། །སྐ་པྲ་ཝ་ཏྲི་ཏས། རིགས་བྲམ་ཟེ་ལ། འཕགས་པ་འོད་སྲུངས་གི་སློབ་རྒྱུད། སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཆོག་གོ །སྣམ་ཕྱར་འདྲ། རྟགས་དཔལ་བེའུ། ག་སྲུང་ངོ༌། །མང་པོས་བཀུར་བ་ལ་གྱེས་པ་གསུམ་ནི། ས་སྒྲོགས་ཀྱི་སྡེ། བསྲུང་བ་པའི་སྡེ། (༥༣.ན)གནས་མང་པོའི་སྡེ་དང་གསུམ་མོ། །སྐད་བེ་ཤ་ཏྲི་ཏས་སྟོན། རིགས་འབྲེག་མཁན་ལས་སོ། །འཕགས་པ་ཉེ་བ་འཁོར་གྱི་སློབ་རྒྱུད། འདུལ་བ་འཛིན་པའི་མཆོག་གོ །རྣམ་ཕྱར་འདྲ། རྟགས་དུང་ངོ༌། །གནས་བརྟན་པའི་སྡེ་པ་ལ་གྱེས་པ་གསུམ་ནི། གཙུག་ལག་ཀང་ཆེན་པོའི་སྡེ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིག་མེད་རི་ལ་གནས་སྡེ་དང་གསུམ་མོ། །སྐད་ཨ་ཝ་བྲང་ཤ་ཏ་མིས་ཆོས་སྟོན། རིགས་བྲག་གོར་སྡེའི་གདོལ་པའི་འོ། །ཀ་ཏ་ཡནའི་སློབ་རྒྱུད། མཐའ་ཁོབ་འདུལ་བའི་མཆོག་གོ །སྣམ་ཕྱར་འདྲ། རྟགས་བུམ་པའོ། །དེ་རྣམས་ལོག་རྟོག་དགག་ཅིང༌། སྡེ་པ་བཅུ་བདུན་ཆོས་དྲང་པོ་མ་ཡིན་ཟེར་བ་བསལ་བའི་ཕྱིར། བཀའ་བསྡུ་བ་གསུམ་པ་མཛད་པའོ། །ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་རྒྱུ་མཚན་གསལ་ཆ་ནི། མ་ག་ཏ་བཟང་མོའི་རྟོགས་པ་བརྗོད་པའི་མདོ་ལས། ཉན་ཐོས་སྡེ་པ་བཅོ་བརྒྱད་སོང་ལ། (༥༣.བ)ལག་ལེན་ནི། རྟེན་འབྲེལ་འཁོར་ལོ་དང༌། སྡོམ་པ་གཏོང་ཐོབ། ཐ་ན་བྱིན་ལེན། དུང་ཆུ་ཡན་ལ། མི་འདྲ་བ་བཅོ་བརྒྱད་ཡོད་དོ། །གླང་ཆེན་ཁྲོན་པ་ཆེ་དང་ཙན་དན་དང༌། གླང་ཆེན་བེའུ་ཀུན་དགའ་ར་བ་དང༌། །མི་གཙང་སྲེ་དང་སྲེ་དབང་བསྐུར་བ་རས་ཡུག་ཆེ། །དེ་བཞིན་འཐབ་མོ་ཞེས་བྱ་བ། །བཅུ་པོ་འདི་ནི་ཀྲི་ཀྲིའི་རྨི་ལྟས་ཡིན། །ཞེས་གསུངས་པ་སྡོམ་གྱི་མཆོག་གོ །རྒྱ་གར་ན། ཕྱི་རོལ་མུ་སྟེགས་པ་ལང༌། རིགས་བྱེད་པ་དང༌། གྲངས་ཅན་དང༌། སྤྱོད་པ་བ་རྣམས་ལ་རྩ་བའི་སྡེ་བཞི་ཟེར་ཞིང༌། དེ་རྣམས་ལ་གྱེས་པའི་སྡེ་པ་བཅོ་བརྒྱད་སུ་དབྱེ་བ་ཡོད་པར་གྲགས་སོ། །སྤྱིར་དུ། ཆོས་ཐམས་ཅད་བསྡུ་ན་བཀའ་དང༌། བསྟན་བཅོས་གཉིས་སུ་འདུས་ཏེ། དབྱིག་གཉེན་གྱི་རྣམ་པར་བཤད་པའི་རིམ་པ་ལས། ཆོས་རྣམས་ཐམས་ཅད་མདོར་བསྡུ་ན། །བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་(༥༤.ན)པར་གསུངས་དང་དེའི་དགོངས་འགྲེལ་དང༌། །དེའི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་ལ། བཀའ་དང་བསྟན་བཅོས་ཀྱི་ཁྱད་ནི། སྟོན་པ་བཞུགས་རིང༌། ཉིད་རང་གིས་གསུངས་པ་དང༌། གཞན་ཆོས་ཀྱི་སྒྲ་བྱུང་བ་ཐམས་ཅད། བཀའ་ཡིན་ནོ། །སྟོན་པ་གཤེགས་ནས། ད་ལྟའི་བར་མཛད་པ་ཐམས་ཅད་བསྟན་བཅོས་ཡིན་ནོ། །སྟོན་པ་ཉིད་རང་གིས་དངོས་སུ་གསུངས་པ། འཇམ་དཔལ་མཚན་བརྗོད་ལ་སོགས་པ་རྣམས་ནི། ཞལ་ནས་གསུངས་པའི་བཀའ་ཡིན་ནོ། །གང་ཟག་གཞན་གྱི་རྒྱུད་བསྐུལ་ནས་གསུངས་པ་རྣམས་ནི། བྱིན་གྱིས་རླབས་པའི་བཀའོ། །མདོའི་གླེང་གཞི་དང༌། ཆོས་ཀྱི་སྡོམ་པ་དང༌། བཀའ་བསྡུ་གྱིས་ཅིག་གསུངས་པ་ལ་སོགས་པ་རྣམས་ནི། རྗེས་སུ་སྣང་བའི་བཀའོ། །ཤེར་སྙིང་ལས། བཀའ་གསུམ་ཁ་ཚང་བར་བྱེད་པ་ནི། ཟབ་པའི་(༥༤.བ)ཕྱིར་རོ། །དེ་ལྟར། བཀའ་གསུམ་པོ་འཆད་པར་འདོད་ན། སྟོན་པ་དང༌། འཁོར་དང༌། གནས་དང༌། དུས་དང༌། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་པ་ཡིན་ནོ། །བཀའ་ཕལ་ཆེ་བའི་ཞུ་བ་པོ་བརྒྱད་ནི། ཤཱ་རིའི་བུ་དང༌། རབ་འབྱོར། ཀོའུ་ཤི་ཀ བྱམས་པ། འོད་སྲུང༌། གང་པོ། གངྒཱི་ལྷ་མོ། ཀུན་དགའ་བོ་རྣམས་སོ། །བསྟན་བཅོས་འཆད་པར་འདོད་ན། དོན་རྣམ་པ་གཉིས་ཏེ། ལོ་རྒྱུས་ཀྱི་དོན་དང༌། དོན་དངོས་གཞིའོ། །དེའང༌། བཀའ་བསྟན་བཅོས་གང་འཆད་ཉན་བྱེད་ཀྱང༌། བར་ཆད་སྤངས་རྒྱུ་ནི། ལུང་དང༌། མངོན་པར་རྟོགས་པའི་བར་འཆད་དོ། །འདུ་ཤེས་བཞི་སྒོམ་དགོས་པ་ནི། འཕེལ་བར་བྱེད་པ་ལོངས་སྤྱོད་ནོར་གྱི་འདུ་ཤེས་དང༌། ཉོན་མོངས་པའི་ནད་ཞི་བར་བྱེད་པ། འཚོ་བྱེད་སྨན་གྱི་འདུ་ཤེས་དང༌། དགོས་འདོད་འབྱུང་པ་ཡིད་བཞིན་ནོར་བུའི་འདུ་ཤེས་དང༌། མི་ཟད་(༥༥.ན)པའི་དོན་འབྱུང་བས་ན། མྱ་ངན་ལས་འདས་པའི་འདུ་ཤེས་རྣམས་བསྒོམ་པའི་ངང་ནས། འཆད་པ་དང༌། ཉན་པར་བྱའོ། །ཉན་ཐོས་དགེ་འདུན་གྱི་ཚོགས་རྣམས་ལ། མིག་གི་འབྲས་བུ་ལྟར་གཅེས་པའི་བསླབས་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་བསླབ་པ་དང༌། ལྷག་པའི་སེམས་དང་ལྡན་པའི་བསླབ་པ་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ། །བསོད་ནམས་བྱ་བའི་དངོས་པོ་ལ་གསུམ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གསུམ་མོ། །དེ་ལྟར་བསླབ་གསུམ་གྱི་རྒྱལ་མཚན། དངོས་པོ་གསུམ་གྱི་བ་དན་ལྡན་ན། འཕགས་པའི་དགེ་སློང་གི་དགེ་འདུན། མཚན་ཉིད་དང་ལྡན་པ་ལགས་པས། དེ་དོན་ལ་འབད་འཚལ་ལོ། །ཁྲོ་དོང་བརྡེག་དང་བཤེ་དང་ཚང་འབྲུ་དང༌། ། (༥༥.བ)ལན་འདོན་མི་བྱེད་དགེ་སློང་ཆོས་བཞི་ཡིན། །ཚེ་འདིའི་སྣང་བར་རྙེད་དང་མ་རྙེད་དང༌། །གྲགས་དང་མ་གྲགས་མི་དང་སྡུག་བསྔལ་དང༌། །བསྟོད་དང་སྨད་དང་འཇིག་རྟེན་ཆོས་བརྒྱད་འདི། །མགོ་སྙོམས་གྱུར་ན་བྱང་སེམས་རྩ་བ་ཡིན།།
༈ སངས་རྒྱས་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་བཅུ་སྐོར་ན། ཆོས་རྒྱལ་མྱ་ངན་མེད་(སྤྲིན་ཆེན་པོར་ཁྱེད་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཞེས་བྱ་བ་དང༌། སྙིང་རྗེ་པད་དཀར་ལས། འདིས་ཉིན་ཞག་གཅིག་ལ། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད། ཅེས་ལུང་བསྟན་ནོ)ཅེས་པས། འཛམ་བུ་གླིང་མཐའ་དག་གི་རྒྱལ་པོ་བྱས་སོ། །དེ་ནས་རིམ་གྱིས། རྒྱལ་སར། ཙནྡྲར་བདུན་བྱུང་བ་ནི། ཧ་ཏི་ཙནྡྲར། ཤྲཱི་ཙནྡྲར། ཨ་ཁེ་ཙནྡྲར། དྷརྨ་ཙནྡྲར། ཀརྨ་ཙནྡྲར། བྷི་ཏྲ་མ་ཙནྡྲར། གྷོ་མི་ཙནྡྲར་རྣམས་སོ། །གྷོ་མི་དེས། ཛ་ལན་དྷ་རའི་སློབ་མ་ཡིན་ཅིང༌། དེའི་ཕྱག་རྒྱ་མོ། ཀླུ་མོ་གཅིག་གིས། ནུབ་རེ་བཞིན། རྒྱལ་བུ་རེ་ཟོས་པས། ཀླུ་མོ་དེ་ (༥༦.ན) རྒྱལ་པོ་གོ་སེ་ལས་བཏུལ་ལོ། །དེ་ནས་རྒྱལ་སར། པཱ་ལ་བདུན་བྱུང་སྟེ། གཱོ་སེ་པཱ་ལ། དྷརྨ་པཱ་ལ། བྷི་ཀ་པཱ་ལ། ཉ་མ་པཱ་(འདིའི་དུས་སུ་མདོ་དྲན་པ་ཉེ་བར་བཞག་པ། ས་ཆེན་ཚུལ་ཁྲིམས་རྒྱལ་བས་བསྒྱུར་གདའོ)ལ། ཧི་མ་པཱ་ལ། མོ་པཱ་ལ། ནེ་པཱ་ལ་རྣམས་སོ། །ནེ་པཱ་ལའི་དུས་སུ། བློན་པོས་ངོ་ལོག་བྱས་ནས། པཱ་ལའི་བང་སོ་ནུབས་སོ། །དེ་ནས་སེ་ན་བཞི་བྱུང་སྟེ། བཱ་ན་སེ་ན། ཀེ་པ་སེ་ན། མ་ནི་ཀྲ་སེ་ན། མ་ཧེན་སེ་ནའོ། །ཙནྡྲར་བདུན་དང༌། པཱ་ལ་བདུན། ལྷ་མོ་ཙུཎྡྷས་བྱིན་གྱིས་རླབས་པའི་གྲུབ་ཐོབ་ཡིན་ནོ། །པཱ་ལ་བདུན་པོའི་རིང་ལ། མཁས་གྲུབ་ཐམས་ཅད་བྱོན་ནོ། །དྷརྨ་པཱ་ལ། རྒྱ་གར་ན་བཞུགས་པའི་དུས་སུ། བོད་ན། རྒྱལ་པོ་བསད་ན་ལེགས་འཛིང་ཡོན་ཡོད་པས། ཡར་ལུང་བང་སོའི་རྡོ་རིངས་ལ་ཡི་གེར་ཡོད་ཅེས། གྲུབ་ཐོབ་ཨོ་རྒྱན་པས་བྲིས་འདུག་གོ །མི་མཇེད་འཇིག་རྟེན་གྱི་ཁམས་འདིར། སངས་རྒྱས་ཤཱཀྱ་ཐུབ་པའི་(༥༦.བ)བསྟན་པ། ལོ་ལྔ་སྟོང་ལྔ་བརྒྱར་གནས་རྒྱུ་དང༌། སྐུ་ཚེ། དགུང་ལོ་བརྒྱ་ཐུབ་རྒྱུ་ལ། སྐྱེ་དགུའི་བདག་མོ་སོགས། བུད་མེད་རབ་ཏུ་བྱུང་པའི་རྐྱེན་གྱིས། བསྟན་པ་ལོ་ལྔ་བརྒྱ་དང༌། སྐུ་ཚེ་ལོ་ཉི་སུ་བྲི་བས། སྟོན་པ། དགུང་ལོ་བརྒྱད་ཅུ་ལ་གཤེགས་ཤིང༌། བསྟན་པའང་ལོ་ལྔ་སྟོང་དུ་གྱུར་པར་བཤད་ལ། ལྔ་སྟོང་གི་སྟེང་ནས། སྔར་ལོ་དུ་འདས། ད་ལོ་གྲངས་ཇི་ཙམ་ཡོད་རྩི་བ་ནི། ཆོས་རྗེ་ས་སྐྱ་པའི་བཞེད་པ་ལྟར། ཐུབ་པ་ས་ཕོ་འབྲུག་ལོ་པར་བྱས་པའི་ལུགས་ཀྱི། དེ་ནས་ཆུ་ཕོ་ཁྱི་ལོ་ལ། ཏི་ཤྲཱི་ཀུན་སློབ། བོད་དུ་བསྙེན་རྫོགས་ལ་བྱོན་པའི་ལོ་ཡན་ལ། ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་འདས། རྩ་དྲུག་པའི་སྟེང་ན་ཡོད་ཅིང༌། ད་ལོ་སྟོང་དང༌། ལྔ་བརྒྱ་བཞི་བཅུ་ཞེ་ལྔ་ལྷག་མེར་ཡོད། གསུངས་འདུག་པ། ལྷག་མ་འདི་ཡི་སྟེང་ནས་ཡང༌། ད་ལན། ཤིང་ཕོ་སྟག་ལོ། སྲོག་རྨེ་བརྒྱད་(༥༧.ན)དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་བརྒྱ་དང་ཉི་ཤུ་དགུ་སོང་འདུག་པ་ཡར་རྒྱས་པས། སྔར་འདས་ཀུན་དྲིལ་ལོ་སུམ་སྟོང་དང་ལྔ་བརྒྱ་བརྒྱད་ཅུ་གྱ་བཞི་སོང༌། གྱ་ལྔ་པའི་སྟེང་ན་ཡོད་ཅིང༌། འབྲས་བུ་དང༌། སྒྲུབ་པ་དང༌། ལུང་གི་དུས་དང༌། མངོན་པའི་དུས་རྣམས་དང༌། མདོ་སྡེའི་སྟེང་ནས་ཀྱང༌། བརྒྱད་ཅུ་གྱ་བཞི་ཙམ་སོང་བས། ད་བསྟན་པ་དངོས་ལ། མདོ་སྡེའི་ལོ་བཞི་བརྒྱ་བཅུ་དྲུག་དང༌། འདུལ་བའི་ལོ་ལྔ་བརྒྱ་ཡོད་ཅིང༌། དེ་རྟིང༌། རྟགས་ཙམ་འཛིན་པ་ལོ་ལྔ་བརྒྱ་ཡོད་པ་རྣམས་དྲིལ་བས། ལོ་སྟོང་དང་བཞི་བརྒྱ་བཅུ་དྲུག་ཡོད་པར་མཁས་པ་རྣམས་བཞེད་དོ།།
༈ རྒྱ་གར་ཆོས་རྒྱལ་རྒྱལ་རབས་འདི་བྲིས་པའི། དགེ་བས་ཆོས་ལུགས་ལུགས་བཞིན་དར་བ་དང༌། བཤེས་གཉེན་ཆོས་མཛད་མཛད་འཕྲིན་རབ་རྒྱས་ཤིང༌། །ཞིང་འདིར་ཐུབ་བསྟན་བསྟན་པ་གནས་པར་ཤོག །དགེའོ།། །། (༥༧.བ) བྱམས་མགོན་གྱི་སྤྲུལ་པ་དང༌། བསྟན་པ་དངོས་ཇི་ཙམ་ལ་བྱོན་ནི། ཡོངས་སུ་གྲགས་པར། ཚེ་ལོ་བཅུ་པའི་ལས་ཀྱི་འབྲས་བུ་རྣམས་རྫོགས་པའི་སྐབས་སུ། མི་དེ་པ་ལས་གཟུགས་དང་གཟི་བརྗིད་ཆེ་བ་གཅིག་ཡོད་པ། དེ་བྱམས་པའི་སྤྲུལ་པར་བྱེད་ཅིང༌། དེ་ནས་ཚེ་ལོ་ཡར་འཕེལ་ཏེ། བརྒྱད་ཁྲིའི་བར་དུའོ། །ཞེས་བཤད་ཅིང༌། བྱམས་མགོན་བྱོན་པའི་བསྟན་པ་དངོས་ནི། འདུལ་བ་ཙནྡྲར་གར་པ་དང༌། འདུལ་བ་དར་མ་བྱ་བ། སངས་རྒྱས་ཀྱི་ལུང་བསྟན་ (མདོ་བསྐལ་བཟང་ལས) ཡོད་པ་ཙནྡྲར་གར་པའི་ནང་ན། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས། ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་ལོན་པ་ན། རྒྱལ་བ་བྱམས་པ་མགོན་པོ། འཇིག་རྟེན་དུ་སེམས་ཅམ་གྱི་དོན་ལ་འབྱོན་པར་གསུངས་སོ། །དེ་བཞིན་གཤེགས་པ། བྱམས་པ་སྐྱེ་བའི་ཡུལ་ནི། རྒྱལ་པོའི་ཕོ་བྲང༌། གྲོང་ཁྱེར་རྟོག་གི་བློ་གྲོས་ཞེས་(༥༨.ན)བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ །ཡབ་ནི་ཚངས་བཟང་ཞེས་བྱའོ། །ཡུམ་ནི་ཚངས་བདག་མ་ཞེས་བྱའོ། །སྲས་ནི་བསོད་ནམས་སྟོབས་ཞེས་བྱའོ། །རིམ་འགྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་གྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི། བརྩོན་འགྲུས་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི། ཉན་ཐོས་དགྲ་བཅོམ་པ་དུང་ཕྱུར་དགུ་དང་བྱེ་བ་ཕྲག་དྲུག་གོ །གཉིས་པ་ལ་ནི། དུང་ཕྱུར་ཕྲག་དགུ་དང་བྱེ་བ་བཞིའོ། །གསུམ་པ་ནི། དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ༌། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་(སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་)གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་གོ །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་བྱ་བ། ཡབ། ཡུམ། སྲས། རིམ་འགྲོ་པ། མཆོག་གཉིས་ལ་གོ །(༥༨.བ)ཆ་ཚང་མ་ལ། སྐུ་ཚེའི་ཚད་ནི་ཉི་མ་གཅིག་སྟེ། དེའི་བར་ལ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ནི་རྫོགས་པར་བཤད་ཅིང༌། དམ་པའི་ཆོས་ནི། ལོ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གི་བར་དུ་གནས་པར་གསུངས་སོ། །བཅུ་གཅིག་པ། སངས་རྒྱས་སྤྱན་ལེགས་བྱ་བ། དེ་གོང་གི་སངས་རྒྱས་བཅུ་པོས། སེམས་ཅན་སྨིན་པར་མཛད་པ་དང་མཉམ་པ། ཁོང་གཅིག་པོས་སྨིན་པར་མཛད་དོ། །ཡང༌། ཞེ་གཅིག་པ། སངས་རྒྱས་སྒྲ་གཅན་བྱ་བས། དེ་གོང་གི་སངས་རྒྱས་བཞི་བཅུ་པོས། ཕྲིན་ལས་གང་མཛད་པ་དང་མཉམས་པར་ཁོང་གིས་མཛད་ཅིང༌། དེའི་བསྟན་པའི་རིང་ལ། ངན་སོང་གསུམ་པོ་གཏན་ནས་མི་འབྱུང་བར་གསུངས་སོ། །སངས་རྒྱས་སྟོང་གི་ཐ་མར་གྱུར་པའི་མཚན། མི་ཡི་འདྲེན་པ་སྣང་བར་མཛད་པ་ཡིས། སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡི། མཛད་པ་ཇི་སྙེད་པ་ཀུན་དེས་(༥༩.ན)མཛད་འགྱུར། །ཅེས་གསུངས་གདའོ།།
བལ་པོའི་རྒྱལ་རབས(ལི་ཡུལ་གྱི་རྒྱལ་རབས།)
འཕགས་ཡུལ་བལ་པོའི་རྒྱལ་རབས་བཞུགས། ༈ ན་མོ་ཨརྱ་མེ་ཏྲི་ཡེ། བྱམས་དང་ཐུགས་རྗེས་སྲིད་གསུམ་འགྲོ་བ་ཡི། །མགོན་གྱུར་ས་བཅུའི་དབང་ཕྱུག་ཞབས་བཏུད་ནས། །དེའི་སྤྲུལ་པས་བསྟན་པ་རྒྱས་མཛད་ཅིང༌། །མི་ཡུལ་ཆགས་འཇིག་ཁྲིམས་གཉིས་གནས་ཚུལ་བཤད། །ལིའི་ཡུལ། བལ་པོར་གྲགས་པ་འདིར། སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་འཛིན་གྱི་གང་ཟག རྒྱལ་བློན་ཇི་ལྟར་བྱོན་ན། སྟོན་པ་ཤཱཀྱ་ཐུབ་པ། འགྲོ་བའི་དོན་ལ་སངས་རྒྱས་ནས་བཞུགས་པའི་ཕོ་བྲང་ཉི་ཤུ་རྩ་གཅིག་ཡོད་པའི་རྟིང་མ་དེ། ལི་ཡུལ་འདི་ཡིན་པས། གཞན་ལས་ཀྱང་ཡོན་ཏན་ལྷག་པར་ཆེའོ། །དེའང་སྔོན་དང་པོ། སངས་རྒྱས་འོད་སྲུང༌། འཇིག་རྟེན་དུ་བྱོན་དུས། ལི་ཡུལ་འདི་ལ་རྩ་དན་གྱི་ཡུལ་ཟེར། དམ་ཆོས་ཤིན་ཏུ་དར་རོ། །འོད་སྲུང་མྱ་ངན་ལས་འདས (༥༩.བ) ནས། དེའི་སྐུ་གདུང་བཞུགས་པའི། མཆོད་རྟེན་གོ་མ་ས་ལ་གན་དྷ(ད་ལྟ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཟེར་རོ) ཕྱི་རྟེན་དུ་བཞེངས་ཅིང༌། དྲང་སྲོང་ཁ་ར་ཤ་ལས་སོགས་པས་ཡུན་རིང་མོ་ཞིག ལི་ཡུལ་གྱི་རི་ལ་གནས་ནས། མཆོད་པའི་གནས་བྱེད་པ་ལ། མ་དད་པའི་མི་ངན་གྱིས་གཙེས་པས། དྲང་སྲོང་རྣམས་ནམ་མཁའ་ལ་ལྡིངས་ནས། ཡུལ་གཞན་དུ་སོང༌། དེ་རྟིང༌། བསྟན་པ་ནུབ་པས། ལི་ཡུལ་མཚོར་གྱུར་ཏོ། །དེ་ནས་ཡུན་རིང་མོ་ཞིག་ནས། སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་དུ་བྱོན། འགྲོ་དོན་མཛད་ནས། མྱ་ངན་ལས་འདའ་བར་ཉེ་བ་ན། ཡུལ་ཁམས་སོ་སོ་རྣམས། བསྲུང་མ་སོ་སོ་ལ་གཏོད་པའི་ཚེ། ལི་ཡུལ་ཡང༌། རྣམ་སྲས། གནོན་སྦྱིན་ཡང་དག་གཤེད་ལ་སོགས་ལ་གཏད་ནས། སྟོན་པ་ཉིད་རང་ཀྱང༌། འཁོར་མང་པོ་དང་བཅས་ཏེ། ནམ་མཁའ་ལ་ལྡིངས་ནས། ལི(༦༠.ན)ཡུལ་མཚོར་གྱུར་པ་དེར་བྱོན། ད་ལྟར། ཆུ་བོ་ཤེལ་ཆབ་གོང་མའི་འགྲམ། འགྷུཾ་གདན་ལ་བཞུགས་ནས། བྱིན་གྱིས་རླབས། འོད་ཟེར་བཀྱེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཀྱིས། འོད་ཟེར་སྟོན་པའི་དབུ་ལ་ཐིམ། དགེའོ་ཞེས་པའི་སྒྲ་བྱུང་ངོ༌། །དེ་ནས། ཕྱིས་བསྟན་པ་འབྱུང་བའི་རྣམ་སྤྲུལ་དང༌། ལུང་བསྟན་མང་དུ་མཛད། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུའི་སེག་ཤང་གི་རྩ་བ་དང༌། རྣམ་ཐོས་ཟེར་སྟོན་པའི་དབུ་ལ་ཐིམ། དགེའོ་ཞེས་པའི་སྒྲ་བྱུང་ངོ༌། །དེ་ནས། ཕྱིས་བསྟན་པ་འབྱུང་བའི་རྣམ་སྤྲུལ་དང༌། ལུང་བསྟན་མང་དུ་མཛད། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུའི་སེག་ཤང་གི་རྩ་བ་དང༌། རྣམ་ཐོས་ཀྱི་བུའི་མདུང་ཐུང་གིས། མང་པ་བ་ར་ན། པ་ར་བ་ཏ་ཞེས་པས། རི་རྣག་གི་ཁ་དོག་འདྲ་བར། མཚོ་འདི་སྲོལ་ལས། གྱིམ་ཤང་རྩང་པོ་ལ་ཕོ་ཅིག་ཞེས། བཀའ་སྩལ་པ་བཞིན་ཁོང་གཉིས་ཀྱིས་བྱུས་པས། སྟོན་པ་ཉིད་ཀྱང༌། གླང་མགོ་རིའི་སྟེངས། སྐུ་གཟུགས་ཆེན་པོ་བཞུགས་པའི། གཡོན་ལོག་གི་ལྷ་ཁང་ན། ད་ལྟར་མཆོད་རྟེན་ཆུང་ངུ་(༦༠.བ)གཅིག་ཡོད་པའི་སར། དགུང་ཞག་བདུན་གྱི་བར་ལ་བཞུགས། ཀུན་དགའ་བོས། སྔར་གྱི་རྒྱུ་རྐྱེན་དེ་རྣམས་རྩི་ལགས་གསོལ་བས། མཚོ་སྲལ་བའི་བཤུལ་སྐམས་ནས། ང་མྱ་ངན་ལས་འདས་པའི་འོག་ཏུ། འདིར་ལི་ཡུལ་བྱ་བ་འབྱུང་སྟེ། འུ་ཐེན་གྱི་མཁར། ལྔ་ལྡན་ཞེས་པའི་གྲོང་ཁྱེར་ཆེན་པོ་དང༌། དེ་བསྲུང་པའི། རྭ་ཛ་གྲ་མའི་དུས། སངས་རྒྱས་ཀྱི་སྐུ་གཟུགས། ཙནྡན་གྱི་ནང་དུ། སྐུའི་དྲི་མ་རང་ལ་ནུབ་པའི་ཞིག རྒྱ་གར་ནས་འབྱོན། ཐེག་ཆེན་ལ་སྤྱོད་པའི། དགེ་སློང་ཕོ་མོ་གནས་པའི། གཙུག་ལག་ཁང་སུམ་བརྒྱ་དྲུག་ཅུ་རྩ་གསུམ། རྒྱལ་བློན་དད་པ་ཅན་རྣམས་ཀྱིས་བཞེངས་ནས། སྐུ་གདུང་ལ་མཆོད་པའི་བྱང་སེམས། དགེ་སློང་ཕོ་མོ་དང༌། ཁྱིམ་པ་སྐྱེ་བོ་ཚུལ་དུ་གནས་པ། ཕྱེད་མའི་ལྔ་བརྒྱ་རྟག་ཏུ་གནས་སོ། །གཞན་ཡང༌། ཕྱིར་མི་ལྡོག་པའི་བྱང་སེམས། ཐེག་ཆེན་ལ་སྤྱོད་པ་(༦༡.ན) ཕལ་ཆེར་གནས་ཏེ། འདི་ནི་དུས་གསུམ་དུ་གཤེགས་པའི། སངས་རྒྱས་ཀྱི་ཞིང་ཁུད་པ་ཡིན་ནོ། །གསུངས། བསྲུང་མ་རྣམས་ཀྱིས་རྒྱུན་དུ་བསྲུངས་ཅིག་པར་བཀའ་བགོས་ཏེ་གཏད་དོ། །དེར་མཚོ་ཕོ་བ་དང༌། སངས་རྒྱས་འོད་སྲུང་གི་ཕྱི་རྟེན། མཆོད་རྟེན་གོ་མ་ས་ལ་གན་དྷ་དང༌། རི་གླང་རུ། མཁར་དགེ་བའི་བཤུལ་རྣམས་ཀྱང༌། མངོན་པར་གྱུར་ཏོ། །དེ་ནས། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ཉིས་བརྒྱ་ལྔ་བཅུ་རྩ་བཞི་ལོན་པའི་དུས་སུ། རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀས། སྡིག་ཆེན་པོ་བྱས། སླར་བཤགས་སྡོམ་ཕུལ། འཛམ་བུའི་གླིང་དུ། གཙུག་ལག་ཁང་དང༌། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་པར་མ་བཅས་པའི་ཚེ། མཚོ་སྐམས། ལི་ཡུལ་སྟོང་པར་འདུག་པ། དེར་ཡོངས། ད་ལྟ། འུ་ཐེན་གྱི་སྐུ་མཁར་ཡོད་པར། ནུབ་གཅིག་བཞུགས་པས། རྒྱལ་པོའི་བཙུན་མོ་ལ། ཁྱིའུ་མཚན་དང་ལྡན་ཅིག་བཙལ། (༦༡.བ)མཚན་མཁན་ན་རེ། འདི་ནི་མཚན་བཟང་དབང་ཆེ་བས། ཡབ་སྐུ་ཚེ་མ་འཕོས་པ་ལ། འདིས། རྒྱལ་སྲིད་བགྱིད་པར་མཆིའོ། །ཟེར་བས། རྒྱལ་པོ་ཁྲོས་ནས། བུ་འདི་ནི། ང་ལ་མི་དགོས་ཀྱིས་བོར་ཅིག གསུངས་པ་དང༌། མས་མི་ཕོད་ནའང༌། བཀའ་མ་ལྡོག་པར། ད་ས་དེར་བོར་བས། བུ་ཆུང་རང་གི་བསོད་ནམས་ལས། ས་ལ་ནུ་མ་གཅིག་བྱུང་པ་ནུ་པས་སྐྱེད་ཆེར་བྱུང་ངོ༌། །དེ་ནི་དང་པོ། རྒྱལ་པོའི་བཙུན་མོ་དེས། སྐྱེད་མོས་ཚལ་དུ་ཁྲུས་བྱས་པའི་དུས། རྣམ་སྲས་ནམ་མཁའ་ལ་གཤེགས་པ། ཡར་མར་གཉིས་ཀས་གཟིགས། སེམས་ཆགས་པ་ལས་བྱུང་བའི་བུར་བྱེད་དོ། །དེའི་སྐབས་ན། རྒྱ་ནག་པོའི་རྒྱལ་པོ། ཅིའུ་ཝང་ཞེས་པའི(ཞིང་ས་ཆ་ཡང་རྒྱལ་པོ)བྱང་སེམས་ཀྱི་སྤྲུལ་པ། བུ་སྟོང་ལ་དབང་རྒྱུ། དགུ་བརྒྱ་དགུ་བཅུ་ཡོད་པ་གཅིག་བྱུང་བ། དེའི་(༦༢.ན)བསམ་པ་ལ། ད་ང་ལ་བུ་གཅིག་བྱུང་ན། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་ལི་ཡུལ་ཞེས་བྱ་བའི་བཟང་མོ་གཅིག་ཡོད་འདུག་པ། དེ་འཛིན་དུ་འཇུག་གོ་སྙམ་ནས། རྣམ་སྲས་ལ་གསོལ་བ་བཏབ་པས། ས་ལ་བུ་བླང་ནས། འདི་ནི་ངའི་བུ་ཡིན་པས། ཁྱོད་ལ་སྦྱིན་པར་བྱའོ་ཟེར་ནས་སྦྱིན། མིང་ཡང༌། རྒྱལ་པོ་ས་ལ་ནུར་བཏགས། དེ་ཆེར་སྐྱེད་པ་དང༌། ལི་ཡུལ་འཚོལ་བ། རྒྱར་རྗེས་རྫངས། དམག་སྟོང་ཕྲག་བཅུ་དང་བཅས་ཏེ། དམག་སྟོང་ཕྲག་བཅུ་དང་བཅས་ཏེ། ནུབ་ཕྱོགས་སུ་ཕྱིན། ལི་ཡུལ་མེས་སྐར་དུ་སླེབས་པའི་དུས་སུ། རྒྱ་གར་ནས། རྒྱལ་པོ་དྷརྨ་ཨ་ཤོ་ཀས། བློན་པོ་ཡཀྵ་བྱ་བ་ལ་ཉེས་པ་ཕབ་ནས། དེ་སྤུན་ཕའུ་ཉེ་འཁོར་དང་བཅས་པ། བདུན་བརྒྱ་ཙམ་ཕྱུགས། ཤར་ཕྱོགས་སུ་ཡུལ་འཚོལ་བ་ལ་ཡོངས། འུ་ཐེན་གྱི་ཤེལ་ཆབ་གོང་མ་ན་ཡོད་པ་དང༌། ས་ལ་ནུའི་འཁོར་གཉིས། བ་སྦྲུམ་མ་བྲོས་པ་འཚོལ་ཡོངས་དང་(༦༢.བ)འཕྲད། རྒྱུ་མཚན་བརྙད་པས། ངེད་གཉིས། སྔར་ནས། རྒྱལ་བློན་གྱི་རྒྱུད་དུ་འདུག་པས། དའང་རྗེ་འབངས་བྱ་བར་རིགས་ལ། འུ་ཐེན་གྱི་གཞོངས་འདིར། ཡུལ་གསར་བཟུང་པར་བྱའོ། ཟེར་ནས། ཀོ་ཉའི་འོག ཡུལ་ཧང་གུ་ཛེ་བྱ་བར་མཇལ། རྒྱལ་བློན་བྱེད་པར་བཤམ་པས། སྔོན་མ་ཡུལ་བགོས་ལ་མ་འཆམ། རྣམ་སྲས་དང༌། དཔལ་ལྷ་མོས་གདུམས་བྱས་ཏེ། འུ་ཐེན་ཤེལ་ཆུ་འོག་མ་མན་ཆད། ལྡོལ་ལོ་མེས་སྐར་དང༌། སྐམ་ཤེང་ཡན་ཆད། ས་ནུའི་འཁོར། རྒྱ་ནག་པ་ལ་ཕྱེ་ཤེལ་ཆུང་གོང་མ་ཡན་ཆད། ཡཀྵའི་འཁོར་རྒྱ་གར་བ་ལ་ཕྱེ། ཤེལ་ཆུང་དབུས་ནི། རྒྱལ་བུ་རང༌། རྒྱ་དཀར་ནག་གི་བློན་འབངས། བསྟོད་རིམ་འདྲེས་མས་བཟུང་སྟེ། ཡུལ་བཏབ། མཁར་རྩིགས། རྒྱ་དཀར་ནག་ཕྲད་པའི་དབུ་ནི་ཡིན་ཏེ། སྐད་ནི་གཉིས་ཀ་དང་མཐུན། ལི་སྐད་ཐོག་མ་(༦༣.ན)འཇལ་དཔལ། དགེ་སློང་བཻ་རོ་ཙཱ་ནར་སྤྲུལ་ནས། བྱིས་པ་ལ་སླབས་པས། འཕགས་པའི་གསུང་ལས་ཆདཔའོ། ཡི་གེ་དང༌། ཆོས་ལུགས་ནི། རྒྱ་གར་བ་དང་བཤད་ཆེར་མཐུན་ལ། འཇིག་རྟེན་པའི་ལུགས་ནི། རྒྱ་ནག་པ་དང་བཤད་ཆེར་མཐུན་ནོ། ། སངས་རྒྱས་འདས་ནས། རྒྱལ་པོ་ས་ནུ་ལོ་བཅུ་དགུ་པས། ལི་རྗེས་བྱས་པ་ཡན་ལ། ལོ་ཉིས་བརྒྱ་ལྔ་བཅུ་རྩ་བཞི་སོང་ཅིང༌། རྒྱལ་པོ་ས་ནུ་དང༌། བློན་པོ་ཡཀྵ་ནི། ལིའི་རྒྱལ་བློན་གྱི་ཐོག་མའོ། དེ་ནས་ས་ནུའི་བུ། ཡེའུ་ལས། ལྔ་ལྡན་གྱི་གྲོང་ཁྱེར་བཏབ་བོ། ལི་ཡུལ་བྱུང་ནས། ལོ་དྲུག་ཅུ་རྩ་ལྔ་འདས་པའི་དུས། རྒྱལ་པོ་ཡེའུ་ལའི་བུ། རྒྱལ་པོ་བྱི་ཛ་ཡ་སམ་བྷ་ཝ་བྱུང་བ། རྒྱལ་སར་བཞུགས་ནས་ལོ་ལྔ་སོང་པ་དང༌། ལི་ཡུལ་དུ་ཆོས་ཀྱི་ཐོག་མ་བྱུང་སྟེ། དེའང༌། བྱམས་པ། རྒྱལ་པོ་བྱི་ཛ་ཡ་དང༌། འཇམ་དཔལ། འཕགས་(༦༣.བ)པ་བཻ་རོ་ཙཱ་ནར་སྤྲུལ་ནས། སྔོན་ལ་ཕྱུགས་རྫིའི་བྱིས་པ་ལ། ཡི་གེ་དང་སྐད་སླབས། དེ་ནས། དམ་ཆོས་དབུ་རྙེད། རིམ་པར་བྱུང་ངོ༌། རྒྱལ་པོ་དེས། ཙར་མའི་གཙུག་ལག་ཁང་བཞེངས། འདིའི་ནང་ན། ཀླུ་རྒྱལ་ཧུ་ལོར་གྱིས། ཁ་ཆེ་ནས་ནམ་མཁའ་ལ་སྤྱན་དྲངས་པའི། མཆོད་རྟེན་བྱིན་རླབས་ཅན་ཡང་བཞུགས་ལ། ལི་ཡུལ་དུ་གཙུག་ལག་ཁང་དང༌། རྟེན་གྱི་ཐོག་མ་འདིའོ། །དེ་ནས་རྒྱལ་རབས་བདུན་གྱི་བར་ལ། གཙུག་ལག་ཁང་མ་བརྩིགས་སོ། །ཡང༌། བྱམས་པས་རྒྱལ་པོ་བྱི་ཛ་ཡ་བིརྱ་ཞེས་པར་སྤྲུལ་ནས། བསྟན་པའི་བྱ་བ་རྒྱ་ཆེར་བྱས་ཤིང༌། འགྷཾ་ཏིར་གྱི་གཙུག་ལག་ཁང་བཞེངས། མཆོད་རྟེན་གོ་མ་ས་ལ་གན་དྷའི་བསྔགས་པ་བརྗོད་པས། རྒྱལ་པོ་དད་དེ། གླང་མགོ་རིའི་སྟེང་ན། གྱིའུ་ཤྭན་གྱི་གཙུག་ལག་ཁང་བཞེངས་སོ། དེ་ནས་རྒྱལ་རབས(༦༤.ན)གཉིས་ཀྱི་བར་མ་གཙུག་ལག་ཁང་མ་བརྩིགས། དེ་རྟིང༌། རྒྱལ་པོ་བྱི་ཛ་ཡ་ཛས། པོ་ཏ་རྱ་དང་མ་ཞའི་མཆོད་རྟེན་དང༌། གཙུག་ལག་བྱིན་རླབས་ཅན་བཞེངས་སོ། རྒྱལ་པོ་དེ་ལ་སྲས་གསུམ་བྱུང་པའི། ཆེ་བ་འདོན་འགྲོས་དང༌། བར་པ། དར་མནན་ཏིར་གཉིས་རྒྱ་གར་ལ་ཆོས་སློབ་པ་ལ་བྱོན། ཆུང་བ། བྱི་ཛ་ཡ་དར་མས་རྒྱལ་སྲིད་བཟུང༌། དཔའ་རྩལ་ཆེ་ཞིང༌། གསོད་པ་ལ་རྐྱེན་པས། སྡིག་ཆེ༌། ཕོ་བོ་དར་མ་ནན་ཏིར་གྱིས། དགྲ་བཅོམ་པ་ཐོབ་ནས། ཐབས་ཀྱི་བསྐུལ། སྡིག་བཤགས་བྱེད་དུ་བཅུག་སྟེ། དྲོ་ལྡིར་གྱིས་ཤོངས་ནས། སྔོན་ཐུབ་པ་ཆེན་པོ་རྒྱལ་པོ་ཟླ་འོད་དུ་གྱུར་ཚེ། བྲམ་ཟེ་ལ། དབུ་བྱིན་པའི་ས་དང༌། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་གྷེའུ་ཏོ་ཤན་དང༌། མཆོད་རྟེན་ཆེན་པོ་རྒྱལ་པོ་རེ་བཞེངས་སོ། །དེའི་གཅེན། ཆེ་བ་འདོན་འདྲོས། རྒྱ་གར་ནས་ཕེབས་(༦༤.བ)སྐུ་མཆེད་མཇལ་བར་འཇའ་མོ་ཀ་ཀོ་རོང་ངའི་ལྷ་ཁང་བཞེངས་ཤིང༌། ནོར་གཙང་མས། སང་ཏེར་གྱི་གཙུག་ལག་ཁང་བཞེངས་སོ། དེ་ནས། བྱི་ཛ་དར་མའི་བུ། རྒྱལ་པོ་བྱི་ཛ་ཡ་སེང་ཧས། སོམ་ཉིའི་གཙུག་ལག་ཁང་དང༌། མཆོད་རྟེན་བཞེངས་སོ། །དེའི་འོག་ཏུ། རྒྱལ་པོ་བྱི་ཛ་ཀི་རྟིས་སྲུ་ཉོ་གཙུག་ལག་ཁང་བཞེངས་ནས། དེང་སང་བར་དུ། ཆུའི་འཇིགས་པ་ཀླུས་བསྲུངས་པ་ཡོད་དོ། །དེའི་བུ་བྱི་ཛ་ཡ་སྲང་གྲ་མས། དགྲ་བཅོམ་པ་ཛྙཱན་ཡཀྵའི་བཀའ་བཞིན་དུ། དར་མ་རྟིར་གྱི་གཙུག་ལག་ཁང་བཞེངས། གྷུ་ཞན་གྱི་གཙུག་ལག་ཁང་ཡང་བཞེངས་སོ། །དེའི་བུ་རྒྱལ་པོ་བྱི་ཛ་ཡ་སེང་ཧས། བྱམས་པའི་ཞལ་མཐོང༌། གཞའ་སེར་མའི་གཙུག་ལག་ཁང་བཞེངས་སོ། །དེའི་བུ། རྒྱལ་པོ་བྱི་ཛ་ཡ་བ་ལ་མན་ཆད། རྒྱལ་རབས་དྲུག་གི་བར་ལ། གཙུག་ལག་ཁང་གཞན་མ་བརྩིགས་སོ། ། (༥༦.ན)དེ་ནས་རྒྱལ་པོ་བྱི་ཛ་ཡང་སམ་ཏྲི་མས། སངས་རྒྱས་ཀྱི་སྐུ་གཟུགས། ཅུ་གུ་སན་ནས། ལི་ཡུལ་དུ། ནམ་མཁའ་ལ་བྱོན་བྱུང་པ། བཞུགས་པའི་གཙང་ཁང་དང་བཀྲ་ཤིས་སིལ་མའི་ཚལ་དུ། མཆོད་རྟེན་ཆེན་པོ་དང༌། དགྲ་བཅོམ་པ་མུ་གུ་ངྷེ་ཨ་བ་ཡ་ཧང་གི་བཀའ་བཞིན་དུ། གཞའ་སམ་མའི་གཙུག་ལག་ཁང་བཞེངས་སོ། །དེའི་བུ། རྒྱལ་པོ་བྱི་ཛ་ཡ་ཤ་ཏ་མན་ཆད། རྒྱལ་རབས་བཞིའི་བར་ལ། གཙུག་ལག་ཁང་གསར་པ་མ་བརྩིགས། དེ་ནས་རྒྱལ་པོ་བྱི་ཛ་ཡ་ཀི་རྟི་ལ། ཀླུའི་རྒྱལ་པོས་བསྐུལ་ནས། བྷ་ཝ་ཉའི་གཙུག་ལག་ཁང་བཞེངས་ཤིང༌། འདི་ནི་བོད་ཀྱི་རྒྱལ་པོས་ལི་ཡུལ་ལ་མངའ་མཛད། དེའི་བློན་པོས་གར་གདོང་བཙན་ལི་ཡུལ་དུ་ཡོངས་དུས་བཞེངས་པའོ། །རྒྱལ་པོ་དེ་དང༌། སྲས་བྱི་ཛ་ཡ་གྲ་མ་རྦད་གཉིས། རྒྱ་ཡུལ་ལ་བྱོན་པའི་རིང་ལ། ལིའི་བློན་པོ་ཨ་མ་ཆ་གེ་མེག་བྱ་བས། ལོ་བཅུ་གཉིས་རྒྱལ་ཚབ་བྱས། དེ་དུས(༦༥.བ)མ་ན་དྷིའི་མཆོད་རྟེན་དང༌། གཙུག་ལག་ཁང་བཞེངས་སོ། །དེ་ནས་རྒྱལ་པོ་བྱི་ཛ་ཡ་གྲ་མ་རྦད་ལི་ཡུལ་དུ་སླེབས་ནས། དེའི་འོག་ཏུ། རྒྱའི་བློན་པོ་སེར་ཐི་ཤིས། བར་མཁར་གྱི། བྱམས་པ་མི་ཏྲིའི་གཙུག་ལག་ཁང༌། རྒྱའི་བློན་པོ་ཀ་ཐི་ཤིས། ཁེ་གྭན་རྩེའི་གཙུག་ལག་ཁང་བཞེངས་སོ། །སྔོན་འཕགས་པ་བཻ་རོ་ཙཱ་ནས། ཙལ་མའི་ཚལ་དུ། ཕྱུག་སྲི་ལ་སྐད་སླབ་པའི་སར། སུ་ཏོ་ཉའི་མཆོད་རྟེན་ཆེན་པོ་བཞེངས། རྟིང་ལ་དེ་ཞིག་པ་དང༌། རྒྱལ་པོ་བྱི་ཛ་ཡ་ཧོ་ཧན་དང༌། རྒྱའི་དགེ་སློང་བ་ལ་ཤིས། ས་དེར་གཙུག་ལག་ཁང་གཅིག་བཞེངས་སོ། །གཞན་ཡང་རྒྱལ་པོ་ན་རིམ་གྱིས་བཙུན་མོས་བཞེངས་པ་དང༌། བཙུན་མོའི་སླད་དུ། གཙུག་ལག་ཁང་བཞེངས་པ་ནི། ནུ་བོ་ཉ་ཞེས་བྱ་བའི་གཙུག་ལག་ཁང་དང༌། ཡོ་ཟི་འཇོའི་དང༌། ཟེ་རོ་འཇོའི་དང༌། སོ་ཡེན་རོའི་དང༌། འདྲེ(༦༦.ན)མོ་ཇའི་དང༌། ཀ་ཏྲོང་འཇོའི་དང༌། ཧོ་རོན་འཇོའི་དང༌། ཡེར་མོ་ནོའི་དང༌། ཁོ་སོ་ནོ་ནོའི་དང༌། གུ་ཏེ་རེ་མའི་དང༌། ཨོ་ཀོ་ནོའི་དང༌། ཀུས་སྲི་ཨོར་སྟོང་ནག་གི་དང༌། ཅིའུ་ནོའི་དང༌། ཁྱེའོ་ནོའི་དང༌། ན་མོ་བྷོ་ཐོང་གི་དང༌། འ་ནོ་ཡོ་ནོའི་གཙུག་ལག་ཁང་བྱ་བ་ལ་སོགས་མང་དུ་བཞེངས་སོ། །སྤྱིར་འུ་ཐེན་ན། གཙུག་ལག་ཁང་ཆེན་པོར་རྩི་བ། སྐུ་མཁར་གྱི་ཕྱི་ནང་ན། དྲུག་ཅུ་རྩ་བརྒྱད། འབྲིང༌། དགུ་ཅུ་རྩ་ལྔ། ཆུང་ངུན། བརྒྱ་བཞི་བཅུ་ཞེ་བརྒྱད། དགོས་ཀྱི་ལྷ་ཁང་ཆུང་ངུ་དང༌། ཡོན་ཏན་བདག་མེད་པའི་ལྷ་དང༌། མཆོད་རྟེན་ནི། སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་རྩ་བརྒྱད་བཞུགས། འུ་ཐེན་ན། དགེ་འདུན་དགོས་ཚོ་ཡན། བྱིན་པོ། བྱི་བ་ལོ་ལ་རྩིག་པས། ཁྲི་ཚོ་གཅིག་ཙམ་བཞུགས་སོ། །མདོ་ལོ་དང༌། མེ་སྐར་ཕྱོགས། གཙུག་ལག་ཁང་ཆེན་པོ་བཞི། ཆུང་ངུན། བརྒྱ་ལྷག་ཙམ་དང༌། དགེ་འདུན་(༦༦.བ)བརྒྱ་ཉི་ཤུ་རྩ་བཞི་བཞུགས། ཀམ་ཤང་དང༌། ཕ་ཉ་དང༌། བེ་རྒ་འདྲ་དང༌། ཨོ་ཀུ་ཡན་ཆད། ཛི་ལི་མན་ཆད་སྐུ་མཁར་ཕྱི་ནང་ན་གཙུག་ལག་ཁང་ཆེན་པོ་ཉི་ཤུ་རྩ་གསུམ། འབྲིང་པོ་ཉི་ཤུ་རྩ་གཅིག་ཆུང་ངུན་ཉི་ཤུ་རྩ་གསུམ་ཙམ་དང༌། དགོས་ཀྱི་ལྷ་ཁང་ཆུང་ངུན། མཆོད་རྟེན་སོགས། སྤྱིར་བརྒྱད་བརྒྱ་སུམ་ཅུ་རྩ་དགུ་བཞུགས། དགེ་འདུན་སྡེ་གཉིས་ནི། ལས་རྐྱེན་དང༌། དགོས་མཚོ་ཡན་ཆད་ན། སྤྱིར་བཞི་བརྒྱ་སུམ་ཅུ་བརྒྱད་བཞུགས། གྱིམ་ཀྱང་མན་ཆད་ཀེ་ཤེང་དང༌། དུརྱ་ཡན། སྐུ་མཁན་ཕྱི་ནང༌། ཚར་མ་ཡན་ལ། གཙུག་ལག་ཁང་ཆེན་པོ་བཅོ་ལྔ་ཙམ་དང༌། ལྷ་ཁང་ཆུང་ངུ་དང༌། མཆོད་རྟེན་ཡང་མང་དུ་བཞུགས། དགེ་འདུན་སྡེ་གཉིས་ནི། ལས་རྐྱེན་དང༌། དགོས་མཚོ་ཡན་ལ། སྤྱིར་དགུ་བརྒྱ་དྲུག་ཅུ་རྩ་གསུམ་བཞུགས། རྒྱལ་པོ་ས་ནུའི་ཚ་བོ། རྒྱལ་པོ་བྱི་ཛ་ཡ་སམ་བྷ་ཝའི་དུས་སུ། (༦༧.ན)ལི་ཡུལ་དུ་ཆོས་བྱུང་བའི་ཐོག་མ་ཡིན་པ། དེ་ནས་རྩིས་པའི་ལོ་ཤོལ་བོར་བའི། ཁྱི་ལོ་སྟོན་ཟླ་ཐ་ཆུང་ཡན་ལ། ལོ་གྲངས་ནི་སྟོང་དང་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཙམ་སོང་འདུག་གོ །དང་པོ། རྒྱལ་པོ་ས་ཆུས། ལི་རྗེ་བྱས་ནས། བཟང་བཙན་བཟང་ལ་བསྟན། ལི་རྗེ་བསྐོས་པ་ཡན་ལ། ལིའི་རྒྱལ་རབས་ལྔ་བཅུ་རྩ་དྲུག་དང༌། ཚབ་གཅིག་བྱུང་གདའོ། །ལི་ཡུལ་དུ་རྒྱལ་རབས་བདུན་པ། རྒྱལ་པོ་བྱི་ཛ་ཡ་ཀིརྟི་ཞེས་པའི་རིང་ལ། པི་ཀ་ཡ་སྲ་ཧ་ནའི་གཙུག་ལག་ཁང་དང་ཉེ་བའི་ལུང་པ། སཾ་ཀ་ཡ་གྱི་དར་བྱ་བ་ན། སཾ་གྷ་བ་ཏ་ན་ཞེས་པའི་དགྲ་བཅོམ་པ་ཞིག་བཞུགས་ཏེ། དེའི་སློབ་མ་བཎྡྷེ་ཞིག་གིས། འདུལ་བ་ཙནྡྲར་གར་པ་དང༌། འདུལ་མ་དར་མ། སངས་རྒྱས་ཀྱི་ལུང་བསྟན་པ་མཐོང་ནས། དགྲ་བཅོམ་པ་ལ་ཞུས་པས། ཐུབ་པ་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་གི་བར་ལ། ལི་ཡུལ་འདིར། ཆོས་ཀྱི་གཟུགས་བརྙན་དང༌། རིང་(༦༧.བ)བསྲེལ་གནས་པར་འགྱུར་ཏེ། དེ་ནས་ནུབ་པར་འགྱུར་ཞིང༌། ལི་ཡུལ་དང༌། ཤུ་ལིག ཨན་སེ་གསུམ་ཁ། རྒྱ་དང༌། གདོང་དམར། སི་བྱི། གྲུ་གུ། ཧོར་ལ་སོགས་པས་འཇོམ་པར་བྱེད་དོ། །དེའི་རྗེས་ལ། བྱང་སེམས་གཅིག གདོང་དམར་གྱི་རྒྱལ་པོར་སྐྱེ་བ་བླངས་ནས། བོད་ཁམས་སུ། དམ་ཆོས་འབྱུང་ཞིང༌། གཙུག་ལག་ཁང་དང༌། མཆོད་རྟེན་བརྩིག དགེ་འདུན་སྡེ་གཉིས་འཛུགས། རྒྱལ་བློན་རིམ་གྱི་ཆོས་ལ་སྤྱོད། ཡུལ་ཁམས་གཞན་གྱི་མཁན་པོ་དང༌། གསུང་རབས་མང་པོ་གདན་འདྲེན། ལི་ཡུལ་འདིའང༌། བོད་རྒྱལ་པོ་དེའི་མངའ་རིས་སུ་དབང་བྱེད་པར་འགྱུར། དེ་ནས། བོད་གདོང་དམར་དུ། རྒྱལ་རབས་བདུན་གྱི་བར་ལ། དམ་ཆོས་ལ་སྤྱོད་པར་འགྱུར་རོ། །དེའི་ཚེ་ལི་ཡུལ་འདིར། ཆོས་ནུབ་པར་ལ་ཉེ་བའི་སྐབས་སུ། དེའི་རྒྱལ་པོ་གཞོན་པ་ཅིག་ཆོས་ལ་གནག་པས། (༦༨.ན)ལི་ཡུལ་གྱི་དགེ་འདུན་བསྐྲད་པས། ཙར་མ་དང༌། འབོང་དང༌། མེ་སྐར། རྐོང་ཉའི་ལྷ་ཁང་རྣམས་སུ། རིམ་བཞིན་བུད་ནས། གདོང་དམར་གྱི་ཡུལ་ལ་ཁ་བལྟས། གཡག་རྒལ་ཅན་གྱིས་ལམ་སྣ་བྱས་པ་ལྟར་ཕྱིན། བོད་ཡུལ་ཚལ་གྱི་བྱ་བར་སླེབས། དེའི་རྒན་པས། གདོང་དམར་རྒྱལ་པོ་ལ་རྙད་པ་དང༌། བཙུན་མོ་བྱང་སེམས་སྤྲུལ་པ། རྒྱའི་ཀོ་ཇོ་གཅིག་ཡོད་པ་དེས། ལིའི་དགེ་འདུན་རྣམས་གདན་དྲངས་སྦྱིན་བདག་བྱས། ད་དགེ་འདུན་ཨེ་ཡོད་དྲིས་པས། དེའི་མཁན་པོ་ན་རེ། ཨན་སེ་དང༌། ཤུ་ལིག་བྲུ་ཞ། ཁ་ཆེ་རྣམས་ན་མང་པོ་ཡོད་ཟེར་བ་ལྟར་ཕྱིན་ནས། དེ་རྣམས་ཀྱང་སྤྱན་དྲངས། གཙུག་ལག་ཁང་དུ་བཞུགས་སུ་བཅུག ལོ་གསུམ་བཞིར་ཞབས་ཏོག་ལེགས་པོ་བསྒྲུབས། དེ་དུས་ཀོ་ཇོ་ལ་འབྲུམ་ནད་བྱུང་ནས་འདས། གཞན་ཡང་མང་རབས་ཤི་བས། བོད་བློན་པོ་རྣམས་བགྲོས་འཚམས་པར། (༦༨.བ)ལྷོ་བལ་གྱི་དགེ་འདུན་འཁྱམས་པོ། འདི་རྣམས་བོས་པས་ལན་ཟེར། དེ་རྣམས་རྒྱའི་བནྡྷེ་བོས་པ་རྣམས་དང་བཅས་པ་ཐམས་ཅད། ནུབ་ཕྱོགས་སུ་བསྐྲད། དེ་རྣམས་གྷཧྲ་ར་ཆེན་པོར་ཆས་ནས་འགྲོ་བ་ལ། ལི་ཡུལ་དུ། ཀླུའི་རྒྱལ་པོ་ཨེ་ལ་པ་ཏྲས། སྦྲུལ་དུ་སྤྲུལ་ནས། མཚོ་ལ་ཟམ་པ་བྱས་སྒྲལ། སྦྲུལ་ཤི། དགའ་ལྡན་དུ་སྐྱེས། མཚོ་ཡང་སྐམས་སོ། །དེ་དུས་བོད་ཡུལ་ན་དགེ་འདུན་དང༌། རིང་བསྲེལ། གསུང་རབས། མཆོད་པའི་ཡོ་བྱད་ཐམས་ཅད་གཅིག་ཀྱང་མ་ལུས་པར་སྐལ་སོང་ངོ༌། །དེར་འཛམ་གླིང་གི་དགེ་འདུན་ཐམས་ཅད་གྷནདྷ་ར་ཆེན་པོར་སླེབ། དེའི་རྒྱལ་པོས་ལོ་གཉིས་ཀྱི་བར་ལ་འཚོ་བ་སྦྱར། སོ་སོར་ཅི་བདེར་བཞག་གོ །དེ་མཚམས་རྒྱལ་པོ་དེ་འདས། དེའི་བུ་གཉིས་ཡོད་པའི། ཆོས་ལ་དད་དེ། བནྡྷེས་བཀུམ་ནས། བནྡྷེས་རྒྱལ་པོ་བྱས་པ། རྒྱལ་བློན་འབངས་བྱིན་པོས། (༦༩.ན)བནྡྷེའི་རྒྱལ་པོ་བསད། དགེ་འདུན་བྱིན་པོ་འཁྱམས་བཅུག་པ། ཀེའུ་ཤ་གྱིའི་རྒྱལ་པོས་སྤྱན་དྲངས་ཏེ། ཡུལ་དེར། འཛམ་བུའི་གླིང་གི་དགེ་འདུན་རིལ་འདུས་པར་གྱུར་ཏོ། །ཞེས་གསུངས་སོ། །སངས་རྒྱས་ཞབས་བཅགས་ཡུལ་ཕྱོགས་ལུང་བསྟན་ནས། རྒྱལ་པོ་ས་ནུ་བློན་པོ་ཡཀྵ་གཉིས། །ལས་ཀྱིས་འདུས་ནས་ཡུལ་ཁམས་གསར་དུ་བཟུང༌། །ས་ནུའི་ཚ་བོ་བྱི་ཛ་སི་བྷ་ཝ། །བྱོན་རིང་བྱམས་དང་འཇམ་དཔལ་སྤྲུལ་པ་ཡིས། །ལི་ཡལ་དམ་ཆོས་དར་བའི་དབུ་རྙེད་ནས། །ཆོས་རྒྱལ་མང་པོས་མཆོད་རྟེན་གཙུག་ལག་ཁང༌། །བརྒྱ་སྟོང་དཔག་མེད་བཞེངས་ཤིང་བསྟན་པ་དར། །དགྲ་བཅོམ་ཕོ་མོ་ལོ་པཎ་མང་དུ་བྱོན། །སངས་རྒྱས་གཤེགས་ནས་ཉིས་བརྒྱ་ལྔ་བཅུའི་སྐོར། །ཆོས་བྱུང་ཐེ་བའི་ཉིས་སྟོང་ལོའི་བར། །ཡུལ་དེར་ཐུབ་བསྟན་དྲི་མེད་འབྱུང་བར་བཤད། །དེ་ནས་ད་ལྟར་ཡན་ལ་ལྟ་སྤྱོད་རྣམས། །ཕྱི་ནང་འདྲེས་མ་ཤས་ཆེར་ཕྱི་(༦༩.བ)རོལ་སྣང༌། །རྒྱལ་བས་བསྔགས་པའི་འཕགས་ཡུལ་བལ་པོ་ཡི། །རྒྱལ་རབས་བྲིས་པའི་རྣམ་དཀར་དགེ་བ་དེས། །སླར་ཡང་འཕགས་པའི་ཡུལ་དེར་ཆོས་དར་ཞིང༌། །འགྲོ་ཀུན་བྱམས་པ་མགོན་པོའི་ས་ཐོབ་ཤོག། །།
རྒྱ་ནག་གི་རྒྱལ་རབས།
བློ་ལྡན་རྒྱ་ནག་གི་རྒྱལ་རབས་བཞུགས་སོ། །ན་མོ་ཨརྱ་མཉ྄ཛུ་ཤྲཱི་ཡེ། བློ་གྲོས་མཁྱེན་བརྩེའི་འོད་ཀྱིས་འགྲོ་ཀུན་གྱི། །བློ་ངན་མུན་ནག་འཐིབས་པོ་རབ་གསལ་ནས། །བློ་གསལ་སྤོབས་པའི་སྣང་བ་སྩོལ་མཛད་པའི། །བློ་ལྡན་འཇམ་དབྱངས་ཞབས་ལ་གུས་བཏུད་དེ། །དེ་ཡི་ཞིང་མཆོག་རི་བོ་རྩེ་ལྔ་ཞེས། །དེ་ལྟའི་འཁོར་ཡུག་རྒྱ་ནག་ཐང་གི་ཡུལ། །དེ་ཉིད་གཟུང་འཛིན་རྒྱལ་རབས་བྱུང་ཚུལ་རྣམས། །དེང་འདིར་མདོར་བསྡུས་དོན་གསལ་བྲི་བར་བྱ། །རྒྱ་ནག་པོའི་ཡིག་ཚང་ལ། ཅེའུ་ཞེས་པའི་རྒྱལ་རབས་བཞི་པ། ཅེའུ་དབང་ཞེས་བྱ་བ་གཅིག་(༧༠.ན)ཤིང་ཕོ་རྟ་ལོ་ལ། རྒྱལ་སར་སྟོན་ནས། ལོ་ཉི་ཤུ་རྩ་གཅིག་ལོན་པའི་དུས་སུ། ཤིང་ཕོ་སྟག་གི་ལོ་ཟླ་བ་བཞི་པ་ཚེས་བརྒྱད་ལ། རྒྱ་གར་དུ། ཆ་ཡང་དོན་གྲུབ་ཏུ་སྤྲུལ་ནས་སྐུ་འཁྲུངས་པ། དེའི་འོད་དང༌། ཆོ་འཕྲུལ་རྣམས། རྒྱ་(རྒྱ་ནག་)ཡུལ་དུའང་མཐོང་པས། རྩིས་བྱས་དུས། སངས་རྒྱས་འབྱོན་པར་ཤེས་ཤིང༌། དེའི་བསྟན་པ། རྒྱ་ནག་ཏུའང་འབྱུང་བར་གོ །རྒྱ་གར་དུ། རྒྱལ་བུ་དོན་གྲུབ། དགོང་ལོ་ཉི་ཤུ་རྩ་དགུ་ནས། མངོན་པར་རབ་ཏུ་བྱུང༌། སོ་ལྔ་ལ། སངས་རྒྱས་དེ་ནས་ལོ་བདུན་ལོན་པ་ན། ཡུམ་ལ་ཆོས་འཆད་པའི་དོན་དུ། ལྷ་ཡུལ་དུ་བྱོན། ཟླ་བ་གསུམ་བཞུགས། དེའི་བཤུལ་དུ། རྒྱལ་པོ་ཨུ་ཏྲ་ཡ་ནས། མོའུ་གྷལ་གྱི་བུ་ལ་བསྐུལ་ཏེ། ལྷའི་ཡུལ་དུ་སངས་རྒྱས་ཀྱི་སྐུ་ཚད། ཙནྡན་གོར་ཤི་ཥི་ལ་(༧༠.བ)བཞེངས་ནས། མི་ཡུལ་དུ་གནད་དྲངས། བཅོམ་ལྡན་འདས་ལྷ་ལས་བབས་ནས། རྒྱ་གར་དུ་ཕེབས་པའི་ཚེ། ཙནྡན་གྱི་སྐུ་དེ་གཞེངས་(བཞེངས་)ནས། དབུ་བཏུད་དེ། སྤྱི་བོར་ཕྱག་བཞག་ནས། སྟོན་པ་མྱ་ངན་ལས་འདས་ནས། ལོ་སྟོང་ལོན་པའི་ཚེ། སྐུ་འདིས་རྒྱ་ནག་ཡུལ་དུ། སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་ལོ་བཞི་བཅུ་ཞེ་གཉིས་སོང་བའི་དགུང་ལོ་བརྒྱད་ཅུ་ལ། མྱ་ངན་ལས་འདས། དེ་ནས་ཆུ་མོ་ཕག སེ་ཆེན་རྒྱལ་པོ་རྒྱལ་སར་བཞུགས་རྟིང༌། ལོ་ཕྱེད་དང་གསུམ་འགྲོ་བ་དེ་ལ་རྩིས་པ་ཡན་ལ། ལོ་སུམ་སྟོང་བཞི་བརྒྱ་བཅུ་གསུམ་སོང༌། ཙནྡན་ཇོ་བོ་བཞེངས་ནས། ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་ང་ལྔ་འགྲོ་ཟེར་བ། རྒྱའི་ཙནྡན་ཇོ་བོའི་ལོ་རྒྱུས་ན་ཡོད་པར་སྣང༌། ཆུ་མོ་ཕག་ནས། མེ་ཕོ་ཁྱི་ལོ་ལ་རྩིས་པ་ཡིན་ལ། ལོ་བརྒྱ་(༧༡.ན)དང་བཞི་བཅུ་ཞེ་བཞི་འགྲོ་བར་འདུག དེ་ནས་དེང་སང༌། ཤིང་ཕོ་སྟག་སྲོག་སྨེ་བརྒྱད་དཀར་དབུས་ན་ཡོད་པའི་ལོ། འདི་ཡན་ལ། ལོ་བརྒྱད་ཅུ་གྱ་དགུ་སོང་འདུག ཀུན་དྲིན་བས། སྟོན་པ་ས་ཕོ་འབྲུག་ལ་འཁྲུངས་ནས། ད་ལན། ཤིང་ཕོ་སྟག་ལོ་འདི་ཡན་ལ། ལོ་གྲངས་སུམ་སྟོང་ལྔ་བརྒྱ་གྱ་ལྔ་སོང་འདུག རྒྱ་ནག་ཏུ། ཅིའུ་ལ། རྒྱལ་པོ་སུམ་ཅུ་སོ་དྲུག་བྱུང༌། ལོ་བརྒྱར་སྲིད་བཟུང༌། ཅི་ཧུའི་རྒྱལ་པོ་བཞི་པ། ཆ་ཡང་རྒྱལ་པོ་བྱ་བ་ལ། རྣམ་སྲས་ཀྱིས་བྱིན་པའི་བུ། རྒྱལ་པོ་ས་ལ་ནུ་ཟེར་བ་དེས། བལ་ཡུལ་བཟུང་པའི་རྒྱལ་པོ་སྔོན་མ་ཡིན། དེ་ནས། མཚན་ཧྲིའ་ཧང་གི་རྒྱལ་པོ་གཉིས་བྱུང༌། དེར་རྟིང༌། བློན་པོ་གཅིག་གིས་ངོ་ལོག་ནས། ལོ་བཅོ་བརྒྱད། རྒྱལ་ས་བཟུང༌། ཕྱིས་ཧན་གྱི་རྒྱུད་པ། སླེབ་གོང་བུན། བློན་པོ་(༧༡.བ)ཨང་མང་བསད་ནས། དེས། རྒྱལ་སྲིད་བཟུང་པ་ལ། བུ་ལྔ་བྱུང་པའི། ཆུང་བ་ལ། ཧན་མིན་ཏི་རྒྱལ་པོ་བྱུང༌། དེའི་དུས་སུ། པཎྜི་ཏ་ཛུ་ཧ་ལམ་ཟེར་བའི། བདེན་པ་མཐོང་བ་གཉིས་ཀྱིས། རྒྱ་གར་ནས། རྟ་དཀར་པོ་གཅིག་ལ། ཐེག་པ་ཆུང་ངུའི་ཆོས་བཀལ་ནས། རྒྱ་ནག་ཧོ་ནཾ་ཧུར། ས་མའི་སའི་ལྷ་ཁང་བཞེངས། ཆོས་བསྒྱུར། དེ་ཕྱིན་ནས། རྒྱ་ནག་ཏུ། སངས་རྒྱས་ཀྱི་བསྟན་པ་དར་བ་ཡིན། པཎྜི་ཏ་དེ་གཉིས་ཀྱིས། དགྲ་བཅོམ་པ་ཐོབ་ནས། རྫུ་འཕྲུལ་གྱིས། གཅིག་ནམ་མཁའ་ལ་འཕུར་ནས། རྒྱ་མཚོའི་གླིང༌། ཀའུ་ལི་དཀར་པོའི་རྒྱལ་ཁམས་ཞེས་པར་སོང་ནས། མྱ་ངན་ལས་འདས། གཅིག་ནི་ལྷ་ཁང་དེའི་འོག་ཏུ། འགོག་པའི་ཏིང་ངེ་འཛིན་ལ་བཞུགས་ནས། བྱམས་མགོན་བྱོན་དུ་མཇལ་ནས། མྱ་ངན་ལས་འདའོ་ཟེར། (༧༢.ན)ཧྲན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ། ཧྭན་ཧེན་ཏི་རྒྱལ་པོའི་བློན་པོ་ཚའུ་ཟེར་བས། རྒྱལ་ས་འཕྲོག མི་རྒྱུད་ལྔས། རྒྱལ་པོ་བྱས། ཡང་དེའི་བློན་པོ། སུ་མ་ཞེས་པས། རྒྱལ་ས་འཕྲོག་ནས་བཟུང༌། དེ་རྟིང༌། ཧེའུ་ཙིང་གི་རྒྱུད་པ་ལ། དུང་རྩིང༌། གྭའི་རྩིང་གཉིས་བྱུང་བའི་གྭའི་རྩིང་རྒྱལ་པོའི་དུས་སུ། རྒྱ་གར་ནས། པཎྜི་ཏ་རྒས་པོ་གཅིག་བྱུང་ནས། རྒྱ་གར་དང༌། ལྗང་ཡུལ་གྱི་བར། རྒྱལ་ཁམས་ཆུང་ངུ་ན། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ། གྲོང་ཁྱེར་རྩམ་མཆོག་ཏུ་བྱོན་དུས་བཞེངས་པའི་ལྷ། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་ཇོ་ཤཱཀྱ་མུ་ནེ་དང༌། སངས་རྒྱས་ཀྱི་རིང་བསྲེལ། ཀུ་མ་ར་ཞེས་པའི་པཎྜི་ཏ་མཁས་པ་གཅིག་གིས་བསྣམས་ཡོད་པ། དེར། རྒྱལ་ཁམས་ཆུང་པས། འགྲོ་དོན་མི་འཕེལ་བར་འདུག རྒྱལ་པོ་ཁྱེད་ལ་སྟོབས་འདུག་པས། དམག་མཐོང་ལ། དེ་རྣམས་བླངས་ན། (༧༢.བ)སེམས་ཅན་མང་པོ་ལ་ཕན་པར་འགྱུར་ཟེར་བས། རྒྱལ་པོ་དེ་ལ། བློན་པོ་ཞིང་གི་ཆིང་སང་གཅིག ཆུ་མི་དབོན་གྱི་མི་དཔོན་གཅིག་ཡོད་པ་ལས། མི་དཔོན་ལ། དམག་ཁྲི་ཚོ་བཞི་བཅུ་ཐམ་པ་བཀུར་ནས་བཏང་བས། ཇོ་བོ་དང༌། རིང་བསྲེལ་ངོ་བོ། པཎྜི་ཏ་དེ་འདས་འདུག་པའི་ཚབ་ལ། ཀུ་མ་ར་ཆུང་པ། རྣམས་གདན་དྲོངས་སོ། །བཀའ་ཆེམས་ཀ་ཁོལ་མ་ལས། རྒྱ་གར་རྒྱལ་པོ་དྷརྨ་ཕ་ལའི་རིང་ལ། མུ་སྟེགས་པའི་དམག་གིས། ཤྲཱི་ན་ལེནྡྲར་བཅོམ། བསྟན་པ་སྣུབས་པའི་དུས་སུ། རྒྱ་ནག་རྒྱལ་པོ་དེ་ཝ་ར་ཛ་བྱ་བ་ལ། དཔུང་གྲོགས་སྦྲན་པས། ངེད་ཀྱི་དམག་མི་ཐོན། སྐྱེས་ཀྱིས་ནོར་རྫང་བཟང་པོ་བསྐུར་གྱི། དེ་ལ་བརྟེན་ནས། ཕྱི་པ་ཐུལ། བསྟན་པ་མ་འགྲིབ་པ་གྱིས་ཤིག་ཟེར་ནས། ཟ་འོག་གི་བེར་ཆེན། སྲུབས་མེད་པ། རི་མོས་སྤྲས་ཤིང་སྲ་བ། (༧༣.ན)མཚོན་དང་གཟོང་གི་མི་ཕིག་པ། ཐུགས་ཁ་ན་ནོར་བུ་དཔལ་བེའུ་ཡོད་པ་ཅིག་གིས་མགོ་བྱས་པའི་སྐྱེས་བཟང་པོ་ཐེངས་གཉིས་བསྐུར། གྲོས་དང་བསླབ་བྱ་ལེགས་པར་བྱས་བཏང་བའི་མཐུ་དང་རྟེན་འབྲེལ་འགྲིགས་པས། མུ་སྟེགས་པའི་དཔུང་ཚོགས་ཐམས་ཅད་ཕམ་པར་བྱས་ཏེ། ནང་པའི་བསྟན་པ། ཉིན་མོ་ལྟར་གསལ་བར་བྱུང་པས། རྒྱ་གར་རྒྱལ་བློན་ཐམས་ཅད་དུ་དགའ་བར་གྱུར་ནས། འདི་ལྟ་བུའི་བསྟན་པ་བྱུང་པ་ནི། རྒྱ་ནག་རྒྱལ་པོ་ཁྱོད་ཀྱིས་སེམས་བརྩེ་བའི་བསླབ་བྱ་དང༌། སྐྱེས་བཟང་པོ་རིམ་པར་བསྐུར་བྱུང་བའི་སྟོབས་ནུས་ཡིན་པས། ཁྱེད་དྲིན་ཆེ་བར་ཡོད། སྐྱེས་ལན་ལ་ཅི་འདོད་པ་བསྐུར་བ་ཡིན་པས། ལན་སྲིངས་ཤིག་བྱས་པས། རྒྱ་ནག་རྒྱལ་པོ་ན་རེ། དེ་ལྟར་བསམ་ན། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད། ཆུ་ཀླུང་གི་མདོ་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་དང༌། འདུལ་བ་ཀོ་ཤ་དང༌། (༧༣.བ)ཟ་མ་ཏོག་བཀོད་པའི་མདོ་དང་བཞི། དགེ་སློང་སྡོམ་བརྩོན་ལྡན་པ་བཞི་སྡེ་ཅིག་དང་བཅས་པ་བསྐུར་ཅིག་ཟེར་བ་བྱུང་ནས། རྒྱལ་པོ་དྷརྨ་ཕ་ལ་ན་རེ། ངེད་ཀྱི་ཡི་དམ་གྱི་ལྷ་འདི། གཞན་དུ་འབྱོན་པ་སེམས་ཀྱིས་མཐོངས་པ་མེད་ནའང༌། ཁྱེད་དྲིན་ཆེ་བ་ཡིན་པས། གདན་དྲོངས་ལ། འགྲོ་བ་མང་པོའི་དོན་རྒྱས་པར་མཛོད་ཅིག་གསུངས་ནས། མཆོད་རྫས་ཀྱི་བྱེ་བྲག་དུ་མ་དང༌། བསྐྱེལ་བསུའི་བཤོམས་རྒྱས་པར་བྱས་ནས། ཇོ་བོ་རྒྱ་ནག་ཏུ་གདན་དྲངས་པར་བྱེད་དོ། །སྔན་མ་བཞིན་བྱོན་པའི་ལམ་དུ། པཎ་ཆེན་དེས། མཁས་པའི་རྣམ་འཕྲུལ་རིམ་པར་བསྟན། རྒྱ་ཡུལ་དུ་སླེབས་ནས། གྭའི་རྩིང་རྒྱལ་པོ་སྐུ་གཤེགས། རྒྱུད་ཆད་ནས། སྔར་གྱི་ཆིང་སང་དེས། རྒྱལ་པོ་བྱེད་ཀྱི་འདུག་ཟེར་བ་ཐོས་པས། དམག་དཔོན་དེས་རང་གི་དམག་ཁྲི་ཚོ་བཞི་བཅུ་པོ་བསྡུས་ནས། སི་ཚོན་དང༌། ཅེའུ་(༧༤.ན)མཁར་ཉི་ཤུ་རྩ་བཞིའི་རྒྱལ་པོ་བྱས་སོ། །དུས་ཕྱིས། དམག་དཔོན་དེའི་རྒྱུད་པའི་ལག་ནས། ཆིང་སང་རྒྱལ་པོའི་རྒྱུད་པས། ཇོ་བོ་དང༌། རིང་བསྲེལ། པཎྜི་ཏ་རྣམས། ཀེཾ་ཅང་ཧུར་གདན་དྲངས། བཀུར་སྟི་བསམ་གྱིས་མི་ཁྱབ་པ་བྱས། པཎྜི་ཏ་དེ་ལ་བཙུན་མོ་བཅུ་ཡོད་པས། དགེ་འདུན་རྣམས་མ་མོས་པ་ལ། ཞལ་དུ་ཁབ་གསོལ་ནས། དག་སྣང་སྦྱངས། པཎྜི་ཏ་དེའི་སློབ་མ། ཅེའུ་ཧྭ་ཤང་ཞེས་པ་མཁས་པ་ཅིག་བྱུང་པ། དེ་ལའང་པཎྜི་ཏ་ཟེར། དེ་ལ་རྒྱལ་པོའི་བཙུན་མོ་ཆེ་བ། ཁྲོས་པ་ལ་བརྟེན་ནས། ཁྲིམས་ཕོག མགོ་བཅད་པས། ཁྲག་འོ་མར་བྱུང༌། རང་གི་ལག་པས་རང་གི་མགོ་སྐེ་ཐོག་ཏུ་བཞག་ནས། གཙུག་ལག་ཁང་དུ་ཕྱིན། འཁོར་མང་པོ་ལ། ལས་རྒྱུ་འབྲས་ཀྱི་ཆོས་མང་པོ་བསྟན་ཏེ། མགོ་རང་གི་སྤང་དུ་ལྷུང་ནས་ཚེ་དུས་སོ། །ཆིང་སང་གི་རྒྱལ་རྒྱུད་དེ་ཆད་ནས། སུའི་གཡང་དི་ཟེར་བའི་རྒྱལ་(༧༤.བ)པོ་ཕའུ་གཉིས་བྱུང༌། དེའི་མངའ་འོག་ན། ཐང་ཀའུ་ཅུང་ཛུང་ཞེས་པ། ཐའི་ཡང་ཐའི་ཧུའི་གླེའུ་ཤུ་སིའི་གླེའུ་ཤུ་བྱེད་ཅིང་ཡོད་པ་དེས། ངོ་ལོག་ནས། རྒྱལ་ས་འཕྲོག་སྟེ། དེ་ནི་ཐང་གི་རྒྱལ་པོའི་ཐོག་མ་ཡིན་ནོ། །དེ་ལ་བུ་གསུམ་ཡོད་པའི་འབྲིང་པོ། ཐང་ཐའི་ཛུང་རྒྱལ་པོའི་དུས་སུ། ཐང་ཟམ་ཚང་ཞེས་པའི་ལོ་ཙཱ་བ། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་གིས། རྒྱ་གར་ནས་ཆོས་མང་པོ་བསྒྱུར། དེ་ཡན་ལ། རྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང༌། དེ་དུས། ཟོན་ཀླུ་ཤྲཱི་ཞེས་པའི་འདུལ་བ་འཛིན་པ་ཆེན་པོ་གཅིག་ཡོད་པ། རི་མཐོན་པོའི་ཟུར་ནས། གཡང་ལ་ལྷུང་ནས་བྱུང་བ། ལྷའི་བུ་གཅིག་གིས་བར་སྣང་ནས་བཟུང་སྟེ། མ་བསྣད་པ་ལ། དེ་སུ་ཡིན་དྲིས་པས། བདག་རྒྱལ་པོ་རྣམ་སྲས་ཀྱི་བུ་གཉིས་པ་ཡིན། ངེད་སྤུན་བཅུ་གཉིས་ཀྱི། གསུང་རབས་ཡན་ལག་བཅུ་གཉིས་(༧༥.ན)བསྲུང་བར་དམ་བཅས་པས། བདག་འདུལ་བའི་སྡེ་སྣོད་བསྲུང་པ་ཡིན་ཟེར་ཞིང༌། ཟོན་ཀླུ་ཤྲཱི་དང༌། ཐང་ཟམ་ཚང༌། ཀུ་མ་ར། ཆུང་བ་རྣམས་གང་ཡིན་དྲིས་པའི་ལན་བཏབ་པ་ཡོད། ཐང་ཐའི་ཛང་གི་སྲས་མོ་སྲུའི་གླེན་ཀོང་ཇོ། བོད་སྐད་དུ། མཚོ་ནང་གི་པདྨོ་ཞེས་པ་དེ། བོད་དུ་འོང་དུས། ཇོ་བོ་ཤཱཀྱ་མུ་ནེ་ཡར་བྱོན་པ་ཡིན། དེ་ནས་ད་ལྟ་མེ་ཕོ་ཁྱི་ལོ་འདིའི་བར་ལ། ལོ་བདུན་བརྒྱ་འགྲོ་ཞེས་པ། རྒྱའི་དེབ་ཐེར་རྙེད་པ་ལས། འཛམ་བྷ་ལ་སྟོ་ཤྲཱི་མགོན་གྱིས་མཐོང་པ། ལྷ་སའི་གཙུག་ལག་ཁང་དུ་བྲིས་པ་ཡིན། ཐང་ཤུ་ཐུ་ཧྭན་ཞེས་པ། རྒྱའི་དེབ་ཐེར་ལས། ཐང་ཀའུ་ཛུང་རྒྱལ་པོས། ས་ཕོ་སྟག་ལ་རྒྱལ་ས་བཟུང༌། ལོ་དགུར་སྲིད་བསྐྱངས། བདུན་ཅུ་ལ་འདས། དེའི་བུ། ཐང་ཐའི་ཛུང་གིས། ཤིང་ཕོ་རྟ་ལོ་ལ། བོད་རྒྱལ་པོ་དང༌། གྲོགས་པོ། སྐྱེར་བསྐུར་རེས་བྱས། རྒྱ་བོད་འབྲེལ་བའི་སྔན་མ་ཡིན་ནོ། ། (༧༥.བ)ཐང་གི་བུ་མོ་སློངས་པ་ལ། དེ་རྒྱལ་པོ་སྲོང་བཙན་སྒམ་པོས། གསེར་གྱི་ཁྲབ་བསྐུར་བཏབ་བ་ལ་མ་བྱིན་པས། བོད་དམག་འབུམ་ཕྲག་གཉིས་འཁྱེར་ནས། ཐུ་ལུ་ཧུན་བཅོམ་སྟེ་བཟུང༌། དམག་རྣམས་ཕྱིར་ལོག དེ་ནས་ཡུན་རིང་པོ་ནས། བོད་ཀྱི་བློན་པོ་མགར་སྟོང་བཙན་ལ། གསེར་སྲང་སྟོང་ཚོ་ལྔ་དང༌། རིན་པོ་ཆེའི་རིགས་མང་པོ་བསྐུར་ནས། བུ་མོ་སློང་དུ་བཏང་པས། ཐའི་ཛུང་གི་སྲས་མོ། ཝུན་ཤིང་ཀོང་ཇོ། ལྕགས་མོ་བྱའི་ལོ་ལ་བྱིན། པཱའི་ཧྭ་ནས། སྐྱེལ་མ་དང༌། བསུ་མི་འཛོམ། བོད་ཡུལ་དུ་སླེབ། ཀོང་ཇོས། རྒྱལ་པོ་ལ་ཞུས་ནས། བོད་ལ་སྔར་ཡིག་ཚང་མེད་པ་ལ། ཡིག་ཚང་བཅས། བློན་པོ་མགར་ལ། ཐང་གི་རྒྱལ་པོ་མཉེས་ནས། ཚ་མོ་ཀོང་ཇོ་གཅིག་དང༌། གཡིའུ་གཡུ་ཐའི་ཇུང་གུན་ཞེས་པའི་མིང་བྱིན། བོད་ལ་རྒྱའི་ལས་ཁ་བྱིན་པའི་སྔན་མ་ཡིན་ནོ། །ཐའི་ཛུང་གིས། རྒྱ་གར་དུ། བ་མ་ག་ཏ་བཅོམ། དེ་ཐོས་ནས། བོད་ཀྱི་རྒྱལ་པོས། ཀ་མ་ཏ་བཅོམ་ཟེར། ཐང་ཐའི་ཛུང་གིས། མེ་ཕོ་ཁྱི་ལོ་ནས། ལོ་ཉེར་གསུམ་རྒྱལ་ས་བཟུང༌། ལྔ་བཅུ་ང་གཉིས་པ། ས་མོ་བྱ་ལོ་ཟླ་བ་བཞི་པ་ལ་འདས་ཟེར། དེའི་བུ་དགུ་པ། ཆི་ཀོའུ་ཛུང༌། རྒྱལ་སར་སྟོན། བོད་རྒྱལ་སྲོང་བཙན་སྒམ་པོ་ལ། ལས་ཁ་སྔ་རྟིང་གཉིས་བྱིན་པའི། དང་པོ། ཧུ་མ་དུ་ད་ཝི་སིའི་ཐུན་དབང་ཞེས་པ་དང༌། རྟིང་མ། ཚུང་དབང་བྱ་བ་ཡིན། བོད་ཡུལ་དུ། སྔར་མེད་པའི་དར་གྱི་འབུ་དང༌། འབྲས་ཆང༌། ཤེལ་བཟོ་བ་ལ་སོགས་བཟོ་རིགས་མང་པོ་བཏང༌། དེ་རྟིང༌། བོད་རྒྱལ་མང་སྲོང་གི་དུས་སུ། རྒྱ་བོད་རེས་འགའ་མཐུན། རེས་འགའ་དམག་འཁྲུགས་རྩོད་པ་མང་དུ་བྱུང༌། རྒྱའི་བློན་པོ་དཔྱ་བཞིན་དགུའི་ལ། དམག་ཁྲི་ཚོ་བཅུ་བསྐུར་ནས། ལྷ་སའི་བར་དུ་སླེབ་པ། (༧༦.བ)བོད་ཀྱི་བློན་པོ། མགར་གྱི་བུ་ཆེ་བས་དམག་དཔོན་བྱས། རྒྱ་དམག་ཐམས་ཅད་ཕམ་པར་བྱས། ཆི་ཀོའུ་ཛུང་གིས། ས་མོ་བྱ་ནས། ལོ་སུམ་ཅུ་སོ་བཞིར་སྲིད་བཟུང༌། ལྔ་བཅུ་ང་དྲུག་པ་ཆུ་མོ་ལུག་ལ་འདས། སྔར་ཐའི་ཛུང་གི་བཙུན་མོའི་འཁོར་ན་ཡོད་པ་གཅིག ཐའི་ཛུང་འདས་ནས། བན་མོར་ཡོད་པ་བབས་ནས། ཀོའུ་ཛུང་གི་བཙུན་མོ་བྱས་པ་ལ། བུ་ཛུ་ཛུང་དང༌། ཝི་ཛུང༌། བུ་མོ་ཐའི་ཛུང་དང་གསུམ་ཡོད་ལ། རྒྱལ་པོས་བུ་ཆེ་བ་ལ། རྒྱལ་ས་བསྐོས་ཟེར་བའི་ཁ་ཆེམས་ཡོད་ཀྱང༌། མ་ཉན་པར། མོ་རང་གི་རྒྱལ་མོ་བྱས། ཏུས་པའུ་ཡིན་པས། ཝུ་ཛི་ཐོན་ཞེས་བྱའོ། །རྒྱལ་མོ་དེས། དམག་ཁྱེར་ནས། བོད་ལ་སོགས་པའི་རྒྱལ་ཁམས་འཕྲོག དེ་ནས་བོད་རྒྱལ་དུང་སྲོང་མང་པོ་རྗེ། གཞོན་རིང་ལ། བློན་པོ་མགར་གྱི་བུ་སྤུན། ཚ་བོ་དང་བཅས་པ། ནང་(༧༧.ན)དབང་ཆེ། ཕྱིས། རྒྱལ་པོས་སྐྱོན་པར་གོ་ནས། མགར་གྱི་བུ་ཆེ་བ་ལྕེབས་ནས་ཤི། ནུ་བོ་བཙན་པོ་དང༌། ཚ་བོ་མང་པོ་རྗེ། དམག་དང་བཅས་པ། རྒྱའི་རྒྱལ་པོ་ལ་ངོ་བལྟས་པས། བཙན་པོ་ལ། ཀུན་དེ་ཁྱུན་དབང་ཞེས་པ་བྱིན་ནས། བློན་པོར་བསྐོས། ཚ་བོ་མང་པོ་རྗེ་ལ། གཡོན་ཕྱོགས་ཀྱི་དཔའོ། །ཇ་ཝུ་ལིམ་ཏིའི་ཙང་གུན་ངན་གུའི་གུ་ཞེས་པའི་མིང་བྱིན། ཁོང་གཉིས་ལ། ཕྱིས་ཉེས་པ་བྱས་ཀྱང༌། སྐྱོན་མེད་པའི་རྟགས་ལ། ལྕགས་ཀྱི་བྱང་བུའི་ཡི་གེ་བྱོན་ནོ། །རྒྱལ་པོ་ཝུ་ཛི་ཐེནག་གྱིས། ཤིང་ཕོ་སྤྲེའུའི་ལོ་ནས། ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་བཟུང༌། བརྒྱད་ཅུ་པ་ཤིང་ཕོ་འབྲུག་ལ་འདས་སོ། །གཏམ་རྒྱུད་གཞན་ན། རྒྱལ་མོ་འདི་ལ། བུ་བོང་སྣ་ཅན་གཅིག་སྐྱེས་པས། ངོ་ཚ་ནས་གསོད་དུ་བཏབ་བ། བོད་ཀྱི་བློན་པོ་ཆེ་བ་གཅིག་ཡོད་པ་དེས། ཕག་ཏུ་ཉར་བྱས། ཕྱིས་མོ་རྒས་དུས། (༧༧.བ)ཐང་གི་བརྒྱུད་མེད་པས། མོའི་མིང་པོ་ཝུ་སན་ཞེས་པ། རྒྱལ་སར་བསྐོ་རྩིས་ཀྱི་མི་མང་པོ་འཚོགས་པ་ལ། ཝུ་སན་བསྐོ་བ་ཨེ་འཐད། སྐད་རིངས་གཏོང་པས། སུ་མི་འཐད་ཟེར་བ་དེ། གསོད་པའི་རྒྱལ་མོའི་འཇའ་བ་བྱས་པ་ལ། བོད་བློན་དེས། ཝུ་སན་ལ། སྐད་རིངས་བྱུང་དུས། ང་བསྐོ་བའི་མི་འཐད་ཀྱིས་རྩིག་བྱས། སྐད་བྱུང་དུས། ཁོས་དེ་སྐད་བྱས་པ་དང༌། བོད་བློན་དེས། རལ་གྲི་རྒྱབ་ནས་གསོད། དེ་ཅི་ཡིན་བྱས་པས། རྒྱལ་མོ་རང་གི་ལུང་ཡིན་བྱས་པས། བྱ་ས་མ་རྙེད། དེ་ནས། མྱ་ངན་དུ་གྱུར་པ་ལ། བློན་པོ་དེས། བོང་སྣ་ཅན་དེ་ཁྱེར་ཡོངས་ནས། རྒྱལ་སར་བསྐོས་པ་རྒྱལ་པོ་བོང་སྣ་ཅན་དུ་གྲགས་པ་དེ་ཡིན་ཅིང༌། བོང་སྣ་དེ་སྒྲིབས་པའི་ཕྱིར་དུ། གསེར་གྱི་འབག་ཅིག་སྒྲོན་པས། རྒྱལ་པོའི་གསེར་ཞལ་ཟེར་བའང་དེ་ནས་བྱུང་པར་བྱེད་དོ། །མའུ་འདི་(༧༨.ན)གཉིས་ཀྱི་དུར། ད་ལྟ་ཁེན་རྗེའུའི་བྱང་ཕྱོགས་ན་ཡོད་པ་དེ་ཡིན་ཟེར། རྒྱལ་མོ་འདི་ལ། བོད་རྣམས། རྒྱའི་རྫི་རྒན་མོ་ཟེར་བར་འདུག་གཏམ་རྒྱུད་འདིའི་ལུགས་ལ། ཤིང་མོ་སྦྲུལ་ལོ་ལ། རྒྱལ་པོ་རང་གི་བུ། ཛུ་ཛུང་རྒྱལ་སར་སྟོན། བོད་ཀྱི་རྒྱལ་པོས་བུ་མོ་སློང་བྱུང་པ་ལ། ནུ་བོ་ཝི་ཛུང་དབང་གི་བུ་མོ་ཀིམ་ཤིང་ཀོང་ཇོ་བྱིན། རྫོངས་ལ་གསེར་སྲང་ཁྲི་ཚོ་མང་པོ་དང༌། བཟོ་རིགས་སྣ་ཚང་བ། རོལ་མོའི་རྣམ་གྲངས་དུ་མ། མི་ཉག་གི་ཡུལ་ཐམས་ཅད་དང་བཅས་པ་བྱིན་ནོ། །ཛུ་ཛུང་རྒྱལ་པོས་ལོ་དྲུག་སྲིད་བསྐྱངས། ལྔ་བཅུ་རྩ་ལྔ་པ། ལྕགས་ཕོ་བྱི་བ་ལ་འདས། ལྕགས་མོ་ཕག་ལོ། ཀོང་ཇོའི་ཕ་ཝི་ཛུ་རྒྱལ་སར་བསྐོས། ལོ་གཉིས་སྲིད་བསྐྱངས། ལྔ་བཅུ་རྩ་ལྔ་པ། ཆུ་ཕོ་བྱི་བ་ལ་འདས། ཆུ་མོ་གླང་ལ། ཝི་ཛུང་གི་བུ་གསུམ་པ། ཧེན་ཛུང་རྒྱལ་སར་བསྐོས། དེ་ཡན་ལ། ཐང་གི་རྒྱལ་ཁམས་འཇགས་(༧༨.བ)ནས། ལོ་བརྒྱ་དང་བཅུ་དྲུག་སོང༌། ཧེན་ཛུང་གིས། ལོ་བཞི་བཅུ་རྩ་གསུམ་རྒྱལ་སར་སྡད། རྒྱལ་ཁམས་བདེ་ཞིང་འཇགས་པ་བྱུང༌། བདུན་ཅུ་རྩ་གསུམ་པ། ལྕགས་མོ་བྱ་ལ་འདས། མེ་ཕོ་སྤྲེའུའི་ལོ་ལ། ཧེན་ཛུང་གི་བུ་གསུམ་པ། ཛུང་ཛུང་རྒྱལ་སར་སྟོན། དེའི་ལོ། བོད་དམག་ཡོངས་ནས། སྨན་རྩེའི་ཝི་ཇིའུ་ལ་སོགས་མང་དུ་བཟུང་ནས། ཕྱིས། ཅེའུ་མཁར་ཉི་ཤུ་རྩ་བཞི། བོད་ལ་ཤོར། ཛུང་ཛུང་གིས། སྲིད་ལོ་བདུན་བྱས། ལྔ་བཅུ་རྩ་གཉིས་པ་ཆུ་ཕོ་སྟག་ལ་འདས། ལོ་དེ་ལ། དེའི་བུ་ཆེ་བ། ཐའི་ཛུང་རྒྱལ་སར་སྟོན། ཆུ་མོ་ཡོས་ལ། བོད་དམག་བྱུང་ནས། ཐའི་ཛུང་རྒྱལ་པོ། ཤེན་ཤུར་བྲོས་པའི་ཤུལ་དུ། རྒྱའི་བློན་པོ་ཀའུ་ཧིས། བོད་ལ་ངོ་བལྟས། བོད་དམག་གི་བྱང་ཧུར་ཡོངས། ཐང་གི་རྒྱལ་པོར། གའུ་དབང་ཞེས་བསྐོས། རྒྱའི་ལོ་(༧༩.ན)མོང་སྤོས། འཇྭ་པ་འགྲེམས་སུ་བཅུག ཕྱིས་རྒྱས། གའུ་དབང་སྲས། བོད་དམག་རྣམས་སྟོན་ནས། ཐའི་ཛུང་གིས་རྒྱལ་ས་ལོ་བདུན་བཟུང༌། ལྔ་བཅུ་ལོན་པ་ས་མོ་ལུག་ལ་འདས། དེའུ་བུ་ཆེ་བ། དེང་ཛུ། ལྕགས་ཕོ་སྤྲེའུ་ལོ། རྒྱལ་སར་སྟོན། དེང་ཛུང་བསམ་པ་ཆེ་བས། ལོ་མང་པོར། རྒྱ་བོད་འཁྲུགས་པ་མ་བྱུང༌། དེའི་དུས་སུ། རྒྱ་བོད་ཀྱི་ས་ཚེག མི་ཉག་ཡུལ་ཧ་ལ་ཤྭན་དུ་བྱས། བོད་ཀྱི་རྒྱལ་ཁམས་ཀྱི་མཚམས་ནི། ནུབ་ཏུ། ལན་ཇུ། ཝི་ཇིའུ། ཝེན་ཇིའུ། ཧེའི་ཇིའུ། ཤར་དུ། ཤིང་ཀུན། ལྷོར། ཤིང་ཇིའུ་དང༌། གྱང་ནམ་གྱི་བར། བྱང་གེ། ལན་གྱི་ས་ཆ་དང༌། ཏྭའི་ཧུཾ་ཧའི་ལྷོ་ནུབ་ཀྱི་བར་དང༌། རྨ་ཆུའི་བྱང་ཕྱོགས་ཕན་ཆད། བོད་ཀྱི་ས་ཆར་བྱས། རྒྱའི་ས་མཐའ་ནི། ཀི་ཇིའུ། ཕྱོགས་ཐན་ཇིང་ཧ། ལུ་ཇུ་ལ་ཤིང་ཧུ། ཧུང་ཅིའུ། ཐང་(༧༩.བ)ཀུ། སི་ཆོན་ལ་ཐའི་ཏུ་ཧ། ཚུན་ཆད། ཐང་གི་ས་ཆར་བྱས། ས་འཚམས་ཀྱི་བར། སུག་བཅུ་དང༌། ཙ་བྱིའུ་དང༌། ཧ་ལ་ཤན་དང༌། ཐ་ཐ་ལིང་རྣམས། སྟོང་པར་བཞགས་ནས། གཉིས་ཁས་མི་འཛིན་པར་བྱས། ཡང་ཕྱིས་སུ་རྒྱ་བོད་འཁྲུགས་པ་མང་དུ་བྱུང་ཞིང༌། མེ་མོ་གླང་ལ། བོད་ཀྱི་རྒྱལ་པོ་མུ་ནེ་བཙན་པོ་འདས། དེང་ཛུང་གིས། རྒྱལ་ས་ཉི་ཤུ་རྩ་ལྔ་བཟུང༌། དྲུག་ཅུ་རྩ་བཞི་པ་ཤིང་མོ་བྱ་ལ་འདས། དེའུ་བུ་ཆེ་བ་ཤུན་ཛུང༌། ལོ་དེ་ལ་རྒྱལ་སར་བསྐོས། རྒྱལ་པོ་ལོ་གཅིག་བྱས། བཞི་བཅུ་རྩ་དྲུག་པ། མེ་ཕོ་ཁྱི་ལ་འདས། དེའི་བུ་ཆེ་བ། ཧུན་ཛུང་ལོ་དེ་ལ་བསྐོས། བྱི་ལོ་ལ་འདས། དེའི་བུ། མུ་ཛུང༌། གླང་ལོ་ལ་བསྐོས། སྐབས་དེ་བཤེད་འདྲ། ལྷ་སའི་ཐང་དུ། བོད་ཀྱི་བློན་པོ་ཚོགས། བན་ཆེན་པོས། མནའ་ཚིགས་བཏོན། བདེན་པ་དྡར་(བདར)ཐམས་ཅད་རྩིས་(༨༠.ན་)དང་མནའ་ཆད་བྱས་སོ། །མུ་ཛུང༌། མེ་ཕོ་རྟ་ལ་བློན་པོས་བཀྲོངས། དེའི་བུ་གཉིས་པ། བུ་ཛུང༌། མེ་མོ་ལུག་ལ་བསྐོས། ས་མོ་ལུག་ཡན་ཆོད་ལ། ཉིས་བརྒྱ་དང་བརྒྱད་སོང༌། བུ་ཛུང་གིས། ལོ་བཅུ་གཉིས་སྲིད་བཟུང༌། སུམ་ཅུ་པ་ཤིང་ཕོ་འབྲུག་ལ་འདས། ལོ་དེ་ལ། བུ་ཛུང་གིས། ཝུ་ཛུང་བསྐོས། ལོ་དྲུག་སྲིད་བསྐྱངས། སུམ་ཅུ་སོ་བཞི་པ། ཤིང་མོ་གླང་ལ་འདས། མེ་མོ་སྟག་ལ། བུ་ཛུང་གི་བུ་བཅུ་གསུམ་པ། ཟོན་ཛུང་བསྐོས། དེ་ནས་བོད་ཀྱི་ས་ཆ་ཕལ་ཆེ་བ། བརྒྱད་བླངས། དང་པོ་ཐང་གི་རྒྱལ་ཁམས་ཀིམ་ཇང་ཧུ་ནས། བོད་ཀྱི་བར་ལ། ས་ལེ་དབར་སྟོང་ཚོ་དགུ་དང་དགུ་བརྒྱ་ཡོད། ཕྱིས། ཛུ་ཛུང་ནས་བཟུང་སྟེ། བོད་ལ། མཁར་མིག་གསུམ་བརྒྱ་ཤོར། ཕྱིས་ཐང་གིས་ཐམས་ཅད་ཐོབ། ཟོན་ཛུང་གིས་ལོ་བཅུ་བཞིར་སྲིད་བཟུང༌། ལྔ་བཅུ་མེ་མོ་ཡོས་ལ་འདས། ས་ཕོ་འབྲུག་ལ་(༨༠.བ)དེའི་བུ་ཆེ་བ། གྷིང་ཛུང་བསྐོས། དེ་ཕྱིན་ཆད། བོད་དང་འབྲེལ་ཆད། དེ་ལྟར་ཐང་གི་རྒྱལ་པོ་ཀའུ་ཛུང་ནས། འདི་ཡིན་ཆོད་ལ། ལོ་ཉིས་བརྒྱ་དང་སུམ་ཅུ་རྩ་དགུ་སོང༌། གྷིང་ཛུང་གིས་རྒྱལ་སྲིད་ལོ་བཅུ་བཞི་བསྐྱངས། ཆུ་མོ་སྤྲེལ་ལ་འདས། ཤིང་ཕོ་རྟ་ལ་དེའི་ལ་བུ་ལྔ་པ། ཧྱེང་ཛུང་བསྐོས། ལོ་བཅོ་ལྔར་སྲིད་བཟུང༌། ས་ཕོ་སྤྲེའུ་ལ་འདས། ལོ་དེ་ལ། དེའི་བུ་བདུན་པ། ཇེའུ་ཛུང་བསྐོས། སྲིད་ལོ་བཞི་བཅུ་བཟུང༌། ཆུ་མོ་ཕག་ལ་འདས། ཤིང་ཕོ་བྱི་བ་ལ། དེའི་བུ་དགུ་པ། ངའི་དིང་བསྐོས། སྲིད་ལོ་བཞི་བཟུང༌། མེ་མོ་ཡོས་ལ་འདས། དེ་ནས་ཐང་གི་རྒྱལ་རབས་ཆད། དེ་ཡན་ལ་རྒྱལ་པོ་ཉི་ཤུ་བྱུང་ངོ༌། །རྒྱལ་ཁམས་ཀྱི་བདག་པོ། ལོ་ཉིས་བརྒྱ་བརྒྱད་ཅུ་རྩ་བརྒྱད་བྱས། དེའི་རྗེས་སུ། མྱང་ཞེས་པ་ལ། རྒྱལ་ས་འཕོས་པ་ཡིན་ནོ། །རྒྱ་བོད་ཀྱི་ལོ་རྒྱུས་འདི། ཐའི་(༨༡.ན)ཛུང་གི་དུས་ཀྱི་ཡིག་ཚང་པ། བ་སུ་ཁྱི་ཞེས་པས་བརྩམས། ཕྱིས། ཧན་སེའུ་ཚས་བཏུས་ཏེ་བསྡེབས། རྒྱའི་ལོ་ཙཱ་བ། བ་ཧུ་གྱང་ཇུས། ཤིང་མོ་བྱ་ལ། ཤིང་ཀུན་ཏུ་བསྒྱུར། བླ་མ་རིན་ཆེན་གྲགས་གུ་ཤྲཱིས། ཤིང་མོ་གླང་ལ་བོད་ཡི་གེ་སྤར་དུ་བཏབ། འདི་ལ། ལོའི་དབང་ཐང་ནོར་བ་འགའ་རེ་སྣང༌། ཐུ་ལུ་ཧུན། ཧོར་སེར་ཡིན། འུ་ཐེན་ཨོ་ཐོན་ཡིན། ཞིབ་པར། རྒྱའི་ཡིག་ཚང་ཐང་ཞུ་ཧུ་ཐེན། མཚན་ཉིད་ལ་སོགས་པར་ལྟའོ། །དེའང་ཐང་གི་རྒྱལ་པོའི་དུས་སུ། ཧང་མའི་ཟེར་བ། སེའུ་ཚེ་གཅིག་གིས་ངོ་ལོག་ནས། རྒྱལ་པོ་བྱས། ཇུ་འུན་ཟེར་བས། བློན་པོ་བྱས། རྟིང་ལ་ཇུ་འུན་གྱིས། ཐང་ལ་ངོ་ལྟས་ནས། ཆུ་ལི་དབེན་གྱིས་དམག་དཔོན་བྱས། དེས་རྟིང་སོར། ངོ་ལོག་ནས། རྒྱལ་ས་འཕྲོག་པས། མྱང་རྒྱལ་པོ་ཞེས་པའི་རྒྱུད་བྱུང་པ་ལ་སོགས། རུས་མི་(༨༡.བ)ཅིག་པའི་མི་རབས་ཚན་པ་ལྔ་ལ། རྒྱལ་པོ་བཅོ་ལྔ་བྱུང་ནས། ལོ་ལྔ་བཅུ་ཐམ་པ་རྒྱལ་ས་བཟུང༌། དེའི་རྗེས་སུ། ཅེའུ་ཐའི་ཛུང་ཞེས་པ་ལ་རྒྱལ་པོ་ལ་སྤེན་ལང་གི་ས་ཆར་རྒྱལ་རབས་བརྒྱད་བྱུང༌། བརྒྱད་པ། ཤྭང་ཧང་ཕའུ་གཉིས་ཀྱི་ལག་ནས། ཆི་ཏྭན་ཏའི་གླིའུ་ཞེས་པས། སྤེན་ལང་མས་སོགས། རྒྱལ་ཁམས་ཀྱི་ཕྱེད་འཕྲོགས། རྒྱལ་ཁམས་དེ་ལ་ཏའི་གླིའུ་ཟེར། ཤྭང་ཧང་གི་བུ། ཁང་དབང་ཞེས་པ། སྨན་ཚའི་ཡུལ་དུ་སོང་ནས། ཕའི་ཡུལ་གྱི། རྒྱལ་ཁམས་ཕྱེད་པོ་བཟུང་ནས། ཧོར་གྱི། ནམ་ཐའི་ཟེར། རྐྱེན་ཁང་ཧང་ཇེའུར་སྡད། རྒྱལ་ཁམས་དེ་ལ་བསྲུངས་ཟེར། དེ་ནས་སྨན་རྩེར། ལྷ་བཙུན་ཡན་ལ། རྒྱལ་རབས་བརྒྱད་བྱུང༌། ཆི་ཏྭན་ཏའི་གླིའུའི་རྒྱལ་རབས་བརྒྱད་ཀྱི་རྗེས་སུ། བློན་པོ་ཆེ་བ། ནུའི་རྗེ་ཞེས་པས། རྒྱལ་ས་བླང༌། དེ་ལ་བུ་ཨལ་ཏན་ཁན་(༨༢.ན)ཟེར་བ་དང༌། བརྒྱུད་པ་དགུ་བྱུང༌། རྒྱལ་ཁམས་ལ་ཏའི་གམ་ཟེར། དེའི་རྒྱལ་པོ་དགུ་པ། ཧུང་དབང་ཞེས་པའི་ལག་ནས། ཧོར་ཇིང་གིར་རྒྱལ་པོས། རྒྱལ་ས་བླང་པར་བྱེད་ཅིང༌། ཧོར་གྱི་རྒྱལ་ཁམས་ལ་ཏའི་དབེན་ཟེར་བས། ཏྭའི་དབེན་ཐོང་ཇིའི་དེབ་ཐེར་བྱ་བའང་རྒྱལ་གྱི་ཁྲིམས་གཉིས་ཀྱི་བྱ་བ་ཕྲ་རགས་ཐམས་ཅད་ཀྱི་བཀོད་པ། དེབ་ཐེར་དེ་ནང་དུ་གསལ་བའོ། །ཞེས་པ། འཛམ་བྷ་ལྷ་ཏྭན་ཤྲཱི་མགོན་གྱི་སྨྲས་པ་རྣམས་བྲིས་པའོ།། །།
རྒྱ་ནག་རྒྱལ་རབས་འདི་བྲིས་དགེ་བ་དེས། །རྒྱ་བོད་ཧོར་སོགས་འཇིག་རྟེན་མི་རྣམས་ཀྱིས། །བརྒྱ་ལ་ལན་རེ་དལ་འབྱོར་ཐོབ་པ་ཀུན། །རྒྱ་ཆེན་དམ་ཆོས་སྤྱོད་པའི་རྒྱུར་འགྱུར་ཤོག །རྒྱ་ནག་རྒྱལ་རབས་འདིའི་ལུགས་ཀྱི། རྒྱལ་པོ་རྟིང་མ། ཧུ་དབང་ཞེས་པའི་ལག་ནས། ཧོར་ཇིང་གིས་རྒྱལ་པོས། ས་ཕོ་སྟག་ལོ་ལ་རྒྱལ་ས་འཕྲོག་ནས། རྒྱལ་རབས་བཅོ་(༨༢.བ)ལྔ། ལོ་གྲངས་བརྒྱ་དང་ལྔ་བཅུ་ང་གཅིག་གི་བར་ལ། ཧོར་གྱི་རྒྱ་ནག་བཟུང་བའི་རྒྱལ་པོ་རྟིང་མ། ཐོ་གན་ཐམ་མུར་རྒྱལ་པོའི་ལག་ནས་ཡང༌། རྒྱ་ནག་རྟའི་མིང་རྒྱལ་པོས། ས་ཕོ་སྤྲེའུའི་ལོར་རྒྱལ་ས་ལོན་ནས་ལོ་སུམ་ཅུ་སོ་གཉིས་བཟུངས། དེ་རྟིང་ཡུན་ལོ་རྒྱལ་པོས་ལོ་ཉི་ཤུ་རྩ་གཉིས། འདི་དང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཡོན་མཆོད་དུ་འབྲེལ། དེ་རྟིང་ཧུང་གི་རྒྱལ་པོས་ཟླ་བ་བདུན། ཡོན་ཛུན་རྒྱལ་པོས་ལོ་བཅུ་གཉིས། བྱིན་ཐུན་རྒྱལ་པོས་ལོ་བཅུ་བཞི་བཟུང༌། ལྕགས་ཕོ་རྟ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ལ། ཧོར་གྱི་བློན་པོ་ཨ་སན། ཐང་ཤྲཱིས་བཙོན་ལ་ཁྱེར། དེ་རྟིང༌། ལྕགས་ཕོ་རྟ་འདི་ལ། གྱིན་ཐས་རྒྱལ་པོ་ཁྲི་ཐོག་ཏུ་ཕེབས། ད་ལོ་ཁྱི་ལོ་འདི་ཡན་ལ་ལོ་ལྔ་སོང༌། རྒྱལ་པོ་འདི། ཡང་བླ་མའི་མཁན་ཆུང་མཛད། ཀྱེ་རྡོར་འཇིགས་བྱེད་སོགས་གསང་སྔགས་ཀྱི་ཆོས་ལ་མཁས། (༨༣.ན)བསྟན་པ་ལ་མོས་ཟེར་བ། རི་ཞིང་པའི་སློབ་དཔོན་བྱིས་སྟོན་གྱིས། རྟ་འབུལ་ལུང་ཕྱིན་གོང་མ་དང་མཇལ་བའི་ལོ་རྒྱུས་ཡིན། འདི་ཡན་ལ་སོ་དྲུག་སོང༌། ས་ཕོ་འབྲུག་ལོ་སྲོག་རྨེ་དགུ་དམར་དབུས་ན་ཡོད་པ་འདི་ཡན་ལ་ལོ་བཅུ་གཉིས་སོང་བ། འདི་རྣམས་ཀུན་དྲིལ་བས། རྒྱ་ནག་རྒྱལ་རབས་རྟིང་མ་འདི་བསྐོར་ལ་ལོ་བརྒྱད་ཅུ་གྱ་གཅིག རྒྱལ་པོ་ལྔ་སོང་འདུག།
མི་ཉག་གི་རྒྱལ་རབས།
དཔའ་བོ་མི་ཉག་གི་རྒྱལ་རབས་བཞུགས་སོ། །སྭསྟི། དཔའ་བོ་མི་ཉག་གི་རྒྱལ་རབས་ནི། སྔོན་དང་པོ། གྷ་ཐག་ལ་སོགས། མི་ཉག་གི་ཡུལ་ཐམས་ཅད། རྒྱ་རྒྱལ་པོའི་འོག་ན་ཡོད་པ་ལ། བྱང་ངོས་དང་འགའི་བར་ན། སྨོན་རི་ཞེས་རི་ལ། གཞི་བདག གྲི་ཧུ་ཞེས་པ་ཡོད་པ། ཉིན་གཅིག་གི་ཚེ། བྱང་ངོས་ཀྱི་མཁར་ནང་ན། བུད་མེད་གཅིག་གི་སར། རྟ་པ་དཀར་པོ་བདུན་བྱུང་པའི། དཔོན་དེ་དང་འགྲོགས་པ་ལས། (༨༣.བ)བུ་ཞིག་སྐྱེ། དེའི་དུས་སུ། སྔོན་མེད་པའི་སྐརྨ་གཅིག་ཤར་བས། རྒྱའི་རྩིས་པ་རྣམས་ཀྱིས། མཁར་ནང་འདིར། རྒྱལ་སྲིད་འཕྲོག་པའི་མི་གཅིག་སྐྱེས་འདུག་བྱས་པས། རྒྱལ་པོས་བུ་ཚ་དེ་ཚོལ་ཟེར་བ་ལ། རྒན་མོས་བུ་ཆུང་ས་སྐོང་དུ་སྦས། སྤང་ལེབ་ཀྱིས་ཁ་བཅད། དེའི་སྟེང་དུ་ཆུ་ཕོར་གང་བཞག་པས། རྩིས་པ་ན་རེ། མཚོ་ཆེན་པོ་དང་ཤིང་གི་ས་གཞིའི་འོག་ན་འདུག་ཟེར་ནས། འཚོལ་མ་ཐུབ་པ་དང༌། མཁར་ནང་ན། ལོ་གཉིས་འགྲོ་བའི་བུ་ཚ་ཐམས་ཅད་གསོད་ཅེས་ལུང་བསྒྲགས་པས། བསད་པའི་དུས། རྒན་མོས་ཀྱང་བུ་ཤི་བར་བྱས། སྒམ་ནང་དུ་བཅུག ངུ་ཞིང་ཁྱེར་ནས། ཆུའི་དཀྱིལ་གྱི་རྩ་འཐུབ་པོའི་ནང་དུ་སྐྱུར་བཞག་པས། ཉིན་རེ་བཞིན། བྱ་རྒོད་གཅིག་ཡོང་ནས། བུ་ཚ་དེ་མི་འཁྱག་པར་བྱས། རྒན་མོ་གཞན་གཅིག་ལ། བ་གཞོན་མ་གཅིག་(༨༤.ན)ཡོད་པ་དེས། ཉིན་རེ་བཞིན། དེའི་རྩར་ཕྱིན་གིན། འོ་མ་སྟེར་བ་ལ། ཉིན་གཅིག་བ་བདག་རྒན་མོ་དེས། བའི་ཕྱིར་རྗེས་ལ་ལྟར་ཕྱིན་པས། དེ་བཞིན་བྱེད་པ་མཐོང་སྟེ། བུ་ཚ་འདི་ཁྱད་པར་ཅན་ཞིག་ཡིན་པར་འདུག་བསམ་བླངས་ནས། བུ་དོད་བྱས། དུས་པ། ངོ་ནུའི་ཞེས་པ། བོད་སྐད་དུ། བ་ལ་འོ་མ་ནུ་ཟེར། བྱིས་པ་དེས་ལོ་བདུན་ལོན་ནས། ན་སྙམ་གྱི་བྱིས་པ་དྲུག་རྩལ་(བཙལ)ཏེ། བྱང་ངོས་ཀྱི་གངས་རིའི་སྲེས་སུ་བྲོས་ནས། ངོ་ལོག་ཙམ། རི་དེ་ལ་ཤིང་འཐུ་བའི་སྐྱེས་པ་ཐམས་ཅད་བཟུང་ནས། དམག་མི་བཅོལ། བུ་ཚ་དེས་བྱང་ངོས་ཀྱི་མཁར་ནང་དུ། ཤེས་རབ་ཀྱི་མི་ལ། ངོ་ལོག་ཙམ་པའི། ཐེབས་འབྲི་རུང་ཕྱིན་པས། རྒྱའི་རྒན་མོ་གཅིག་ན་རེ། ཟླ་བ་འདིའི་ཚེ་བཅོ་ལྔའི་ཉིན། ཁྱེད་རང་དམག་ལ་ཤོག རྟ་ལྕགས་དང༌། རྟ་སྦང་མང་པོ་ཆུ་ལ་སྐྱུར། དེ་ནས་རྒྱའི་(༨༤.བ)རྒྱལ་ས། ཐམ་ཁ་ཁྱེད་ལ་ཡོང་པའི་ཐབས་ངས་བྱེད་ཟེར། ཚེས་བཅུ་བཞིའི་ཉིན་རྒན་མོ་དེས། ལྕགས་རིའི་སྟེང་དུ་བྲང་བརྡུངས་ངུ་ཞིང་ཕྱིན་པས། རྒྱལ་པོས། ཅི་ཡིན་འདྲིར་བཏང་པས། ལྷའི་དབང་པོའི་ལུང་གིས། མི་ཉག་རྒྱལ་པོ་གཅིག་བསྐོས་ཡོད། དེ་ལ་ངོ་མ་ལྟས་ན། རྒྱའི་མིང་ཡང་མ་ལུས་པ་བྱེད། སང་ཉིན་དམག་བསམ་གྱིས་མི་ཁྱབ་པ་ཡོང་པ་ཡིན་ཟེར། དེ་ཅི་ཡིན་དྲིས་པས། ཁྱེད་རང་རྣམས་སང་སྔ་མོར་རྨ་ཆུ་ལ་ལྟོས་དང༌། རྟ་སྦང་དང༌། རྟ་ལྕག་ལྷུང་པས། ཆུ་མདོག་འགྱུར་བ་འོང་བྱས་པས། སང་ལྟས་དུས། དེ་བཞིན་བྱུང༌། ད་ཅི་འཐད་དྲིས་པས། རྒན་མོ་ན་རེ། ངོ་ལྟས་ན་འཐད་བྱས་པས། རྒྱལ་པོ་དཔོན་གཡོག་གསུམ་གྱིས། ཐམ་ཁ་སྐྱེལ་དུ་ཕྱིན་པས། མི་ཉག་རྒྱལ་པོ་རྟ་པ་བདུན་དང་འཕྲད། ཐམ་ཁ་བླངས། རྒྱལ་པོ་བསད། (༨༥.ན)དེ་རྟིང༌། རིམ་གྱིས། རྒྱའི་བློན་པོ་གྲགས་པ་རྣམས་ཀྱང་བསད། རྒྱལ་ས་བླངས་པས། རྒྱའི་ཡུལ་དུ་གྲགས་པ་ལ། རྒན་མོ་གཅིག་གིས་ཁའི་ཉེས་པ་ལ། ཟུར་གསུམ་སྒོ་དྲུག་ཡོད་པའི་རྒྱ་མཁར་ཤིག ཞེས་པ་བྱུང༌། མི་ཉག་རྒྱལ་པོ་དེ་ལ། ཕའི་མིང་ནས་གྲས་ཏེ། གྲའི་ཛུང་རྒྱལ་པོ་ཞེས་པར་བཏགས། མི་ཉག་རྒྱལ་པོའི་ཐོག་མ་ཡིན། དེ་ནས་རྒྱལ་རབས་དྲུག་ན་མི་ཉག་རྒྱལ་བརྒྱུད་བྱུང༌། དེའི་དུས་སུ། སི་ནོས་ཝ། བོད་སྐད་དུ། སེམས་ནག་པོའི་རི་ཞེས་བྱ་བ་ལ་སྐྱེས་པའི་མིས། རྒྱལ་པོའི་སློབ་དཔོན་བྱས་ནས། རྒྱལ་པོ་གསོད་པར་འགྱུར། ཞེས་པ་རྒྱལ་རྒོད་ཀྱིས་ཚོར་ནས། རི་དེ་ལ་ཡོད་པའི་མི་ཐམས་ཅད་གསད་ན་ཡེ་འཐད་ཅེས། ཐའི་ཧུ་ལ་ཞུས་པས། ཁོང་ཆོས་ལ་དཀར་བས་མ་ཉན། དེ་ནས་རྒྱལ་པོས། བྱང་ངོས་སུ་སྡོད་མ་ནུས་པར། གྷ་རུ་འཕོས་ཀྱས། (༨༥.བ)ཕྱིས་རི་དེ་ལ་སྐྱེས་པའི་མི་གཅིག་མ་ཚོར་བར་བློན་པོ་ཐོབ་ནས། དེས་མི་ཉག་རྒྱལ་རྒོད་བསད། དེའི་རྗེས་སུ། རྒྱུད་ཆད་ནས། ཐོ་རྫི་ཞེས་པའི་རྒྱལ་པོ་གཞན་གཅིག་བྱུང་པ། དེའི་ལག་ནས་ཧོར་ཇིང་གིར་རྒྱལ་པོས། རྒྱལ་ས་འཕྲོག་སྟེ། མི་ཉག་རྒྱལ་པོ་སྲོག་མེ་ཡིན། ཇིང་གིར་རྒྱལ་པོ་སྲོག་ཆུ་ཡིན་པའི་དོན་གྱིས། ཇི་ཙམ་འཐབ་ཀྱང་མ་ཐུབ་པ་ཡིན། མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ། ཧོར་རྒྱལ་པོ་ག་དོན་ཡིན། ཁོང་བྱང་ངོས་སུ་སླེབས་པ་དང༌། སྔར་རྒྱལ་རྒོད་བསད་པའི་ས་ཆ་དེར། ལྷ་ཁང་གཅིག་བཞེངས་ཤིང༌། གསོད་མི་ཚང་རླག་པར་བྱོས། གེ་གན་རྒྱལ་པོ་ལ་ངན་བྱེད་མི། ཆི་གིན་ཐེ་མུར་ཡང༌། གསི་ནོའི་ཞན་དུ་སྐྱེས་པ་ཡིན་ནོ། །ཞེས་པ་མི་ཉག་རྩེན་རྩེ་ཤེས་རབ་ཡེ་ཤེས་ཀྱིས་སྨྲས་པ་རྣམས་ཡི་གེར་བཀོད་པ་ཡིན་ནོ། །འདི་ལ་རྒྱའི་རྒྱལ་པོ་ཅིའུ་ཐའི་ཛུང་(༨༦.ན)སྤུན་གཉིས་ཀྱིས། རྒྱལ་ས་བཟུང་པའི་རྗེས་ལ། སིའུ་རྒྱལ་པོ་བྱུང་ཞེས་པ་དང༌། སིའུ་རྒྱལ་པོ་ནས། མི་ཉག་རྒྱལ་པོ་བཅུ་གཉིས་བྱུང༌། ལོ་ནི་བརྒྱ་དྲུག་ཅུར་སྲིད་བཟུང༌། དེ་ནས་ཧོར་ལ། རྒྱལ་ས་ཤོར་པ་ཡིན་ཞེས་པའང༌། གཏམ་རྒྱུད་འགའ་རེ་ན་གནང་ངོ༌། །མི་ཉག་རྒྱལ་རབས་འདི་བྲིས་དགེ་བ་ཡིས། །མི་ཡི་འགྲོ་རྣམས་འཁོར་བའི་གཡུལ་ངོ་ལས། །མི་འཇིགས་དཔའ་བོ་ཐོབ་ཅིང་འགྲོ་ཀུན་གྱི། །མི་འགྱུར་རྡོ་རྗེའི་གོ་འཕངས་མྱུར་ཐོབ་ཤོག །མངྒ་ལཾ། བྷ་ཝནྡུ།།
བོད་ཀྱི་རྒྱལ་རབས།
ཆོས་རྒྱལ་བོད་ཀྱི་རྒྱལ་རབས་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡ། ཐུགས་རྗེས་འགྲོ་བའི་སྡུག་བསྔལ་ཆེན་པོ་རྣམས། །ཐུགས་རྗེའི་སྤྱན་གྱིས་རས་སུ་མ་ནོར་བར། །ཐུགས་རྗེ་དང་ལྡན་རྒྱུན་དུ་གཟིགས་པ་ཡིས། །ཐུགས་རྗེའི་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །དེ་དག་ཞིང་མཆོག་བོད་ཡུལ་གངས་ཅན་འདིར། དེ་ཡི་(༨༦.བ)སྤྲུལ་པས་མི་ཡི་འགྲོ་བ་སྤེལ། །དེ་རྣམས་མགོན་དུ་ཤཱཀྱའི་རྒྱལ་རྒྱུད་བྱོན། །དེ་དང་དེའི་རྒྱུ་མཚན་འདི་ལྟར་རོ། །དེའང་བོད་ཀྱི་རྒྱལ་རྒྱུད་འདི་ཉིད་ཀྱང༌། རྗེ་མང་པོས་བཀུར་བ་ལས། སེལ་མ་ཞུགས་པར་འདོད་དེ། དེ་ནི་ཤཱཀྱ་ཆེན་པོ་དང༌། ཤཱཀྱའི་རི་བྲག་པ། ཤཱཀྱ་ལི་ཙ་བྱི་གསུམ་ལས། རི་བྲག་པ་ནི། འཕགས་རྒྱལ་གྱི་ཡུལ་ན་གནས་ཏེ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་མཐའ་ཡས་ཞེས་པ་ལ། བུ་རྒྱལ་པོ་གཏུམ་པོ་རབ་སྣང༌། དེ་ནི་བཅོན་ལྡན་འདས་དང༌། ཞག་དུས་མཉམ་དུ་འཁྲུངས་པར་བྱེད་ལ། དེའི་བུ་རྒྱུད། རྒྱལ་པོ་སྐྱབས་སེང༌། དེའི་བུ། བོད་ཀྱི་རྗེར་གྱུར་པ་ནི། སྔོན་གྱི་ཡིག་ཚང་རྣམས་ལས། འདི་ལྟར་སྣང་སྟེ། དང་པོར་བོད་ཡུལ་འདིར་མི་མེད། མི་མ་ཡིན་དུ་མས་གང་པ་ལ། སྲིད་པ་ཆའི་མཁན་རྗེས་དབང་བྱས། དེ་ནས། རྨུ་རྗེ་བཙན་པོ། བདུད་མོ་མ་ཏྲ་རུ་ཏྲ། སྲིན་(༨༧.ན)པོ་ཡཀྵ་དེ་བ། ཀླུ་རྒྱལ་གང་པ་རྣམས་ཀྱིས་དབང་བྱས་སོ། །དེ་སྐབས་ན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་འོག་དཔག་ཏུ་མེད་པ་བཞུགས་འཁོར་ན། བྱང་སེམས་རྣམས་ཀྱི་མཆོག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པ་ལ། རྒྱལ་བ་འོད་དཔག་མེད་ཀྱི་བཀའ་སྩལ་པ། ཤར་ཕྱོགས་མི་མཇེད་ཀྱི་འཇིག་རྟེ། འཛམ་བུའི་གླིང་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་གཅིག་བཞུགས་པ་ལས། ཁོང་མྱ་ངན་ལས་འདས་བར་བཞེད་དེ། བོད་ཁ་བ་ཅན་གྱིས་རྒྱལ་ཁམས་ཀྱི་སེམས་ཅན་རྣམས་ལ། སྔར་ཆོས་ཀྱི་འཁོར་ལོ་སྐོར་བ་མ་གྲུབ་པས། དེ་བཞིན་གཤེགས་པ་དེའི་དགོངས་པ་མ་རྫོགས་པར་སྣང་བས། ཁྱོད་སོང་ལ། གསོལ་བ་ཐོབ་ཅིག་གསུངས་པ་ལྟར་འཕགས་པ་བྱོན་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། བོད་ཁ་བ་ཅན་གྱི་སེམས་ཅན་ལ། ཆོས་ཀྱི་འཁོར་ལོ་(༨༧.བ)བསྐོར་དུ་གསོལ། དེ་ལྟར་མཛད་ནས། ཁྱེད་ཀྱི་དགོངས་པ་ཡོངས་སུ་རྫོགས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས། རིགས་ཀྱི་བུ། ཁ་བ་ཅན་གྱི་སེམས་ཅན་འདི་དག ཤིན་ཏུ་གདུལ་དཀའ་སྟེ། ད་དུང་སྨིན་པར་མ་ནུས་པས། མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའ་ཁྱེད་ལྟ་བུས་འདུལ་བར་གྱུར་ཅིག ཅེས་བཀའ་སྩལ་པ་དང༌། འཕགས་པ་དེ་མ་ཐག་ཏུ། བདེ་བ་ཅན་དུ་འོངས་ནས། རྒྱལ་བ་འོད་དཔག་མེད་ལ། དེ་བཞིན་གསུངས་པ་རྣམས་ཞུས་པས། རིགས་ཀྱི་བུ། དེ་ལྟར་ན། ཁ་བ་ཅན་གྱི་སེམས་ཅན་མ་རུང་པ་རྣམས། བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུས་ལ། མཐར་བདེ་བ་ཅན་གྱི་ཞིང་འདིར། ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་དེས། མི་མཇེད་འཇིག་རྟེན་གྱི་ཁམས། (༨༨.ན)འཛམ་བུ་གླིང་དུ་བྱོན། རི་པོ་ཏ་ལའི་རྩེ་ནས། ཞལ་བྱང་ལ་གཟིགས་ཏེ། ཁ་བ་ཅན་གྱི་སེམས་ཅན་རྣམས་འདྲེན་པས་དགོངས་ནས། ཉིན་མཚན་དུས་དྲུག་ཏུ་གཟིགས་པས། ཁ་བ་ཅན་འདི་ནི་འཛམ་བུ་གླིང་ལ། ཡུལ་གྲངས་ཆེན་པོ་ལྔའམ། དགུ་ཡོད་པའི་ངན་ཤོས་སུ་འདུག་ཅིང༌། སངས་རྒྱས་ཀྱིས་ཞབས་ཀྱིས་མ་བཅག གསུང་གི་འོད་ཟེར་ཡང་མ་ཁྱབ། བསྟན་པ་ཡང་མེད། གདུལ་བྱར་མ་གྱུར་པ། མུན་པ་མུན་ནག་ལྟ་བུར་འདུག་ལ། སྟོང་(སྟོད)ཁམས་གསུམ་ནི། གངས་དང་གཡའི་ར་བ། རྫིང་དང་འདྲ་བ་ན། ཤ་རྒོ་རི་དྭགས་ཀྱི་དབང་བྱས། བར་ཁམས་གསུམ་ནི། བྲག་དང་སྤང་གི་གཤིང༌། ཡུར་བ་དང་འདྲ་སྟེ། སྤྲེའུ་དང༌། བྲག་སྲིན་མོས་དབང་བྱས། སྨད་ཁམས་གསུམ་ནི། ན་དང་ནགས་ཀྱི་ལྗོངས། ཞིང་དང་འདྲ་བ་ནི། གླང་པོ་ཆེ་དང༌། འདབ་ཆགས་ལ་སོགས་ཀྱིས་དབང་བྱས་ནས། མིའི་འགྲོ་བ་མེད་ཅིང༌། གདུལ་(༨༨.བ)བའི་སྐབས་མ་རྙེད་པ་དང༌། ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་སྣོད་དུ་མ་གྱུར་པ་དེ་རྣམས་འདུལ་བ་ལ། ཐོག་མར། མི་རུ་བསྒྱུར་བའི་སྤྲུལ་པ་བཏང་དགོས་པར་འདུག་དགོངས་ནས། སྤྲེའུའི་གྱད་ཧ་ལུ་མནྡ་ཞེས་པ་དེ། འཕགས་པའི་དྲུང་དུ་བྱུང་པ་ལ། ཁྱོད་ཀྱིས་ཁ་བ་ཅན་དུ་སྒོམ་ནུས་བསམ་གསུངས་པས། ནུས་ཟེར་བ་ལ། དགེ་བསྙེན་གྱི་ཁྲིམས་ལྔ་ཕོགས། མི་སྡུག་པ་བསྒོམ་པའི་ཆོས་བསླབས་བཏང་ནས། སྤྲེའུ་དེས། ཁ་བ་ཅན་གྱི་ཡུལ་གྱི་དབུས་བྲག་ཆེན་གྱི་རྩེ་ལ་བསྒོམ་པས། དེའི་དྲུང་དུ། བྲག་སྲིན་མོ་གཅིག་ཉིན་རེ་བཞིན་བྱུང་ནས། མི་ཚངས་པ་སྤྱོད་འདོད་པའི་རྣམ་འགྱུར་སྣ་ཚོགས་དང༌། དེའི་དྲུང་དུ་སྲོག་གཏོང་སའི་ཚུལ་སྟོན་གྱི་འདུག་པས། སྤྲེའུས་སྙིང་རྗེས་ནི་མ་བཟོད། སྡོམ་པ་ལས་འགལ་ནི་མ་བཟོད་(ཉི་མ་བདུན་གྱི་བར་བྲག་སྲིན་མོར་བྱས། བརྒྱད་པ་ལ་བུད་མེད་མཛེས་མར་སྤྲུལ་བྱུང་(༨༩.༢)ཟེར་བའང་གྲགས)པར། འཕགས་པའི་དྲུང་དུ་ཕྱིན། རྒྱུ་མཚན་ཞུས་པས། འཕགས་པ་དང༌། སྒྲོལ་མས་སྣང་(གནང་)བ་བྱིན་ནས། སྤྲེའུ་དང༌། བྲག་སྲིན་མོ་འདོད་པ་སྤྱད་པ་ལ། ཟླ་དགུ་བོ་བཅུ་ན། ཕ་མ་མི་འདྲ་སྤུ་དང༌། མཇུག་མ་མེད་པ་གཅིག་སྐྱེས་པ(འགྲོ་བ་རིགས་དྲུག་ནས་ཚེ་འཕོས་པའི་བུ་དྲུག་སྐྱེས་ཤིང༌། རིགས་སོ་སོའི་བག་ཆགས་ཅན་བྱུང་ཟེར་བས་བྱས་འདུག)། དེ་ནི། ཤ་དམར་པོ་དང༌། ཁྲག་དྲོན་མོ་ལ་རབ་ཏུ་དགའ་པ་ཞིག་གོ །དེ་ནགས་མ་བྱ་ཚོགས་ཅན་དུ། སྤྲེའུའི་ཁྱུར། ཕས་སྐྱལ་བས། སྤྲེའུ་མོ་རྣམས་དང་འགྲོགས་ནས། ལོ་གཅིག་ལ་དེ་འདྲ་བའི་ཕྲུག་གུ་བཞི་བརྒྱར་འཕེལ་ལོ། །དེ་རྣམས་ཀྱང་ཕའི་རིགས་ཤས་ཆེ་བ་ནི། དད་པ་དང་ཤེས་རབ། སྙིང་རྗེ་དང་བརྩོན་འགྲུས་ཆེ་བ། ཆོས་དང་དགེ་ལས་ལ་མོས་པས། བློ་གྲོས་རྒྱ་ཆེན་པོ་དང་ལྡན་པ་རྣམས་ནི། བྱང་ཆུབ་སེམས་དཔའ་བློ་ཆེན་གྱི་རིགས་ཞེས་བྱའོ། །མིའི་རིགས་ཤས་ཆེ་བ་ནི། ཤ་ཁྲག་(༨༩.བ)ལ་དགའ་བ། ཚོང་ཁེ་སོགས་སེམས་པ། བདག་འཛིན་དང༌། ཆགས་པ་དང༌། སྐད་ཆེ་བ། ངོ་མི་རྟག་པ། གཞན་གྱི་སྐྱོན་འདོན་པ་ལ་དགའ་བ། མོས་གུས་དང་དད་པ་ཆུང་བ། བྱ་བྱེད་མང་བ། མིག་མི་ལ་མི་ཆགས་པ༌། གདོང་དམར་ཤ་ཟན་གྱི་རིགས་ཤ་སྟག་བྱུང་ངོ༌། །རིགས་རྒྱུད་དེ་རྣམས་འཕེལ་བའི་ཆེད་དུ། འཕགས་པས་འབྲུ་སྣ་ལྔ་དང༌། གསེར་ལ་སོགས། རིན་པོ་ཆེ་སྣ་ཚོགས་ཁ་བ་ཅན་གྱི་ཕྱོགས་ལ་གཏོར། བྱིན་གྱིས་རླབས། དེ་ལ་ལོངས་སྤྱད་པས། སྤྲེའུ་ཕྲུག་མིར་གྱུར་པ་རྣམས་ཇེ་མང་ལ་སོང་ནས་(སྤྲེའུ་ཕྲུག་རྣམས་ཀྱི་གསེབ་ཏུ་འཕགས་པའི་སྤྲུལ་པ་ཁྱེའུ་ཆུང་གཅིག་གཏང་ནས། ཆོས་ལ་བསྐུལ་བས། སྤྲེའུ་ཕྲུག་རྣམས་ཀྱང་མིའི་ལུས་སུ་གྱུར། ཟེར་བའང་གྲགས་འདུག)འབྲུ་ལ་མ་འཆམ་པར་ཚོ་བཞིར་བགོ་བས། སེ་དང༌། རྨུ་དང༌། སྟོང་དང༌། ལྡོང་དང་བཞི་ལ་མི་བུ་རུས་བཞི་ཟེར། བོད་མི་ཕལ་ཆེ་བ། རུས་ཆེན་བཞི་(༩༠.ན)པོ་འདི་ལས་གྱེད་པར་བྱེད་དོ། །སོན་ཁམས་པ་ལ་སོགས། བོད་ཡུལ་དུ། རུས་ཚན་ལ་ལྔ་བ། དབྲ་བྲུ་སྡོང་གསུམ་ལྒ་དང་བཞི། །ནུ་བོ་དབས་རྟ(བརྡའ)གཉིས་དང་དྲུག །བོད་ཀྱི་མིའུ་རུས་དྲུག་ཡིན། ཟེར་བར་འདུག་ནའང༌། བོད་འདིར། འཕགས་པའི་ཐུགས་རྗེས་བསྐུལ་ནས། སྤྲེའུ་དང༌། བྲག་སྲིན་མ་མ་འགྲོགས་གོང་དུ། མིའི་འགྲོ་བ་མ་བྱུང་འདུག་པ་དང༌། མིའུ་རུས་དྲུག་པོའང༌། གོང་གི་རུས་ཆེན་བཞི་ལས་ཆད་པ་ཡིན་པའི་དོན། སེ་ཁྱུང་དབྲ་བྱ་བ་དང༌། མུ་ཚ་ལྒའི་བུ་རྒྱུད་ཟེར་བ་ལ་སོགས་བཤད་འདུག་པས། མཚོན་པའི་ཕྱིར་རོ། །ཡང་གཏམ་རྒྱུད་གཅིག་ན། སྔོན་རྒྱ་གར་དུ། རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ། དགྲ་ངན་བྱ་བ། སྤུན་བརྒྱ། དཔུང་ཚོགས་དང་བཅས་པ། རྒྱལ་པོ་སྐྱབས་སེང་གི་བུ། གཡུལ་དོར་བརྟན་པ། སྤུན་གྱི། ཕལ་ཆེ་བ་བསད། གཡུལ་ཤིན་ཏུ་འཕམ(ཕམ)པར་གྱུར་པའི་(༩༠.བ)དུས་སུ། དགྲ་ངན་གྱི་འཁོར་དཔུང་ཚོགས་གཅིག་ན་རེ། རང་གི་ཇོ་བོ་གསོད་མཁན་གྱི་འབངས་བྱེད་པ་ལས། ཤི་བ་ཡང་དྲག ངེད་རང་རྣམས་གངས་ཧྲག(དྲག)ཏུ་འདེངས་སོ་ཟེར་ནས་བྲོས་པས། བོད་ཡུལ་དུ་སླེབ་པ་དེ་རྣམས་མིའི་སྔ་ཤོས་ཡིན་ཅིང༌། དེ་རྣམས་དེ་ལས་ཆད་པས། ཕྱི་ཐག་རིང་ཞིང༌། གཞུང་བཟང་བའི་རྒྱུ་མཚན་དེ་སྐད་དུ་དུ་ཟེར་བའང་འདུག་ནའང༌། སྔོན་ལ་བོད་ཀྱི་ས་ཆ་གར་ཆགས། རིགས་རྒྱུད་མི་རྒྱུད་འདི་ཡིན་གྱི་གསལ་ཆ་མ་འདུག་པས། བོད་མི་དང༌། རུས་མིང་ལ་སྔ་བ། གོང་གི་རུས་ཆེན་བཞི་པོ་ཁ་ཡིན་པར་ངེས་སོ། །བོད་མིའི་ཁམས་རིགས་འབྱེད་ན། མིའུ་རིགས་བཞི་བྱ་བ་ཡོད་པ་ནི། ཡེ་སངས་དཀར་བོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་འོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུང་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིའོ། །སྤྲེའུ་ཕྲུག་མིར་གྱུར་(༩༡.ན)པ་དེ་རྣམས། མང་དུ་འཕེལ་ནས། བོད་ལ་དབང་བྱས་ཏེ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས། རིམ་པར་དབང་བྱས་སྐད་དོ། །མི་རྗེ་ལྷས་མཛད་པ་ནི། གོང་བཞིན་རྒྱ་གར་དུ། རྒྱལ་པོ་སྐྱབས་སེང་གི་བུ་ལྔའི་བར་པ་དེ། མིག་བྱ་ལྟར་མས་འགེབ་པ། གཡུའི་སྨིན་མ་ཡོད་པ། སོར་མོ་དྲ་བས་འབྲེལ་བ། སོ་དུང་སོ་འཁོར་བར་ཡོད་པ་གཅིག་སྐྱེས་པས། རྒྱལ་པོ་ན་རེ། སོ་དུང་སོ་འཁོར་བར་ཡོད་པ་གཅིག་སྐྱེས་པས། རྒྱལ་པོ་ན་རེ། ལྟས་ངན་དུ་འདུག་པས་སོད་ཅིག་གསུངས་པ་ལ། བློན་པོ་རྣམས་ཀྱི་མཚོན་གྱིས་གསོད་མ་ཕོད་པར། ཟངས་ཀྱི་གའུ་ཁ་སྦྱོར་ནང་དུ་བཅུག་གཟེར་གྱིས་བསྡམས་ནས། ཆུ་བོ་གངྒཱ་ལ་སྐྱུར་རོ། །དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཞིང་པ་རྒན་མགོན་གྱིས་རྙེད་ནས་ནགས་ཁྲོད་དབེན་པར་སོས་པས། བྱ་དང་གཅན་གཟན། རི་དྭགས་རྣམས་ཀྱི་ཟས་བསྐོམ་བསྐྱལ། བརྩེས་གྲོགས་བྱས། ལྗོན་ཤིང་དང་མེ་ཏོག་རྣམས་ཀྱང་དེ་ལ་འདུད(༩༡.བ)པར་བྱེད་དོ། །དེར་རིང་ཞིག་ལོན་པ་དང༌། རྒྱལ་བུ་དེ་ན་རེ། ང་ལ་འཁོར་ངན་པ་འདི་ལྟ་བུ་ཅི་ཡིན། ངའི་ཕ་མ་སུ་ཡིན་ཟེར་བ་ལ། ཁྱོད་ཕས་ལྟས་ངན་དུ་བྱས་ནས། ཆུ་ལ་བོར་བ་ངེད་ཀྱི་རྙེད་པ་སོགས་ཀྱི་གཏམ་བཤད་པས། གངས་དྲག་ཏུ་བྲོས་པ། ལྷ་རི་གྱང་མཐོའི་མཁར་(ཁར)བྱུང༌། དེ་ནས་རིམ་གྱིས་འཆུག་ནས། ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་དབུས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལ་ཤམ་པོ་མཐོང་ནས་དེར་བྱོན། ཐུབ་པ་འཁྲུངས་ནས་ལོ་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་རྩ་དྲུག་སོང་པའི་ཆུ་ཕོ་ཁྱི་ལོ་ལ། ལྷ་རི་གོང་པོའི་རིའི་རྩེར་ཕེབས། རྨུ་སྐད་(སྐས)ལ་བབས་ཏེ། རྩན་ཐང་སྒོ་བཞིར་བྱོན་པ། ཡ་གམ་ལྷ་སྲས་ཐོག་ལྷ་དབོན་པོ་ལ་སོགས་པ། ཤེས་པ་ཅན་གྱི་བུ་ཚ་བཅུ་གཉིས། ཕྱུགས་སྐྱོང་གི་ཡོད་པ་དང་མཇལ། དེ་རྣམས་ཀྱིས་ཁྱོད་སུ་ཡིན་བྱས་པས། བཙན་པོ་ཟེར། གང་ནས་ཡོང་བྱས་པས། (༩༢.ན)གནམ་ལ་འཛུབ་མོ་སྒྲེང༌། དེའི་སྐད་མ་གོ་ཡང༌། འདི་ནི་ངོ་མཚར་ཅན་ཅིག་འདུག་པས། ངེས་པར་གནམ་ནས་བྱོན་པའི་བཙན་པོ་ཅིག་ཡིན་པར་འདུག འོ་ཅག་གི་ཇོ་བོ་བྱའོ་ཟེར་ནས། ཤིང་གི་ཁྲི་ལ་བཞག་གཉའ་བར་ཁུར་ནས་ཁྱིམ་དུ་ཕྱིན་པས། མིང་ཡང་གཉའ་ཁྲི་བཙན་པོར་གྲགས་སོ། །དེར་ཕྱུགས་རྫི་དེ་རྣམས་ཀྱིས། རྗེའི་བཞུགས་ས་ལ། ཕོ་བྲང་ཡུམ་ཕུ་བླ་མཁར་བརྩིགས་ཏེ་ཕུལ་བས། ཕོ་བྲང་གིསྔ་ཤོས་དེ་ཡིན་ནོ། །རྒྱལ་པོ་འདི་ལ། རྒྱ་གར་ནས་བྱོན་ལུགས་མི་འདྲ་བ་འགའ་གནང་ཞིང༌། བོན་པོ་རྣམས་ནས་རྨུ་ཐག་དང༌། རྐྱང་ཐག་ལ་བྱོན་ནོ་ཟེར་ནའང༌། གཉའ་ཁྲི་བཙན་པོར་ཐམས་ཅད་མཐུན་ནོ། །བོད་ཀྱི་རྒྱལ་པོ་ལ་སྔ་བ་འདི་ཉིད་ཡིན་ནོ། །དེས་གསུམ་(སུམ་)པའི་བོན་པོ། ཨ་(ལོང་ཡོང་)རྒྱལ་བཏུལ་ལོ། །དེའི་སྲས། མུ་ཁྲི་བཙན་པོ། དེ་ནས་བུ་རྒྱུད་རིམ་པ་བཞིན། དེང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། ད་ཁྲི་བཙན་པོ། (༩༢.བ)དྷག་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་དང་བདུན་ལ། གནམ་གྱི་ཁྲི་བདུན་ཟེར། དེ་ཡན་ལ་འོད་ཀྱི་ལྷ་ཐག་ཡོད་པས། སྲས་ཀྱི་ཆིབས་ཁ་ཐུབ་པ་དང༌། ཡབ་འོད་ཀྱི་ནམ་མཁའ་ལ་འབྱོན་པས། ལྷ་ལུས་རོ་མེད་འཇའ་ལྟར་ཡལ་ཅེས་སོ། །སྲིབས་ཁྲིའི་སྲས། གྲི་གུམ་བཙན་པོ་འཁྲུངས་དུས། ཨ་ཕྱི་བརྟགས་ཀྱི་ལྷ་མོ་དཀར་མོ་ལ། སྲས་ཀྱི་མཚན་ཅིག་གསོལ་དྲིས་པས། ཨ་ཕྱི་རྒས་པས། དབང་པོ་མི་གསལ་བར་བརྡ་དོན་མ་གོ་བ་ལ་བརྟེན་ནས། མིང་གྲི་གུམ་བཙན་པོར་བཏགས་སོ། །དེ་ལ་སྲས། ཤ་ཁྲི། བྱ་ཁྲི། ཉ་ཁྲི་གསུམ་འཁྲུངས། དེ་གོང་བོད་རང་ལ། གྲིའི་བརྡ་ཆད་མེད་པ་ལ། རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ། ཕུལ་ཟིན་དུ་བྱ་བའི་ས་ངན་དུ། མི་ཟིམ་བུ་སྤུན་དགུས་བརྡུང་པའི་གྲི། བོད་རལ་དགུ་ཟི་བྱ་བ་བྱུང༌། སྤུན་དགུའི་སློབ་མ་ཁ་དགུར་གྱེས། བོད་རལ་གྲི་མང་པོ་དེ་ལྟར་སྣང༌། (རྒྱལ་པོ་དེའི་རིང་(༩༣.ན)ལ། མུ་སྟེགས་ཤིང་གྲོས་པ་དང༌། སྲོག་ཟན་པ། དིག་སྐད་པ་བྱ་བ་གསུམ་བྱུང་བ་ལ། མཆོད་གནས་བཅོལ་ནས། རྒྱལ་སྲིད་ཀྱང་མཉམ་ཞིང༌། བོད་མྱ་ངན་མནོན་པོ་བྱེད་པ་དང༌། བྱིས་པའི་རིགས་ཀྱི་དགེ་རྩ་མི་ཐོབ་ཟེར་བ་འདི། དེ་པའི་ལྟ་སྤྱོད་རྒྱུན་འཇགས་པར་བྱེད་དོ) །དུས་དེར་རྒྱལ་པོས། འབངས་ལོ་ངམ་རྟས་རྫི་བྱ་བ་ལ་ཁྱོད་ཀྱིས། ངའི་འཐབ་ཟླ་བྱེད་དགོས་ཟེར། ཐུགས་ལ་གདོན་གསོལ་བའི། གསུང་སྣ་ཚོགས་བྱུང་བ་ལ། ཞུ་བ་ཕུལ་ཀྱང་མ་མོ་(མོས)བར། ཉང་རོང་རྩིབས་ཀྱི་ཐལ་ལ་ཚལ་དུ། རྗེ་འབངས་འཐབ་པས། ལོ་ངམ་རྟེན་འབྲེལ་ལ་མཁས་པས། རྒྱལ་པོ་རང་གིས་རལ་གྲིའི་རབ། དགུ་ཟི་གླང་པོ་རྣ་བྱ་བ་དེ། ཀླད་པ་བསྐོར་གིན་རྟ་རྒྱུགས་པས། ལྷའི་རྨུ་ཐག་ཆད། ལྷ་ཉམས་པས། འབངས་ཀྱིས་ཀྲོངས། སྤུར་དེ་ཟངས་ཀྱི་གའུར་བཅུག་ནས། ལྕི་མདའ་ཟམ་ཁ་ནས། ཉང་ཆུ་མོ་ལ་བསྐུར་བཏང་བས། རྒྱང་མཁར་མཚོ་ཁུག་ཏུ་དགུང་ཞག་བདུན་ཆགས་ཀྱང་འཛིན་མཁན་མེད། ཚོང་དུས་མགུར་མོའི་ཐད་དུ། དགུང་ཐག་བཅུ་(༩༣.བ)གསུམ་ཆགས་ཀྱང་འཛིན་མཁན་མེད། རྐོང་ཆུ་རླག་ཐུབ་ཁྱེར་བ་ཆུ་སྲིན་རྡོ་རྗེ་རི་མོའི་བྲན་མོ། ཀླུ་སྲིན་བྱེ་མ་ལག་རིང་གིས། ཆུ་ལ་ཉ་ཤོར་ཕྱིན་པས། གའུ་རྙེད་པ་རྗེ་མོ་ལ་ཕུལ། བང་མཛོད་དུ་སྦས་སོ། །དེ་ལ། སྟོད་ཀྱི་སྟེངས་(སྟེང་)ཟེར་རོ། །ཡབ་དཀྲོངས་པ་དང༌། སྲས་གསུམ་པོས། ཡབ་མེས་ཀྱི་བང་མཛོད་ན། ལྷ་གླ་རུ་དཀར་བྱ་བའི། གླང་འཕུར་ཤེས་གཅིག་ཡོད་པ་དེ་ལ་ཞོན་ནས། རྐོང་ཡུལ་ལ་བྲོས་སོ། །དེ་རྣམས་ཀྱི་མ་ལ། ལོ་ངམ་གྱི་རྟ་གཡོག་བཅོལ། ལྷ་གཅིག་ཡོད་པ་ལ་ཆུང་མར་བྱས། ཕོ་བྲང་ཤམ་དུ་རྩེ་དགུས་མགོ་བྱས་རྒྱལ་སྲིད་ཐམས་ཅད། ལོ་ངམ་རྟ་རྫིས་བཟུང་ངོ༌། །མ་དེས། རྟ་འཚོ་རུ་ཕྱིན་པའི་ཉིན་གཅིག གཉིད་སོང་བའི་རྨི་ལམ་ན། མི་དཀར་པོ་གཅིག་དང་བཤོས་པ་རྨིས། གཉིད་སད་པ་དང་སྔས་ཁ་ནས་གཡག་དཀར་པོ་གཅིག་ལང་སོང༌། ཟླ་བ་བརྒྱད་ན། ཁྲག་གི་གོང་པོ་ལག་མགོ་ཙམ་(༩༤.ན)གཅིག་སྐྱེས། དེ་འབོར་ནི་མ་ཕོས་(ཕོད)། གསོ་བ་ལ་ནི་ཁ་མིག་མེད། བསྒུལ་(འགུལ)གྱི་འདུག་པས། འབྲོང་རྭ་གཅིག་ཏུ་བཅུག་རྐང་རྣམས་ཀྱི་ངར་པའི་དྲོས་ལ་རྩོས་པས། ཅི་ཞིག་ཙམ་ན། བུ་ཁྱེའུ་གཅིག་བྱུང༌། དེའི་མིང༌། འཇིང་གི་བུ་རུ་ལས་སྐྱེས་ཀྱི་ངར་བསོས་སོ་བྱ་བར་བཏགས། དེ་ལོ་བཅུ་ལོན་པ་དང༌། ཕ་དང༌། ཕོ་བོ་ལ་སོགས་གང་ན་ཡོད་འདྲི་བ་ལ། མས་སྔར་གྱི་རྒྱུ་མཚན་བཤད་པས། སྤུར་དང༌། སྤུན་ཟླ་འཚོལ་དུ་འགྲོ་ཟེར། ཕྱིན་སྤུར་རྙེད་ཀྱང༌། སློངས་པས་ནི་མ་སྟེར། རྐུས་པས་ནི་མ་ཐོབ། ཉོ་བས་རིན་ཅི་དགོས་བྱས་པས། མིའི་བུ་མོ་བྱ་ལོ་མ། བྱ་མིག་ཡོད་པ། ལོ་བཅུ་དྲུག་ལོན་པ་གཅིག་འདོད་ཟེར་ནས། བཙལ་བཙལ་བས། གཡེའི་གངས་བར། སྤུར་གོང་ནས། ཕ་ཚར་ལ་རེ་ཐེན། མ་སྐྱིད་ལ་རུང་ཞུམ་གྱི་བུ་མོ་དགེའུ་ཡུ་མེ་བྱ་བ། དེ་འདྲ་གཅིག་འདུག་ནས། ཉོ་བར་བྱས་པས། ཕ་ནས་གསེར་མོ་རང་ཙམ་ཅིག་འདོད་ཟེར་(༩༤.བ)། སྤུར་དེ་ལ་འཚལ་གྱི་ཐིག་བརྒྱད་ཅུ་རྒྱག་ཆུག་ཟེར་བ་ཁས་བླངས། བུ་མོ་ཁྱེར། སྤུར་བླུས་སོ། །རྐོང་ཡུལ་སེན་མོ་ཕུག་ཏུ། བང་སོ་སྔོན་མ་གཅིག་རྩིགས་ནའང༌། དེར་མ་བཞུགས། བང་སོ་རྩིགས་པའི་ཐོག་མ་ནི་དེ་ཡིན་ནོ། །དེ་ནས་གཅེན་གསུམ་གདན་འདྲེན་ཕྱིན་པས། གཅེན་ཤ་ཁྲི་ནི། རྐོང་ཡུལ་གྲེ་སྣ་ན་བཞུགས། རྐོང་རྗེ་དཀར་པོར་མཚན་གསོལ་ནས། རྐོང་པོའི་རྗེ་མཛད། གཅུང་ཉ་ཁྲི་ནི། ཉ་བཙུན་རྒྱལ་པོར་མཚན་གསོལ་ནས། དྭགས་པོའི་རྗེ་མཛད་ཀྱི་འདུག་པས། ཁོང་གཉིས་གདན་མ་དྲོངས། བར་པ་བྱ་ཁྲི། སྤོ་བོ་བྲག་ཐོག་ན། སྤོ་དེ་གུང་རྒྱལ་དུ་མཚན་གསོལ། སྤོ་བོའི་རྗེ་མཛད་ཀྱི་འདུག་པས། གདན་དྲངས་ནས། རྒྱལ་ས་བསྐོས། དེ་ཕྱིན་ཆད་ནས། སྤུར་རྒྱལ་བོད་ཀྱི་ཡུལ་བྱ་བ་འདིའང་གྲགས་སོ། །དེ་ནས་སྤུར་དེ་ཡར་ལུངས་སུ་གདན་དྲངས་ནས། བོན་(༩༥.ན)པོ་སྤ་རའི་བུ། ཀྱེ་རྒྱལ་སྨའོ་ཆེས། གྲི་བཏུལ་ནས་ལྟས་པས། ལོ་བཅུ་གསུམ་སོང་བའི་སྤུར་ཟངས་དེ་ཁ་ཆེ་བས། སྐད་ངར་ར་ར་ཟེར་བས། ཡུལ་དེའི་མིང་ཡང་ང་ར་ཐང་དུ་བཏགས། དེ་ནས་སྤུར་དེ། འཆོང་རྒྱས་གྲང་མོ་གྲང་ཆུང་གི་ཟོམ་ལ་སྦས་ནས། གནམ་ནས་གསེར་གྱི་ཐིག་གུ་གཅིག་བྱུང་ནས། དེ་ལ་ཐིམ་པས། གནམ་ལ་གསེར་ཐིག་ཏུ་མཚན་ཆགས་སོ། །དེ་ནས་རུ་ལས་སྐྱེས་ཀྱིས། ཉང་ངོ་བཤམ་པོ་མཁར་གྱི་རི་རྩེ་ལ། བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ནས། ལོ་ངས་ཕོ་མོ་ཕྲུག་གུ་ཐམས་ཅད་བསད། བཤམ་པོ་མཁར་གྱི་རྩེ་ཕབ་ནས། སྐུ་མཁར་འཕྱིང་ང་སྟང་རྩེ་རྩིག་པའི་རྨང་རྡོ་ལ་བཅུག ཤེའུ་ཡུལ་ཐམས་ཅད་སྣངས་སུ་བཅད། དེར་རྗེ་སྤུ་དེ་གུང་རྒྱལ་མཉེས་ནས། རུ་ལས་སྐྱེས་ལ། ཁུ་ཁུ་ལྷ་བུ་སྨོན་བཟང་བྱ་བའི་མིང་བཏགས། ཡབ་གྲི་གུམ་བཙན་པོའི་རིང་ལ། ཞང་ཞུང་དང༌། བྲུ་ཞྭའི་བོན་པོས། གཤིན་གྱི་འདུར་བོན་(༩༥.བ)བྱུང་ངོ༌། །སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ། སྦྲུང་དང༌། འདེབས་བྱུང་ཞིང༌། གནམ་བོན་གཤེན་པོ་ཆེ་བྱ་བ་བྱུང༌། བློན་རུ་ལས་སྐྱེས་དང༌། དེའི་བུ་ལྷའུ་མགོ་དཀར་གྱིས་བློན་པོ་བྱས་པའི་རིང་ལ། འབྲོང་ཐུལ་དུ་སྡེབས། ཆུ་ཡུར་བར་བཅུག སྤང་ཞིང་དུ་རྨོས། སོལ་བས་རྡོ་ཞུ། གསེར། དངུལ། ཟངས་ལྕགས་སྟོན། ཆུ་ལ་ཟམ་པ་བཙུགས་སོ། །རྒྱལ་པོའི་སྤུར་གཡའ་ལ་སྐྱལ། སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་སོ། །སྤུ་དེ་གུང་རྒྱལ་གྱི་སྲས། ཨི་ཤོ་ལེགས་ཏེ། དེ་ནས་བུ་རྒྱུད་རིམ་པ་བཞིན་ནོ། །དེ་ཤོ་ལེགས། ཐེ་ཤོ་ལེགས། གོ་ཏུ་ལེགས། འབྲོམ་ཞེར་ལེགས། ཨ་ཤོ་ལེགས་རྣམས་ལ། སའི་ལེགས་དྲུག་ཟེར་རོ། །ལེགས་དྲུག་བང་སོ་གཡའ་སྤང་འཚམས་སུ་བཏབ། ཨ་ཤོ་ལེགས་ཀྱི་སྲས། ཟ་ནམ་ཟི་ལྡེ། དེ་ནས་བུ་རྒྱུད་རིམ་པ་བཞིན། ལྡེ་འཕྲུལ་ནམ་གཞུང་(༩༦.ན)ཅན། སྣོལ་ཅན་ལྡེ། སྣོལ་བོ་སྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན། རྣམས་ལ་བར་གྱི་ལྡེ་བརྒྱད་དོ། །ལྡེ་བརྒྱད་དབང་པོ་ཆུ་བོའི་གཞུང་ལ་བཏབ། ལྡེ་སྤྲིན་བཙན་གྱི་སྲས། རྒྱལ་ཏོ་རེ་ལོང་བཙན། འདིའི་རིང་ལ། མཐོན་མོ་འབྲིང་པོ་རྒྱལ་དང༌། སྣུབས་རྨོན་དོ་རེ། འདར་གྱི་བུ་སྟོང་དར་རྗེ་རྣམས་ཀྱིས་བློན་པོ་བྱས་སོ། །འདི་ཡན་ཆོད་ཀྱི། རྒྱལ་པོ་རྣམས་ཀྱིས། ལྷ་ཀླུའི་བུ་མོ་དང་བཤོས་ཏེ། བཙུན་མོ་བརྟེན་དགོངས་པ་ལ་མ་འཚལ་ཟེར་ནས། ས་ལ་རོ་མ་བྱུང་སྐད་དོ། །དེ་རྟིང་ནས། འབངས་དང་གཉེན་སྟེབས་པ་སྟེ། རྒྱལ་ཏོ་རེ་ལོང་བཙན་ནས། བུ་རྒྱུད་རིམ་པ་བཞིན། རྗེ་ཁྲི་བཙན་ནས། བློན་པོ། སྣུབས་གཉན་ཏོ་རེ་རྩུག་ལོ་དང༌། སྟབས་ཁྲི་བཟུང་མོན་ཁེང་གིས་བྱས་སོ། །རྗེ་ཁྲི་སྒྲ་སྤུངས་བཙན། བློན་མགར་ཁྲི་སྒྲ་ཇི་ཐུན་དང༌། མཐོན་མི་ཀླུ་མངས་དྲང་པོས་བྱས། རྗེ་ཁྲི་ཐོག་རྗེ་ཐོག་(༩༦.བ)བཙན། བློན་མགར་བཙན་གཉའ་ལྡོམ་བུ་དང༌། སྣུབས་སྐྱས་ཐོག་རྗེ་ལོ་བཙན་གྱིས་བྱས་སོ། །དེ་ཡན། མི་རྗེ་ལྷས་མཛད་ནས། གདུང་རབས། ཉི་ཤུ་རྩ་བདུན་གྱི་བར་ལ། ཆབ་སྲིད་དང༌། སྒྲུང་དང༌། ལྡེབས་དང༌། བོན་གསུམ་གྱིས་བསྐྱངས་ཟེར་རོ། །ཁྲི་ཐོག་རྗེ་ཐོག་བཙན་དང༌། བཙུན་མོ་རུ་ཡོངས་གཟའ་སྟོང་རྒྱ་མཚོའི་སྲས། ལྷ་མཐོ་དོ་རིའི་གཉེན་རྩ་སྟེ། བོད་རྒྱལ་གཉའ་ཁྲི་བཙན་པོ་བྱོན་ནས། ལོ་དགུ་བརྒྱ་དྲུག་ཅུ་རྩ་དྲུག་སོང་བའི། མེ་མོ་ཡོས་ལ་འཁྲུངས་སོ། །དེ་རྣམས་ལ་བཙན་ལྔ་ཟེར་རོ། །རྗེ་དེའི་བློན་པོ། ཁྲི་ཐོག་རྗེ་གཙུག་དང༌། སྦྲང་ཁྱི་གཟུང་ལན་པས་བྱས་སོ། །རྒྱལ་པོ་དེའི་སྐུ་རིང་ལ། ཕོ་བྲང་ཡུམ་ཕུ་བླ་མཁར་གྱི་རྩེར། ནམ་མཁའ་ནས། ཟངས་ཀྱི་གའུ་ནང་དུ། སྤང་སྐོང་ཕྱག་བརྒྱ་པ་དང༌། གསེར་གྱི་མཆོད་རྟེན་ཁྲུ་གང་པ། མདོ་སྡེ་ཟ་མ་ཏོག་བཀོད་པ། ཙནྡན་(༩༧.ན)མ་ཎིའི་གཟུངས། མུ་ཏྲའི་ཕྱག་རྒྱ་རྣམས་བྱོན་ཏེ། ད་སྟེ། གདུང་རབས་ལྔ་ནས། འདིའི་དོན་ཤེར་པར་འགྱུར་རོ། །ཞེས་པའི་སྒྲ་གྲགས་(ལོ་དེ་པ་བོད་སྤྲེའུའི་ལོ་ཡིན་པར་བྱེད)སོ། །དེ་ཆོས་ཡིན་པར་མ་ཤེས་ནས། ངོ་མཚར་ཅན་ཞིག་གོ་སྙམ་ནས། ཕོ་བྲང་གི་རྩེར་བཞུགས། གསེར་སྐྱེམས་དང༌། གཡུ་སྔོན་ལ་སོགས་པས་མཆོད་པས། རྒྱལ་པོ་དགུང་ལོ་བརྒྱད་ཅུ་ལ་སེའུ་སྐྱེས། སྐྲ་དཀར་ནག་པོར་གྱུར། གཉེར་མ་མེད་ཅིང༌། སྐུ་གཞོན་ཤ་ཅན་དུ་གྱུར་ཏེ། ལོ་བརྒྱ་དང་ཉི་ཤུ་ཐུབ། རྟེན་དེ་ལ། གཉན་པོ་གསང་བ་ཞེས་པར་མཚན་གསོལ། ངའི་རྒྱུད་འཛིན་རྣམས་ཀྱིས། འདི་ལ་མཆོད་པ་ཕུལ་བས། གསོལ་བ་ཐོབ་ཅིག འདོད་པའི་དོན་ཐམས་ཅད་འབྱུང་བར་འགྱུར་རོ་གསུངས། འདིའི་རིང་ལ། བོད་དུ་དམ་པའི་ཆོས་ཀྱི་དབུ་རྙེད་པ་ཡིན་ཅིང༌། རྒྱལ་པོ་འདི་ནི། འཕགས་པ་ཀུན་ཏུ་བཟང་པོའི་(༩༧.བ)སྤྲུལ་པའོ། །བཙན་ལྔ་མན་ཆད་བང་སོ་ཡུལ་དུ་བཏབ། ཡུལ་གྱི་མིང་ནི་འཕྱིང་ལུང་ང་ར་ཐང༌། བཙན་ལྔའི་ཆད་པ་སང་ཕུང་སྦྲ་འདྲར་ཡོད། ཕུལ་མེད་ཆད་པ་གྲུ་བཞིའི་མི་ཤེས་སྐད། རྗེ་དེའི་སྲས། ཁྲི་གཉན་གཟུང་བཙན། བློན་པོ། སྦས་སྣང་བཞེར་ཟླ་བཙན་དང༌། མགར་ཁྲི་འབྲིང་གིས་བྱས། ཁྲི་གཉའི་ཆད་པ་དོན་མཁར་མདའ་རུ་རྩིགས། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། དེ་རྗེའི་སྲས། འབྲོ་གཉན་ལྡེ་རུ། བློན་པོ། གཉག་ཐང་སྤང་ཡང་རྗེ་དང༌། སྣུབས་ཁྲི་ད་རེ་ཐོང་པོས་བྱས། རྗེའི་སྲས། སྟག་རི་གཉན་གཟིགས་དང༌། ཡབ་སྲས་དེ་གཉིས་ལ། བར་སྟེངས་ཟེར། དེའི་ལོ་རྒྱུས། འབྲོ་གཉན་ལྡེ་རུའི་ཁབ་ཏུ། འཆིམས་བཟའ་ཀླུ་རྒྱང་ངན་བུ་ཞེས་པ། མོའི་ཟས་ལ། རྣམ་རྟོག་ལངས་པའི་སྐྱོན་གྱིས། རྒྱལ་པོ་ལ། ཀླུ་ནད་ཙི་ཚི་ཚ་མ་བྱུང་ནས། ཡབ་ཡུམ་(༨༩.ན)གཉིས། བློན་པོ་གཉག་ཐང་སྤངས་ཡང་རྗེ་དང་གསུམ་ཁང༌། སོན་དུར་ལ་བཞུགས་དགོས་པ་བྱུང༌། སྲས་གཅིག་ཡོད་པ་ནི་རྨུ་ལོང་དུ་གྱུར། ཞལ་ཆེམས། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། བཟང་པོའི་གྲོས་ནི་བདུད་རྩི་ཡིན་པས་ཉོན། ངན་པ་རྣམས་ནི་མེ་དང་འདྲ་བས་སྤོངས། མི་ཆོས་རྟོག་པ་ཡིན་གྱིས། རྣམ་པར་རྟོག་པ་སྐྱུངས། ཁྱོད་ཀྱིས། གཉེན་པོ་གསང་བ་མཆོད། འ་ཞའི་སྨན་པ་བོད་ལ་མིག་ཕྱེ། མིག་མ་བྱུང་ན། སུམ་པའི་ཡུལ་ན་བོན་པོ་གཅིག་གི་ཆུང་མ། རྒྱ་མོ་རྒྱ་ལྕམ་བྱ་བ་དང༌། ང་ནུབ་གཅིག་འགྲོགས་པ་ལ། བུ་སུམ་རི་རོང་པོ་བྱ་བ་ཡོད་པས། དེ་བོས་ལས། གཅེན་ཆོ་པ། རྒྱལ་སར་ཆུག་གསུངས་སོ། །འབྲོ་གཉན་ལྡེ་རུའི་བང་སོ་ཞང་མདར་རྩིགས། དེ་ནས་རྨུ་ལོང་དགོན་པ་བཀྲས། གཉན་པོ་གསང་བ་རྒྱས་པར་མཆོད། འ་ཞའི་སྨན་པ་བོས་ནས་ཕོ་བྲང་ཡུམ་བུའི་(༩༨.བ)རྩེར་མིག་ཕྱེ་བས། ཀྱི་ཤོད་སྟག་མོའི་རིང་ལ། གཉན་རྩ་ཟ་བ་མཐོང༌། དེ་ནས་མཚན་ཡང༌། སྟག་རི་གཉན་གཟིགས་སུ་གསོལ་ནས། རྒྱལ་སར་བཅུག་གོ །མོན་ཁྲི་དོ་རེ་སྣང་བཙན་དང༌། སྣ་ནམ་མང་གཉའ། སྦྲང་ཁྲི་གཟུངས་མན་པ་རྣམས་ཀྱིས་བྱས། ཡབ་སྲས་དེ་ཉིད་ཀྱི་བར་དུ། ཞག་ཉི་ཤུ་རྩ་གཅིག་གདུང་སྟེང་སྐད་དོ། །གཉན་གཟིགས་བང་སོ་དོན་མཁར་མདའ་རུ་རྩིགས། ཏྲལ་ནི་ཁྲི་གཉན་གོང་དངོས་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། རྗེ་དེའི་སྲས། གནམ་རི་སྲོང་བཙན། བློན་པོ་སྦས་སྣང་བཞེར་དང༌། ཚ་སྤོང་ནག་སེར་དང༌། ཉང་རྩེང་དགུ་སྣོན་ཕན་ལྔ་གནམ་རྣམས་ཀྱིས་བྱས། རྒྱལ་པོ་འདིའི་རིང་ལ། རྒྱ་ནག་ནས། ནག་རྩིས་དྲུག་ཅུ་སྐོར་བརྩམ་དང༌། སྨན་དཔྱད། ཟས་སྐོམ་གྱི་ཕན་གནོད་བཤད་པ་ཙམ་བྱུང༌། རྒྱ་(༩༩.ན)གར་ནས། རྟེན་འབྲེལ་བཅུ་གཉིས་དང༌། ཉི་མ་དྲུག་བསྐོར་ཙམ་བྱུང་བ། འདི་རྣམས་བོད་དུ་སྨན་རྩིས་བྱུང་བའི་སྔ་མར་བྱེད་ནའང༌། བོད་ལ་ཡི་གེ་དང༌། སྒྲ་སྐད་བསྒྱུར་ཤེས་པ་མེད་པས། མཁས་སློབ་བརྡ་སྟོན་ཙམ་མ་གཏོགས། དར་རྒྱས་ཆེ་བ་མ་བྱུང་འདུག བོད་རྒྱལ་དེས། རྒྱ་དང༌། གྲུ་གུ་བཏུལ། ཉང་སྦལ་སྣོན་དང་གསུམ་མངའ་འོག་ཏུ་བསྡུས། གྲུ་གུའི་གཡུ་རྙིང༌། དྲེལ་རྒྱབ་བཅོ་བརྒྱད། བོད་དུ་སླེབ་པའང་དེ་དུས་ཡིན་ཟེར་བར་འདུག སྐུ་མཁར་ཁྲིས་རྩིགས་འབུམ་གདུག་བྱ་བ། བ་དམར་མོའི་འོ་མ་རྐྱང་གིས་འཇིམ་པ་སྦྲུས་ནས་རྩིགས་སོ། །རྒྱལ་པོས་རྨུས་ཏེ་ལོང་པ་ཁྲིད་ནས། བྲག་གསུམ་དིང་མ་མཚོའི་འགྲམ་ནས་རྙེད་པའི་རྟ་ཅང་ཤེས་ལ་ཆིབས། སྦྲང་དགའ་བོ་དང༌། རྨུ་སྤུན་རྒྱང་རིང་པོ་བྱ་བའི་གྱད་མི་གཉིས་ཁྲིད། ཕུང་གཡག་ཐལ་ཁ་རུ་རིང་བྱ་བའི་འབྲོང་ན་ལེ་བོང་ཟན་བསད། བྱང་དུ་ཐོད་པའི་ཁར་རྩིགས། (༩༩.བ)ཕྱིར་ལན། འབྲོང་ཤ་རྟ་སྒ་ལ་བཏགས་པ་ལྷུང་པ་ལས་ལན་ཚ་རྙེད་དོ། །དེ་གོང་བོད་ལ་བཏབ་ཚྭ་རེ་ཙམ་མ་གཏོགས། ལན་ཚྭའི་མིང་མེད། དེ་ཕྱིན་ཆད་བྱང་ཚྭ་རེ་ཙམ་ཆུགས་པ་ལ། བོད་དུ་ནས་ཀྱི་དྲུག་ཅུ་སྡེ་འཇལ་བ་བྱུང་ངོ༌། །འདི་ཡི་ཆད་པ་དོན་མཁར་མདའ་རུ་རྩིགས། དེ་ནས་ཕུལ་སྐྱེས་རྩིགས་པས་སོགས་ཁར་ཡོད། གྲལ་ནི་ཁྲི་གཉན་གཟུང་བཙན་གཡོན་ན་ཡོད། རྒྱལ་པོ་གནམ་རི་སྲོང་བཙན་དང༌། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གྱི་སྲས་སྲོང་བཙན་ནི། མེས་ཐོ་ཐོ་རིའི་སྙན་བཙན་འཁྲུངས་རྟིང༌། ལོ་བརྒྱ་དང་དགུ་བཅུ་གོ་གཅིག་སོང་བའི་མེ་མོ་གླང་ལོ་ལ། ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་ནས། ལོ་བཅུ་གསུམ་ན་ཡབ་འདས་ལོ་དེ་ཉིད་ལ་རྒྱལ་པོར་མངའ་གསོལ། རྒྱལ་སྲིད་ལོ་དྲུག་ཅུ་རྩ་དགུར་བཟུང༌། འདི་ནི། འཕགས་པ་སྤྱན་རས་གཟིགས་དངོས་སུ་ཁ་བ་(༡༠༠.ན)ཅན་དུ་བྱོན་ནས། གདུལ་བྱ་སྨིན་པར་བྱ་བའི་ཕྱིར། དམ་པའི་ཆོས་ཀྱི་སྲོལ་གཏོད་པའི་ཚུལ་གྱིས། རྒྱལ་བའི་བསྟན་པ་བཟུང་སྟེ། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་དང༌། དམ་པ་དང་པོའི་རྒྱུད་ལས། ལུང་བསྟན་པ་བཞིན་དུ་ཡིན་ལ། བོད་ཀྱི་རྒྱལ་པོ་ལོ་བཅུ་བཞི་པ་གཅིག་གིས། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་གི་འདུག་ཅེས་པའི་སྙན་གྲགས་ཀྱིས། འཛམ་བུ་གླིང་ཁྱབ་སྟེ། ཕྱོགས་བཞིའི་རྒྱལ་པོས། ནོར་རྫས་ཁྱད་པར་ཅན་གྱི་སྐྱེས་དང༌། ཡི་གེ་བསྐུར་བྱུང་བ། བོད་རྒྱལ་པོ་ལ། སྐྱེས་ལན་བསྐུར་རྒྱུའི་ནོར་ཡོད་ཀྱང༌། ཁ་འཕྲིན་མ་གཏོགས། ཡི་གེ་མེད་པས། བོད་ལའང་ཡི་གེ་གཅིག་ཅི་ནས་ཀྱང་དགོས་པར་འདུག་དགོངས་ནས། འཐོན་མི་ཨ་ནུ་རའི་བུ་སམ་བྷོ་ར་མི་ཆུང་བྱ་བ་དེ། བློ་གསལ་བས། གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་དང༌། ཆོས་སློབ་པ་ལ་བཏང་བས། མཁས་པ་ལི་བྱིན་དང་(༡༠༠.བ)མཇལ་ཏེ། ངས་ཡི་གེའ་ལུགས་མི་འདྲ་བ་དྲུག་ཅུ་རྩ་བཞི་ཤེས་པ། རྒྱ་མཚོའི་འགྲམ་ལ་རྡོ་རིང་ལ་བྲིས་ཡོད་ཟེར། བསྟན་ནས་སློབ་མ་ཁྱོད་ཀྱི་འདི་པ་གང་འདོད་ཟེར་བ་ལ། བོད་ཀྱི་ཡི་གེ་ལུགས་འདི་སླབས། ལོ་ཙཱ་ཡང་མཁས་པར་ཤེས། མདོ་དཀོན་མཆོག་སྦྱིན་དང༌། ཏོག་གཟུང་དང༌། སྙིང་རྗེ་པད་དཀར་ལ་སོགས་སྤྱན་དྲངས་ཡངས་པས། རྒྱལ་པོ་ཐུགས་རབ་ཏུ་དགྱེས་སོ་(མཐོན་མིས་ཕྱིན་དུས། རྒྱ་གར་རྒྱལ་པོ་གོ་པི་ལ་དང་མཇལ། ཁོང་གི་མཐུན་སྦྱུར་མཛད་དེ། རྒྱ་གར་ནས་ཡིག་མཁན་མཁས་པ་ལི་བྱིན་དང༌། པཎྜི་ཏ་ཨ་ནན་ཏ་ཞེས་བྱ་བའང་གདན་དྲངས་ཡོང་ནས། ཏོག་གཟུངས་ལ་སོགས་བསྒྱུར་ཟེར་བའང༌། ཁྱུང་པོ་གཡུ་ཁྲིས་མཛད་པའི་བོད་ཡིག་གི་སྟོང་ཐུན་ཆེན་མོ་ན་བྱས་འདུག་གོ)། བོད་ཀྱི་ལོ་ཙཱ་དང་ཡིག་མཁན་ལ་མཁས་པ་སྔ་བ་འདི་ཡིན་ནོ། །རྒྱ་གར་ན། ཡི་གེ་ཐམས་ཅད། དབྱངས་ཡིག་བཅུ་དྲུག་དང༌། གསལ་བྱེད་སུམ་ཅུ་རྩ་བཞི་ལ་མི་ཚུད་པ་གང་ཡང་མེད་ནའང༌། བོད་(༡༠༡.ན)སྒྲ་བརྗོད་ངན་པས་དེ་བཞིན་མ་གོ །རྒྱ་གར་བ་གཅིག་ལ། ཨེ་ཀ་ཟེར། འཇིག་རྟེན་ལ། ལོ་ཀ་ཆོས་ལ། དྷརྨ། ཞུས་ལ། སྤྲི་ཏ་ཟེར་ལ། སྨྲས་པ་ཟེར་དགོས་པ་རྣམས་བོད་སྐད་དུ། མ་ཁུག་པར། མཐོན་མི་ཐུགས་མུག་ནས། གཟིམ་ཁང་གི་སྒོ་བསྡམས། ཆུམ་གཟིགས་པས། གཉིད་སོང་པ་སད་ནས་ལྟས་པས། གམ་ན། རྒན་མོ་གུ་བ་ལྟ་བུ་གཅིག་འདུག རྒན་མོ་གང་ནས་འོང༌། ངས་སྒོ་བསྡམས་ཡོད་པ། ཇི་ལྟར་བྱས། གར་འགྲོ། ཅི་བྱེད་བྱས་པས། ཆོས་ཉིད་དོན་ལ་འགྲོ་འོང་མེད། །ཡང་དག་དོན་ལ་ཅི་ཆ་མེད། །ནམ་མཁའ་དག་ལ་ལམ་བྱས་པས། །སྒོ་ཆ་དམ་ཀྱང་ག་ལ་ཐུབ། །གསུངས། དེར་ཐེ་ཚོམ་སྐྱེས། ཡང་བསྐྱར་ནས་དྲིས་པས། ང་ཟ་ཧོར་ནས་འོང༌། འ་ཞའི་ཡུལ་དུ་འགྲོ་གསུངས། ཐག་རིང་ཐུང་ཡོད་བྱས་པས། ཅི་ཆ་ཟེར། བརྒྱགས་གང་ཡོད་བྱས་པས། ཇ་ཡོད་ཟེར་ཏེ། (༡༠༡.བ)རྒན་མོ་མི་སྣང་བར་སོང་ངོ༌། །དེ་ནི་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པའོ། །དེ་རྟིང་བསམ་པས། ཅ་ཆ་ཇ་གསུམ། ཞ་ཟ་འ་དང༌། ཡི་གེ་ཕྱེད་ངོ་དྲུག་པ་དེ། སྟོད་སྨད་དུ་བཅུག་པའི་ཀ་མས་སུམ་ཅུ་ལ། གུག་འགྲེང་ལ་སོགས་རིག་པས་སྦྱར་ན་བསྡུས་ཏེ་བརྩམ་པས། བོད་ཀྱི་སྒྲ་སྐད་དང་མཐུན་པའི་ཡིག་འབྲུ་སྡེབས་ཏུ་བཏུབ་པ་བྱུང་སྟེ། རྒྱལ་པོའི་ཞལ་ནས། ད་སྔན་རང་ལ། ངའི་ཡབ་མེས་ཀྱི། གཉེན་པོ་གསང་པོ་འདི་ན་ཅི་འདུག་ཀློག་དང་གསུངས། ལྟས་པས། མདོ་ཟ་མ་ཏོག སྤང་སྐོང་ཕྱག་རྒྱ་པ། དགེ་བ་བཅུའི་མདོ་ཙན་མ་ཎིའི་གཟུངས་རྣམས་བཞུགས་འདུག་པས། ཤིན་ཏུ་མོས་ནས་རྒྱལ་པོས་ཀྱང་ལོ་བཞིར་འཚམས་བཅད། ཡི་གེ་དང་ཆོས་སླབས་སོ། །མདོ་དཀོན་མཆོག་སྤྲིན་ལ་སོགས། ཐོན་མིས་རྒྱ་གར་ནས་པྱན་དྲངས་པའི་ཆོས་རྣམས་ཀྱང༌། བོད་སྐད་དུ་བསྒྱུར། ཆོས་(༡༠༢.ན)བསྒྱུར་བའི་ཐོག་མ་དེ་རྣམས་ཡིན་ཅིང༌། ཆབ་འོག་ཐམས་ཅད་ལ་ཆོས་དང་ཡི་གེ་རྒྱས་པར་སྤེལ་ཞིང༌། བོད་ཡི་གེ་ཐོག་མར་རྒྱལ་པོས། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་བའི་བསྟོད་པ་འདི་བརྩམས་ནས་ཕུད་ལ་ཕུལ་ལོ། །ལྷ་སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །མཉམ་པར་སྦྱོར་བའི་ཐུགས་མངའ་ཞིང༌། །ཕྱག་གཉིས་ཐུགས་ཁར་ཐལ་མོ་སྦྱར། །དཔལ་ལྡན་མཉམ་སྦྱོར་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་སྙིང་པོའི་གཙོ། །གསང་སྔགས་རྒྱལ་པོའི་བགྲང་འཕྲེང་ནི། །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིགས་སྔགས་འཆང་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པས། །པདྨ་ཤེལ་གྱི་འོད་པས་གསལ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་(༡༠༢.བ)པདྨོ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་དྲི་མ་མེད། །ཟླ་བའི་འོད་ལྟར་རྒྱས་པའི་ཡུམ། །གཟུགས་ཀྱི་ལྷ་མོ་ཡིད་འོང་མ། །ཡི་གེ་དྲུག་མ་ཕྱག་འཚལ་ལོ། །མཐའ་ཡས་འོད་ལྡན་གསེར་མདོག་ཅན། །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །སེམས་ཅན་རེ་བ་བསྐོང་མཛད་པའི། །ནོར་བུ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པའོ། །འདི་ནི་ལྷ་ས་ཟླ་བའི་བྲག་ལ་བྲིས་ཏེ་བཀོད་ནས་ཡོད་དོ། །དེ་དུས་རྒྱལ་པོས། ལོ་བཞིར་སྒོར་མ་བྱོན་པ་དེས། བློན་པོ་རྣམས་ན་རེ། རྒྱལ་པོས་ཅི་ཡང་མི་ཤེས། བོད་ཁམས་བདེ་བ་འདི། ངེད་རྣམས་ཀྱིས་བྱས་པ་ཡིན་ཟེར་བ། རྒྱལ་པོས་གསན་ནས། ང་གླན་(གླེན)པར་རྩི་ན། བོད་མི་ཐུལ་དགོངས་ནས། རྒྱལ་པོའི་རིགས་དེ་ས་གཅིག་ཏུ་གནས་ན། ཀུན་བདེ་བ་ཡིན་ཏེ། སྔོན་ཡང་ཁྲིམས་མེད་པས། ཤེས་པ་ཅན་གྱི་མི་བཅུ་གཉིས་མཐར་འཁྱམས་འདུག ད་ངས་(༡༠༣.ན)ཆོས་ཁྲིམས་དགེ་བ་བཅུ་ལ་དཔེ་བླངས་པའི་ཁྲིམས་བཅའོ་གསུངས་ནས། བསད་པ་ལ། སྟོང་སྲང་ཉིས་ཁྲི་ཆིག་སྟོང༌། རྐུས་པ་ལ་བརྒྱད་ཅུ་འཇལ། བྱི་བྱས་པ་སྣ་གཅོད་པ། རྫུན་ཕྲ་མ་སྨྲ་བའི་ལྕེ་འབྲེག ཡང༌། མི་ཆོས་གཙང་མ་བཅུ་དྲུག་གིས། ཁྲིམས་ཀྱི་གཞི་བཟུང་བར་བྱས་ཏེ། དཀོན་མཆོག་ལ་དད་པ་སྐྱོང་ངས་མེད་པ་དང་གཅིག དོན་དམ་པར་སངས་རྒྱས་ཀྱི་ཆོས་བཙལ་ཞིང་བསྒྲུབ་པར་བྱ་བ་གཉིས། གཙུག་ལག་དང་ཆོས་ལ་མཁས་བློ་སྦྱངས་པ་དང་གསུམ། ཕ་མ་ལ་དྲིན་ལན་རླན་པ་དང་བཞི། ཡོན་ཏན་ཅན་དང་རིགས་ཀྱི་རྒན་པ་ལ་བཀུར་སྟི་བྱ་བ་དང་ལྔ། ཤ་ཉེ་དང་མཛའ་ཤེས་ལ་གཞུང་དྲང་པོར་བསྲང་ཞིང་དང་དུ་བླངས་པ་དང་དྲུག མ་བརྟག་ཅིང་མ་བཅོལ་བའི་ལས་ལ་རྟོགས་འདོད་མེད་པ་དང་བདུན། ཡུལ་མི་ཁྱིམ་མཚེས་ལ་ཕན་བཏགས་པ་དང་བརྒྱད། གཞི་དྲང་པོར་བསྲང་ཞིང་ཁོང་སེམས་ཆུང་བ་དང་དགུ། བྱ་ལས་དང་བྱེད་སྤྱོད་ཐམས་ཅད་ཡ་རབས་ཀྱི་རྗེས་(༡༠༣.བ)རྙོག་ཅིང་ཕྱིར་མི་རིང་དུ་བལྟ་བ་དང་བཅུ། དྲིན་ཆེན་མི་ཡི་གཅད་ཅིང་ལན་རླན་པ་དང་བཅུ་གཅིག བུ་ལོན་དུས་སུ་འཇལ་ཅིང་བྲེ་སྲང་ལ་གཡོ་མི་བྱ་བ་དང་བཅུ་གཉིས། ཐམས་ཅད་ལ་སྙོམས་པར་བྱ་ཞིང་འགྲན་སེམས་མི་བྱ་བ་དང་བཅུ་གསུམ། གྲོགས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་ཅིང༌། རང་ཚོད་ཟིན་པར་བྱ་བ་དང་བཅུ་བཞི། བྱ་བ་ཐམས་ཅད་ཁོངས་འཛང་ཞིང་ངག་འཇམ་པའི་ཁོ་ནས་བསྒྲུབས་པ་དང་བཅོ་ལྔ། སེམས་ཅན་གང་ལའང་སྡང་བའི་སེམས་མི་འཆང་ཞིང་བྱམས་སྙིང་རྗེས་སྐྱོངས་པ་དང་བཅུ་དྲུག་གོ །བོད་ཀྱི་ཁྲིམས་དང༌། བོད་ཀྱི་ཆོས་དང༌། ཁྲིམས་རྣམས་ཀྱི་ཤོད་ཤོ་མ་རར་གཏན་ལ་ཕབ་བོ། །དེར་བློན་འབངས་རྣམས་དགའ་ནས། རྒྱལ་པོ་འདི་ཤིན་ཏུ་སྒམ་པོ་ཅིག་འདུག་གོ་ཟེར་ནས། ཁྲི་སྲོང་བཙན་སྒམ་པོར་མཚན་གསོལ་ལོ། །གཞན་ཡང༌། སྐྱེ་བོ་ཐ་མལ་པ་རྣམས་ཆོས་ལ་བློ་ཁ་དྲངས་པའི་ཕྱིར་ཐོག་(༡༠༤.ན)མར། སྦྲུང་དང༌། འདེབས་(ལྡེའུ)དང༌། བོན་རྣམས་བསྟན། རྒྱལ་པོས་མཛད་པའི་རྒུང་རྒྱུད་དང༌། ལྡེམས་ཀྱི་བཀོད་པ། ར་ས་འཕྲུལ་སྣང་གི་བློ་བུར་ན་བྲིས་ཡོད་དོ། །དེ་དུས་བློན་པོ། ཉང་མ་པོ་རྗེ་ཞང་སྣང་ལ་སོགས་པ། འཛངས་པ་མི་དྲུག་གིས། ཚིག་དྲུག་དྲུག་སུམ་ཅུ་རྩ་དྲུག་ལ་སོགས་པས་གཏན་ཚིགས་གཏན་ལ་ཕབ། བོད་ཏུ་(རུ)བཞིར། སྟོང་སྡེར་ཕྱེ། སྐུ་བསྲུངས་ཕྱོགས་བཞིར་བཞག མི་ལ་ཡིག་ཚང་སྐུར། མདོ་བའི་རྟ་ལ་ཆོ་རིས་བྲིས། ཕུ་ཅུ་རྫིང་དུ་སྐྱིལ། གཞུར་དུ་(ཆུ)ཡུར་དུ་གྲངས། རི་ཁྱིམ་རླུངས་(ཀླུངས་)སུ་ཕབ། ཐང་ལ་ཞིང་དུ་སློགས། ཞིང་ལྷུར་བཅད། ཆུ་ལ་གྲུ་བཙུགས། བྲེ་སྲང་གཏན་ལ་ཕབ། མཐའི་རྒྱལ་ཕྲན་རྣམས་དང༌། ལྷོ་མོན། རྩ་མི་ཤིང་མི་ལ་སོགས་ཐམས་ཅད་མངའ་འོག་ཏུ་བསྡུས། ཆབ་སྲིད་བྱིན་པོ་བདེ་ཞིང་སྤྱིད་ལ། ཆོས་ལུགས་ལ་ཕལ་ཆེར་ཞུགས་སོ། །དེར་རྒྱལ་པོའི་དགོངས་པ་ལ། (༡༠༤.བ)ངའི་ཁྲིམས་རྣམས་ཀྱང་བཙན་པར་བྱུང༌། ད་ཆོས་ཀྱིས་གདུལ་བྱ་བཏུབ་པར་འདུག་པས། ཆོས་བྱའོ། །ཆོས་བྱེད་པ་ལ། ཡི་དམ་གྱི་ལྷ་དགོས་ཏེ། ཅི་ལ་བྱའམ་སྙམ་པ་ལ། ཚེས་བརྒྱད་ཀྱི་སྲོད་ལ་སྤྲིན་གསེབ་ནས། ལྷའི་བུ་མོ་ན་རེ། རྒྱ་གར་ལྷོ་ཕྱོགས་མཐར་ཐུག་པ། སིང་གྷ་ལའི་གླིང༌། རྒྱ་མཚོའི་འགྲམ། བྱེ་མའི་གླིང༌། མཁར་ས་པ་ཎིའི་སྐུ་རྒྱབ། གླང་པོ་ཆེ་ཉལ་བའི་འོག་ནས། ཙནྡན་སྦྲུལ་གྱི་སྙིང་པོའི་ཁོག་ན། ཞལ་བཅུ་གཅིག་པའི་སྐུ་རང་བྱོན་གཅིག་ཡོད་པ། དེ་སྤྱན་དྲངས་ན། ཁ་བ་ཅན་དུ་འགྲོ་དོན་རྒྱས་པར་གྱུར་རོ། །ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ལ། རྒྱལ་པོ་ཐུགས་རབ་ཏུ་དགྱེས་ཏེ། རང་གི་སྨིན་འཚམས་ནས། འོད་ཟེར་བཀྱེ་བའི་སྣ་ལ། དགེ་སློང་ཤི་ལ་ཨ་ཀ་ར་མ་ཏི་བྱ་བ་སྤྲུལ་ནས་སྐྱོར་ཏེ། སྤྱན་འདྲེན་པ་ལ་བཏང་ངོ༌། །སྤྲུལ་པའི་དགེ་སློང་དེས། རྒྱ་གར་(༡༠༥.ན)ལ་བྱོན་ཏེ། སིང་གྷ་ལའི་གླིང་གི། གྲོང་ཁྱེར་ཀེ་རུའི་རྒྱལ་པོ་ཨུ་མ་ར་གེ་སར་བྱ་བ། སྟོབས་དང༌། འབྱོར་པར་ལྡན་པ། ཕྱི་རོལ་པའི་ཆོས་ལུགས་ལ་ཞུགས་པ་གཅིག་འདུག་པ་དེ་ལ། སྤྲུལ་པ་དུ་མར་བསྟན་ནས་ནང་པའི་བསྟན་པ་ལ་བཅུག སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས་པར་བསྐུལ་ནས། རྒྱ་མཚོའི་འགྲམ་ན། སངས་རྒྱས་འཁོར་བ་འཇིག་གི་རིང་ལ། རྩབ་ཟུག གསེར་ཐུབ་ཀྱི་རིང་ལ། ལོ་འདབ་རྒྱས། འོད་སྲུང་གི་དུས་མེ་ཏོག་ཤར། ཤཱཀྱ་ཐུབ་པའི་དུས་ལ་འབྲས་བུ་སྨིན། དེ་རྟིང༌། རྩ་བ་རུལ་ནས་འགྱེལ་བ། བྱེ་མས་ནོན་པའི། ཙནྡན་སྦྲུལ་གྱི་སྙིང་པོའི་ནང་ནས། དལ་བུས་ཆོད་ཅིག་ཅེས་པའི་སྒྲ་དང་བཅས་ཏེ། བཅུ་གཅིག་ཞལ་སོར་བཅུ་གཉིས་པ། ཕྱག་བཅུ་པ། མེ་ཏོག་མནྟྲ་ཀའི་མདོག་ལྟར་དམར་བ། དྲི་ངད་ཀྱི་དཔག་ཚད་བཅུ་གཉིས་ཀྱི་བར་ཁྱབ་པ། ལྟ་བའི་མཆོག་མི་ཤེས་པ་གཅིག་བྱོན་(༡༠༥.བ)པ་དེ་དང༌། ཙནྡན་གྱི་ཚལ་པ་གཅིག བྱེ་མའི་གླེ་ལ་འཇའ་ས་མ་རེ་རེའི་རྩེ་ལ་ལྷའི་བུ་མོ་བདུན་བདུན། འཕགས་པ་ལ་མཆོད་པ་འབུལ་བའི་ཚུལ་དུ་འདུག་པར་གཟིགས་པས། དེའི་འཇག་མང་ཕོན་ཅིག་པོ་ཏ་ལྷའི་ལམ་ནས། མེ་ཏོག་སྨུག་གུའི་སྡོང་པོ་བཙལ་ཅིག གྲོང་ཁྱེར་ཀེ་རུ་མཆོད་རྟེན་པདྨ་འཁོར་ལོའི་ནང་ནས། སངས་རྒྱས་འཁོར་བ་འཇིག འོད་སྲུང༌། ཤཱཀྱ་ཐུབ་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་ཁྱོར་བ་རེ་རེ། དེ་པ་བཞུགས་པའི་བྱང་ཆུབ་ཤིང་གི་ཆོས་སྡོང་གསུམ། གནས་ཆེན་བརྒྱད་ཀྱི་བྱེ་མ་ཉག་རེའི་སྟེང་ན། སངས་རྒྱས་བྱེ་བ་ཕྲག་དགུ་དགུ་བཞུགས་པ་དང༌། ཆུ་བོ་ན་ར་ཛ་རའི་འགྲམ་དུ། སངས་རྒྱས་ཀྱི་ལྷུང་བཟེད་ནས་ཆུ་ཕོ་བའི་ཤུལ་གྱི་བྱེ་མ་ཉག་རེའི་སྟེང་ན། བྱང་ཆུབ་སེམས་དཔའ་འབུམ་འབུམ་བཞུགས་འདུག་པར་གཟིགས་ནས། གནས་ཆེན་དེ་པའི་བྱེ་མ་བྲེ་རེ་རེ། རིན་(༡༠༦.ན)པོ་ཆེ་སྣ་གཉིས་དང་བཅས་པ། དགེ་སློང་ཆི་བསྣམས་བྱོན་ཏེ། མཆོད་གནས་ཁྱད་པར་ཅན་བཅུ་པོ་དེ་རྒྱལ་པོ་ལ་ཕུལ་བས། ཐུགས་རབ་ཏུ་དགྱེས་ཤིང༌། ངོ་མཚར་བར་གྱུར་ཏོ། །དགེ་སློང་དེ་ཡང༌། རྒྱལ་པོ་ལ་བསྐོར་བ་གསུམ་བྱས་ཏེ། དེའི་སྨིན་འཚམས་སུ་ནུབ་བོ། །དེ་ནས་མཆོད་གཡོག་ལ། བུ་མོ་མཚན་ལྡན་མ་བཅུ་དྲུག་བཀོད་དེ། དུས་དྲུག་ཏུ་མཆོད་པ་འབུལ་ཞིང༌། རྒྱལ་པོ་རང་ཡང༌། ལྷའི་དྲུང་ལས། འབེན་གང་ཡང་མི་འདའ་བར་བཞུགས་སོ། །དེ་རྟིང་རྒྱལ་པོའི་དགོངས་པ་ལ། ད་དུང༌། ལྷོ་བལ་གྱི་ས་ཆ་ནས། རྟེན་རང་བྱུང་ངོ་མཚར་ཅན་འདི་འདྲ་རེ་ཙམ་གདན་འདྲེན་རྒྱུ་ཨེ་ཡོད་ན་སྙམ་ནས། ཙནྡན་གྱི་ཇོ་བོ་ལ་གསོལ་བ་བཏབ་པས། ལྷའི་ཐུགས་ཁ་ནས་འོད་འཕྲོས། བལ་ཡུལ་གྱི་བར་མཐའི་ལུང་པར། ཙནྡན་གྱི་ནགས་གསེབ་ན། ཙནྡན་ཧ་རིའི་སྡོང་པོ་གཅིག་ལ། སྤྱན་རས་གཟིགས་ཀྱི་སྐུ་(༡༠༦.བ)རང་བྱུང་གསུམ་རྩེགས་མར་འདུག་པ་ལ་ཕོག་པ་དང༌། རྒྱལ་པོས་སྔརབཞིན་སྤྲུལ་པ་བཀྱེ་ནས། དགེ་སློང་ཤི་ལ་ཨ་ཀ་ར། སྤྱན་འདྲེན་པ་ལ་བཏང་བས། ས་དེ་ན། ལྷའི་བྱིན་རླབས་ཀྱིས། ཉིན་མཚན་ཁྱད་མེད་ཀྱི་རྣམ་པར་འདུག་ཅིང༌། ཉིན་པར་ཙནྡན་གྱི་སྡོང་པོ་ལ། མཚན་མོ་ལྷའི་སྐུ་དངོས་སུ་གསལ་བ་བཞུགས་པ་མཐོང་བ། དེ་ལ་ཐིག་ཚད་བཏབ་ནས། ཉིན་མོ་སྡོང་པོ་གཡེངས་པས། དལ་བུས་མདོ་ཅིག་ཟེར་བའི་སྒྲ་བྱུང་སྟེ། ལྷ་གསུམ་བྱོན་པའི་སྟོད་ལྷ་དེ་ན་རེ། ང་རྒྱ་གར་དང་བལ་པོའི་འཚམས་སུ་ཞོག་ཅིག ས་དེ་ན། སྔ་དྲོ་རེ་རེ་ལ། ཚོང་དཔོན་རེ་སྦོས་གྲིར་འཆི་བ་ཡོད་ལ། དེ་འཆད་པར་འགྱུར་རོ་གསུངས་པ་ནི། ཇོ་བ་ཇ་མ་མི་བྱ་བ། ཙནྡན་དཀར་པོའི་སྐུ་རང་བྱུང་ཞལ་གསུམ་ཕྱག་དྲུག་པ། བྱིས་པ་ལོ་ལྔ་པ་ཙམ་དྲི་བསུང་གི་དཔག་ཚད་བཅུའི་ཁོངས་ཁྱབ་པའི་ངོ་མཚར་ཅན་(༡༠༧.ན)གཅིག་བྱོན་ནོ། །བར་མ་དེ་ན་རེ། ང་བལ་ཡུལ་ཡམ་བུ་ཡ་གྷམ་དུ་ཞོག་ཅིག ཡུལ་ཁམས་དེ་ན། ནད་རིམས་ངན་པས། མི་མང་པོ་རྒྱུན་པར་འཆིའི་ཡོད་པས། དེ་ཆད་པར་འགྱུར་རོ་གསུངས་པ་ནི། ཇོ་ཨུ་ཁང་བྱ་བ། ཙནྡན་དཀར་པོའི་སྐུ་རང་བྱུང༌། ཞལ་གཅིག་ཕྱག་བཞི་པ། མཚར་བ་གཅིག་བྱོན་ནོ། །སྨད་མ་ན་རེ། ང་མང་ཡུལ་གྱི་གྲོང་དུ་ཞོག་ཅིག ཡུལ་དེ་ན། གྲོང་དཔོན་རྣམས། མཛེ་ནད་ཀྱིས་འཆིའི་ཡོད་པ། དེ་ཆད་པར་འགྱུར་རོ་གསུངས་པ་ནི། ཇོ་བོ་ཝ་ཏི་བྱ་བ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཁར་འཛིན་ཅིང༌། གཡོན་པདྨ་དཀར་པོ་འཛིན་པའི་རང་བྱུང་གཅིག་བྱོན་ནོ། །དེ་རྣམས་ཀྱི་རྒྱུ་མཚན་རྒྱལ་པོ་ལ་ཞུས་པས། ལྷ་སྤྱན་མ་དྲོངས་ཀྱང༌། སེམས་ཅན་གྱི་དོན་ཆེན་པོ་བྱས་འདུག་གསུངས་ནས། རབ་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་རྒྱལ་(༡༠༧.བ)པོའི་ཐུགས་ལ། ཡི་དམ་གྱི་ལྷ་དངོས་དང་མཇལ་ཕྱིན། སེམས་ཅན་གྱི་དོན་ལ་ཚེགས་མེད་བོད་འབངས་སེམས་ཅན་གྱི་དོན་ས་ཕྱོགས་གང་ནས་འགྲུབ་བརྟགས་དགོས་སྙམ་ནས། གཟིགས་པས། མེས་ཐོ་དོ་རི། བྱང་སེམས་ཀྱི་སྤྲུལ་པ་དེས། ཞབས་ཀྱིས་བཅགས་པའི་བསྐྱིད་ཤོད། ལྷ་ས་དམར་པོའི་རིའི་ས་ཕྱོགས་དེར། ཐེག་པ་ཆེན་པོའི་ཆོས་སྤེལ་དུ་བཏུབ་པར་གཟིགས་ནས། མཆོད་གནས་རྣམས་ཤིང་རྟ་ལ་སྤྱན་དྲངས། རྒྱལ་བློན་ཀུན་བྱོན། སྦྲང་སྟོད་ཚལ་དུ། རྒུང་མལ་མཛད། སང་དྲོ་བཏབ་པར། རྒྱལ་པོ་དང༌། བློན་པོ་སྣ་ཆེན་པོས། ཆུ་ཁར་ཁྲུས་མཛད། ཆབ་གསོལ་དུས། དབུས་ཀྱི་གྱེ་རེར། ཡི་གེ་དྲུག་མ་འབྱོན་པར་ལུང་བསྟན་ནོ། །དེ་ནས་དམར་པོའི་རིའི་རྩེར་ཕེབས། ཡབ་མེས་ཀྱི་རེ་ཤུལ་ཏུ། ཕོ་བྲང་བཏབ་ནས་བཞུགས་སོ། །དེར་ངས་སེམས་ཅན་གྱི་དོན་བྱེད་པར་(༡༠༨.ན)ཁས་བླངས། དམ་བཅས་པ་ཡིན་པས། དེ་དག་འདུལ་བའི་ཐབས་ཅི་ལེགས་བསམ། ལྷ་ལ་གསོལ་བ་བཏབ་པས། དེ་དག་འདུལ་བའི་ཐབས་ཅི་ལེགས་བསམ། ལྷ་ལ་གསོལ་བ་བཏབ་པས། ལྷའི་ཐུགས་ཁ་ནས། འོད་ཟེར་སྐར་མདའ་ལྟ་བུ་གཉིས། ཤར་ནུབ་ཏུ་སོང་བས། རྒྱ་ནག་དང༌། བལ་ཡུལ་དང་སོང་ཅིང༌། ཁྲོ་གཉེར་ཅན་དང༌། སྒྲོལ་མའི་སྤྲུལ་པ། ཁབ་ཏུ་སྤྱན་དྲོངས་ཟེར་བའི་སྒྲ་བྱུང་ནས། སྔོན་ལ་བློན་པོ་མགར་དང༌། ཐོན་མོ་ཆུང་གིས་མགོ་བྱས། རྟ་པ་བརྒྱ་ལ། གསེར་གྱི་གདོང་རྩེ་བརྒྱ་དང༌། གསེར་གྱི་བང་པ་བདུན། གླང་པོ་ཆེ་གསེར་གྱི་དྲ་བས་གཡོགས། ལྷའི་རིན་པོ་ཆེས་སྤྲས་པ་གཅིག གསེར་ཕྱེ་བྲེ་ཕྱེད། ཡི་གེ་བཅུག་པའི་གསེར། དངུལ། ཟངས་གསུམ་གྱི་སྒྲོམ་བུ་དང་བཅས་པ་བསྐུར། བསླབ་ཆ་བྱས་ནས། སྟོན་ཟླ་ར་བའི་ཚེ་བརྒྱད། སྐརྨ་ནམ་པོའི་ཉི་མ་རྩེ་ཤར་ལ། བལ་པོའི་ལྷ་གཅིག་སློང་པ་ལ་རྫངས་སོ། །དེར་ཁོང་རྣམས་ཀྱིས་(༡༠༨.བ)ནུབ་ཕྱོགས་བལ་པོའི་ཕོ་བྲང་ཡམ་གྷལ་དུ་སླེབ། རྒྱལ་པོ་འོད་ཟེར་གོ་ཆ་དང་མཇལ། རྒྱུ་མཚན་ཞུས་པས། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་འཕགས་པའི་ཡུལ་གྱི་རྒྱལ་པོ་ང་དང༌། བོད་མཐའ་འཁོབ་རྒྱལ་པོ་གཉིས། གཉེན་སྡེབས་པའི་འོས་མིན་དགོངས་ནས། རྒྱལ་པོ་ཁོང༌། ཡུན་རིང་དུ། མིག་མི་འཇེད་པར་བསམ་ནས། ཁྱེད་ངའི་གཉེན་མདར་མི་འོང༌། ང་ལ་སངས་རྒྱས་འོད་སྲུང་གི་དུས་ནས། ད་ལྟ་ཡན་ཆོད་དུ་རྒྱལ་ཁྲིམས་མ་འཆུགས་པར་ཡོད། དེ་དང་འདྲ་བའི་རྒྱལ་ཁྲིམས་འཆའ་ནུས་ན། བུ་མོ་སྦྱིན་གྱིས། དེ་ལྟར་མི་ཡོང་ན། མི་སྟེར་བས། ཁྱེད་རང་གྱི་རྒྱལ་པོ་ལ་དྲིས་ཤོག་གསུངས་པ་ལ། བློན་པོ་མགར་གྱིས། རྗེ་ལགས། བལ་བོད་ཀྱི་ས་ཐག་རིང་པོ་འདི་ལ། བཀའ་འཕྲིན་ཚིག་རེ་ལ། འགྲོ་འོང་བྱས་ན། ལྷ་ཅིག་སྤྱན་དྲོངས་དུས་ག་ན་ཡོང༌། གསུང་དེའི་ལན་དུ། ངས་ཀྱི་(༡༠༩.ན)རྒྱལ་པོས། ཡི་གེའི་སྒྲོམ་བུ་འདི་བསྐུར་བ་ལགས་བྱས་ཏེ། ཟངས་ཀྱི་སྒྲོམ་བུ་འབུལ་བ་རྣམས་དང་བཅས་པ་ཕྱག་ཏུ་ཕུལ་ནས། སྒྲོམ་བུ་ཁ་ཕྱེ་བས། བལ་པོའི་ཡི་གེ་བྱུང་སྟེ། དེས་སྔ༌། རྒྱལ་ཁྲིམས་ཡོད་མེད་དེ་བཞིན་བདེན་ནའང༌། ད་ཕྱིན་རྒྱལ་པོ་ཁྱེད་དེ་ལ་དགྱེས་ཉིན། ལྷ་ཅིག་སྟེར་ན་ངས་ཉི་མ་གཅིག་ལ། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་བཀོད་ལ། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། ཆོས་དགེ་བ་བཅུའི་ཁྲིམས་བཅས་ལ་བཞག་གི། དེ་ངོ་མཚར་ཆེ་འམ་བྱ་བ་འདུག་པས། འདི་འདྲ་བདེན་ནམ་མི་བདེན་ནམ། ཁ་ཕོ་ནི་ཆེ། ང་ལ་རྙད་(བསྙད)པ་ཡིན་ནམ་གལ་ཏེ་བདེན་ན། ངས་ཐུབ་པར་དཀའ་བ་གཅིག་ཡོད་པར་འདུག་དགོངས་པའི་ཐེ་ཚོམ་སྐྱེས་ནས། ཡང་གསུངས་པ། ངའི་ཡུལ་ན། སངས་རྒྱས་འོད་སྲུང་གི་སྐུ་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་གྱི་ཐོག་གྲངས། སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་ཅན་མང་པོ། མཆོད་པའི་རྒྱུན་(༡༠༩.བ)མ་ཆད་པ་དང་བཅས་པ་ཡོད་དོ། །དེ་འདྲ་ཡོད་ན། གཉེན་སྡེབས་པར་འོས་པས། དྲིས་ལ་ཤོག་གསུངས་པ་དང༌། དེའི་ལན་དུ། སྔ་མ་བཞིན། དངུལ་གྱི་སྒྲོམ་བུ་ཕུལ་བ། དེའི་ནང་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། ཁ་བ་ཅན་འདིར། ཉི་མ་གཅིག་ལ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ནས། སྒོ་ཐམས་ཅད་ཁྱོད་ཕྱོགས་ལ་བསྟན་པར་བྱའོ། །དེ་ངོ་མཚར་ཆེ་འམ་ཟེར་བ་བྱུང་བས། མཐའ་འཁོབ་རྒྱལ་པོ་དེ་ལ། བུ་མོ་མ་བྱིན་ན་ཁོས་དམག་ཁྱེར་ནས་ཡུལ་ཁམས་ཐམས་ཅད་འཇོམ། ལྷ་ཅིག་ཡང༌། རང་དབང་མེད་པར་འཕྲོག་པའི་རྣམ་པར་འདུག་པས། སྟེར་དགོས་པ་འདྲ་དགོངས་ཀྱང༌། ཁས་མ་བླང་པར། ཡང་སྨྲས་པ། ཁྱེད་ཀྱི་རྒྱལ་པོ་དེ། ཁ་ཕོ་ཆེ་བ་གཅིག་ད་ཡོད་པར་འདུག་སྟེ། ངའི་ཆབ་འོག་གཏོགས་པ་རྣམས་ལ། སངས་རྒྱས་འོད་སྲུང་གི་(༡༡༠.ན)དུས་ནས། ད་ལྟ་ཡན་ཆོད་ལ་ཐབ་ཏུ་དུ་བ་རྒྱུན་མི་ཆད་པའི། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་རྒྱུ་ཡོད། དེ་དང་འདྲ་བའི་མངའ་ཐང་ཡོད་ན། བུ་མི་སྟེར་བས། ཁྱེད་རང་བྱིང་པོ་སྡོད། རྟ་པ་འགའ་མཐོང་ལས། རྒྱལ་པོ་ལ་དྲིས་ཤོག་གསུངས་པ་ལ། སྔ་མ་བཞིན་དུ་ཞུས་ཤིང༌། གསུང་དེའི་ལན། འདི་ལགས་བྱས་ནས། གསེར་གྱི་སྒྲོམ་བུ་ཕུལ་བས། དེའི་ནང་ནས། སྔར་ཕན་ཁྱེད་འབྱོར་བ་ཆེ་བར་སྲིད། རྒྱལ་པོ་དེ་ལ་དགྱེས་ཤིང༌། ལྷ་ཅིག་སྟེར་ན། ངས་དཀོན་མཆོག་ལ་གསོལ་བ་བཏབ། སྤྲུལ་པ་བགྱེ་ནས། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། རིན་པོ་ཆེ་དུ་མའི་གཏེར་ཁ་ཕྱེ། ཕྱོགས་བཞི་ནས། ལ་སྒོ་མང་པོའི་སྒོ་དབྱེ་ལ། འདོད་ཡོན་རྣམ་ལྔ་བརྒྱ་སྟོང་མང་པོར་སྤྲུལ་ནས། མཐར་ཁྱེད་རྒྱལ་ཁམས་གཞན་ཐམས་ཅད་ཀྱི་རིན་པོ་ཆེ་རྣམས་ཀྱང༌། ཁ་བ་ཅན་ལ་རག་པས་དགོས་པ་བྱའི། (༡༡༠.བ)དེའང་ངོ་མཚར་ཆེ་བ་མན་ནམ་བྱ་བའི་ཡི་གེ་བྱུང་བས། བལ་པོའི་རྒྱལ་བློན་ཐམས་ཅད་ཞེ་སྐྲག་ཅིང༌། ངོ་མཚར་ཆེ་ནས། བོད་རྒྱལ་པོའི་ཡི་གེ་སྒྲོམ་བུ་ལ་ཟད་པའང་མི་འདུག མངོན་པར་ཤེས་པ་ལ་ཐོག་མ་མེད་པའི། ངེས་པར་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་གཅིག་ཡོད་པར་འདུག་སྙམ་ནས། ལྷ་ཅིག་བལ་བཟའ་ཁྲི་བཙུན། རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་རྫོང་བསམ་གྱིས་མི་ཁྱབ་པ། ཡི་དམ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡན་གྱི་སྒྲོལ་མའི་སྐུ་རང་བྱོན་གཅིག་དང་བཅས་པ་གནང་བ། གདན་དྲངས་ནས། ཕོ་བྲང་དམར་པོ་རིར་ཕེབས་སོ། །དེ་ནས་བལ་བཟས། རྒྱལ་པོ་ཐུགས་མི་སྐྱོ་ཞིང༌། ཕ་རོལ་གྱི་དམག་གིས་མི་ཚུགས་པར་བྱ་བའི་ཕྱིར། རིན་པོ་ཆེ་མང་པོ་སྦྱར། གནོད་སྦྱིན་ཕོ་མོ་རྣམས་བྲན་དུ་བཀོལ་ནས། དམར་པོ་རི་ཁོངས་སུ་བཅུག་པའི། སོ་ཕག་གི་ལྕགས་རི་གྱང་རིམ་སུམ་ཅུ་རྩ་(༡༡༡.ན)གཉིས་དང་མཉམ་པ། སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་དང་འདྲ་བ། མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྩེ་མོ་ཉག་དང་སྟོང་དུ་ཚང་པ། མཁར་རེ་ལ་མདུང་བ་དན་དམར་པོ་ཅན་བཞི་རེ་གཙུག་པ། ཕྱོགས་བཞི་ལ། སྒོ་སྤེ་བཞི་བསྲུང་མི་ཡོད་པ། རྩེ་མཀར་ལ་བྱ་ར་བ་མི་ལྔ་རྒྱུན་དུ་ཡོད་པ། དེའི་ལྷོ་ངོས་ལ། ལྕགས་རིའི་ནང་ན། ཕོ་བྲང་སོག་པོ་མཁར་བྱ་བ་དགུ་ཐོག་དང༌། རྒྱལ་པོའི་རྩེ་མཁར་མཉམ་པ། དེ་གཉིས་ལྕགས་ཐག་གིས་བསྒྲེལ་ནས། དངུལ་ཟམ་ལ་རྒྱུ་ལ། མཁར་དང་ལྕགས་རི་རྣམས་ལ། མདའ་དབྱབས་དང༌། སྒོ་ཆུང་དང༌། རྔ་ཡབ་དང༌། ཕ་ཀུ་དང༌། ཁ་བད། རྟ་བབས། རིན་པོ་ཆེའི་དྲིལ་བུ་གཡེར་ཁ། མུ་ཏིག་གི་དྲ་བ་དྲ་ཕྱེད་སོགས་ཀྱི་བརྒྱན་པ། ཕ་རོལ་གྱི་སྤུངས་ཀྱིས་མི་ཚུགས་པ་གཅིག་བཞེངས་སོ། །དེ་རྟིང་ཡང༌། བློན་པོ་མགར་དང༌། འཐོན་མི་སམྦྷོ་རས་མགོ་བྱས་པའི་རྟ་པ་བརྒྱ་ལ་དངུལ་གྱི་དོང་(༡༡༡.བ)རྩེ་བརྒྱ་དང༌། རིན་པོ་ཆེའི་གོས་གཅིག གླང་པོ་ཆེ་རིན་པོ་ཆེའི་དྲ་བས་གཡོགས་པ་ས། གསེར་ཕྱེ་བྲེ་ཕྱེད་དང་བཅས་པ་རྣམས་བསྐུར་ནས། ཤར་ཕྱོགས་རྒྱ་ནག་པོའི་ལྷ་གཅིག་སློང་པ་ལ་བརྫངས་སོ། །ཁོང་རྣམས་ཀྱིས། རྒྱ་བཀྲ་ཤིས་ཁྲི་སྒོར་སླེབ། ཐང་ཐའི་ཛུང་རྒྱལ་པོ་དང་མཇལ་ནས། རྒྱུ་མཚན་ཞུས། ཕྱག་རྟེན་ཕུལ་བས། དེའི་དུས་ན། ལྷ་གཅིག་སློང་པ་ལ། རྒྱ་གར། སྟག་གཟིག ཁྲོམ་གེ་སར། ཧོར་གྱི་རྒྱལ་པོ་དང་བཅས་པས་ཀྱང༌། རྟ་པ་བརྒྱ་བརྒྱ་སླེབ་པ་དང་འཛོམ། རྒྱ་ནག་རྒྱལ་པོ་ཡབ་ཡུམ། སྲས་ཕོ་མོ་དང་བཅས་པ་ཐམས་ཅད། བོད་ལ་སྟེར་འདོད་པ་གཅིག་ཀྱང་མེད་ནའང༌། རྒྱལ་ཁྲིམས་ལ་བརྟེན་དགོས་པ་བྱུང་བས། ད་ཁྱེད་བློན་པོ་རྣམས། རིག་པ་སུ་ཆེ་དེ་ལ་སྟེར་གསུངས་ནས། ཐ་དད་ཀྱི་མི་རེ་ལ། ཤ་ཆང་རེ་སྤྲད་ནས། ཉིན་གཅིག་ལ། བཟའ་བཏུང་དང༌། ལུག་ལྤགས་མཉེས་ཚར་(༡༡༢.ན)བ། ཁང་པ་མ་བརྗེད་པ་བྱེད་དགོས་སོ་བྱས་པས། རྒྱའི་གཡུ་བཞག་འཁྱིལ་པ་ལ། དར་རྒྱུ་སུ་ཐུབ། བཀྲིས་ཁྲི་སྒོའི་ད་ནང་གི་ཡོང་བའི་སྒོ་སུས་ཤེས། རྟ་མ་བུ་བརྒྱ་དང༌། བྱ་མ་བུ་བརྒྱ། ངོ་སྤྲོད་སུས་ཐུབ། མཐར་ལྷ་གཅིག་ཀོང་ཇོ་འདྲ་འདྲའི་བུ་མོ་སུམ་བརྒྱ་སྟོང་གི་གསེབ་ནས། ངོས་སུས་ཟིན་ལ་སྟེར་རོ་གསུངས་བྱུང་བ་ལ། བློན་པོ་མགར་རིག་པ་ཆེ་བ་དང༌། གནས་མོས་བསླབ་བྱ་བྱས་པ་ལ་བརྟེན་ནས། ན་མ་ཐམས་ཅད་ཁོང་གིས་ཤེས་ནས། ལྷ་གཅིག་བོད་ལ་མི་སྟེར་ཁ་མེད་བྱུང་ཞིང༌། ངེད་ཀྱི་ལྷ་གཅིག་དེ། བོད་ལ་ཤོར་རོ་ཟེར་ནས། ཆོ་ངེས་འདེབས་པའང་བྱུང༌། དེ་ལྟར་ནའང༌། ལས་འབྲེལ་དང༌། ཁྲིམས་གཞིར་བཞག་ནས། ལྷ་གཅིག་རྒྱ་བཀའ་ཀོང་ཇོ། རིན་པོ་ཆེ་ལ་སོགས་པའི་རྫོངས་བསམ་གྱིས་མི་ཁྱབ་པ། ཡི་དམ་ཤཱཀྱ་མུ་ནེ། གབ་རྩེ་དྲུག་ཅུ་བསྐོར། སྨན་དཔྱད། བཟོ་ན་བཅོ་(༡༡༢.བ)བརྒྱད། འབྲུ་སྣ་ཚང༌། བྲན་གཡོག་ཕོ་མོ་མང་པོ་དང་བཅས་པ་གནང་ནས། སྔན་ལ་བརྫངས། བློན་པོ་མགར་རིག་པ་ཆེ་བའི་རིགས་རྒྱུད་སྤེལ་བའི་ཕྱིར་དུ། ལོ་གཅིག་སྡོད་དགོས་གསུངས། རྟིང་ལ་སྡད་དགོས་པ་བྱུང་བའི་སྐབས་སུ། ན་རྫུ་བཏབ། རིམ་འགྲོ་ལ། བསྙད་པའི་གཡོ་ཐབས་སྣ་ཚོགས་བྱས་ནས། རྒྱ་མི་མང་རབ་དང་བཅས་པ་ཁྲིད་ནས། ཡར་འགྱོགས་པར་ཡོང་པས། ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་བཤོད་དུ་ཟིན། དེ་ནས། བོད་རྒྱལ་པོའི་དྲུང་དུ། ལྷ་གཅིག་སྐལ་རྫོངས་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཕེབས་ཀྱི་ཡོད་པས། བློན་འབངས་རྣམས་ཀྱི་བསུ་བ་དང༌། དགའ་སྟོན་གྱི་གྲབ་བཤོམ་པ་མཛོད་ཅིག ཟེར་བའི་ཞུ་བ་སྔན་མ་བཏང་བ་བཞིན། ཕོ་བྲང་དམར་པོ་རིའི་ཕྱོགས་བཞིའི་ལ་སྲུང་རྣམས་ལ། ལམ་བཅོས་པ་དང༌། སུ་མི་ཐ་དད་དུ་བཞག་པས། ལྷ་གཅིག་གི་སྤྲུལ་(༡༡༣.ན)པ་སྐྱེ་ནས། ཉིན་གཅིག་ལ། ཕྱོགས་བཞིའི་ལམ་ནས་ལྷ་གཅིག་ཏུ་གྱུར་ཏེ། ནང་དུ་བྱོན། ལྷ་སའི་མཐིལ། ནགས་སེན། བྱེ་མའི་གླིང༌། ཆུ་མིག་འགྲམ་དུ། ལྷ་འི་ཤིང་རྟ་བྱིང་ནས། གྱད་ལྷ་དགའ། ཀླུ་དགས་ཀྱང་མ་ཐེག་པར། ཇོ་བོ་དེ་གར་བཞུག་པ་ནི། ས་དགྲ་མནོན་པ་ལ་དགོངས་པའོ། །སྐུ་བསྲུངས་ལ་གྱད་གཉིས་བཞག གོས་དར་གྱི་སླ་ཡོལ་གྱིས་གཅད་དོ། །དེར་ཀོང་ཇོ་རྒྱལ་པོ་དང་མཇལ། ཡབ་ཡུམ་གསུམ་བློན་འབངས་དང་བཅས་པ་དགྱེས་ཤིང་དགའ་མགུར་སྤྱོད་དོ། །དེ་ནས་རྒྱལ་པོའི་ཐུགས་ལ། ལྷ་རྟེན་གསུང་རབས་འདི་པ་བཞུགས་པའི་གཙུག་ལག་ཁང་ཞིག་བཞེངས་དགོས་ནས། ཀོང་ཇོས། པོར་ཐང་ཁྲ་བོ་རྟིངས་ནས། ཇུ་ཡག་གིས་རྩིས་བྱས་པས། ཡུལ་དེ་ན། བཀྲ་ཤིས་པའི་རྟགས་བརྒྱད་ལ་སོགས་པ། དགེ་མཚན་དུ་མཚང་འདུག་ནའང༌། (༡༡༣.བ)སའི་དགྲ་བརྒྱད་དམ། ལྔ་འདུག་པ་དང༌། ལར་བོད་ཡུལ་ཁ་བ་ཅན་འདི། སྲིན་པོ་གན་རྒྱལ་དུ་ཉལ་བ་དང་འདྲའོ། །ཐང་གི་མཚོ་འདི། སྲིན་མོའི་སྙིང་ཁྲག་ཏུ་འདུག་པ། འདི་མནོན་དགོས་པས། དེ་ལའང༌། དང་པོར་རུ་བཞིར་ལྷ་ཁང་བརྩིགས་དགོས་ཟེར་ནས། དཔུང་མགོ་གཡས་པ་ལ། ཀ་ཚལ། གཡོན་པ་ལ་ཁ་འབྲུག རླ་གཡས་པ་ལ་རྩང་འགྲམ། གཡོན་པ་ལ་འབྲོམ་བ་རྒྱང་བརྩིགས་སོ། །ཡང་སྲིན་མོའི་ཡན་ལག་བཞི་མནོན་པའི་ཕྱིར། མཐའ་འདུལ་གྱི་གཙུག་ལག་ཁང་ནི། གྲུ་མོ་གཡས་པ་ལ། ཀོང་བུ་ཆུང༌། གཡོན་པ་ལ་ལྷོ་བྲག་ཁོམ་ཏིང༌། པུས་མོ་གཡས་པ་ལ། ཀ་བྲག གཡོན་པ་ལ། སྲང་དུན་རྩེ་བརྩིགས་སོ། །ཡང་སྲིན་མོའི་ཉིང་ལག་བཞི་མནོན་པའི་ཕྱིར། ཡང་འདུལ་གྱི་ལྷ་ཁང་བཞི་ནི། ལག་མཐིལ་གཡས་པ་ལ། བྱང་འཚལ་གྱི་རླུང་མནོན། གཡོན་(༡༡༤.)པ་ལ། ཁམས་སུ་ཀློང་ཐང་སྒྲོན་མེ། རྐང་མགོ་གཡས་པ་ལ། བྱམས་སྤྲིན། གཡོན་པ་ལ། མོན་བུམ་ཐང༌། སྐྱེར་ཆུར་རྣམས་བཞེངས། དེ་རྟིང་(རྒྱལ་པོ་དགུང་ལོ་ཉི་ཤུ་རྩ་གཉིས་པའི་དུས་ས་ཕོ་ཁྱི་ལ)། ར་སའི་རྨངས་རྟིངས། ཡང་ཞིག་ནས། རྩིག་ཏུ་མ་བཏུབ་པ་ལས། རྒྱལ་པོས། ཙནྡན་གྱི་ལྷ་ལ་གསོལ་བ་བཏབ་པས། སྔོན་ལ་ལྷོ་ཕྱོགས་སུ་ཕོ་བྲང་རྩིགས་ལས། དེར་མཆོད་པའི་རྟེན་ངོ་མཚར་ཅན་རྣམས་སྤྱན་དྲོངས་ཤིག དེ་ནས་རིམ་གྱིས་འདོད་པ་གྲུབ་པར་འགྱུར་རོ་གསུངས་པ་བྱུང་ནས། བལ་བཟའ་མ་བཀའ་སྒོ་ནས། ལྷོ་ཕྱོགས་ཕོ་བྲང་རྩིགས། མཆོད་པའི་རྟེན་རྣམས་གདན་དྲངས། རྒྱལ་པོས་ཀྱང་ཕེབས་ནས། བལ་པོའི་ལྷ་བཟོ་ལ་གནང་སྟེ། ཡི་དམ་གྱི་ལྷ་བཞེངས་པའི་རྒྱུ་ཁྱད་པར་ཅན་དང༌། ལག་ཆ་རྣམས་རྒྱལ་པོའི་སྤྱན་སྔར་བསགས། སང་ཉིན་ནས་ལྷ་བཞེངས་རྩིས་ལ། དེ་ནུབ་ཕོ་བྲང་གི་མཐོངས་ཁུངས་ན་མར། སངས་རྒྱས་(༡༡༤.བ)བྱང་སེམས་ཐམས་ཅད། འོད་ཟེར་བཀྲ་ཤར་རེ་བྱོན། ལྷའི་རུ་ལ་ཐིམ་སོང་བས། རྒྱལ་པོའི་དགོངས་པ་ལ། ངའི་ཡི་དམ་འདི་ལ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བྱིན་བརླབས་མཉམ་པ་ཅིག་ཡོད་པར་འདུག་པས། ཤིན་ཏུ་ལེགས། དེའང་བོད་ཁ་བ་ཅན་པའི་ལྷ་སྐལ། ཐུགས་རྗེ་ཆེན་པོའི་རིགས་ལྔ་བཅུ་རྩ་གཅིག་གི་ནང་ནས། གང་བཞེངས་ན་དྲག་དགོངས་པ་ལ། སང་ནམ་ལངས་ཙ་ན། དབུས་སྔས་ཁ་ན། རྒྱལ་པོ་རང་དང༌། སྐུ་བོངས་མཉམས་པའི་ལྷ་བཅུ་གཅིག་ཞལ་འདི། རང་བྱོན་དུ་འདུག་པས། ཤིན་ཏུ་ལེགས་ནའང༌། ཙནྡན་གྱི་སྐུ་རང་བྱུང་འདི་དང་མཆོད་རྟེན་འདི་གསུམ། ལྷ་སྐུའི་ཁོང་སྙིང་དུ་བཞུགས་པ་ཅིག་བྱེད་དགོས་བསམ་པ་ཡིན་ཏེ་གསུངས་པ་དང༌། ལྷ་སྐུ་དེའི་ཕྱག་གཉིས་ཀྱི། ལྷ་རང་གི་བཤམ་ཐབས་པུས་གོང་དུ་བརྫེས་ཏེ། ཞབས་གཡས་(༡༡༥.ན)པའི་མཐིལ་ནས་འོད་ཟེར་འཕྲོས། ཙནྡན་གྱི་ལྷ་སྐུ་དང༌། མཆོད་རྟེན་གསུམ་པོ་སྤྱན་དྲངས། ཐུགས་ཁར་བཞུགས་པས། སྐུ་ཤིན་ཏུ་སྦྲམ་ཨ་མི་དྷེ་ཝ་ཡང་གཡོན་གྱི་ཕྱོགས་སུ་སོང༌། ཞབས་སྔར་ཤུལ་དུ་བྱོན་ཀྱང༌། བཤམ་ཐབས་པུས་གོང་དུ་ལུས་ཏེ་ཆགས་པས། རྒྱལ་པོ་ཤིན་ཏུ་ངོ་མཚར་ཞིང་མཉེས་པར་གྱུར་ཏོ། །དེར་རྟིང་རྒྱལ་པོས། ཡི་དམ་ལ་གསོལ་བ་བཏབ་པས། ཞལ་དབུས་མ་ནས་འོད་ཟེར་བྱུང༌། ལྷོ་ནུབ་ལ་ཝ་ཚལ་དུ། དུག་གི་སྡོང་པོ་ལ་ཕོག་དེ་ཐོར་བས། འདྲེ་སྲིན་གྱི་མདུང་ཕུང་བཤིག འོད་ཟེར་བྲག་ལ་ཕོག་པ་ལས། ཁར་ས་པ་ཎི་དང༌། རྟ་མགྲིན། ཨ་མི་དྷེ་ཝ་རྣམས་ཀྱི་སྐུ་དོད་འདུག་པ་བཞིན། འབུར་དུ་རྐོས་ཡོད་ཅིང༌། བྲག་ལྷ་ཅན་གདོང་ཞེས་པར་གྲགས་སོ། །འོད་ཟེར་དེས། ནུབ་ཕྱོགས། བྲག་ལྷ་ཀླུ་ཕུག་གི་མ་མོའི་ཉལ་ས་འཕྲོགས། རྒྱལ་པོས་སྤྲུལ་བ་བཀྱེ་ནས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་(༡༡༥.བ)གི་བཟོ་མཛད། བལ་པོའི་ལྷ་བཟོས། ལོ་ཀི་ཤྭ་རི་དང༌། མཁར་ས་པ་ཎི། དབྱངས་ཅན་མ། འོད་ཟེར་ཅན། ཁྲོ་གཉེར་ཅན། རྟ་མགྲིན། བདུད་རྩི་འཁྱིལ་བ་རྣམས་བཞེངས་ཏེ་གཙོ་བོར་དགུ་བཞུགས་སོ། །དེ་ནས། ཇོ་མོ་རུ་ཡོང་ཟ་རྒྱལ་མོ་བཙུན་གྱིས། མ་མོའི་ཉལ་སར། བཅོམ་ལྡན་འདས་རྣམ་སྣང་ཀུན་ཏུ་ཞལ་བྲག་ལ་འབུར་དུ་སྟོད་པ་བཞེངས། ཕོ་བྲང་གི་ལྷ་ནུབ། ཙནྜན་གྱི་རུན་སྲང་ཡོད་པར་མཆོད་རྟེན་ཀེ་རུ་རྩིགས། ཀླུའི་ཕོ་བྲང་(ད་ལྟ་ར་མོ་ཆེའི་ས་འདི་ཡིན)གི་སྟེང་ནི། གསེར་གྱི་ལྷ་ཤཱཀྱ་མུ་ནེས་མནན་ཟིན། རྒྱལ་པོས་ཕྱོགས་བཞི་དང༌། སའི་དགྲ་བརྒྱད་པོ་མནན། བཀྲ་ཤིས་པའི་རྟགས་བརྒྱད་པོ་གསལ་བར་བྱས་པ་ནི། གནམ་ལ་འཁོར་ལོ་རྩིབས་བརྒྱད། སའི་པདྨ་འདབ་བརྒྱད་ཀྱི་བར་ན། ཧན་ཀར་རྟ་མོ་རིའི་རི་ལ་གདུགས་ཡོད། ར་ཀའི་བྲག་ལ་ཉ་ཡོད། རྫོང་བཙན་གྱི་བྲག་ལ་བུམ་པ་ཡོད། གྲིབ་སེ་སྒྲོམ་ན་དུང་(༡༡༦.ན)ཡོད། ཡུགས་མའི་ཟུར་ན་རིན་པོ་ཆེའི་དཔལ་བེའུ་ཡོད། བཤུན་གྱི་རི་ལ་རྒྱལ་མཚན་ཡོད། དེར་རྟིང་ཡོན་ཏན་ཐམས་ཅད་འཐོན་པས། ར་སའི་ལྷ་ཁང་རྩིག་ཏུ་བཏུབ་པར་མཁྱེར་ནས། བོད་ཁ་བ་ཅན་དུ། ལེགས་སོ་ཅོག་འབྱུང་ཞིང་ཉེས་སོ་ཅོག་སྒྲིབ་པའི་ཕྱིར་ཏུ། རྒྱལ་པོ་སྤྲུལ་པ་ལྔ་སྟོང་བཀྱེ་ནས་ལྷ་ཁང་བཞེངས། བཙུན་མོ་དམ་པ། བལ་བཟའ་ཁྲི་བཙུན་གྱིས། ར་ས་འཕྲུལ་སྣང་དང༌། རྒྱ་བཟའ་ཀོང་ཇོས། རྒྱ་ཐབ་ར་མོ་ཆེ། ཞང་ཞུང་བཟའ་ལི་ཏིག་མན་གྱིས། ཁྲམ་བུ་ལྐོག་མ། རུ་ཡོང་བཟའ་རྒྱལ་མོ་བཙན་གྱིས། བྲག་ལྷ་ཀླུ་ཕུག མོན་བཟའ་ཁྲི་ལྕམ་གྱིས། ཡེར་པའི་ལྷ་ཁང་རྣམས་བཞེངས་སོ། །ར་སའི་གཙུག་ལག་ཁང་བཞེངས་ནས། ལོ་གསུམ་ལོན་ཙ་ན། བོད་འབངས་བྱིན་པོས། ནམ་ཟླ་དུས་བཞིའི་རྩིས་མ་ཤེས། བཤན་མ་ཕྱེ་པ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དགོངས་པ་ལ། ངས་ཆོས་འཇིག་རྟེན་(༡༡༦.བ)གྱི་ཁྲིམས་འཆོས། བོད་འབངས་དགེ་ལ་བསྐུལ་ཐུབ་བྱུང་ནའང༌། འཇིག་རྟེན་པ་རྣམ་རྟོག་གི་དྲ་བ་སེལ་ཐབས། རྒྱ་དཀར་ནག་གི་རྩིས་ཀྱང་རྒྱ་སཔར་སྤེལ་ནས། རྒྱལ་ཁམས་ལ་ཕན་གདགས་དགོས་སྙམ་པ་འཁྲུངས་ཏེ། བོད་མི་བློ་གསལ་ཤེས་རབ་དང་ལྡན་པ། འབྲེ་སྙ་བརྟན་དང༌། ལང་ཚོ་ལྡོ་ལེགས། བྱ་གག་སྟོང་ཀུན། འདར་མི་སྟག་ཁ་བྱ་བ་དང་བཞི་པོ་ལ། གསེར་གྱི་སྤར་ཏུ། དངུལ་གྱི་ཡང་ཁོལ་ཅན་བརྒྱད། གསེར་སྤ་རུ་རེ་རེ། ལམ་ཆས་གསེར་ཕྱེ་བྲེ་ཕྱེད་དང་བཅས་པ་བསྐུར་ནས། ཁྱེད་རྣམས་རྒྱ་ནག་ཡུལ་དུ་སོང་ལ། བོད་ཀྱི་རྒྱལ་ཁམས་འདིར་ཕན་པའི་གཙུག་ལག་སློབ་ནས་སྤྱོན་ཅིག སྔར་བོད་ན། ཀོང་ཇོས་ཁྱེར་བྱུང་བའི་ནག་རྩིས་དྲུག་ཅུ་སྐོར་ཟུར་ཙམ་དང༌། རྒྱ་གར་ནས་བསྒྱུར་བའི་རྟེན་འབྲེལ་བཅུ་གཉིས། ཉི་མ་དྲུག་བསྐོར་ཙམ་མོ། །དཀར་ནག་གི་རྩིས་མ་དར་བས། (༡༡༧.ན)གསོན་གཤིན་གྱི་རྩིས་དང༌། ནམ་ཟླའི་དུས་བཞིའི་ཐོབ་ལུགས། རྒྱ་ནག་པོ་ལ་གཏུགས་དགོས་པར་འདུག་པས། མཁས་པར་སློབས་སྤྱོན་ཅིག བྱ་དགའ་ཆེན་པོ་བྱེད་པ་ཡོན་ནོ་གསུངས་པའི་བཀའ་སྒོ་ནས་རྫངས་བཏང་པས། ཁོང་བཞི་པོས་ཕྱིན་ཏེ། རྒྱ་ནག་ཏུ་སྔོན་ལ། མཁས་པ་མི་བཞི་ལ། རྒྱ་ཁྲི་མཧཱ་ཡ་ན་བྱ་བ་ལ། བོད་མི་བཞི་ཁས་ཞུས། ལོ་གཅིག་དང་ཟླ་བ་བདུན་བསྡད། གཞན་གྱི་རྒྱུད་ཆེན་ལ་སོགས་མ་བུ་ཚང་མ་རང་ནི་མ་གནང༌། རྒྱུད་སྣང་གསལ་སྒྲོན་མེ་དང༌། སྤང་རྒྱ་བླ་མ། གནམ་ས་རྗེས་གཅོད་དང༌། ཕྱག་ཤོས་འབྲེང་བུའི་གབ་རྩེ་ཙམ་གནང་བས། བློ་གསལ་དེ་རྣམས་ཀྱིས། གསོན་གཤིན་གྱི་རྩིས་དང༌། ནམ་ཟླ་དུས་བཞི་ཤན་ཕྱེད་པར་བྱས་ནས། ཡར་ལ་སྡེབས་ཡོངས། དེའི་སྐབས་ན། སླབས་ཤེས་ཀྱི་ཡོན་ཏན་གང་ལའང༌། (༡༡༧.བ)སྟངས་འབུལ་དགོས་པས་ན། རྗེ་ས་བདག་རྒྱལ་པོ་དབུ་ལ་བཞུགས་པའི་ཁྲོམ་ཚོགས་སར། ནག་རྩིས་གང་ཤེས་པ་ཐམས་ཅད། བོད་སྐད་དུ་བསྒྱུར་ལས། སྟངས་ཕུལ་ཅིག་གསུངས་པ་ལ། འབྲེ་སྙ་བརྟན་གྱིས་གང་ཤེས་བཤད། དེ་ལ་བྱ་གག་གིས་དགག་པ་བཏང༌། དེ་རྟིང་ལང་ཚོ་ལྡོང་ལེགས་ཀྱིས་བཤད། དེ་ལའང་བྱ་གག་གིས་སྐྱོན་བཙལ། དེ་ནས་རྒྱལ་པོ་ལ་རྒྱབ་བཅོལ་ཏེ། བྱ་གག་རང་གིས་བཤད་པས། བླ་སྒོ་གསུམ་ཀ་ཕྱེ། མཁས་པར་གྲགས། རྒྱལ་བློན་ཐམས་ཅད་ཐུགས་མཉེས་སོ། །འདར་མི་སྟག་ཁ་བྱ་བ་དེ་ནི། བྱ་གག་གི་རྗེས་སུ་འབྲེང་ཟེར་བས། བཤད་མ་དགོས། དེའི་སློབ་མར་གྱུར། དེར་འཚོགས་པ་ཀུན་རེ། འདྲེ་སྙ་བརྟེན་ཁྱེད་རང༌། སྤར་ཁའི་མོ་ཕྲན་ཙམ་ཐོབ་ལས། གསོན་གཤིན་གྱི་རྩིས་གཞན་མ་བྱེད་ཅིག མི་ཕུང་བར་འགྱུར་རོ་ཟེར་རོ། །ལང་ཚོ་ལ་ཁྱོད་རང་གསོན་རྩིས་ཟ་(༡༡༨.ན)ཚོལ་ཙམ་གྱིས་ལ། གཤིན་རྩིས་དང༌། གཏོ་ཆེན་མོ་མ་བྱེད་ཅིག་ཟེར་ནས། གཉིས་པོ་ཕུལ་ནས། རྒྱལ་པོས་རྒྱས་བཏབ་བོ། །བྱ་གག་སྟོང་ཀུན་དེ། རྒྱ་ནག་གི་རྩིས་གང་ལའང་མཁས་པར་སྤྱད་དེ། དེའི་བུ་བྱ་གག་རྒྱ་མཚོ་བྱ་བ་ལགས་སོ། །ཕ་ཚེ་བུ་རབས་སུ། རྗེའི་བླ་རྩིས་པ་བྱས་སོ། །བོད་དུ་ནག་རྩིས་དར་བའི་སྔན་མ་འདི་རྣམས་ཡིན་པར་བྱེད་ཅིང༌། ནག་རྩིས་ཀྱིས་རྒྱུད་རིམ་རྙིང་མ་ནི། འཕགས་པ་འཇམ་དཔལ་གྱིས། ལྷ་ཚངས་པ་ལ་གསུངས། དེས་སྲིད་པའི་ལྷ་མོ་རྣམ་རྒྱལ་མ། ལྷ་ཝང་སྟེ་འཕྲུལ་གྱི་རྒྱལ་པོ། ཀླུ་དགའ་བོ། བྲམ་ཟེ་ཟེར་སྐྱ། རྒྱ་སྟག་པོ་ཆེ། ཧང་གྷ། རྒྱ་དོ་རེ། རྒྱ་ཁྲི་མ་ཧ་ཡ་ན་རྣམས་ལ་རིམ་པར་བཤད་ཅིང༌། དེས་བོད་ཀྱི་མཁས་པ་མི་བཞི་པོ་ལ་བསླབས་པའི་བྱ་གག་སྟོང་ཀུན་གྱི་རིགས་རྒྱུད་ནི། ག་རིངས་ཡེ་ཤེས་རྒྱལ་པོ་ཚང་ཡིན་པར་བྱེད་ལ། དེ་པ་སྤྱིར་ནག་རྩིས་ལ། སྒོས་སུ་ས་གཞུང་ལ་མཆོག་ཏུ་མཁས་(༡༡༨.བ)པ་ཡིན་ནོ། །དེའང་ནག་རྩིས་ལ། རྒྱུད་ཆེན་པོར་གྲགས་པ་ལྔ་ཡོད་པ་ནི། སྡོང་པོ་ཀུན་འདུས་ཤིང་གི་རྒྱུད། སྣང་གསལ་སྒྲོན་མེ་མེའི་རྒྱུད། གབ་པ་འཁྲུལ་འཁོར་པའི་རྒྱུད། སེ་རུ་ནག་པོ་ལྕགས་ཀྱི་རྒྱུད། བདུད་རྩི་བུམ་པ་ཆུའི་རྒྱུད་རྣམས་སོ། གཞན་ཡང་རྒྱུད་ཕྲན་དང་། བསྟན་བཅོས་མན་ངག་ནི་བསམ་གྱིས་མི་ཁྱབ་བོ། དེ་ནས་ཡང་བོད་རྒྱལ་པོ། བློན་ཆེན་པོ་བཅུ་དྲུག་དང་བཅས་ཏེ། རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། རྒྱའི་སོ་ཁ་འབུལ་བ་དང་། ཀོང་ཇོ་ལེན་དུས་ཀྱི་ཁས་ལེན། ཆད་བཙན་པར་བྱ་བའི་ཕྱིར། ལྷ་ཁང་མང་པོ་བཞེངས། ལོ་བཅུ་གསུམ་གྱི་རིང་ལ། རྒྱ་བོད་དུ་ལྷ་ཁང་དུ་བརྒྱ་རྩ་བརྒྱད་བཞེངས་ཚར་བའི་རྟིང་མ། རབ་སྒང་དུ། ཡོངས་རྫོགས་ལྷ་ཁང་ཞེས་བྱ་བ་བཞེངས་སོ། བཀའ་ཆེམས་བཀའ་འཁོལ་མ་ལས། ཆོས་རྒྱལ་འདིའི་རིང་ལ། རྒྱ་གར་ནས། སློབ་དཔོན་ཀུ་ས་ར་བྱ་བ(༡༡༩།ན)སྤྱན་དྲངས་ཏེ། དེའི་ལོ་ཙཱ་བ། ཐོན་མི་སམ་བྷོ་ཏྲས་བྱས་ནས། མངོན་པའི་སྡེ་སྣོན་དང་། རྒྱས་འབྲིང་བསྡུས་གསུམ་བསྒྱུར་རོ། །བལ་བོ་བློན་པོ་ཤི་ལ་མཉྫུའི། ལོ་ཙ་བ་ལྷ་གཅིག་བལ་བཟའ་ཁྲི་བཙུན་གྱིས་བྱས་ནས་མདོའི་སྡེ་སྣོད་དང་། ཕལ་བོ་ཆེ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར་རོ། །རྒྱ་གར་གྱི་བྲམ་ཟེ་ཤ་ཀ་རའི་ལོ་ཙ་བ། ཨ་ཙ་ར་དྷརྨ་ཀོ་ཤས་བྱས་ནས། འདུལ་བའི་སྡེ་སྣོད་དང་། ཀ་རི་ཀ འདུབ་འོད་ལྡན། ཀྲི་ཡའི་མདོ་རྒྱུད་རྣམས་བསྒྱུར་རོ། །རྒྱ་ནག་ནས། སློོབ་དཔོན་ཧ་ཤང་བ་ཧཱ་ཡ་ན་སྤྱན་དྲངས་ཏེ། དེའི་ལོ་ཙ་བ་ལྷ་གཅིག་རྒྱལ་བ་ཀོང་ཇོ་དང་། ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས་ནས། ནག་རྩིས་དང་སྨན་སྤྱད་ལ་སོགས་མང་པོ་བསྒྱུར་བར་བྱེད་དོ། །ཞང་ཞུང་གི་ཡུལ་ནས། བོན་པོའི་གྲུབ་ཐོབ། ཞང་ཞུང་ལྷ་ལྡེམས་བྱ་བ་བོས་ནས། བོན་པོ་ལའོ་རྣམ་པས་བྱ་བ། བོན་སློབ་ཏུ་བཅུག་སྟེ། ནད་པའི་རིམས་འགྲོ་ལ་སོགས་ལ།བོན་(༡༡༩.བ)ཡང་དར་བར་མཛད་དོ། །སྤྲུལ་བའི་ཆོས་རྒྱལ་ཆེན་པོ་ཉིད་རང་གིས། མ་འོངས་པའི་དུས་སུ། བོད་ཀྱི་ཆོས་སྐལ་དར་བར་བྱ་བའི་ཕྱིར་དུ། འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་བསྐོར། མ་བུ་ཞལ་གདབས་དང་བཅས་པ། བརྒྱ་རྩ་བརྒྱད། ཞལ་ནས་གསུངས་ཤིང་། དེ་དག་ཐམས་ཅད་དཔེ་རུ་བྲིིས་ནས། ལྷ་སའི་བབྱང་ཆུབ་གླིང་གི་རྟ་མགྲིན་ཞབས་འོག་དང་། གཡོནརུ་ཁྲ་འབྲུག་རྒྱལ་བའི་བསྐོར་མཛོད་ན་སྦས་ཡོད་དོ། །དུས་མཐའ་ལ་སླེབ་དུས། སྐྱེས་བུ་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱིས་རྙེད་པར་ལུང་བསྟན་ནོ། །གཞན་ཡང་བོད་མུན་པའི་དམག་རུམ་གྱིས་འཐིབས་པ་བསལ་བའི་ཕྱིར་དུ། གང་ལ་གང་འཚམས་པའི་སྤྲུལ་པ་བཀྱེ་བ་ནི། དེ་ནས་བོད་རྣམས་ལུང་གི་ཆོས་ལ་ཡིད་ཆེས་པར་བྱ་བའི་ཕྱིེར། ཁྲོམ་དཀྱིལ་དུ། ནད་པ་དང་། སྨན་པ་དང་། མོ་མ་དང་། བོན་པོས། ཤ་བ་ནམ་མཁའ(༡༢༠.ན)ལ་འགྲོ་ཤེས་པ་ལ་སོགས་སྤྲུལ་པས། ནད་པ་དྲུག དེ་ལ་ཁྲོམ་རྣམས་ངོ་མཚར་སྐྱེས་པས། ད་ལྟར་གྱི་ནད་པའདི་འདྲི་ལས། ཆེས་ན་བའི་ངན་སོང་གསུམ་དང་། འཁོར་བའི་སྡུག་བསྔལ་བརྗོད་པས། ཡིད་མ་ཆེས། སྤྲེའུའིགྱད་ཧ་ལུ་མནྡའི་སྒྲུང་བཏང་ནས། བོད་ཀྱི་རིགས་བརྒྱུད་དེ། ལས་ཀྱི་འབྲས་བུ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་སྦྱར་བས། ཡིད་མ་ཆེས། བསླབ་པ་གསུམ་ལ་བཀོད་པའི་ཕྱིར། བོན་བྱས། ནད་སོས་པ་ལས། ཕན་ཆེ་བའི་བསླབ་པ་གསུམ་གྱི་ཡོན་ཏན་བསྟན། སངས་རྒྱས་ཀྱིས་རྒྱ་གར་དུ་མཛད་པ་བཅུ་གཉིས་མཛད་པའི་དོད་པོར། རྒྱལ་པོས། ར་སའི་གཙུག་ལག་ཁང་དུ། མཛད་པ་བཅུ་གཉིས་མཛད་པའི་ལོ་རྒྱུས་ཡོད་ཅིང་། ཁྲོ་བོ་རྨེ་བརྩེགས་ཀྱི་རྒྱབ་ན། མཆོད་རྟེན་བརྒྱད་པོ་བྱས་ཡོད་དོ། །དེ་ལྟ་བུའི་ཆོས་རྒྱལ་ཆེན་པོ་འདི་ནི། འཕགས་པ་ཐུགས་རྗེ་ཆེེན་པོ་དངོས་ཡིན་པར་གྲགས་ཤིང། སངས་རྒྱས(༡༢༠.བ)ཀྱིས་བསྟན་པའི་སྲོལ་ལེགས་པར་གཏོད་ནས། དགུང་ལོ་བརྒྱད་ཅུ་རྩ་གཉིས་ཞེས་པ་ས་ཕོ་ཁྱི་ལོ་ཤར་བའི་སྟོད་ལ། བཀའ་ཆེམས་ཆེན་མོ་བཞག་པ་ཡིན། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ང་ནས་མི་རབས་ལྔ་ཉིད་ནས། ་ལྡེ་ཞེས་བྱ་བའི་ཆོས་རྒྱལ་འབྱུང་། །དམ་ཆོས་མ་ལུས་རྒྱས་པར་བྱེད། །ཐ་མ་དེ་ཡང་སངས་རྒྱས་འགྱུར། །དེ་ནས་མི་རབས་གཉིས་ནས་ནི། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དམ་ཆོས་མ་ལུས་ནུབ་པར་བྱེེད། །ཐ་མ་ངན་འགྲོར་ལྟུང་བར་འགྱུར། །དེ་ནས་མི་རབས་འགའ་ཞིག་ན། །དམ་ཆོས་མི་རྟཧ་ཙམ་ཞིག་འབྱུང་། །མར་མེ་འཆི་ཁར་གསལ་བ་བཞིན། །རྟགས་ཙམ་འཛིན་པའི་དུས་སུ་ནི། །དམ་ཆོས་ཤིན་ཏུ་གསལ་བར་འབྱུང་། །ཞེས་པ་ལ་སོགས། བོད་འབངས་སྤྱི་སྒོས་ཐམས་ཅད་ལ་ཕན་བའི་ཞལ་གདམས་མང་པོ་གསུངས་པའི་རྗེས་ལ། རྒྱལ་པོ་དང་(༡༢༡.ན)ཁྲོ་གཉེར་ཅན་གྱི་སྤྲུལ་པ། བལ་མོ་བཟའ་དང་། སྒྲོལ་མའི་སྤྲུལ་པ། རྒྱ་མོ་བཟའ་དང་། ཡབ་ཡུམ་གསུམ་ཁ། འཕྲུལ་སྣང་གི་བཙན་ཁང་བྱང་མར། རང་བྱོན་འཕགས་པ་བཅུ་གཅིག་ཞལ་ལ་ཐིམ་མོ། །རྒྱས་པར་བཀའ་ཆེམས་བཀའ་འཁོར་མར་ལྟའི། །འགའ་རེ། རྒྱལ་པོ། འཕན་ཡུལ་ཟམ་མོ་སྒང་དུ་གྲོངས་ཟེར་བའང་འདུག་སྟེ། བློན་པོ་སྣ་ཆེན་པོ་དང་། སིའི་གུང་སྟོན་ལ་སོགས་གྲོས་ལ་དབང་བ་རྣམས་ཀྱིས། བོད་འབངས་བྱིན་པོ་སྤྲོ་བ་སྲིངས་པའི་ཕྱིར་དུ་རེ་ཞིག ཟམ་མོ་སྒང་དུ་བསྙུང་པ་སྐད་དང་། སྐུ་གཤེགས་པའི་ཚུལ་དུ་བྱས་པར་བྱེད་དོ། །རྒྱ་བཟའ་ཀོང་ཇོས། ལྕགས་མོ་གླང་ལ། རྒྱ་ནག་ནས་བྱོན། བོད་ཡུལ་དུ་ལོ་ལྔ་བཅུ་རྩ་བརྒྱད་བཞུགས་པར་བྱེད། སྲོང་བཙན་དབང་པོ་(བང་སོ)འཕྱོང་རྒྱས་མདའ་རུ་བཏབ། ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སོ་སྐད། །(༡༢༡.བ)བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་འབྱུང་། །མིང་ལ་སྨུག་རི་སྨུག་པོ་ལེགས་སོ་སྐད། །རྗེ་དེ་དང་། མོང་བཟའ་ཁྲི་ལྕམ་གྱི་སྲས། གུང་སྲོང་གུང་བཙན། བློན་པོ་ནི། མང་སོ་རྗེ་ཞང་སྣང་དང་། སྣུབས་བཙན་དོ་རེ་བྱས། ཆབ་སྲིད་ལོ་ལྔ་ལ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་འདས་ནས། སླར་ཡང་། ཡབ་ཀྱི་རྒྱལ་སྲིད་བཟུང་པ་ཕྱེད་མར་འགྲང་སྐད། གུང་རོང་(སྲོང་)བང་སོ་དོན་མཁར་མདའ་རུ་རྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེན་ཡིན་ནོ་སྐད། །རྗེ་དེ་དང་། འ་ཞ་བཟའ་ཁོས་ཇོ་མོ་རྗེའི་སྲས། མང་སྲོང་མང་བཙན། ལོ་བཅུ་གསུམ་ན། མེས་འདས་ནས། ལོ་བཅོ་ལྔའི་བར་ལ་སྲིད་བཟུང་། བློན་པོ་མགར་སྟོང་བཙན་ཡུལ་བཟུང་ དང་། འཆིམས་མང་གཉེར་གྱིས་བྱས། ཉི་ཤུ་རྩ་བདུན་པ་ལ། གཙང་གི་བར་སྣང་དུ་འདས(ཤངས་ཀྱི་ཕོ(༡༢༢.ན)བྲང་སྒང་ཡིན་ཟེར)།མང་སྲོང་བང་སོ་སྲོང་བཙན་གཡོན་ན་ཡོད། མིང་ནི་སྔོ་བཞེར་ཧྲལ་པོ་བྱ་བ་ལགས། རྗེ་དེ་དང་། འབྲོང་བཟའ་ཁྲི་པེ་ཁྲི་མ་ལོད་ཀྱི་སྲས། ལུས་སྲོང་མང་པ་རྗེ། རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་ཆུ་མོ་བྱ་ལོ་པ་སྟེ། མ་འཁྲུངས་གོང་ཙམ་དུ་ཡབ་འདས། འཁྲུས་འཕྲལ་ནས། དགུང་ལོ་ཉི་ཤུ་རྩ་དགུའི་བར་ལ་སྲིད་བཟུང་། འདིར་རིང་ལ། བོད་དུ་རོལ་མོའི་རྣམ་གྲངས་མང་པོ་འབྱུང་བའི་སྔ་ལྟས་སུ། རྩལ་པོ་ཆེ་མི་བདུན་བྱུང་པ་ནི། ཨ་རྒོད་ལྡོང་བཙན་གྱིས། སེང་གེ་དཀར་མོའི་སྣ་བ་ནས་བཟུང་བྱུང་སྐད། མོན་ཁྲི་བཟང་གིས། སྟག་དར་མ་གཉིས་ལྕགས་ཐག་གིས་སྒྲེལ་ནས་ཁྲིད། ལུང་པ་ངུར་སྒྲས་ཁེང་པ་བྱས་བྱུང་སྐད། ལྡོ་དོན་དམ་ཡང་དག་འཕགས་ཀྱིས། སེང་ལྡེང་གི་གདུང་ཆེན་པོ་བཅུ་གསུམ་གྱི་སྟེང་དུ། ལྕགས་དོས་ཀྱི་གོང་ཚ་གཅིག་དང་བཅས་ནས་ཁུར་བྱུང་སྐད། ལྕོག་རོ་ཟངས་དཀར་གྱིས། ལྷ་སའི(༡༢༢.བ)རྡོ་རིངས་རྐེད་པ་ལ་བཙུགས་ནས། ཡོ་ག་ཡོ་གིན་བྱུང་སྐད། རྔོག་རིངས་ནག་པོས། བལ་ཡུལ་ནས་གླང་པོ་ཆེའི་ཕྲུག་གུ་གསོན་མར་ཁུར་བྱུང་སྐད། མགོས་ཤག་ཆུང་གིས། ཤ་བ་ཡུ་མོའི་བླུད་བུ། ཚས་རྒྱངས་ནས་སླད་ལ་བསྐོར་གིན་བྱུང་། མནོན་རྒྱལ་མཚན་རྣམ་གྲངས་ཀྱིས། མིག་མཐོང་གསུམ་རེ་མདའ་རྒྱང་གིས་སླེབ་ཅིང་། གཙང་པོ་ཕར་འཕྱོར་ཚུར་འཕྱོང་བྱེད་ཀྱིན་བྱུང་སྐདོ། །
བོད་དུ་ཇ་དང་དཀར་ཡོལ་བྱུང་བའི་ལོ་རྒྱུས།
རྒྱལ་པོ་འདིའི་དུས་སུ། བོད་ན། སྔར་མེད་པའི་ཇ་དང་། དཀར་ཡོལ་བྱུང་བའི་ལོ་རྒྱུས་མེད་(ཡོད)པ། རྒྱས་པར་གཞན་དུ་ལྟ་ཞིང་། ཟུར་ཙམ་བསྟན་པ་ནི་དུས་ནམ་ཞིག རྒྱལ་པོ་སྙུང་དྲག་པོ་ཞིག་གིས་ཐེབས་པའི་དུས་སུ། བོད་ན། སྨན་སྤྱད་གཞུང་བཞིན་ཤེས་པ་ནི་མེད། ཟས་དང་། སྤྱོད་ལམ། རིགས་བཟོ་ལ་བརྟེན་པ་ཙམ་ཡོད་པས། སྐུ་འཚམས་བར་བཞུགས་ཡོད་པའི་ནང་ནས། ཕོ་བྲང་གི་པུ་ཤུ་ཟུར་ན། བྱ་ཡིད་དུ(༡༡༣.ན)འོང་བ། སྔར་མ་མཐོང་པ་གཅིག་གི་ཁ་ན། ཤིང་བུ་ལོ་འདབས་དང་ཉུང་ཤས་ཤིག་ཁྱེར་ནས། སྐད་སྙན་པར་སྒྲོག་གི་འདུག་པ། རྒྱལ་པོས་གཟིགས་ནའང་། སྔན་མ་ཕྱེད་གཉེར་མ་མཛད། སང་སྣངས་ཀྱང་། ཉི་མ་ཤར་མཚམས་སུ། ིན་ཀ་བྱེད་ཀྱི་འདུག་པ་དང་། རྒྱལ་པོའང་ཐེ་ཚོམ་སྐྱེས་ཏེ། ལྟས་ནས། ཤིང་དེ་རྣམས་ལ། བཞིན་མལ་བཅུག་པས། སྔར་མེད་ཀྱི་ཤིང་དུ་འདུག་ཅིང་། ཤིང་དེ་ཡི་སྣ་མོ་གཅིག་ཞལ་དུ་བཅུག་ནས། བྲོ་བ་མྱང་པས། ཞལ་སྐྱེམ་པ་སོས། བཏུང་བའི་མཆོག་ཏུ་མངོན་ནས། ད་ཁྱེད་བློན་འབངས་རྣམས་ཉོན་ཅིག ང་ན་བའི་སྐབས་འདིར། གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད། བྱས་ཁྱེར་བའི་ཤིང་བུ་འདི་ནི། བཏུང་བའི་མཆོག་ལུས་ཀྱི་གསོས། ནད་ཀྱི་སྨན་དུ་འདུག་པས། ང་ལ་གློ་བ་ཉེ་བ་རྣམས་ཀྱིས། ཤིང་འདི་ལྟ་བུ་གར་འདུག་ཀྱང་ཚོལ་བྱོན་ཅིག བྱ་དགའ(༡༢༣.བ)ཆེན་པོ་བྱེད་དོ་གསུངས་པ་དང་། བློན་འབངས་བྱིན་པོས། བོད་ཡུལ་གྱི་ས་ཆ་སྟོད་སྨད་ཐམས་ཅད་རྩལ་ཡང་མ་རྙེད།བློན་པོ། རྒྱལ་པོ་ལས་བསམ་རུ་མེད་པའི། གློ་བ་ཉེ་བཤེས་ཅིག་གིས།བོད་ཀྱི་ས་མཐའ་འཁྱམས་འཁྱམས་པས། རྒྱ་ནགས་འཐུངབ་པོ། སྨུག་ལིང་ངེ་བ་མཐོང་པ་གཅིག་ཏུ་སླེབ་སྟེ། ཕ་ཀི་འདྲ་བའི་གསེབ་ན། ཤིང་དེ་ངེས་པར་ཡོད་དམ་སྙམ་ནས། གཏད་ཕྱིན་པས། ནགས་དེའི་ཚུར་རོལ་ན། ཆུ་ཆེན་པོ་གཅིག་འདུག་པས། ཆུ་ལ་ནི་འགྲོ་མ་ནུས། ཤིང་དེ་ནི་ནགས་གསེབ་ན་ཡོད་པར་ངེས་རིག་སྟེ། རྒྱལ་པོ་ཡིད་ལ་སེམས་ཀྱིན་སྡད་ཙ་ན། དར་ཅིག་ནས་ཉ་ཆེན་པོ་ཅིག་ཁོའི་ཐད་དེ་ནས་ཆུ་དེ་ལ་ཞུགས་སོང་པ་དང་། ཆུ་ཁ་ཞེང་ཆེ་བ་མ་གཏོགས། གཏིང་ལ་མི་ནུབ་པར་འདུག་པས། སེམས་དགའ་སྟེ། དེའི་རྗེས་ལ་རྒལ་ཕྱིན་ནས། ནགས་གསེབ་ཏུ་སླེབས་པ་དང་། (༡༡༤.ན)ནགས་མ་ནི་ཕལ་ཆེ་བ། བྱས་ཁྱེར་བའི་ཤིང་དེ་ཀྱང་དུ་འདུག་པས། ང་ནི་བ་གི་རྗེ་བོ་ངེས་པར་སྐུ་ལྟེ་པར་འགྱུར་རོ་སྙམ་པའི་དགའ་སྤྲོ་དང་བཅས་ནས། ཤིང་དེ་འདྲ་བ་རྒྱབ་གཅིག་རྔས། ཡང་བསམ་མནོ་ཕྱི་མ་ལ། རྒྱལ་པོ་སྙུང་བ་དངས་པ་ལ་ནི། འདི་ཕན་ངེས། ས་ཐག་རིང་བར་འདུག་པས། ད་ལན། འཁུར་བའི་གྲོགས་སམ། ཁལ་པ་གཅིག་ཡོད་ན་བསམ། འདོད་པ་སྐྱེས་པའི་དུས་དེར། ད་ཀི་མེད་པའི་ཤ་བ་མོ་གཅིག་མི་འཛེམ་པར་རྩ་རུ་སླེབ་བྱུང་བས། འདི་འདྲ་ལ་ཁལ་བཀལ་རུང་པའང་སྲིད་དམ་སྙམ་ནས་གྲབས་བྱས་པས། ཇི་ལྟར་འདོད་པ་བཞིན་བྱར་བྱུང་ནས། ཤིང་དེ་ནས། ཤ་བའི་ཁལ་རྒྱབ་གཅིག་དང་། ཁོ་རང་གི་རྒྱབ་གཅིག་ཁུར་ཡོང་པས། ལམ་ཞག་ཟླ་བའི་བར་ལ་སོང་ནའང་། ཤ་བས་ཀྱང་ཁུར་ནས། བོད་རྒྱལ་པོའི་ཕོ་བྲང་མཐོང་སར་བསྐྱལ་ལོ། དེ་ནས་གྲོགས་བཀུག་སྟེ། རྒྱལ་པོའི་སྤྱན་སྔར་(༡༢༤.བ)ཕུལ་བས། ཤིན་ཏུ་དགྱེས་དགའ་ནས། བྱ་དགའ་ཆེན་པོའང་བྱས། བསྙུང་སོས་པ་ཡང་ཕན་པོ་བྱུང་སྐད། དེ་རྟིང་། རྒྱལ་པོའི་ཞལ་ནས། འདི་ནི་བཏུང་བའི་མཆོག་ཏུ་འདུག་པས། འདི་འཐུང་པའི་སྣོད། སྔར་ཡོད་པའི་གཟི་འཆོང་། གསེར་དངུལ་ལ་སོགས་རིན་པོ་ཆེའི་ཞལ་སྐྱོགས་འདི་རྣམས་ཀྱང་མ་ཡིན་པའི་སྔར་མེད་ཀྱི་སྣོད་ཅིག་ཚོལ་དགོས་པར་འདུག་པ། དེའང་། རྒྱ་ནག་པོའི་རྒྱལ་པོ་ལ། དཀར་ཡོལ་ཟེར་བ་ཅིག་ཡོད་འདུག་པ། སློངས་ལ་ཤོག་ཅིག་གསུངས་པ་བྱུང་ནས། གསེར་ཡིག་པ་བཏང་པས། རྒྱ་ནག་རྒྱལ་པོ་ན་རེ། རང་རེད། རྒྱ་བོད་གཉིས་འཐབ་མཐུན་ལན་མང་། བོད་ལ་ཕན་གདགས་པའི་ཕྱིར་དུ། ངེད་ཀྱིས། སྨན་རྩིས་བཟོ་གནས། རོལ་མོ་མཁན་རིམ་པར་བཏང་ནའང་། བོད་ཀྱིས་བསམ་དུ་མ་འདོད་པས། དཀར་ཡོལ་མི་བསྐུར། བོད་རང་ལ་བཟོ(༡༥༩.ན)རྒྱུ་ཡོད་ན། བཟོ་མཁན་ཅིག་བཏང་དགོས་པ་ཡིན་ཡོངས་གསུངས་པ་བྱུང་ན། རྒྱའི་དཀར་ཡོལ་བཟོ་མཁན་ཁྲིད་ཡོང་སྟེ། བོད་རྒྲལ་པོའི་མདུན་དུ། རྒྱུ་མཚན་རྙད(བསྙད)པས། དེས་ན། རང་རེད། བཟོ་བར་རིགས་པས། སྔ་སོར། རྒྱུ་དང་ཆས་རྐྱེན་ཅི་འདྲ་དགོས་པ་བསོགས་ཤིག་གསུངས་པ་ལ། ཁོ་ན་རེ། རྒྱུའི་རབ་ནི་རིན་པོ་ཆེའི་འཆིང་བུ། འབྲིང་ནི་འཛེང་། ཐ་མ་རྡོ་དཀར་པོ་ལ་ཡང་རུང་ངོ་ཟེར་བས། གན་མཛོད་ནས་རྒྱུ་གསུམ་པོ་གང་དགོས་པ་སྤྲད། དཀར་ཡོལ་ལ་རིགས་རྣམ་པ་མང་བས། ཇི་ལྟར་བཟོ་ཟེར་བ་ལ། བཟོ་གནས་ཀྱི་རིགས་ནི། སྔར་རྒྱ་ནག་དུའང་མ་དར་ཅིག་བཟོ་དགོས་པ། གཟུགས་ནི། ཁ་གཡེལ་བ། སྲབ་པ། རྐང་པ་ཐུང་པ། མདོག་དཀར་འཇམ། སྔོ་མདངས་ལྡན་པ་ཅིག་དགོས། མིང་ནི། བོད་ན་སྔར་མེད་པ་དར་བས་དར། སྣོད་དེ་བསྟེན་པ་ཚེ་དང་དཔལ་འབྱོར་འཕེལ་བར་བྱེད་པ་ན། དར(༡༢༥.བ)ཚེ་ཞེས་པར་ཐོགས་ཤིག དེ་དང་རི་མོའི་རྣམ་པ་ནི། དང་པོ་འདབ་ཆགས་བྱས། ཤིང་ཁྱེར་བྱུང་པ་ལ་རྐྱེན་པ་ཡིན་པས། རབ་དེའི་ནང་དུ། བྱ་ཁ་ན་ཤིང་ཁྱེར་བ་རེ་བྲིས། འབྲིང་ལ། མཚོ་ཉ་དང་བཅས་པ་རེ་གྱིས། ཐ་མ་རྣམས་ལ་སྤང་རི་ཤི་བ་དང་བཅས་པ་རེ་གྱིས། དེ་རྣམས་ལས་ཞན་པ་བྱུང་ན། རི་མོ་དང་། རྣམ་གྲངས་གང་འོས་བཟོ་བོས་བློས་བཅོལ་ལ་གྱིས་ཤིག་གསུངས། དེར་བཟོ་བོས། རྒྱུ་བཟང་ངན། དྭངས་སྙིགས་ལས་སེས་ནས། དར་རྩི་ལ་རིགས་རྣམ་པ་དྲུག་གྱེས་ཏེ། རྒྱལ་པོའི་བཀའ་གནང་བ་གསུམ་པོ་ལ། ཤབ་ཚེ། ལན་ཚེ། བྱ་བར་མིང་གཏགས། ཕལ་པ་གསུམ་པོ་ལ། ཐེག་རྩེ། ངེས་ཚེ། བརྡོ་ཚེ་ཞེས་པར་བཏགས་ཏེ། བོད་དཀར་དར་ཚེར་རིགས་རྣམས་འདི་རྣམས་ནི། དེ་གོང་རྒྱ་ནག་ནའང་མེད་པར་བྱེད་ཅིང་། བོད་དུ། ཇ་དང(༡༢༧.ན)དཀར་ཡོལ་བྱུང་བའི་སྔན་མ་འདི་ཡིན་པར་འདོད་དོ།།
རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས།
རྒྱལ་པོ་འདིས། བོད་མ་ཡིན་པའི་ལྗང་ཡུལ་ལ་སོགས། རྒྱལ་ཁམས་མང་པོ་འོག་ཏུ་བཅུག མངའ་ཐང་ཆེ་བར་བྱུང་། དགུང་ལོ་ཉི་ཤུ་རྩ་དགུ་པ་ལ། ལྗང་ཡུལ་དུ་འདས། སྤུར་གཉེར་ཅོག་གྲུ་གུང་ཁྲི་ཞེས་བྱ་བས་བྱས། འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད། མིང་ནི་སེང་གེ་རྩིག་ས་ཅན་ནོ་སྐད། བང་སོ་འདི་ལ་ལྕགས་རིས་བསྐོར་ནས་ཡོད། དེ་ནི་ཧོར་གྱིས་མི་སྡེས་རྩིགས་སོ་སྐད། རྗེ་དེ་དང་། འཚམས་བཟའ། བཙན་ལ་མེ་ཏོག་གི་སྲས། ཁྲི་ལྡ་གཙུག་ཏན། མེས་ཨག་ཚོམས་སུ་གྲགས་པ་དེས། ལྕགས་ཕོ་འབྲུག་གི་ལོ་ལ། ཕོ་བྲང་ལྡན་དཀར་དུ་འཁྲུངས། དེའི་ལོ་བཞུགས་ལ། ཡབ་འདས་ནས་སྲིད་བཟུང་། བློན་པོ་སྦས་སྐྱེས་བཟང་སྟོང་བཙན་དང་། འཆིམས་རྒྱལ་གཟིགས་ཤུ་ལྡེ་འབྲོ་ཆུ་བཟང་ཧོར་མང་གསུམ་གྱིས་བྱས། དེ(༡༢༦.བ)ཡང་། མེས་སྲོང་བཙན་གྱིས། ལུང་བསྟན་ཞལ་ཆེམས་སུ་བཞག་པ་དེ། ང་ཡིན་སྙམ་དུ་དགོངས་ནས། སངས་རྒྱས་གསང་བ་དང་། ཞི་བ་སྤྱན་དྲངས། ཐེག་ཆེན་གྱི་མདོ་སྔགས་དང་། དེ་བཞུགས་པའི་བྲག་དམར་མགྲིན་བཟང་། བྲག་དམར་ཀ་ཆུ། འཆིང་ཕུ་ནམ་རལ། མ་ས་གོང་དང་ལྷ་ཁང་ལྔ་བཞེངས། རྒྱ་ནག་ཀེར་ཤེ་བས་ན། མདོ་གསེར་འོད་དམ་པ་དང་། མདོ་ལས་རྣམས་འབྱེད་བསྒྱུར། བི་ཇི་བཙན་པ་ཤི་ལས། སྨན་སྤྱད་མང་པོ་བསྒྱུར། དེའི་རིང་ལ། འཆིང་ང་སྟག་རྩེ་ནས། གཡུ་རྡོག་ཆེན་པོ་གཅིག་ཀྱང་རྙེད་དོ། དེས་བཙུན་མོ། ལྗང་བཟང་ཁྲི་བཙུན་ཁབ་ཏུ་བཞེས་པ་ལ། སྲས་ཤིན་ཏུ་མཚར་བ་གཅིག་བལྟམས་བའི་མིང་། ལྗང་ཚ་ལྷ་དབོན་དུ་གྲགས། དེའི་ཁབ་ཏུ་འོས་པ། བོད་ན་མེད་པས། རྒྱ་ནག་ནས། རྒྱ་རྗེ་ཁིང་ཛུང་ཁྲི་བཞེར་གྱི་སྲས་མོ། ཀིམ་ཤིང་ཀོང་ཇོ(༡༢༧.ན)བླངས་པས། ཀོང་ཇོ་མ་སླེབས་པ་ལ། གཉེགས་ཁྲི་བཟངས་འདོན་གྱི་བུ་མོ་མ་བླངས་པའི་ཀོ་ལོང་བྱས་ནས། ལྗང་ཚ། གཉེགས་ཀྱི་ཀྲོང་། ལྗང་ཚ་ལྷ་དབོན་བང་སོ་ཡབ་ཀྱི་མདུན་ཟླུམ་པོར་རྩིགས་ནས་ཡོད་དོ་སྐད། དེར་ཡབ་དང་ཀོང་ཇོ་འདུས་པའི་སྲས། ཁྲི་སྲོང་ལྡེ་བཙན་མེས་སྲོང་བཙན་སྒམ་པོ་འཁྲུངས་རྟིང་། ལོ་བརྒྱ་དང་བདུན་ཅུ་དོན་བཞི་སོང་པའི། ལྕགས་ཕོ་རྟ་ལོ་ལ། བྲག་དམར་དུ་སྐུ་བལྟམས། ཡབ་ནི་དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལ། ཡ་འབྲོག་སྦལ་ཚ་ན་ཁར་འདས་སོ། ཨག་ཚོམས་བང་སོ་མུ་ར་རི་ལ་རྩིགས། གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། མི་ནི་ལྷ་རི་གཙུག་ནམ་བྱ་བ་ལགས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་པ་ལ་ཡབ་འདས་ཏེ། རྒྱལ་སྲིད་ལོ་བཞི་བཅུ་རྩ་གསུམ་བཟུང་། འདི་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་ཤིང་། འདིས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་(༡༢༧.བ)པའི་ཚུལ་ནི། བསམ་གྱིས་མི་ཁྱབ་ལ། ཁྱད་པར་དེའི་གོ ། ལོ་འགའི་བར་ལ། སྡིག་བློན། མ་ཞང་ཁྲོན་པ་སྐྱེས་ཀྱིས་གྲོས་སྟོན་ནས། སྔར་གྱི་རྒྱལ་རྒྱུད། སྐུ་ཚེ་ཐུང་བ་ལ་སོགས་རྣམས། ཆོས་ཁྲིམས་བྱས་པས་ལན་པ་ཡིན། ད་བར་ཆོ་བཟློག་ཐབས་ལ་བོན་གྱིས། ཆོས་བཞིན་སུས་བྱས་ལ་ཆད་པ་བྱེད་དོ་ཟེར་ནས། ལྷ་ཤཱཀྱ་མུ་ནེ། བྱེ་ཐེབས་སུ་འཇུག་པ་དང་། མང་ཡུལ་དུ་སྐྱེལ་བ་དང་། དཀོར་གཉེར་ཧ་ཞང་རྒན་པོ། རྒྱ་ནག་ལ་བསྐྲོད་པ་དང་། འབངས་གུམ་པ་ལ་དགེ་རྩ་མི་གཏོང་པའི། ཁྲིམས་བུ་ཆུང་འཆའ་བ་ལ་སོགས། བསྟན་པ་ལ་གནོད་པའི་བྱ་བ་མང་པོ་བྱས་འདུག་པ་ཐམས་ཅད། རྒྱལ་བུ། རྒྱལ་སར་སྟོན་འཕྲལ་ནས་བཀག མ་ཞང་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག ལྷ་ཤཱཀྱ་མུ་ནེ་མང་ཡུལ་ནས་གདན་དྲངས། དམ་ཆོས་དར་བར་བྱ་བ་དང་། (༡༢༨.ན)བསམ་ཡས་ཀྱི་ལྷ་ཁང་བཞེངས་པར་འདོད་ནས། བོད་འབངས་རྣམས་གཤེ་གཅོད་པའི་ཕྱིར། ཁྱེད་རྣམས་ཀྱིས། ཧས་པོ་རི་འདི་ལྕགས་ཀྱི་སྦུབས་སུ་འཇུག་གམ། དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་སམ། གཡས་རུ་གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་གམ། ཧས་པོ་རིའི་རྩེ་མོར། ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱའི་ཡུལ་མཐོང་པ་ཅིག་རྩིག་གམ། ཡང་ན། ང་འདོད་པའི་ལྷ་ཁང་ཅིག་བཞེངས་སམ་གསུངས་པའི་འདམ་ཁ་བྱེད་དུ་བཅུག་པས། ལྷ་ཁང་ལ་འདམས་ནས། རྒྱལ་པོ་དགུང་ལོ་ཉི་ཤུ་རྩ་གཅིག་ལོན་པའི་སྟག་ལོ་ལ། སྦས་ཡེ་ཤེས་དབང་པོ་དང་། ད་སྦས་སྣང་གསལ་ལ་སོགས་རྣམས། ཟ་ཧོར་གྱི་ཡུལ་ནས། མཁན་པོ་བྷོ་ཏེ་ས་ཏྭ་སྤྱན་འདྲེན་པ་ལ་བཏང་། ཕེབས་ནས། ས་ཆོག་མཛད་དེ། རྒྱལ་པོ་རང་གིས་གསེར་གྱིས་འབྱོར་ཐོག་ནས། རྨང་ས་བྲུས་པས། ཁྲུ་གང་ཙམ་ནས། འབྲས་དང་། (༡༢༨.བ)ས་ཞག་དོན། སྟག་ལོ་དེ་ལ། བསམ་ཡས་ཀྱི་རྨང་བཏིང་པས། བོད་ལྷ་སྲིན་རྣམས། ཕྲག་ནག་ཆེེ་བར་བྱུང་ནས། མཁན་པོའི་བཀའ་བཞིན། དེ་ཝས་མང་པོ་རྗེ་དང་། སེང་གྷོ་ལྷ་ལུང་གཉིས་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས་གདན་འདྲེན་པ་ལ་བཏང་བས། དམ་ཅན་གྱི་བསྐུལ་ནས། སློབོ་དཔོན་གྱིས་སྔ་ཐུད་བཅུག་བྱོན་པས། མང་ཡུལ་དུ་ཕེབས་པ་དང་མཇལ། གསེར་འབུལ་སྣང་བྱས། རྒྱལ་པོས་བསུ་བ་ལ་བྱོན་པར། ཡོན་མཆོད་ཕྱག་སུས་འཚམ་མ་དུམས་པའི་དུས་སུ། སློབ་དཔོན་གྱིས། ང་ཆེ་དང་གཉན་གྱི་མགུར་གསུངས། ཕོ་བྲང་དུ་ཕེབས་ནས། བོད་ལ་དབང་ཆེ་བའི་ཀླུའི་རྒྱལ་པོ་མལ་གྲོ་ལ། ཀླུ་གཏེར་བཅུག ལྷ་འདྲེ་ཟིལ་གནོན་གྱི་མགུར་གསུངས། ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ནས། ལྷ་ཁང་(༡༢༩.ན)བཞེངས་པས། ཉིན་མོ་ལས་མཚན་མོ་མགྱོགས་པར་བརྩིགས། ཟུར་ཕུད་ཨུ་ཚལ་ཀླུ་ཡི་བར་ཆད་བྱས་ནས། ཤིང་བྱིན་པས། མ་འོངས་པའི་དུས་སུ།་བོད་ལ་ཀླུ་ནད་དར་བར་བཤད།་དེར་རྒྱ་གར་ཨོ་ཏན་ཏུ་པུ་རིའིགཙུག་ལག་ཁང་ལ་དཔེ་བླངས་ནས་།་བསམ་ཡས་དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུད་དུ་བྱས།་འཁོར་ས་ཕྱི་ནང་རི་བདུན་དུ་བྱས།་རྣམ་པར་སྣང་མཛད་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས།་ཡང་ཐོག འདུལ་བ་དང་བསྟུནནས་ཕུབ། རྒྱུདརིས། མདོ་རྒྱུད་བཅུ་བཞི་ཐམས་ཅད། མདོ་སྡེ་དང་བསྟུན། ལྡེར་བཟོ་བདུན་བཅུ་དོན་བརྒྱད། ཐམས་ཅད་གསང་སྔགས་དང་བསྟུན། ཀ་བ་སྟོང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་རྩ་དྲུག སྒོ་ཆུང་བཞི་བཅུ་ཞེ་གཉིས། བྱིའུ་སྐད་ཅན་དྲུག ལྕོང་ཆེན་པོ་བརྒྱད། མངོན་པ་དང་བསྟུན་པའི་གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད། ཉི་ཟླ་དང་བཅས་པ་བཞེངས་ཏེ། ཤར་(༡༢༩.བ)གྱི་ལུས་འཕགས་པོ་ལ། མཁྱེན་རབས་འཇམ་དཔལ་གླིང་། གླིང་གཡོག ལུས་དང་ལ། རྣམ་དག་ཁྲིམས་ཁང་གླིང་། ལུས་འཕགས་ལ། བརྡ་སྦྱོར་ཚངས་པའི་གླིང་། གསུམ་པོ་ཟླ་གམ། ལྷོར། འཛམ་བུ་གླིང་ལ། རྔ་ཡབ་ལ། བདུད་འདུལ་སྔགས་པའི་གླིང་། རྔ་ཡབ་གཞལ་ལ། སྒྲ་བསྒྱུར་རྒྱ་གར་གླིང་། གསུམ་པོ་སོག་ཁ། ནུབ་ཏུ་བ་ལང་སྤྱོད་ལ། དགའ་ལྡན་བྱམས་པའི་གླིང་། གཡོ་ལྡན་ལ། བཻ་རོ་ཙ་ནའི་གླིང་ལ། ལམ་མཆོག་འགྲོ་ལ། མི་གཡོ་བསམ་གཏན་གླིང་། གསུམ་པོ་ཟླུམ་པོ་། བྱང་དུ་སྒྲ་མི་སྙན་ལ། བྱང་ཆུབ་སེམས་བསྐྱེད་གླིང་། སྒྲ་མི་སྙན་དང་ལ། རིན་ཆེན་སྣ་ཚོགས་གླིང་། སྒྲ་མི་སྙན་གྱི་ཟླ་བོ་ལ། དཔེ་དཀར་སྐོར་མཛོད་གླིང་། གསུམ་པོ་གྲུ་བཞི། ཡཀྵ་རྟ་འོག་གཉིས། ཉི་ཟླའི་ཚུལ། ཕྱིའི་ལྕགས་རི་ཟུར་མངས་རྡོ་རྗེའི་འགྲོས་། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ཚུལ་དུ། ཁ་སྐོར་རེ་ལ། སངས་(༡༣༠.ན)རྒྱས་ཀྱི་རིང་བསྲེལ་རེ་རེ་ཡོད་པ། ཕྱོགས་བཞིར་མགོན་ཁང་བཞི། ཕྱི་སྒོའི་གདོང་ན་སྡོ་རིངས་བཞི།་དེའི་སྟེང་ན། ཟངས་ཀྱི་ཁྱི་མོ་རེ་རེ་དང་བཅས་པ་རྣམས། རྒྱལ་པོས་བཀའ་གནང་ནས་བཞེངས། བཙུན་མོ་དམ་པ། དཀར་རྒྱལ་མཚོ་མེ་ཏོག་སྒྲོན་གྱིས། ཁམས་གསུམ་བཟངས་ཁང་གླིང་། འབྲོ་བཟའ་རྒྱལ་མོ་བཙུན་གྱིས། དགེ་རྒྱས་བྱེ་མ་གླིང་། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས། སྦུ་ཚལ་གསེར་ཁང་གླིང་། ཡུམ་གྱིམ་ཤང་ཀོང་ཇོས། དམ་པའི་ཤིང་ཁང་རྩེ་དགུ་བཞེངས། དབུ་རྩེ་རིགས་གསུམ་གྱི་ཟུར་བཞིའི་མཆོས་རྟེན་ཆེན་པོ་ནི། བློན་པོ་ཆེན་པོ་ཤུད་པོ་དཔལ་གྱིས་ངང་མི་རྒྱལ་རེས། དཀར་པོ་བྱང་ཆེན་མཆོད་རྟེན། ཉན་ཐོས་ལུགས། སེང་གེས་བརྒྱན་པ། རྒྱ་ཚ་ལྷ་སྣང་གིས། དམར་པོ། ཆོས་འཁོར་བསྐོར་བའི་མཆོད་རྟེན། བྱང་སེམས་ལུགས། པད་མས་བརྒྱན་པ། སྟག་གྲུ་ཀླུ་གོང་གིས། ནག་པོ། སྐུ་གདུང་མཆོད་རྟེན། དེ་བཞིན་གཤེགས(༡༣༠.བ)པའི་སྐུ་གདུང་དང་། མཆོད་རྟེན་གྱིས་བརྒྱན་པ། འཆིམས་རྡོ་རྗེ་སྤྲེ་ཆུང་གིས། སྔོན་པོ། ལྷ་བབས་མཆོད་རྟེན། དེ་བཞིན་གཤེགས་པའི་ལུགས། ལྷ་ཁང་སྒོ་བཅུ་དྲུག་གིས་བརྒྱན་པ་རྣམས་བཞེངས། ཤིང་ཕོ་སྟག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བདུན། སྐརྨ་རྒྱལ་ལ། ལྷ་ཁང་རྣམས་ཀྱི་འགྲམ་རྟིངས་ནས། ལོ་དྲུག་ལ་ཐམས་ཅད་འབྱོངས་ཏེ། ས་མོ་ལུག་ལོ་ལ། མཁན་པོ་བྷོ་ཏེ་ས་ཏྭ་དང་སློབ་དཔོན་པདྨས། རབ་གནས་མངའ་གསོལ་མཛད་དུས། བྱིན་རླབས་དང་། ངོ་མཚར་ཆེ་བའི་རྣམ་འཕྲུལ་མང་དུ་བྱུང་སྟེ། རྣམ་སྣང་མཁའ་ལ་འཕགས་པ་དང་། དབུ་རྩེའི་ལྡེར་བཟོ་རྣམས། སྒོའི་ཕྱིར་བྱོན་བྱུང་པ། རྒྱལ་པོའི་དགོངས་པ་ལ། ངོ་མཚར་དང་ཆེ་སྟེ། ད་ལྷ་རྣམས་ནང་དུ་མི་ཚུད་དགོངས་པ་བྱུང་འཕྲལ་ལ། ཐམས་ཅད་ནང་དུ་ལོག(༡༣༡.ན)སྔར་ཤུལ་དུ་བྱོན་པ་དང་། རྡོ་རིངས་བཞི་པོའི་སྟེང་གི ཟངས་ཀྱི་ཁྱི་མོ་རྣམས་ཕྱོགས་བཞིར་འཕྱོངས་ཏེ། སྐད་ཐེངས་གསུམ་གསུམ་སྟོན་ནས། སླར་ཡང་རྡོ་ཁར་ལོག་པ་དང་། འཁོར་བའི་གཉུག་རིངས་རིམ་གྱིས་མ་སྐྱེས་པ། དུས་གཅིག་ལ་སྐྱེས་པ་དང་། ཁམས་གསུམ་ཟངས་ཁང་གླིང་གི་ལྷ་གཙོ་བའི་མགུལ་དུ་མེ་ཏོག་པད་མའི་སྡོང་པོ་སྐྱེས་པ་ལ་སོགས་བྱུང་བས་རྒྱལ་པོ་ཡོན་མཆོད་ཐུགས་དགྱེས་ཤིང་བློན་འབངས་ཐམས་ཅད་ངོ་མཚར་དད་མོས་ཕྱུག་པར་གྱུར་ཏེ། དཔལ་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མཚན་གསོལ་རྒྱལ་པོས། རྗེའི་དགའ་གླུ་བཅུ་གསུམ་བྱ་བ་དང་། བློན་ཆེན་པོ་རྣམས་ཀྱི་སྐྱིད་པའི་དཔལ་དགུ་ལ་སོགས། མི་རེས་བཀྲ་ཤིས་པའི་གླུ་རེ་བླངས། བྲག་དམར་མཚོ་མོ་འགུར། མེ་ཏོག་པད་སྟོང་རང་འཁྲུངས་སུ། ལོ་བཅུ་གསུམ་གྱི་བར་ལ། སྐྱིད་ཀྱི་གྲོ་མོ་ཆེ་བརྡུངས། དགའ་སྟོན་རྒྱ་ཆེན་པོ་བྱས་སོ། (༡༣༡.བ)དེ་ལྟར་བདེ་སྐྱིད་ཀྱི་ཡོ་ལང་གི་རིང་ལ། ལྷ་ཁང་གི་ཉ་ར་ཞབས་ཏོག་ལ་ཅུང་གཡེལ་བར་བྱུང་བས། རྒྱལ་པོའི་ཞལ་ནས། ད་ངའི་བཞེད་པ་གྲུབ་ནའང་། རྟེན་ལྷ་ཁང་ངོ་མཚར་ཅན་འདི་རྣམས་ཆུད་མི་ཟ་བའི། ཉ་ར་ཞབས་ཏོག་བྱེད་མཁན་ཅན་འདྲ་དགོས་པར་འདུག་པས། སུ་འོས་ན་གསུངས་པ་ལ། མཁན་པོ་ན་རེ། རྒྱ་གར་ན། དཀོན་མཆོག་གི་ཞབས་ཏོག་ལ། དཀོན་གཉེར་ཟེར་བའི་བཙུན་པ་ཡོང་བ་ཡིན། བོད་ན་སྔར་བཙུན་པ་ནི་མི་འདུག རྒྱལ་པོ་རང་ལ་བསམ་ཞིང་། དད་མོས་ཡོད་པའི། བློན་འབངས་སུ་འོས་ལ་འཚོལ་དགོས་གསུངས་པས། ཡང་རྒྱལ་པོའི་ཞལ་ནས། དེ་ལྟར་ཡིན་ན། བོད་མི་ལའང་བཙུན་པ་རུང་ངམ། མཁན་པོས་རྗེས་སུ་བཟུང་དུ་གསོལ་ཞུས་པས། རུང་མི་རུང་། ཉམས་སད་དུ་བཏུབ་གསུངས་ནས། སྦ་གསལ་སྣང་དང་། ད་ཝས་ཁྲི(༡༣༢.ན)གཤེར། པ་གོར་བཻ་རོ་ཙཱ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། མཁོན་ཀླུའི་དབང་པོ་བསྼུང་པ། སྨ་ཨ་ཙརྱ་རིན་ཆེན་མཆོག་གཙང་ལེགས་གྲུབ་རྣམས། མཁན་པོ་ལ་རབ་ཏུ་བྱུང་ཨེ་ཐུབ་ཉམས་སད་པས། ཁྱད་འཕགས་ཡོད་པར་དགོངས་ཏེ། ཁོང་རྣམས་ལ་རིམ་པ་བཞིན་དུ། སྦ་ཛྙནྟྲེ་ར་ཀྵི་ཏ་ཡེ་ཤེས་དབང་པོ་བསྲུངས་པ། ད་ཝས་རཏྣ་རཀྵི་ཏ་རིན་ཆེན་བསྲུང་བ་རན་རད་ནནྟྲེ་རཀྵི་ཏ་རིན་ཆེན་དབང་པོ་བསྲུང་བ། གླང་ཁམས་པ་སུ་གྷ་ཏ་ཝརྨ་རཀྵི་ཏ། བདེ་བར་གཤེགས་པ་བསྲུངས་པ། པ་གོར་བཻ་རོ་ཙཱན་རཀྵི་ཏ། རྣམ་པར་སྣང་མཛད་བསྲུང་པ། མཁོན་ན་ག་ཨནྟྲ་རཀྵི་ཏ། ཀླུའི་དབང་པོ་བསྲུང་པ། གཙང་དེ་བེནྟྲེ་རཀྵི་ཏ། ལྷའི་དབང་པོ་བསྲུང་པ། བྱ་བར་མིང་བཏགས། བོད་ཀྱི་བཙུན་པ་ལ་སྔ་བ། སད་མི་མི་བདུན་དུ་གྲགས་པ་བྱུང་། དེ་རྣམས་ལ། ཀ་བ་ཤྲཱི་ཀུ་དེ་རཀྵི་ཏ། དཔལ་རྩེགས་སྲུངས་པ་ལ(༡༣༢.བ)སོགས་ལོ་ཙཱ་བ་བརྒྱད་སློབ་ཏུ་བཅུག དེ་རྣམས་ལ། ཅོག་རོ་ཀླུའི་རྒྱལ་མཚན་དང་། ཞང་བེནྔྷེ་ཡེ་ཤེས་ངྷ་ལ་སོགས་ལོ་ཙཱབ་སྟོང་རྩ་བརྒྱད་སློབ་ཏུ་བཅུག་ནས། མཚན་ཉིད་ཀྱི་ཆོས་དར་བར་བྱས་ཤིང་། ལུག་ལོ་ནས། དགེ་འདུན་དེ་རྣམས་ཐམས་ཅད། མཁན་པོའི་ཆོས་ལུགས་བཞིན་ཡོད་པར་སྨྲ་བའི་སྡེ་བཙུགས། རྒྱ་གར་ནས། དབུ་མའི་དགེ་སློང་བཅུ་གཉིས་གདན་དྲངས་ནས། དབུ་མ་བྱེད་བྲག་ཏུ་སྨྲ་བའི་སྡེ་བཙུགས། དམ་ཆོས་དར་ཞིང་རྒྱས་པར་མཛད་ནས། མཁན་པོ་རྒྱ་གར་ལ་འབྱོན་གསུངས་པ་ལ། རྒྱལ་པོས་ཞུ་བ་ཕུལ་ནས། ལོ་གཅིག་གི་བར་ལ། ལོ་ཙཱ་བ་རྣམས་ལ་ཞལ་བརྡའ་མཛད་ནས་ཆོས་མང་པོ་བསྒྱུར། བོད་དུ་མུ་སྟེགས་མི་འབྱུང་གི སངས་རྒྱས་བསྟན་པ་འདི་ལ་གཉིས་སུ་གྱེས་ནས་རྩོད་པར་འགྱུར་ཏེ། མཐར་རྩོད་པ་ཕྱོགས་ཕྱོགས་སུ་ཞི་བར་འགྱུར་རོ། ཞེས་ལུང་བསྟན། (༡༣༣.ན)དེ་རྟིང་། མཁན་པོ་བྷོ་ཏེ་ས་ཏྭའི་དབུ་ལ། ཆིབས་པའི་འཕྲ་བ་འཕོག་ནས། མྱ་ངན་ལས་འདས། སྤུར་བསམ་ཡས་ཧས་པོ་རིའི་རྩེ་ལ་མཆོད་རྟེན་བྱས་ནས་བཞུགས་སོ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། སྤྱིར་བོད་ཡུལ་དུ། མི་ལོ་ལྔ་བཅུ་རྩ་བཞི་བཞུགས་ཏེ། ལྷ་ཀླུ་གདུད་པ་ཅན་ཐམས་ཅད་དམ་ལ་བཏགས། ས་གཞི་རི་བྲག་མང་པོ་གནས་ཆེན་དུ་བྱིན་གྱིས་རླབས། ཆོས་གཏེར། ནོར་གཏེར་བསམ་གྱིས་མི་ཁྱབ་པ་སྦས། གསང་སྔགས་ལའང་། ལོ་ཙཱ་བ་སད་མི་མི་དྲུག་བྱ་བ་བྱུང་སྟེ། གནུབས་ནམ་མཁའ་སྙིང་པོ་དང་། འདྲེ་རྒྱལ་བའི་བློ་གྲོས། རུ་གོང་བི་རྱ་ར་ཙ། དྲུག་གུ་ཨུ་པེ་ཤ།། གླང་དཔལ་གྱི་སེང་གེ་ཅེ་ཀུ་ཀུ་ར་ཙ་ལ་སོགས་པས། ལོ་ཙཱ་བྱས་ནས། གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུངས་པ་རྣམས་བསྒྱུར། གཞན་ཡང་། གཉེགས་དང་། ས་ཟུར་གནུབས་གསུམ་དང་། མཁོན་རྡོ་རྗེ་རིན(༡༣༣.བ)པོ་ཆེ་ལ་སོགས་པ། དཀྱིལ་འཁོལ་གཙོ་བོ་བརྒྱད་དུ་གྲགས་པའི་སློབ་མ་གྲུབ་པ་བརྙེས་པ་མང་དུ་སྤེལ། གསང་སྔགས་ཀྱི་བསྟན་པ་དར་བར་མཛད་ནས། ལྷོ་ནུབ་རྔ་ཡབ་གླིང་ལ་གཤེགས་ཏེ། ལྷ་སྲས་མུ་ནེ་བཙན་པོས་ཐོག་གྲངས། བོད་ཀྱི་བློན་འབངས་མངས་པོས། མང་ཡུལ་གུང་ཐང་གི་ལ་ཁར་སྐྱེལ་མ་བྱས། ལ་ཐོག་ཏུ་བོད་རྒྱལ་བློན། བན་སྐྱ་སྤྱི་མངས་ལ་ཕན་པའི་ཞལ་གདམས་ཟབ་མོ། པདྨ་བཀའ་ཆེམས་སུ་གྲགས་པ་དེ་གསུངས་ནས། ཉི་མའི་ཟེར་ལ་ཆིབས་ཏེ། ཟངས་དོག་དཔལ་རིའི་གཞལ་ཡས་ཁང་དུ་བྱོན། ད་ལྟ་སྲིན་པོའི་ཁ་གནོན་མཛད་ཅིང་། འཆི་མེད་ཚེའི་རིག་འཛིན་བརྙེས་པའོ། ཡང་བོད་ཀྱི་དགེ་སློང་མི་ལྔ་ཚེ་འདི་ལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི། ཆོས་འཚོལ་དུ་རྒྱ་གར་ལ་བཏང་། བཻ་རོ་ཙཱ་ནས། ཆོས་ལེན། ཡང་ཚེ་གཅིག་ལ། ཡས་རྒྱལ་བའི་ཆོས་འདོད་གསུངས་པས། (༡༣༤.ན)མཁན་པོ་དང་། ཉང་ཏིང་འཛིན་བཟང་པོའི་ལུང་བསྟན་བཞིན། རྒྱལ་པོ་ཨིནྡྲ་བྷོ་ཏེའི་མཆོག་གནས། མཁས་པ་བི་མ་ལ་མི་ཏྲ་གདན་འདྲེན་པ་ལ། ཀ་ཅོག་གཉིས་དང་། སྨ་རིན་ཆེན་མཆོག་བཏང་། ཁ་ཆེའི་ཡུལ་དུ་བཏང་། སློབ་དཔོན་དང་མཇལ། རྒྱུ་མཚན་ཞུས་པས། བྷོ་ཏི་ས་ཏབ་དྷ་ཐིམ་ཞེས་པ་ལན་གསུ་གསུངས་པ་དང་། གདན་འདྲེན་པ་གསུམ་པོས། འབྱོན་པར་ངེས་པའི་གོ་བ་མི་འདྲ་བ་རེ་ེར་རྙེད། སློབ་དཔོན་གྱིས། ཀ་པ་ལི་སོར་བཞི་ལ། རྒྱ་ཡིག་འབྲུ་བདུན་བྲིས་པ་གཅིག་བསྣམས་ནས། བསམ་ཡས་སུ་ཕེབས། རྒྱ་བོད་ཀྱི་ལོག་ལྟ་ཐུབ་བར་འདུག་པ་དགོངས། ལྷ་དང་། རྒྱལ་པོ་སུ་ལའང་ཕྱག་མ་མཛད་པས། ཕྱི་པ་གཅིག་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས། དེ་ཇི་ལྟར་ལགས་ཞུས་པས། ཕྱག་གི་དོན་ཤེས་སམ་གསུངས། མི་ཤེས་ཞུས་པས། ངས་ལྷ་དང་གཉིས་སུ་མེད་པའི་ཕྱག་བཙལ་ཟིན། བརྡའི་ཕྱག་ལྷས་མི་ཐུབ་གསུངས།(༡༣༤.བ)ནང་པའི་སློབ་དཔོན་རང་མན་པ་འདྲ་སྙམ་པ་འབྱུང་བས། རྒྱལ་པོ་ཐུགས་མ་ཆེས་ན། ཕྱག་ཕྱེད་གསུངས། བི་མ་ལས་ཆོསད་གོས་གསོལ། རྫུ་འཕྲུལ་གྱི་ཕྱག་མཛད་དེ། རྣམ་པར་སྣང་མཛད་གཟུགས་སྐུ་ལ། བི་མ་ལ་ཡེ་ཤེས་ལྷའི་ཕྱག ཀུན་རྫོབ་ངོ་གང་ཕྱག་འཚལ་ལོ། ཞེས་གསུངས་ནས། ཕྱག་འཚལ་བའི་ཚུལ་བྱས་པས། ལྷ་རྣམ་སྣང་གི་དབུའི་གཙུག་ནས། གདན་ཁྲི་ཡན་ཆོད་གས་སོ། དེར་མུ་སྟེགས་ཡིན་ངེས་སྙམ། རྒྱལ་པོ་ཞལ་ངོ་ནག་སྡིང་སོང་བ་དང་། སློབ་དཔོན་གྱི་ཞལ་ནས། མི་དགྱེས་མི་དགོས་གསུངས། ཡང་ལྷའི་སྤྱི་བོར་ཕྱག་སྟེ། རྣམ་པར་སྣང་མཛད་ཡེ་ཤེས་ལྷའི་ལྷ། བི་མ་ལ་གཟུགས་ཀྱི་ཕུང་པོ་ཡིས། ཡེ་ཤེས་ལྔ་ལྡན་རྟགས་ཀྱི་དབང་སྐུར་རོ། གསུངས་པས། སྔར་ལས་མཚར་བར་འགྲིགས། ཕྱི་ནང་ཐམས་ཅད་འོད་ཀྱིས་ཁེངས་སོ། དེ་རྟིང་། ཁྱེད་བོད་ཀྱི་རྒྱལ་པོ(༡༣༥.ན)ཡིན་པས། ཕྱག་འཚལ་ལམ་གསུངས་ནས། གྲབས་ཙམ་བྱས་པས། རྒྱལ་པོའི་ན་བཟའ་ཧྲོག་ཧྲོག་ཚིག་པས། ཕར་ལ་ཕྱག་ཕུལ། སེང་གེའི་ཁྲི་གསུམ་རྩེགས་ལ་བཞུགས་སུ་གསོལ། རྒྱལ་པོ་ཡབ་ཡམ་བློན་འབངས་ཀྱིས་གདམས་པ་མང་དུ་ཞུས་སོ། ཡང་རྒྱ་གར་ནས། མཁན་པོའི་སློབ་མ་ཀ་མ་ཤི་ལ་གདན་དྲངས། བསམ་ཡས་ཀྱི་ཐད་དུ་ཕེབས་ནས། གཙང་པོ་བར་ན་ཡོད་པ་ལ། བརྡ་བསྟན་པས། རྒྱ་ནག་ཧ་ཤང་ཐུལ་བར་འདུག་པར་མཁྱེན། རྒྱལ་པོ་གཙོ་བོར་བཞུགས་ནས། ཧ་ཤང་དང་རྩོད་པ་བྱས་པས། ཐམས་ཅད་ཀྱི་གོ་བར། ཧ་ཤང་གི་ལྟ་བའི་ཐེ་ཚོམ་བཅད། ཧ་ཤང་ཕམ་སྟེ། རྒྱ་ནག་ལ་ལོག་པ་ལ། ལྷམ་ཡ་གཅིག་ལུས་པས། མ་འོངས་པའི་དུས་ཅིག་ཕྱི་མོ། བོད་དུ་ངའི་ལྟ་བ་འཛིན་པའང་བག་རེ་ཡོང་པར་འདུག་ཟེར་བ་སྨྲས། སློབ་དཔོན་ཀ་མ་ལ་ཤི་ལས། སྒོམ་རིམ་གསུམ་བརྩམས་ནས། རྒྱལ་པོ་ལ(༡༣༥.བ)ཕུལ་ཏེ། གང་ཟག་ལས་དག་པ་རྣམས་ནི། ཀ་མ་ཤི་ལའི་ལྟ་བ་དང་། ཆོས་ལུགས་ལ་བཞུགས་པའོ། ཡང་སིང་གྷ་ལའི་སློབ་དཔོན་རྡ་ན་ཤི་ལ་སོགས། པཎྡིཏ་མཁས་པ་མང་པོ་གདན་དྲངས་ཏེ་ཞབས་ཏོག་བྱས་ཤིང་། དེ་རྣམས་ཀྱིས། རང་རང་གི་ཡུལ་སྐད་དང་བསྟུན་པའི་བཀའ་བསྟན་བཅོས་གསུངས་ཚད་རྣམས། མཁས་པ་བཻ་རོ་ཙཱ་ན་དང་། ཀ་ཅོག་ཞང་གསུམ་ལ་སོགས། རྒྱ་བོད་ཀྱིས་ལོ་ཙཱ་བ་རྣམས་ཀྱི་རིམ་པར་བསྒྱུར། མདོ་རྒྱུད། མན་དག་ལ་འཆད་ཉན། བསྒོམ་བསྒྲུབས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང་། ཡང་། ཡ་རབས་ཀྱི་སྐྱེ་བོ་ཕོ་མོ་བརྒྱ་རྩ་བཞི་བཅུ་རྩ་གཉིས། དུས་གཅིག་ལ་རབ་ཏུ་བྱུང་སྟེ། ཤར་དུ་དགའ་ལྡན་ལྷ་ཕུག ལྷོར་སྟག་ཚང་སེང་གེ་ཕུག ནུབ་ཏུ་བྲག་དམར་སྤོ་ཐོན། བྱང་དུ་ཨརྱ་པ་ལོའི་ཕུག་དང་བཞིར། སྒོམ་གྲྭ་ཆེན་པོ་ཡང་བཙུགས། མཁས་གྲུབ་ཆེན་པོ་བཞི། རྩེ(༡༣༦.ན)གཅིག་བསྒྲུབས་པ་མཛད་ཅིང་སྐྱོང་ངོ་། །ཡང་ཇོ་མ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱི་སྐུ་ཆེའི་སྨད་ལ་གཡས་རུ་སྨད་ཀྱི་ལྷ་ཁང་དང་། རྒྱལ་པོ་མུ་ཏིག་བཙན་པོས། ཤངས་པུ་འཚལ་གྱི་ལྷ་ཁང་། ཇོ་མོ་དཀར་རྒྱལ་མཚོ་མེ་ཏོག་སྒྲོན་གྱི་སྐུ་ཚེའི་སྨད་ལ། དཔལ་ཆུ་བོ་རིའི་ལྷ་ཁང་བཞེངས། འཆིམས་བཟའ་ལྷ་མོ་བཙན་དང་། འཁར་རྗེ་བཟའ་མཚོ་རྒྱལ་གཉིས། བསྒྲུབས་པ་མཛད་པས། ལྷ་ཁང་ཕྱག་རྗེས་མེད་དོ། སྦ་ཡེ་ཤེས་དབང་པོ་ལས་སོགས། ཆོས་བློན་རྣམས་ཀྱིས་ཀྱང་། ལྷ་ཁང་མང་དུ་བཞེངས་སོ།།
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།
ཡང་ཆོས་རྒྱལ་འདིའི་རིང་ནས། གསོ་སྤྱད་སྨན་གྱི་རིག་ཡང་དར་བར་བྱེད་པ་ལ། དེའང་། དང་པོར། བོད་དུ། སྨན་སྤྱད་བསྒྱུར་བའི་དུས་གསུམ་བྱུང་བ་ནི། མེས་སྲོང་བཙན་སྒམ་པོའི་རིང་ལ། གསོ་རིག་གི་དབུ་བརྙེས་པར་བྱེད་ནའང་། ཐོར་སྤྱད། ཅུང་ཟད་ཙམ་ཅིག་དར་ཏེ། དེ་ནས་མ་དར་རོ། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། (༡༣༦.བ)སྲོལ་ལེགས་པར་གཏོད་པ་ནི། ལོ་ཙཱ་བ་བཻ་རོ་ཙ་ནས། ཕྱོགས་ཐམས་ཅད་ཀྱི་སྨན་པ་རྣམས་སྤྱན་དྲངས་ནས། བོད་སྐད་དུ་བསྒྱུར་བ་ནི། རྒྱ་གར་ཤིནྟ་གར་པས། སྨན་ལྷས་གསུངས་པའི་རྒྱུད་ཐམས་ཅད་བསྒྱུར། རྒྱ་གར་ྷ་ཤང་མ་ཧཱ་ཡ་ནས། འཇམ་དཔལ་གྱིས་གསུངས་པའི་རྒྱུད་རྣམས་དང་། བལ་པོ་རྡ་ན་ཤི་ལས། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྒྱུད་རྣམས་དང་། གྲུ་གུ་སེང་མཆོག་ཆེན་པོས། ཕྱག་ན་རྡོ་རྗེས་གསུངས་པའི་རྒྱུད་རྣམས་དང་། ཁྲོམ་བཙན་པ་ཤི་ལས། བྱམས་པས་གསུངས་པའི་རྒྱུད་རྣམས་དང། དོན་པོ་ཁྱི་མ་རུ་རྩེས། སྒྲོལ་མས་གསངས་པའི་རྒྱུད་ཐམས་ཅད་བསྒྱུར་ནས། བོད་ཀྱི་སྨན་པ་ལ་སྔ་བ། རྒྱལ་པོའི་བླ་སྨན་དུབསྐོས་པ་དགུ་དང་། དར་བྱེད་ཀུན་ཏུ་གྲགས་པའི་སྨན་པ་བཞི་བཅུ་རྩ་ལྔ་ལ་སོགས་པ། སྨན་པ་མཁས་པར་གྲགས་པ་དགུ་བཅུ་རྩ་གཉིས་བྱུང་རབས་ལས་སོགས་(༡༣༧.ན)རྒྱས་བཤད་ཟུར་དུ་གསལ། ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ། གསོ་རིག་དར་ཞིང་རྒྱས་པ་བྱུང་ངོ། །བྱེ་བྲག་གི་དབྱེ་བ་གསུམ་ནི། གོང་དུ་བསྒྱུར་བ་རྣམས་ལ་རྙིང་མ། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་རྒྱུད་ཡན་ལག་བརྒྱད་པ་རྩ་འགྲེལ་དང་། མན་ངག་དུམ་རྒྱུད་བསྐོར་གསུམ་དང་། རྒྱལ་པོའི་བླ་སྤྱད་ལ་སོགས་པ་རྣམས་ལ་གསར་མ། འགྱུར་གསར་རྙིང་འདྲེས་པ་དང་། གཏེར་མ་རྣམས་ལ། ཕྱེད་མར་དར་བ་ཟེར་རོ། །སྤྱིར་འཛམ་བུའི་གླིང་དུ་ཐོག་མར། གསོ་རིག་དཔག་ཏུ་མེད་པ་གཅིག་ཡོད་ཀྱང་། མདོར་བསྡུས་ན། རྒྱུད་རབ་སྡེ་གསུམ་ནི། ནང་པ་སངས་རྒྱས་པ་ལ་རྒྱུད་པ་དང་། ཕྱི་པ་མུ་སྟེགས་པའི་རྒྱུད་སྡེ་དང་། རིག་པ་སྔོན་བྱུང་གི་རྒྱུད་སྡེ་དང་གསུམ་མོ། བབས་བཅུ་གཅིག་ནི། བདེ་གཤེགས་བཀའི་བབས། ཚངས་པ་ལྷའི་བབས། དྲང་སྲོང་ལྷའི་བབས། རིགས་གསུམ་ཐུགས་རྗེའི་བབས། འཕགས་པ་(༡༣༧.བ)མཁྱེན་པའི་བབས། མཁའ་འགྲོ་མ་བརྡའི་བབས། ལྷ་དངོས་གྲུབ་ཀྱི་བས། འདྲེ་གསང་ཚིག་གི་བབས། དོལ་པོ་གླེན་ཚིག་གི་བབས་རྣམས་སོ། །བཤད་ཚུལ་བཞི་བ་ནི། རྩ་བ་རུ་ཚུགས་སུ་བཤད་དང་། འགྲེལ་བ་བཤད་པ་དང་བཅས་ནས། ཡོངས་གྲགས་རྟོག་སྤྱོད་ཅན་དུ། མན་ངག་སྙན་རྒྱུད་ཅན་དུ་བཤད་པའོ། འགྱུར་གཉིས་ནི། རྒྱ་གར་ནས། ནག་པོར་བསྒྱུར་བ་དང་། རྒྱ་ནག་ནས། དཀར་པོར་བསྒྱུར་བའོ། ལུགས་བཅུ་གསུམ་ནི། རྒྱ་གར་གྱི་ལུགས་དང་། ཁ་ཆེའི་ལུགས། བལ་པོའི་ལུགས། གར་ལོག་གི་ལུགས། ཁྲོམ་གྱི་ལུགས། རྒྱ་ནག་གི་ལུགས། ཞང་ཞུང་གི་ལུགས། གྲུ་གུའི་ལུགས། སྲོག་པོའི་ལུགས། མོན་གྱི་ལུགས། མི་ཉག་གི་ལུགས། བོད་ཀྱི་ལུགས། རྡོ་ལུགས་རྣམས་སོ། །སྨན་གྱི་རྒྱུད་ཆེན་རྣམ་གྲངས་ནི། སྟོན་པའི་ཐུགས་ཀྱི་འོད་ཟེར་ལས། (༡༣༨.ན)རྩ་རྒྱུད་ལེའུ་དྲུག་པ་བསྟན། སྐུའི་འོད་ལས་བཤད་པའི་རྒྱུད་ལེའུ་སུམ་ཅུ་རྩ་གཅིག་དང་། ཡོན་ཏན་འོད་ལས་མན་དག་རྒྱུད་ལེའུ་དགུ་བཅུ་གོ་གཉིས་བསྟན། འཕྲིན་ལས་འོད་ཀྱི་ཕྱི་མའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་དང་། གསུང་གིས་ཡོངས་གཏད་ལེའུ་གཉིས། རྒྱུད་ཆེན་བཞི་དང་འཇུག་དོན་ཀུན། དྲིལ་བས་བརྒྱ་དང་ལྔ་བཅུ་དྲུག །བདེ་གཤེགས་རྣམས་ཀྱིས་སྤྲུལ་པས་འགྲོ་དོན་དུ། རྒྱ་གར་ཡལ་དུ་སྨན་ཀྱི་སྦྱོར་བ་གསུངས། རྒྱ་ནག་ཡུལ་དུ་མེ་དང་རྩ་སྦྱོངས་བསྟན། དོལ་པོའི་ཡུལ་དུ་སྟར་(གཏར)ཁ་གཙོ་བོར་བསྟན། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟགས་པ་པ་བསྟན། ལྷ་ཡི་འཁོར་ལ་གསོ་སྤྱད་བུམ་པ་གསུངས། དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། ནད་པའི་འཁོར་ལ་རིགས་གསུམ་མགོན་པོའི་རྒྱུད། མུ་སྟེགས་འཁོར་ལ་དབང་ཕྱུག་ཆེན་པོའི་རྒྱུད། གསོ་སྤྱད་རྒྱུད་འདི་འདིར་ཐམས་ཅད་འདུས་པར་བསྟན། འདིར་མ་འདུས་པའི་གསོ་སྤྱད་གཞན་ན་མེད། དེ་ལྟར་(༡༣༨.བ)རྒྱུད་རྣམས་དང་། བསྟན་བཅོས་ཕལ་ཆེ་བ། ཡན་ལག་བརྒྱད་དུ་ཕྱེ་ནས་བསྟན་དགོས་ཏེ། དང་པོར་ལྷ་ཚངས་པས་བྱས་པའི་གསོ་སྤྱད་བུམ་པ་དང་། བར་དུ་དྲང་སྲོང་ཙ་ར་ཀས་བྱས་པའི་ཙ་ར་ཀ་འབུམ་སྡེར་གྲགས་པ། ལེའུ་ལྔ་བརྒྱ་ཉི་ཤུ་ཡོད་པ་ལ་སོགས་རྣམས་ལ། ཡན་ལག་བརྒྱད་དུ་བསྟུས་ནས་བསྟན་ནོ། དེའང་། ཡན་ལག་བརྒྱད་ནི། དང་པོར། རྐོས་བསྟན་པའི་སྡེ་དང་། གཉིས་པ་གཞི་སྒྱུབ་པའི་སྡེ། གསུམ་པ་བདུད་རྩི་ཆེན་པའི་སྡེ། བཞི་བ་མི་འཇིགས་མཚོན་ཆའི་སྡེ། ལྔ་པ་བདུད་རྩི་རྣམ་ལྔའི་སྡེ། དྲུག་པ་སྲོག་གི་སྒྲོམ་བུའི་སྡེ། བདུན་པ་གསོ་བྱེད་རྣམ་ལྔའི་སྡེ། བརྒྱད་པ་གསོ་བྱེད་སྨན་གྱི་སྡེ་རྣམས་སོ། དེ་ལ་སྟོད་འགྲེལ་གསེར་གྱི་སྤར་ཁབ། སྨད་འགྲེལ་གྱི་ལྡེ་མིག་དང་བཅས་པ་ཡོད་དོ། ཡང་སློབ་དཔོན་དཔའ་བོས་མཛད་པའི་གསོ་སྤྱད་ཡན་ལག་བརྒྱད་པའི་བསྟན་བཅོས་མཛད་པ་ན། (༡༣༩.ན)ལུས་དང་བྱི་པ། གདོན། ལུས་ཏོད་(གཏོད)། མཚོན་དང་། མཆེ་བ། རྒད་རོ་ཙ། གསོ་སྤྱད་གང་ལ་གནས་པ་ཡི་ཡན་ལག་བརྒྱད་དུ་དེད་བཤད་དོ། བྱ་བའང་གསུངས་འདུག་གཞུང་ཡན་ལག་བརྒྱད་པའི་དགོངས་པ་ནི་འདི་ལྟ་སྟེ། ནད་སྐྱེད་པའི་རྒྱུ་གཉིས་ལ། རིང་པའི་རྒྱུ་ནི་མ་རིག་པའོ། ཉ་བའི་རྒྱུ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མོ། ནད་རིགས་ཀྱང་རྒྱས་པར་དབྱེ་ན། བདུན་བརྒྱ་སུམ་ཅུ་སྟེ། དེའང། མ་ཞུ་གསུམ་ད་རིམས་ནད་བརྒྱད། ལུད་ལྔ་དབུགས་ལྔ་སྐྱི་ལྔ། རླུང་ནད་བརྒྱད་ཅུ་ཁྲིས་ནད་གསུམ། མངལ་སྐྱོན་མངལ་ན་ཉི་ཤུ་ལྔ། སྦྲུམ་མའི་ནད་ལྔ་བྱིས་པའ་ནད། བཅུ་གཅིག་བྱིས་པའི་གདོན། བཅུ་གཉིས་སྤྱི་གདོན་བཅོ་བརྒྱད་སྨྱོ་བྱེད་དྲུག བརྗེད་བྱེད་བཞི་སྟེ་མིག་གི་ནད།་དགུ་པ་རྩ་བཞིར་བཤད་པ་ཡིན། སྣ་ནད་རྩ་ལྔ་རྣ་བཅོ་བརྒྱད། འགུལ་སོགས་ཁ་ནད་བཅུ་དགུ ཞེས་པ་ལ་སོགས།ནད(༡༣༩.བ)བདུན་བརྒྱ་སུམ་ཅུའི་རྣམ་གྲངས། ངེས་ཚིག་དང་བཅས་པ་ཡོད་དོ། མན་ངག་པ་ཕལ་ཆེར། ནད་རིགས་བཞི་བརྒྱ་རྩ་བཞིར་གྲགས་པ་ལ། བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། མ་བཅོས་རང་དགའ་བཞག་པས་འཚོ་བ་མང་། བརྒྱ་དང་རྩ་གཅིག་ཀུན་བཏགས་གདོན་གྱི་ནད། གདོན་མ་བཅོས་པར་སྨན་སྤྱད་ལེན་མི་འདོད། བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེ་ཡི་ནད། མ་བཅོས་ལས་དབང་སྔོན་གྱི་ནད། མ་བཅོས་འཆི་ལ་བཅོས་ན་འཚོ་བ་མང་། བརྒྱ་དང་རྩ་གཅིག་ལས་དབང་སྔོན་གྱི་ནད། བཅོས་པས་མི་ཐུབ་འཆི་བའི་ནད་དུ་བཤད། སྲོག་གཅོད་ནད་དགུ་འདུས་པ་བྱ་བ་ཡིན། དེ་ལྟར་བཞི་བརྒྱ་རྩ་བཞིར་ཕྱེ་ན་ཡང་། ཚ་བགྲང་གཉིས་སུ་མ་འདུས་གང་ཡང་མེད། ངོས་བཟུངས་བརྟགས་ལ་སྟོང་དང་ཉིས་བརྒྱ་ཡང་། ལྟ་རེག་གྲི་བར་མ་ནུས་བརྟགས་ཐབས་མེད་། གསོ་བྱེད་གཉེན་པོར་སྟོང་དང་གཉིས་ཡང་། སྨན་སྤྱད་ཟས་(༡༤༠.ན)སྤྱོད་བཞི་རུ་མ་འདུས་མེད། གསོ་སྤྱད་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང་། ངོས་བཟུང་གསོ་ཚུལ་གསོ་ཐབས་གསུམ་དུ་འདུས། མདའ་གཞུང་ཕང་པ་ཁེངས་ཀྱང་གཏད་ས་མེད་རྩེ་གང་། དེ་བཞིན་རྒྱུད་དང་ཡན་ལག་གནས་སྐབས་མདོ། དུ་མར་བརྗོད་ཀྱང་མདོ་དོན་རྣམ་པ་གཉིས། ནད་དང་ནད་མེད་བྱ་བར་ཧྲིལ་གྱིས་འགྲེལ། སྨན་པ་དག་ལ་དགོས་པ་རྨ་བཞི་ནི། རི་ཐང་འཚམས་སུ་སྤྱང་སྟེ་ཁྲ་འདྲ་དགོས། ནད་ཟོ་ལེན་དུས་གླེན་ཏེ་ལུག་འདྲ་དགོས། ནད་གཡའ་ཅོག་དུས་བརྡར་ཏེ་ཝ་འདྲ་དགོས། སྤྱད་ལོག་བྱེད་དུས་དཔའ་སྟེ་སྟག་འདྲ་དགོས། རླུང་འཁྲིས་བད་ཀན་གསུམ་གྱི་སྤྱི་ཁོག་ཕུབ། ཚིག་འདི་དཔེ་ལ་མ་བཞག་ཉམས་སུ་ལོང་། དོན་འདི་ཡལ་བར་མ་གཏོང་སེམས་ལ་ཆོངས། མན་ངག་ཁ་ཁྱེར་མ་བྱེད་སྙིང་ལ་ཞོག སྨན་སྤྱད་ཤེས་ལོ་མ་བྱེད་རྟོགས་དཔྱོད་གཟོབས། སྨན་གྱི་རོ་དྲུག་ནི། མངར་བ། (༡༤༠.བ)སྐྱུར་བ། ལན་ཚྭ། ཁ་བ། ཚ་བ། སྐོ(སྒ)བ་དང་དྲུག་གོ ཅེས་གསུངས་ཤིང་། དེ་ལྟར་གསོ་སྤྱད་སྨན་གྱི་རིག་པ་ལ་མཁས་པ། བོད་རྒྱལ་པོའི་བླ་སྨན་ལ་བསྐོར་པ་དགུ་ནི། སྟོད་ན་བི་ཇི་རྡེ་འུག་པ་གསུམ། བར་ན་མི་ཉག་དང་བྲང་ཏི་གཡུ་ཐོག་གསུམ། སྨད་ན་གཉའ་དང་མཐའ་བཞི་སྟོང་གསུམ། ཞེས་བྱ་བའི་དྲང་སྲོང་གི་སྤྲུལ་པ། མཁས་བཙུན་ལྡན་པ་རིམ་པར་བྱུང་སྟེ། རྒྱལ་པོའི་ལུང་གིས། ང་ནི་ཀུན་གྱི་ལྷ་ཡིན་ལ། འདི་དག་ཡི་རྗེ་ཡིན་བས། ཀུན་གྱི་ལྷ་རྗེ་མཚན་གསོལ་ལས། མཆོད་ཅིང་བཀུར་བའི་གནས་སུ་བསྟེན། གསུངས་པའི་དྲིལ་བསྒྲགས་སོ།།
ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ཀྱི་འཕྲོ་ནས་གླང་དར་མས་ཆོས་བསྣུབས་པའི་བར།
རྗེ་དེའི་བློན་པོ་ནི། མགོས་ཁྲི་བཟངས་ཡབ་ལྷག དབས་རྒྱལ་ཏོ་རེ། ཁྲི་གསུམ་རྗེ་རྟག་སྣ། གཉེར་སྟག་བཙན་ལྡོང་གཟིག་ལ་སོགས་པས་འཛངས་ཀྱིས་ལས་ཐབས་བྱས། ཞང་རྗེ་རྒྱལ་(༡༤༡.ན)གཟིགས་དང་། སྟག་སྒྲ་ཀླུ་གོང་གིས་ཕྱིའི་དགྲ་བརྟུལ། རྒྱ་བཀྲ་ཤིས་ཁྲི་སྒོ་ཕབ་པ་ལ་སོགས་ཀྱི་ལོ་རྒྱུས། ཕྱིའི་རྡོ་རིང་ལ་བྲིས་ཡོད་དོ། །ཁྲི་གསུམ་རྗེ་སྟག་སྣས། རྒྱ་དང། གྲུ་གུ ལྗངས་གསུམ་གྱིས་མོལ་བསྡུམས་བྱས། རྒྱ་བོད་འཚམས་སུ། བོད་ཀི་དཔའ་བོ་མི་དགུས་མགོ་བྱས།་སྐྱེན་བཏུ་ཀྱི་དམག་དཔུང། ས་བསྲུང་ལ་བཞག་པ་ལ། བཀའ་མ་ལོག་ཟེར་བའི་སྡེ་ཆེན་པོ་ཆགས་ནས། མཐའ་དམག་བོད་དུ་མི་འཇུག་པར་བྱ་བ་ལ་སོགས། སྤྲུལ་བའི་ཆོས་རྒྱལ་ཆེན་པོ་འདི་ནི། རྒྱུ་མཚན་དུ་མའི་སྒོ་ནས། བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། འདིས་དགུལ་ལོ་ལྔ་བཅུ་རྩ་དྲུག་(དྲུག་ཅུ་རེ་བརྒྱད་པ་མིན་ནམ་ཡང་ཟེར)བཞེས་པ། ཤིང་མོ་གླང་ལོ་ལ། ཟུང་མཁར་དུ་སྐུ་གཤེགས་སོ། །ཁྲི་སྲོང་ལྡེ་བཙན་བང་སོ་མུ་ར་རི་ལ་ཡོད། མིང་ནི་འཕྲུལ་རི་གཙུག་སྣ་བྱ་བ་ཡིན། བང་སོ་ཕྱི་རྒྱན་ཅན་བྱ་བར་གྲགས་འདིའི་རྩ་ན། རྡོ་རིངས་ཡི་གེ་བྲིས(༡༤༡.བ)པ་གཅིག་ཀྱང་ཡོད་དོ། །རྗེ་དེ་དང་། ཚེ་སྤོང་བཟའ་སྒར་རྒྱལ་མཚོ་མེ་ཏོག་སྒྲོན་གྱི་སྲས་བཞི་ལ། གཅེན་མུ་ཁྲི་བཙན་པོ། སྐུ་གཞོན་ནུ་ལ་གཤེགས་པས། བང་སོ་མེད་དོ། །དེ་འོག་མུ་ནེ་བཙན་པོ། ཆུ་ཕོ་སྟག་ལ། བྲག་དམར་དུ་འཁྲུངས། ལོ་གཅིག་ཟླ་དགུ་རྒྱལ་ས་བཟུངས། ཡབ་ཀྱི་དུས་མཆོད་ལ། ཚུལ་འཇུག་གི་ཟླ་བ་ལ། བསམ་ཡས་ཀྱི་མདོ་སྡེ་མཆོད་པ་དང་། ཆོ་འཕྲུལ་ཟླ་བ་ལ། འདུལ་བའི་མཆོད་པ་གཙུག བོད་འབངས་བྱིན་པོའི་དབུལ་ཕྱུག་ཐེང་གསུམ་ཉམས་ཀྱང་རང་རང་གི་སྦྱིན་ཤུགས་ཡིན་པར་དགོངས། མངོན་པའི་མཆོད་པ་འཇུག་རྩིས་ལ་སོགས། ཁྲིནས་གཉིས་དར་བར་མཛད་པའི་དགོངས་པ་ཡིན་ནའང། དགུང་ལོ་ཉི་ཤུ་རྩ་དགུ་པ་ལ། དུག་གིས་གྲོངས་སོ། །ཁུ་ཆེན་མུ་ཅེ་བཙན་པོའི་བང་སོ་ནི། ཨག་ཚོམས་བང་སོའི་གཡས་ངོས་མདུན་ན་ཡོད། །མིང་ནི་ལྷ་རི་ལྡེམ་བུ་བྱ་བ་ཡིན། །(༡༤༢.ན)དེ་འོག་མུ་ཏིག་བཙན་པོས། ཞང་རྒྱ་ཚའི་བུ་བསད་པས། དེ་པ་ཚང་གིས། གཡོ་ཐབས་ཀྱིས་དཀྲོངས། མུ་ཏིག་བཙན་པོའི་བང་སོ་དོན་མཁར་མདའ་ན་ཡོད། མིང་ནི་སྐྱ་རིངས་ལྡེམས་པ་ལགས་སོ་སྐད། གཅུང་པོ་ཁྲི་ལྡེ་སྲོང་བཙན། ཤིང་འབྲུག་ལ། བྲག་དམར་དུ་འཁྲུགས། ལོ་བཞི་པ་ལ། གཅེན་འདས་ནས། ཁོང་ལ། རྒྱལ་སྲིད་བསྐོས་པས་ཉམས་སད་པའི་ཕྱིར། ཁྲིའི་སྟེང་དུ་བཞུགས། དབུ་ལ་ནོར་བུའི་གཙུག་རྒྱན་གསོལ་ནས། ལྗིད་མ་ཐེག་པར། འཇིང་པ་གཡོ་ཙམ་བྱུང་ནའང། བཀྲ་ཤིས་པའི་ལྟས་མང་དུ་བྱུང་པས། སད་ན་ལེགས་འཇིང་ཡོན་ཤེས་པའི་མཚན་ཆགས། རྒྱལ་སྲིད་སུམ་ཅུ་རྩ་གཉིས་བཟུང་། བློན་པོ་སྤ་མང་རྗེ་ལྡ་ལྡོང་དང་། སྦྲང་རྒྱལ་མཚན་ནོ་སྐོང་གིས་བྱས། པཎྜི་ཏ་བྷི་མ་ལ་མི་ཏྲ་དང་། ཀ་མ་ལ་ཤི་ལ། ཛྙན་སེ་ན། བལ་བོ་ཧཱུྃ་ཀ་ར་རྣམས་སྤྱན་དྲངས། ལོ་ཙཱ་བ་མཁོན་ཀླུའི་(༡༤༢.བ)དབང་པ་བསྲུངས་པ་ལ་སོགས་རྣམས་ཀྱིས། སྔར་སྐད་སྣ་ཚོགས་ཀྱིས་བསྒྱུར་བའི་ཆོས་ཐམས་ཅད། རྒྱ་གར་གྱི་སྐད་ཞེ་གཅིག་ཏུ་སྒྱུར། བོད་སྐད་གསར་དཔྱད་ཀྱིས་གཏན་ལ་ཕབ། སྔ་མོའི་ཡབ་མེས་རིམ་པས། ལྷ་ཁང་མང་དུ་བཤེངས་འདུག ང་ནི་འཛམ་བུའི་གླིང་དུ་ཆེ་ཚད་ཐུབ་པའི་ལྷ་ཁང་གཅིག་བཞེངས་པར་འདོད་པ། ཉི་མ་ཙམ་དང་། སྐར་ཆེན་ཀྱི་ཚད་ཙམ་བཞེངས་པའི་ས་མིག་འཚོོལ་ཅིག་གསུངས་པ་ལ། བློན་འབངས་བྱིན་པོ་བློར་མ་འཁྱུད་དེ། ཆུ་དང་རི་བྲག་གིས་བཀག་ནས་རྒྱ་ཆེན་དེ་འདྲ་ཤོངས་ས། བོད་ཡལ་ན་མེད་དོོ་ཟེར་རིམ་པར་ཞུས་པས། འོ་ན། སྐར་མ་ཆུང་ཤོས་རྒྱང་གྲགས་གཅིག་གི་ཁྱོན་ཡོད་ཟེར་བར་འདུག་པ། དེ་ཙམ་གཅིག་གིས་ཅིས་ཀྱང་བྱེད་གསུངས་ནས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། ལྷ་(༡༤༣.ན)སའི་ཁྱམས་ཁྲ་བཟོས། བར་བྱུང་ཐམས་ཅད་ཀྱི་འཚོ་བ་སྦྱར། ལྷ་ལ་དང་། བསམ་ཡས་ལ་སོགས་སུ་བཤད་གྲྭ་བཅུ་གཉིས། ཡེར་བ་དང་། འཆིང་ཕུ་ལ་སོགས་པར། བསྒོམ་གྲྭ་བཅུ་གཉིས་བཙུགས། སྟངས་འབུལ་དྲུག་སེམས་ཕྱོགས་བཅུ་གཉིས་སུ་བྱས་ནས། དམ་ཆོས་དར་ཞིང་རྒྱས་པར་མཛད། དགུང་ལོ་ལྔ་བཅུ་རྩ་བཞི་པ། མེ་མོ་བྱ་ལ། སྦྲགས་ཀྱི་ཕུར་འདས་སོ། རྒྱལ་ཆེན་བང་སོ་འཁྲུལ་རྒྱལ་མདའ་ན་ཡོད། ཡུལ་གྱིས་ཆབ་གང་སྐོངས་པས་ནངས་ཀྱིས་མཐོ། མིང་ནི་རྒྱལ་ཆེན་འཁྲུལ་རི་ལགས་སོ་སྐད། དེའི་མདུན་ན། ཆེ་གེ་ཡིག་ཚང་དུ་མ་བྲིས་པའི། རྡོ་རིངས་ཆེན་པོ་གཅིག་ཀྱང་ཡོད་དོ། རྗེ་དེ་དང་། འབྲོ་བཟའ་མང་པོ་རྗེའི་སྲས་སྔ་མ། གཙང་མ་དང་། དར་མ་དང་། རལ་པ་ཅན། ལྷུན་རྗེ། ལྷུན་གྲུབ་རྣམས་ལས། གཙང་མ་ཆོས་ལ་དགའ་ཆེས། དར་མ། སྡིག་ལ་དགའ་ཆེས་པས། རྒྱལ(༡༤༣.བ)སར་མ་བསྐོས། ལྷུན་རྗེ། ལྷུན་གྲུབ་གཉིས་གཞོན་ནུ་ལ་འདས་པས། བང་སོ་ཡང་མེད་དོ། བར་པ་རལ་པ་ཅན་ནི། ཁྲི་སྲོང་ལྡེ་བཙན་འཁྲུངས་ནས། ལོ་བདུན་ཅུ་དོན་དྲུག་སོང་བའི་མེ་ཕོ་ཁྱི་ལོ་ལ། འུ་ཤང་རྡོར་སྐུ་འཁྲུངས། ལོ་བཅུ་གཉིས་པའི་ཐོག་ཏུ་བློན་པོ་རྣམས་གྲོས་བྱས་ནས། རྒྱལ་སར་བསྐོས། སྲིད་ལོ་ཉི་ཤུ་རྩ་བཞིའི་བར་ལ་བཟུང་། བློན་པོ་བྲན་ཁ་དཔལ་ཡོན་དང་། འབྲོ་ཁྲི་བཟུང་རམ་ཤོགས། འབྲི་ཁྲིར་རྗེ་སྟག་སྣ་གསུམ་གྱིས་བྱས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། སུ་ལེན་དྲ་འོ་ཏེ།་པྲད་ཛྙ་དྷེ་བ། ཤིནྟིང་གར་པ་རྣམས་སྤྱན་དྲངས།་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པ་མང་པོས ཆོས་ཀྱི་ག་དར་མང་པོ་ལེགས་པར་མཛད། སྔར་མ་བསྒྱུར་བ་རྣམས་ཀྱང་བསྒྱུར། ལྕགས་མོ་ཕག་ལ། འུ་ཤང་རྡོ་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག(༡༤༤.ན)ལག་ཁང་རྒྱ་ཕིབས་དགུ་རྩེགས། ཁྱུང་ནམ་མཁའ་ལ་ལྡིང་པ་འདྲ་བ་བཞེངས། ཡབ་མེས་ཀྱིས། གཙུག་ལག་ཁང་བཞེངས་པར་དམ་བཅས་ནས། མ་འབྱོངས་པ་རྣམས་གསོས། རྒྱ་ནག་རི་བོ་རྩེ་ལྔར་ལྷ་ཁང་དང་། ཤ་ཆུ་སྡོང་བཙན་དུ། མཚོའི་དཀྱིལ། ལྕགས་ཀྱི་སྡོང་པོའི་སྟེང་དུ། སངས་རྒྱས་སྟོང་རྩའི་ལྷ་ཁང་དང་། གླང་ཡུལ་དུ། རིང་པོ། གསུམ་པར། སླེའུ་འཕྲུལ་གྱི་ཀྲེའི་དང་འོག་ཏུ། ཀ་བྲག་དཀོན་མཆོག་འབྱུང་གནས། བོད་དུ། བྱམས་ཆེན་ལྷ་ཁང། ཉང་རོ་རྩིས་གནས་གསར་དུ། ལྷ་ཁང་ཁྲབ་སྒོ་ཅན་རྣམས་བཞེངས། བཙུན་མོ། ཅོག་རོ་ཟ་དཔལ་གྱི་ངང་ཚུལ་ལས། བཙན་ཐང་གཡུའི་ལྷ་ཁང་དང་། ཉང་བཟའ་མཆོག་གི་ལྷ་མོས། སྨོན་ཁྲོ་སྟག་ཙལ་གྱི་ལྷ་ཁང་བཞེངས། གཅེན་དར་མས། འབྲི་ལྷ་ཁང་དང། དེའི་བཙུན་མོ་འཕན་གྱིས། ཡར་ལུང་དཔག་བསམ་ལྗོན་ཤིང་དང་། ཕུག(༡༤༤.བ)པོ་ཆེའི་ལྷ་ཁང་མཁས་བཙུནསྔགས་པ་དང་། བཙུན་ཆེན་རྣམས་ཀྱིས། བྲག་ལྷ་མགོན་པོ་དང་། ཡེར་པ་ཡང་དབེན། ཉིང་ཏིང་འཛིན་གྱི་ཞྭའི་ལྷ་ཁང་དང་། བྲན་ཀ་དཔལ་ཡོན་གྱིས། དབྱེས་ཚལ་དང་། དམས་ཡུལ་མེ་ལོང་ཐང། ཀ་བ་དཔལ་བརྩེགས་ཀྱིས་ཀ་བ་ཡུལ་སྣ། ཚེ་སྤོང་སྟག་བཟང་ར་འདོད། སྟོད་ལུངས་ལྷག་མ། ཚེ་སྤོང་ལྷ་བཟང་ཀླུ་དཔལ་གྱིས། བོ་དོང་བྱ་རྒོད་བཤོངས་ཀྱི་ལྷ་ཁང་རྣམས་བཞེངས། ལར་ན། འདི་ཡན། བོད་ཀྱི་རྒྱལ་བློན་རྣམས་ཀྱིས། རྒྱ་བོད་དུ། གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་བར་འདོད་དོ། །ཆོས་རྒྱལ་དེ་ནི། སྔོན་སངས་རྒྱས་ཀྱིས་ལུང་བསྟན་པ་ན། གྲོང་ཁྱེར་རྡོ་མཆོག་ཞེས་བྱ་བར། ཁྱིམ་བདག་རལ་བ་ཅན་བྱ་བས། བསྟན་པའི་བྱ་བ་ཆེར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན་ཅིང། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་སོ། ། (༡༤༥.ན)འཕྲིན་ལས་ཀི་གཙོ་བོར། དམ་ཆོས་ལ་སྤྱོད། དཀོན་མཆོག་མཆོད། ཚོགས་ཀྱི་ནོར་བསོག རྒྱལ་ཁྲིམས་ཆོས་བཞིན་སྐྱོངས། རབ་ཏུ་བྱུང་བ་རེ་རེ་ལ། འབངས་མི་ཁྱིམ་བདུན་བདུན་ཕུལ། འཚོ་བ་སྦྱར། བཀུར་སྟི་ཆེ་བའི་ཚད། དགེ་འདུན་ལ། སྐྱེ་བོས་ལབ་སྟོང་དུས། འཛུབ་མོ་སྦྲེངས་པ་བྱུང་ན། རྒྱལ་པོས། ངའི་མཆོད་གནས་ལ་དེ་བཞིན་བྱེད་པ་མ་འོས་གསུངས་ནས། འཛུབ་མོ་བཅད་པ་བྱུང་ཞིང། དེ་ལྟར་བསྟན་པའི་གཤེད་དང་། མངའ་ཐང་སྐྱེས། སྔར་ཡབ་མེས་ཀྱི་རིང་ལ། ཆབ་འོག་ཏུ་མ་ཆུག་པའི་ཤར་ཕྱོགས་རྒྱ་ནག་པོའི་དུས། སོ་འཚམས། སྤོ་ལོན་ཤན་གྱི་རི་རྒྱུད། དར་དཀར་གྱི་ཡོལ་བ་འདྲ་བ་ལ་གཏུགས། བྱང་ཕྱོགས་ཧོར་གྱི་སོ་འཚམས། བྱེ་མ་རྐང་རིངས་ཉ་རྨང་མའི་རྒྱབ་འདྲ་ལ་གཏུགས། ལྷ་ཕྱོགས་སུ་(༡༤༥.བ)མོན་ཏ་ལ་བ་ཏི་ཤེལ་གྱི་དུམ་བུ་འདྲ་བ་ལ་གཏུགས་ཤིང་། འཛམ་བུ་གླིང་གི་གསུམ་གཉིས་དབང་དུ་བསྡུས་པར་བྱེད་དོ། །དེ་དུས་རྒྱལ་པོས། བོད་དམག་འབུམ་ཕྲག་འགའ་རེ་ཁྱེར་ནས། རྒྱའི་ས་ཆ་མང་དུ་བཅོམ། གྷ་ཐག་གི་ས་ན། སྨོན་རི་དོལ་དཀར་དམག་ཁྱེར་བ་ཡིན་གསུངས་པས། རྒྱལ་ཆེན་རྣམ་སྲས་དུང་ག་ཁྱིེའུ་ཆུང་ལོ་བརྒྱད་པ་གཅིག་ཏུ་སྤྲུལ་ཏེ། བོད་རྒྱལ་པོ་ཁྲིའུ་ཤིང་གི་ཐོག་ན་བཞུགས་པའི་མདུན་དུ། པུས་མོ་གཙུག་ཐལ་སྦྱར་ནས། འདི་མན་ལ་ངའི་དགོས་ཀྱི་བྲན་འཁོར། མི་ཉག་མ་གྷ་ཟུང་ཡོད་པ་ལ། དམག་གི་བརྡའ་དེད་མི་གསུངས་པ་དགོས་ཟེར་བ་ལ། དེ་བཞིན་ཡིན་ན། རྒྱ་བོད་ལ་སོགས་མི་གཞན་དང་མི་འདྲ་བའི་རྟགས་མཚན་རེ་ཡོད་པར་གྱིས། གསུངས་པས། མི་ཉག་གི་རལ་བ་འདི་བཞག་པ་ཡིན་བྱ་བ་དང་། རྒྱལ་པོ་འདིའི་(༡༤༦.ན)རིང་ལ། གྲུ་གུའི་ཡུལ་ནས་གཡུ་རྙིང་དྲེའུ་ཁལ་རྒྱབ་བཅོ་བརྒྱད་འབུལ་བར་བྱུང་བས། བོད་ན་གྲུ་གུའི་གཡུ་རྙིང་ཡིན་ངེས་དེ་ལས་མེད་དོ་བྱ་བ་དངག་། འུ་ཤང་རྡོའི་ལྷ་ཁང་རྩིག་དུས། མིག་གཅིག་པ་དང་། ཙུ་ཏ་རྐང་གཅིག་པ་སོགས་རྒྱལ་ཁམས་གཞན་མང་པོའི་ལས་མི་ཡོངས་པའི་རྒྱུ་མཚན། ཕྱི་ས་འོག་ནས། དེ་ལྟ་བུའི་མགོ་དང་། རུས་པ་མང་དུ་ཐོན་པ་བྱུང་ཟེར་བ་འདུག་པས་ན། བོད་རྒྱལ་པོའི་མངའ་ཐང་ཆེ་ཤོས་སུ་བྱུང་བར་གདའ་འོ། །དུས་དེ་ཙམ་ན། ཁྱིམ་ནི་བག་དྲོ། མི་ནི་ཁོང་དལ། ཕྱུགས་ནི་ལོ་དང་ཟླ་བ་ན་བསྡུད། མི་ཉག་ཉི་མས་སློང་། འབྲི་ཡན་སྣ་མེད། རྟ་ཡན་སྒྲོག་མེད། སྒོ་ལ་ལ་ཁྱི་མེད། རྗེ་བྱམས། འབངས་གུས། གྲོགས་གཞུང་བཟང། གཉེན་ཤ་ཚ། ཕོ་ནི་དཔའ། མི་ནི་འཛངས་ལ་ཆས་བཟང། བོད་འབངས་བྱིན་པོ་བདེ་སྐྱིད་ལ་ལོངས་སྤྱོད། སངས་རྒྱས་ཀྱི་བསྟན་པ་ཆེས་དར་ཞིང་རྒྱས་པར་མཛད་པས་ན། (༡༤༦.བ)སྐུ་དྲིན་ཤིན་ཏུ་ཆེའོ། །འདི་ཡན་ཆད་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་དང་། ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་ལྔ་ཟེར་རོ། །ཕྱེད་ཕྱི་མ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། མེས་ཨག་ཚོམས་ཀྱིས། སྲས་གཞོན་ནུ་ལ་འདས་ནས། རྒྱལ་སྲིད་སྐྱར་མ་རེ་བཟུང་པ་ལ་ཟེར་རོ། །དེ་རྟིང་། ནག་པོའི་ཕྱོགས་དར་དུ་ཉེ་བ་དང་། བོད་སྤྱི་མཐུན་གྱི་བསོད་ནམས་འགྲིབ་པས། རྗེ་ལ་བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང་། མཆིམས་བཟའ་དཀར་རྒྱལ། སྣ་ནམ་བཟའ་མང་པོ་ཁོད་ལེགས། ཉང་བཟའ་མཆོག་གི་ལྷ་མོ། ཆེ་སྤོང་བཟའ་མདོ་རྒྱལ་མ་དང་ལྔ་ཡོད་ཀྱང་། སྲིད་མ་ཟིན། རྒྱལ་པོའང་ཧ་ཅང་ཆོས་ལ་དད་པ་ཆེས་པས། སྦས་རྟག་སྣ་ལ་སོགས་སྡིག་བློན་རྣམས་ཀྱིས། བན་ཆེན་པོ་སྐུམ། ལྷ་སྲས་གཙང་མ་གྲོ་མོར་སྤུག བཙུན་མོ་དམ་པ་དང་བྲན་ཀ་(༡༤༧.བ)དཔལ་ཡོན། ཉེས་མེད་ལ་སྐྱོན་ཕབ། རྒྱལ་པོ་ཉིད་ཀྱང། དགུང་ལོ་སོ་དྲུག་པ་ལྕགས་མོ་བྱ་ལོ་ལ། ཅོག་རོ་ལེགས་སྒྲ་ལྡ་ལྡོང་བཙན་གྱི། མལ་གྲོ་ཞམ་པའི་ལྷ་ཁང་དུ་རྡོ་སྐྲས་ལ་བཞུད་པ་ལ། རལ་གྲི་བཙལ་ནས་དཀྲོངས་སོ། །ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི། །དོན་མཁར་མདའི་གཡོན་གྱི་ཕྱོགས་ན་ཡོད། །མིང་ནི་ཁྲི་སྟེངས་རྨང་རི་ལེགས་སོ་སྐད། །དེའི་ཙ་ན། རྡོ་རིངས་ཡི་གེ་མེད་པ་གཅིག་ཀྱང་ཡོད། །དེ་ལྟར་རྒྱལ་པོ་ལ་སྲས་མེད། ལྷ་ཁང་ལ་མངའ་གསོལ་མེད། བང་སོ་ལ་ནོར་མེད། རྡོ་རིངས་ལ་ཡི་གེ་མེད་ཟེར། དེ་ཡན་ཆད། མུ་ནེ་མཙན་པོ་ཐེ་བའི་རྒྱལ་སར་བཞུགས་པ་བཞི་བཅུ་རྩ་གཉིས་བྱུང་ངོ་། །ལོ་གྲངས་སྟོང་དང་བཞི་བརྒྱ་བཞི་བཅུ་ཞེ་བཞི་ཙམ་སོང་བར་བྱེད་དོ།་།རྗེ་འབངས་སྐྱིད་པའི་ཉི་མ་བདེ་བའི་དུས་ཡིན་ནོ། །གཅེན་པོ་གླིང་དར་མ། ཆུ་མོ་ལུག་ལོ་པ་ཡིན། སོ་དགུ་ལོན་པའི་དུས་ན། (༡༤༧.བ)ཁྲི་རལ་གྲོངས་ནས། ཁོང་གིས་རྒྱལ་སྲིད་བཟུང། ལོ་གཉིས། རྒྱལ་པོ་ཚུལ་བཞིན་བྱས། ཆུ་མོ་ཕག་གི་ལོ་བཞུགས་ནས། ཐུགས་ལ་གདོན་གསོལ་བ་དང་། བློན་པོ་རྒྱལ་ཏོ་རེ་སྟག་ཅན་ལ་སོགས། སྡིག་ལ་དགའ་བ་རྣམས་ཀྱིས་བསྒྱུར་ནས། སྔར་ནུ་བོ་ལ་རྒྱལ་སྲིད་བསྐོས་པའི་སྙིང་ནད་བྱས། བོད་དུ་སངས་རྒྱས་བསྟན་པ་སྣུབས། ལོ་ཕྱེད་དང་བཞིར། སྡིག་རྒྱལ་ཁོ་ན་བྱས། ལོ་ཞེ་བཞིར་མེ་ཕོ་སྟག་ལོའི་དུས། ཡེར་པའི་ལྷ་རི་རིང་པ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡོད་པའི་སར། ནམ་ཕྱེད་ན། ལྷ་མོ་ནག་མོ་བུད་མེད་དུ་སྤྲུལ་བྱུང་ནས། ད་བོད་ན། གྲུབ་ཐོབ་ཁྱོད་ལས་མེད། སྡིག་ཅན་རྒྱལ་པོ་སྒྲལ་རན་ཟེར་བ་བྱུང་ནས། ལྷ་སའི་རྡོ་རིང་གི་རྩ་རུ་ལྷ་ལུང་དཔལ་རྡོར་གྱི་རྡོ་རྗེས། རྒྱལ་པོ་དཀྲོངས་ནས་བྲོས་སོ། །དེ་དུས་རྒྱལ་པོ་ན་རེ། ང་སྒྲོལ་བ་ཡང་ན་ལོ་གསུམ་གྱིས་འཕྱིས། ཡང་ན་ལོ་གསུམ་(༡༤༨.ན)གྱིསསྔས་ཟེར་ལོ། །སྡིག་རྒྱལ་དེའི་རྐྱེན་གྱིས། ཆུ་མོ་ཕག་ནས། ལྕགས་ཕོ་རྟའི་བར། ལོ་དྲུག་རྩ་བརྒྱད་ཙམ། བོད་དུ་དམ་ཆོས་ནུབ་འདུག དར་མའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར། །དེའི་མིང་ནི་བང་རིམ་འཁོར་ལོ་ཅན། །ཟེར་ཏེ་རྩིག་པའི་འཕྲོ་ལ་ལུས་སོ་སྐད། །གླང་དར་མ་ལ། སྨད་ཀྱི་སྟེང་ཟེར་རོ། །འདི་མན་ཆད། སྨད་སིལ་བུར་ཆད་དེ། དར་མ་གྲོངས་རྟིང་། བཙུན་མོ་ཆེ་བས། བུ་ཆུང་གཅིག་བཙལ་ནས། འདང་མོ་རང་ལ་སྐྱེས་པའི་བུ་ཆུང་ཡིན་བྱས་པས། འདག་སྐྱེས་ཀྱི་བུ་ཆུང་ལ་སྲེའུ་མི་ཡོང་སྟེ། ཡུམ་གྱི་བཀའ་བརྟན་དུ་ཆུག་བྱས་པས། ཡུམ་བརྟན་བྱུང། དེས་ཨུ་རུ་བཟུང། ཆུང་པ་ལ། ལྟོ་བོར་གྱི་སྲས་གཅིག་ཡོད་པ། མར་མེའི་འོད་ལ་བསྲུང་པས། འོད་བསྲུང་བྱུང། དེས་གཡོ་རུ་བཟུང། ཨུ་གཡོར་འཁྲུག་པ་བྱས།་རྒྱལ་རིགས་གཅིག་ལ་ཕྱོགས་རིས་གཉིས་སུ་ཕྱེ། བློན་པོ་ཁུ་ཐོག(༡༤༨.བ)སྒྲ་ཤང་སྲི་དང་། རྔོག་ཡག་གསུམ་སྒྲ་རྗེ་ཡས་དང་། རྔོག་རྒྱལ་ཏོ་རེ་གེལ་པ་རྣམས་ཀྱིས་བྱས། རྒྱལ་བློན་དེ་རྣམས་བསོད་ནམས་ཆུང་པས། ས་མོ་གླང་ལ་ཁེངས་ལོག་བྱུང། མེ་མོ་བྱ་ལ་བང་སོ་རྣམས་ཤིག རྗེ་འབངས་བྱེ། རྒྱལ་ཁྲིམས་ཞིག། ཆོས་ཁྲིམས་ཉམས། ཕྱིའི་སོ་ཁ་ཤོར། བོད་ནང་འཁྲུགས། གླང་དར་མས། ཆུ་མོ་ཕག་ལ། བསྟན་པ་སྣུབས་པའི་མགོ་ཚུགས་ནས། ལྕགས་ཕོ་རྟ་ལ། དབུས་གཙང་གི་མི་དྲུག་གམ་བཅུས། མདོ་རྒྱུད་སྨད་(མདོ་སྨད)དུ་རབ་ཏུ་བྱུང་ནས། བསམ་ཡས་སུ། བོད་རྒྱལ་ཚ་ལ་ན་ཡབ་སྲས་ཀྱིས་སྤྱན་སྔར་སླེབ་པ་ཡིན། ལོ་དྲུག་ཅུ་རྩ་བརྒྱད་ཀྱ་བར་ལ། སྤྱིར་བོད་དང་། སྒོས་དབུས་གཙང་རུ་བཞིར། སངས་རྒྱས་ཀྱི་བསྟན་པའི་སྒྲ་མ་གྲགས་པ་བྱུ་སྟེ། སྡོམ་པ་འབོག་ལེན་གྱི་བཀའ་ཆད། གཙུག་ལག་ཁང་རྣམས་སུ། ཝ་ཁྱིའི་ཚང་(༡༤༩.ན)བཅས། སྤྲང་པོའི་སྦྲ་ཟོམ་སྐལ། མི་དགེ་བའི་ལས་ཐབས་སྣ་ཚོགས་བྱུང་པས། གླང་དར་མ་ཡབ་སྲས་ནི། བོད་འབངས་ལ་བཀའ་དྲིན་ཤིན་ཏུ་ཆུང་ངོ་། ཡུམ་བརྟན་དགུང་ལོ་སུམ་ཅུ་རྩ་དྲུག་ལ་འདས་ཏེ། བང་སོ་མེད་དོ། །འོད་བསྲུངས་ནི། ཤིང་མོ་ལུག་ལོ་པ། ཕོ་བྲང་ཡུམ་བུར་བཙས་པ་སྟེ། སུམ་ཅུ་རྩ་དགུ་ལ། ཡར་ལུངས་འཕན་མདར་འདས་སོ། འོད་བསྲུངས་བང་སོ་འཕྲུལ་གྱི་རྒྱབ་ན་ཡོད། །མིང་ནི་སྐྱེའུ་ལྷ་རྟེན་ལགས་སོ་སྐད། །ད་ཕྱིན་ཆད་བང་སོ་རྩིག་ཡང་ནུབ་བོ། །བསྟན་པ་ཕྱི་དར་གྱི་བྱུང་ཚུལ། བསྟན་པ་ཕྱི་དར་གྱི་བྱུང་ཚུལ་ནི། གླང་དར་མས། བསྟན་པ་བསྣུབས་པའི་ཚེ། དཔལ་ཆུ་བོ་རི་ནས། འཇད་པ། གཙང་རབ་གསལ་དང་། བོ་དོང་པ་གཡོ་དགེ་འབྱུང། སྟོད་ལུངས་པ། དམར་ཤཱཀྱ་མུ་ནེ་གསུམ་གྱིས། འདུལ་བའི་པོ་ཏི། དྲེའུ་ཁལ་རྒྱབ(༡༤༩.བ)གཅིག་བཀལ་ནས། མངའ་རིས་ལ་བྲོས། གར་ལོག་ལ་ཕྱིན། ལོ་ཙཱ་བ་མེད་པས། འགྲོ་དོན་མ་བྱུང་པ། ཧོར་ཡུལ་བསྐོར་ནས།མདོ་སྨད་ཨན་ཆུང་རྣམ་རྫོང་(དང)། དན་ཏིག་ཤེལ་གྱི་ལྷ་ཁང་དུ་སླེབ་པ་དང་།དེ་ཕྱོག་རྣམས། སྡིག་རྒྱལ་དང་ཐག་འགྱང་ཞིང། སྙིང་རུས་ཆེ་བས།་ཆོས་ཀྱི་བརྡའ་མཚོན་ཙམ་ཡང་འདུག་པ་དང་། བོན་པོའི་རྒད་པོའི་ཟུ་གསལ་བཟངས་བྱ་བའི་ཚ་བོ། མུ་གཟུ་གསལ་བར་ཟེར་བ།་ལོ་བཅོ་ལྔ་པ་གཅིག །ཁོང་རྣམས་ལ་དར་(དད)ནས། གཙང་གི་མཁན་པ། གཡོས་སློབ་དཔོན་བྱས་ཏེ། དགེ་ཚུལ་ལ་ཞུགས་པའི་མིང་དགེ་བ་གསལ་དུ་བཏགས་སོ། །འདིའི་སྐབས་སུ།་ལྷ་སར། ལྷ་ལུང་དཔལ་གྱི་རྡོ་རྗེ། རྒྱལ་པོ་གླང་དར་མ་བསྒྲལ་ནས། རྗེས་གཅོད་པ་སྔན་མ་བྱུང་པ་ལོག་སོང་བ་དང་། ཁོང་གིས་མངོན་པ་ཀུན་ལས་བཏུས་དང། འདུལ་བ་འོད་ལྡན་ལས(༡༥༠.ན)དཀར་མ་ཤ་སྟམ་གསུམ་པོ་ཁྱེར་ནས། མདོ་ཁམས་ལ་བྲོས་པ་ཡང་གཙང་གཡོ་དམར་གསུམ་དང་མཇལ། དགེ་བ་གསལ་གྱིས། རབ་ཏུ་བྱུང་ནས་ལོ་ལྔ་སོང་པ་དང་། སྔར་གྱི་མཁན་སློབ་དང། དམར་གྱིས་གསང་སྟོན་བྱས། ལྷ་ལུང་དཔལ་གྱི་རྡོ་རྗེས། རྒྱལ་པོ་བསད་པས། ཁ་སྐོངས་མི་རུང་གསུངས་ནས། རྒྱའི་ཧ་ཤང་ཝང་དང། གྱི་ཝན་བྱ་བ་གཉིས་བཙལ་ནས། དེ་སྔ་ལ་བསྙེན་རྫོགས་བྱས། མིང་དགོངས་པ་རབ་གསལ་དུ་གྲགས་ཤིང། དེས་བསྟན་པའི་མེ་རོ་སྨད་ནས་སླང་ཞེས་པའོ། །དེ་རྟིང་། དགོངས་པ་རབ་གསལ་གྱི་མཁན་པོ་བྱས་ནས། སྦ་གོང་ཡེ་ཤེས་བསྲུང་དང་། པར་རིན་ཅེན་གསལ། འལ་པ་རྡོ་རྗེ་དབང་ཕྱུག། སྣུབས་ཕག་ཤི་རྟ། ཇོ་བོ་ཡེ་ཤེས་སེང་གེ ཅོ་རོ་ཤེས་རབ་བྱང་ཆུབ་དགེ་ཚུལ་བཙུན་གཟུགས་སུ་བཅུང་ནའང། མཁན་སློབ་ཆ་མ་ཚང་བས། བླ་ཆེན་གྱི་སློབ་མ་ལ་སྔ་བ། (༡༥༠.བ)ཁམས་ཀྱི་ཟོག་པོ་མི་དྲུག་བྱ་བར་གྲགས་པ་བྱུང། བླ་ཆེན་གྱིས། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་བ་ཡང་དེ་རྣམས་ལ་བྱས་པ་བྱེད་དེ། བཞི་ནི། ཞྭ་ཐེབ་ཀྱི་མུ་ཐུམ་དང་། བླ་གོས་ཀྱི་མཐའ་ཚེམས། གཏོར་བུད་ཀ་ལིའི་ནང་རྣམས་སྔོན་པོར་བྱྱེད་པ། བླ་ཆེན་དང་པོ་བོན་པོའི་རྒྱུད་པར་སོང་པའི་ཐུགས་ཞེན་གྱི་བརྡའ་མཚོན་ཡིན་ཟེར་བར་འདུག དེ་རྣམས་ཀྱི་རྒྱུ་མཚན། བསམ་ཡས་ནས། ཡུམ་བརྟན་གྱི་རྒྱལ་རྒྱུད། མངའ་བདག་ཚ་ལ་ན་ཡབ་སྲས་ཀྱིས་གསན་ཏེ། དབུས་གཙང་གི་མི་དྲུག་མདོ་སྨད་ལ་ཆོས་ཚོལ་དུ་བརྫངས་པ་ནི། དབུས་ནས། ཀླུ་མེས་ཤེས་རབ་ཚུལ་ཁྲིམས། འབྲེ་ཡེ་ཤེས་ཡོན་ཏན། གཙང་ནས། ཚོང་བཙུན་ཤེས་རབ་སེང་གེ ལོ་སྟན་རྡོ་རྗེ་དབང་ཕྱུག་དང་བཞི་པོས། བླ་ཆེན་དངོས་ལ་སྡོམ་པ་བླངས། སྦ་བཙུན་བློ་གྲོས་དབང་ཕྱུག་དང་། རག་ཤི(༡༥༡.ན)ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་འབྱུང་གནས་གསུམ་པོས། གྲུམ་སྣུབས་གཉིས་ལ་སྡོམ་པ་བླངས་ཏེ། དེ་རྣམས་ལ་རྦ་རག་བྲ་པོ་གཅིག་ཏུ་དྲིལ་བས། མི་དྲུག་ཟེར་རོ། །ཡང་། དབུས་པ་གསུམ་དང་། གཙང་པ་གསུམ། གཙང་མིན་དབུས་མིན་གཅིག་དང་། མི་བདུན་ཟེར་བའང་འདུག ཡང་། དབུས་གཙང་གི་མི་བཅུ་བྱེད་པའང་ཡོད་པ་ནི། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། འབྲེ་ཡེ་ཤེས་ཡོན་ཏན། ཀླན་ཤེས་རབ་འབར་། རྦ་བློ་གྲོས་དབང་ཕྱུག རག་ཤི་ཚུལ་ཁྲིམས་འབྱྱུང་གནས་རྣམས་ལ། དབུས་པ་མི་ལྔ། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེངྒེ། ཨུ་པ་ལྟེ་དཀར་ར། འོ་བརྒྱད་སྤུན་གཉིས་རྣམས་ལ། གཙང་པ་མི་ལྔ་ཟེར་བར་འདུག་པ། རིམ་པ་བཞིན་ཕྱིན་པས། མང་དུ་སོང་པ་ཡིན་ནམ་བསམ། གང་ལྟར་ནའང། ཁོང་རྣམས་(༡༥༡.བ)ཀྱིས། སྡོམ་པ་བླངས།་ཆོས་མང་དུ་ཞུས་ནས། ཡར་ཡོང་དུས། བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས། བསྟན་པ་བསྲྲུངས་ཤིག ཀླུ་མེས། སྐུ་བཙུན་པས།་མཁན་པོ་གྱིས། ཚོང་གེ་བློ་རྣོ་བས་སྟོན་པ་གྱིས། འབྲེ་ཁ་བཀོད་མཁས་པས་གནས་གཞི་བཟུང་། ཐམས་ཅད་ཀྱིས་བསྟན་པ་དར་བའི་ཁུར་ཁུར་ཅིག་གསུངས་ནས་རྫངས་པ་བཞིན། ཁོང་རྣམས་ཡར་ཕེབས། ཐོག་མར་ཐམས་ཅད་འཛོམ་ནས། ཉང་སྨད་རྒྱན་གོང་གི་ལྷ་ཁང་བཞེངས། དེ་རྟིང་། དབུས་གཙང་གི་ས་ཆར་རང་ས་རང་ས་ནས། ཁག་ཅན་བྱས་པའི་གཙུག་ལག་ཁང་མང་དུ་བཞེངས་རབས་ཟུར་ནས་གསལ་ཅིང་། དགེ་འདུན་གྱི་སྡེ་གཙུག་དམ་པའི་ཆོས་དར་ཞིང་རྒྱས་པར་བྱས་པས་ན། བསྟན་པ་ཕྱི་དར་ལ། ཨ(༡༥༢.ན)མེས་བླ་ཆེན་པོ་དགོངས་པ་རབ་གསལ་དང་། སློབ་མ། དབུས་གཙང་གི་མི་རྣམས།་སྦྱིན་བདག མངའ་བདག་ཚ་ལ་ན། ཡབ་སྲས་དང་བཅས་པ། ཐོག་མར་སྐུ་དྲིན་དུ་ཆེ་བ་ལགས། རྒྱལ་པོ་གླང་དར་མའི་སྲས་གཉིས་ལ། གདུང་རྒྱུད་ཇི་ལྟར་བྱུང་ན། གཅེན་ཡུམ་བརྟན་དང་། སྤ་ཚབ་བཟའ་བཀྲ་ཤིས་མཚོའི་སྲས། ཁྲི་ལྡེ་མགོན་གཉེན། དེའི་སྲས། ཁྲི་ལྡེ་རིག་པ་མགོན་དང་། ཉི་མ་མགོན། གཅུང་དེའི་སྲས། ཉི་འོད་དཔལ་མགོན། དེའི་རྒྱུད།སླུངས་བཤོད་དང་། འཕན་ཡུལ། མདོ་ཁམས་ན་མང་ངོ། གཅེན་པོའི་སྲས། ཁྲི་ལྡེ་པོ་དང་། རྡོ་རྗེ་འབར། ལྡེ་པོའི་རྒྱུད། བུག་པ་ཅན་དང་། ཐང་ལྷ་བྲག་པ་རྣམས་སོ། རྡོ་རྗེ་འབར་བའི་སྲས། ཁྲི་དབང་ཕྱུག་བཙན། དེའི་སྲས། ཚ་ལ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས། མངའ་བདག་ཁྲི་པ། ཡབ་སྲས་འདི་གཉིས(༡༥༢.བ)ཀྱིས། དབུས་གཙང་གི་མི་རྣམས་མདོ་སྨད་ནས་ཆོས་ཚོལ་པ་ལ། རིམ་པར་རྫངས་པ་དང་། དགེ་འདུན་གྱི་སྡེ། ལྷ་ཁང་བཞེངས་པ་ལ། བསམ་ཡས་ཆོས་འཁོར་སྒྲུབས་པ་ལ་སོགས། བོད་ཡུལ་དབུས་གཙང་དུ་བསྟན་པའི་མེ་རོ་གསོ་བའི་བདག་རྐྱེན། བརྗིད་ཁུར་ཆེ་བར་མཛད་དོ། ཁྲི་པའི་སྲས། ཨ་ཙ་ར་དང་། དགེ་སློང་། བླ་མ། བྷོ་ངྷེ་ར་ཛ་རྣམས་སོ། ཨ་ཙ་རའི་རྒྱུད། འཕྲང་སོ་པ། གཙང་རྒྱབ་པ། གླགས་བ་ལམ་པ། གྲིབ་པ། སྙེ་ཐང་པ། ཁུམ་ས་རྩད་པོ་ལ་སོགས་པའོ། བླ་མ་ལ་རྒྱུད་མེད། དགེ་སློང་གི་རྒྱུད། སྤེ་བཞི་པ། བྷོ་ངྷེ་ར་ཛའི་རྒྱུད། ལྷ་བཙུན་སྔོན་མོ། སྙུག་རུམ་པ། ལྷ་འབྲིང་སྒང་པ་ལ་སོགས་བྱུང་། ད་ལྟ། འོན། རྡོ། ཆབ་ཐང་། བསམ་ཡས་གཡས་པོ་རྣམས་སོ། དེ་རྣམས་ཡུམ་བརྟན་གྱི་རྒྱུད་ཡིན་ནོ། ཁྲི་ལྡེ་འོད(༡༥༣.ན)བསྲུངས་དང་། ཅོག་རོ་བཟའ་རྒྱལ་མོ་ལེགས་ཀྱི་སྲས། མདའ་བདག་དཔལ་འཁོར་བཙན། ཤིང་མོ་བྱ་ལོ་ལ། ཡར་ལུང་འཕངས་མདར་འཁྲུངས། ཡབ་མེས་ཀྱི་མཛད་སྤྱོད་ངན་པ་བོར་ནས། ཉང་སྨད། སྒྲོལ་བུའི་སྨད་ལུང་ལ་སོགས། གཙུག་ལག་ཁང་བརྒྱད་བཞེངས། བློན་པོ། སྤྱང་རྒན་ཨ་པོ་དང་། འབྲོ་གཙུག་དགྲ་ལྷ་ལྡོང་གིས་བྱས། སུམ་ཅུ་རྩ་གསུམ་པ་ལ། སྙེགས་སྟག་རྩེ་བས་ཡར་ལུངས་ཤོར་པོར་དཀྲོངས་སོ། འདི་པ་དང་། ཡུམ་བརྟན་གྱི་སྲས། ཁྲི་ལྡེ་མགོན་གཉེན་དང་། ཚ་བོ་རིག་པ་མགོན་གྱི་རིང་ལ། ས་མོ་གླང་ལ། ཁེངས་ལོག་དང་། བང་སོ་བཤིག་པ། སྐུ་མཁར་རྩེ་ནས་འབེབས་པ་ལ་སོགས་བྱུང་བར་བྱེད་དོ། དེའི་བཙུན་མོ། ཚེ་སྤོང་བཟའ་གཡོ་རུ་རུ་བཞག་པའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མ། འབལ་བཟའ་འཕན་རྒྱལ་ཨུ་རུར་བཞག་པའི་སྲས། ཁྲི་བཀྲ་ཤིས(༡༥༣.བ)རྩེགས་པ་དཔལ་ལོ། དེ་གཉིས་ཀྱི་སྲིད་ཕལ་ཆེ་བ། ཡུམ་བརྟན་ཚང་གིས་ཁྱེར་བས་སྐུ་མཆེད་དེ་གཉིས་རིམ་པས། མངའ་རིས་སྟོད་ཕྱོགས་ལ་བྲོས་ཏེ། ཉི་མ་མགོན་ལ་སྲས། དཔལ་གྱི་མགོན་དང་། ལྡེ་གཙུག་མགོན་དང་། བཀྲ་ཤིས་ཉི་མ་མགོན་རྣམས་བྱུང་པ་ལ། སྟོད་ཀྱི་མགོན་ཟེར་རོ། ཡབ་སྐྱིད་ལྡེ་ཉི་མ་མགོན་གྱིས་སྔན་ལ་བྱོན་ནས། སྟོད་ཡུལ་རྣམས་མངའ་འོག་ཏུ་བསྡུས་པས། སྤྱི་མིང་ལ་མངའ་རིས་ཟེར་ཅིང་། སྲས་ཆེ་བས། མར་ཡུལ་དང་། ནུབ་རལ་ལ་མངའ་བྱེད། བར་པས། ཞང་ཞུང་། ཅི་ཅོག་གཉིས། སྙི་གོང་། རུ་ཐོག་གཉིས། སྤུ་རངས་མ་ཆོ་གཉིས་ཏེ། དྲུག་ལ་མངའ་བྱེད། ཆུང་པས། གར་ཞ་དང་། ཟངས་དཀར་ལ་མངལ་བྱེད་དུ་བཅུག དེས་ན། མངའ་རིས་བསྐོར་གསུམ་དུ་གྲགས་སོ། བཀྲ་ཤིས་ཉི་མ་མགོན། སྒུ་མཁར་ཉི་གཟུངས(༡༥༤.ན)སུ་བཞུགས། སྲས་འཁོར་རེ་དང་། སྲོང་ངེ་གཉིས། འཁོར་རེའི་སྲས། ན་ག་ར་ཛ་དང་། ངྷེ་བ་ར་ཛ་འོ། ཡབ་འཁོར་རེའི་སྐུ་ཚེ་སྨད་ལ། ཡབ་མེས་ཡིག་ཚང་གཟིགས་པས། ཐུགས་སྐྱོ་ནས། གོང་མའི་ཆ་སྲོལ་བཞིན། སངས་རྒྱུས་ཀྱི་བསྟན་པ་དར་བར་བཞེད་པ་ལ། རབ་ཏུ་བྱུང་བའི་མཁན་པོ་མེད་པར། རྟེན་གྱི་དྲུང་དུ་བསླབ་པ་ནོས་ཏེ། མཚན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས་ལུང་ཟིན་ཏེ། བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་རྒྱུད། མི་རིགས་བཞིའི་གནས་པ་ལ། རིགས་ནི་རྒྱལ་པོའི་རིགས་སུ་ཏེ། ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། དེ་ཡིས་བསྟན་པའི་བདག་རྐྱེན་བྱེད། ཅེས་གསུངས་པ་ལྟར། ཐོ་ལྡིང་གསེར་གྱི་གཙུག་ལག་ཁང་བཞེངས། སྲས་གཉིས་ཀྱང་རབ་ཏུ་བྱུང་སྟེ། མཚན་ཞི་བ་འོད་དང་། བྱང་ཆུབ་འོད་དོ། ཡབ་སྲས་དེ་རྣམས་ཀྱིས། ཡ་རབ་ཀྱི་ཁྱེའུ་(༡༥༤.བ)བློ་རྣོ་བ་བདུན། གཡོག་ཆུང་བཅུ་བཞི་དང་བཅས་པ་རབ་ཏུ་བྱུང་སྟེ། གསེར་མང་པོ་བཀུར་ནས། ཁ་ཆེར་ཆོས་ཚོལ་བ་ལ་བཏང་། པཎྜིཏ་དྷརྨ་ཕ་ལ་དང་། བྲམ་ཟེར་རིན་ཆེན་རྡོ་རྗེ་སྤྱན་དྲོངས་ན། གསེར་ལ་མ་རྩེགས། གཞན་ཡང་བོད་ལ་ཕན་པའི་པཎྜི་ཏ་རྩ་ཆོད། ལོ་ཙཱ་མཁས་པར་སློབས་ཤོག་གསུངས་ནས་བརྫངས་པས། གཞན་བཅུ་དགུ། ཚད་པས་ཤི། མདོ་སྡེ་ནས་ལུང་བསྟན་པའི་གཡས་རུ་གཞུང་པ་ལྷུང་བཟོར་རིན་ཆེན་བཟང་པོ་ལ། དགེ་སློང་བྱའི་གདོང་པ་ཅན་དུ་གྲགས་པ། དེས་ལོ་ཆེན་དང་། འབྲོག་མཚོའི་འགྲམ་པ་རི་ནང་པ། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས། ལོ་ཙཱ་སློབས་ནས། རྒྱ་གར་ཤར་ནུབ་ཀུན་ཏུ་བཙལ་བས། བྷྲི་ཀ་མ་ལ་ཤི་ལ་ན། དྷི་པམ་ཀ་ར་བྷྲིཛྙ་ན་ཞེས་བྱ་བ། བོད་ལ་ཕན་ཐོག་པ་ཅིག་འདུག་ཟེར་བ། ལྷ་བླ་མ་ལ་ཞུས་པས། དགྱེས་ནས། (༡༥༥.ན)དེ་ཅིས་ཀྱང་སྤྱན་དྲོངས་པ་ཅིག་བྱེད། གསུངས་ནས། ཡུལ་གཙང་སྙག་ཚེལ་བའི་ལོ་ཙཱ་བ་རྒྱ་བརྩོན་སེང་གེ་ལ། གསེར་ལིང་མ་སྲང་བཅུ་དྲུག་ཡོད་པ་གཅིག་གི་སྣ་དྲངས་པའི་གསེར་སྲང་མང་པོ་བསྐུར་ནས། འཁོར་བརྒྱ་ཙམ་དང་བཅས། རྒྱ་གར་ལ་རྫངས་པས། ཇོ་བོ་ནི་སྤྱན་མ་དྲོངས། འཁོར་ཕལ་ཆེ་བ་ཚེད་པས་གུམ། གསེར་སིལ་མ་རྣམས་གྱག ལིང་པ་དེ། ལྷ་བླ་མ་ལ་ཕུལ་བས། ད་དུང་དེའི་འགོ་ནས་ཆེ་བ་གཅིག་སྤྱན་འདྲེན་དགོས་གསུངས། རྒྱ་བརྩོན་སེང་གེ་དང་། ནག་ཚོ་གཉིས། བོད་དུ་ནི་གདན་མི་འདྲོངས་པར་འདུག རྒྱ་གར་དུ་ཇོ་བོ་ལ་གདམས་ངག་ཞུ་རུ་འགྲོ་ཟེར་ནས། དཔོན་སློབ་དྲུག་བྱོན་ནོ། ལྷ་བླ་མས(རྒྱལ་སྲིད་གཅུང་ལ་གཏད་ནས)ཀྱང་། པཎྜིཏ་གདན་འདྲེན་པའི་ཆ་རྐྱེན་གྱི་གསེར་འཚོལ་བ་ལ། རྒྱ་གར་མཐའ་འཁོབ་ལ་བྱོན་པས། མཐའ་འཁོབ་ཏུ་མུ་སྟེགས་རྒྱལ་པོས་བཙོནདུ་(༡༥༥.བ)བཟུང་། ཁྱོད་བོད་རྣམས་ཕྱི་རོལ་བའི་བསྟན་པ་ལ་འཇུག་ན། སླུད་མ་མི་ལེན། ཁྱོད་རང་གི་ལུས་དང་མཉམ་པའི་གསེར་དགོས་ཟེར་བྱུང་ནས། སྲས་གཉིས་པ། ལྷ་བཙུན་བྱང་ཆུབ་འོད་ཀྱིས། བོད་འབངས་བྱིན་པོ་ལ་གསེར་བསྡུས་པས། སྐུ་ལུས་དང་མཉམ་པ་རྙེད་ནའང་། དབུ་ཙམ་གཅིག་མ་འཛོམས་པས། དེ་མན་ལ། སྡོང་དུ་ནི་མ་འདོད། ལྷ་བླ་མའི་ཞལ་ནས། ཁྲེད་རྣམས་ཀྱི་བྱེད་ལུགས་དེ་ཀ་ཡིན་ཏེ། ད་ང་རྒས་པས། སེམས་ཅན་ལ་ཕན་མི་ཐོག གསེར་དེ་རྣམས་ཀྱིས། ཇོ་བོ་རྗེ་དང་། པཎྜིཏ་མཁས་པ་རྣམས་གདན་དྲོངས། མཐོ་ལྡིང་དུ་མཆོད་པ་ཆེན་པོ་བཤོམས། ཡབ་མེས་ཀྱིས་བཞེངས་པའི་ལྷ་ས་དང་། བསམ་ཡས་ལ་སོགས་ལ་ཞིག་གསོས་ཀྱིས། མདོར་ན། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཐབས་ཚོལ་གྱིས་ཤིག་གསུངས་པའི་འཕྲིན་བསྐུར་བྱུང་། དེ་ལྟར་ནའང(༡༥༦.ན)ད་དུང་གསེར་དབུ་ཙམ་ཅིག་བཙལ་ལ། ཅིས་ཀྱང་བླུའོ་ཟེར་བའི་སྐབས་སུ། ལྷ་བླ་མ་མཐའ་འཁོབ་ཏུ་སྐུ་གཤེགས་སོ། དེའི་སྐབས་སུ། གཅུང་སྲོང་དེའི་སྲས། ལྷ་ལྡེས། པཎྜིཏ་སྨྲི་ཏི་དང་། ཕྲ་ལ་རིང་མོ་སྤྱན་དྲངས་ནས། ཆོས་བསྒྱུར་རྩིས་ལ། ལོ་ཙཱ་བ་བལ་པོར། ཕོ་ལོག་གི་ཤི་ནས། ཆོས་བསྒྱུར་མཁན་ནི་མེད། སྔར་ཤེར་པ་ཉམས་སུ་ལེན་མཁན་ནི་ཡོད་དེ་ལོ་ཙཱ་བ་མེད་པས། པཎྜིཏ་གཉིས་པོ། བོད་ཡུལ་ལ་འཁྱམས་སོ། དེའི་ཚེ། བལ་པོ་རྨེ་རུ་རྩེ་བྱ་བས་བོད་དུ་འོང་། རྒྱ་སྐད་ཤེས་པས། ཆོས་བཤད་ནའང་། བོད་ཀྱི་མ་གོ་བས། ཕར་ལོག དེ་མཚམས། ལོ་མང་རབ་ཀྱི་བར་ལ། ལོ་པཎ་གྱི་འབྱིན་བཞུད་ཆད་དོ། དེ་རྟིང་། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཐུགས་ལ། ད་ཁུའོ་དེའི་དགོངས་པ་རྫོགས་ཕྱིར་དུ། ཇོ་བོ་རྗེ་དང་། པཎྜིཏ་གདན་གང་འདྲོང་བྱ་དགོས་སྙམ་པ་ལ། ཕོ་ཉ་བ་མ་རྙེད་པའི(༡༥༦.བ)སྐབས་སུ། རྒྱ་བརྩོན་སེང་། རྒྱ་གར་དུ་སྡད། ནག་ཚོས་ལོ་ཙཱ་བ་མཁས་པར་སློབས་ནས། ཚུར་ཡོངས། རྒྱགས་ལེན་པ་ལ། ཡང་ཐོག་ལྷ་ཁང་ན་ཡོད་པས། ལྷ་བཙུན་གྱིས་བོས་ནས། འོ་སྐོལ་བོད་ལ། བསྟན་བའི་འཕེལ་འགྲིབ་མང་དུ་བྱུང་བས། ཤྲི་ཀ་མ་ལ་ཤི་ལ་ནས། ཇོ་བོ་རྗེ། ལྷ་གཅིག་སྤྱན་འདྲེན། ཁོང་ཡེ་མ་བྱོན་ན། དེ་འོག་ནས། ཆེ་བ་གཅིག་གདན་ཅིས་ཀྱང་འདྲེན་པས། འདུལ་བ་འཛིན་པ་ཁྱོད། ཚད་པ་ལ་ཡང་གོམས། ལམ་རྒྱུས་ཡང་ཆེ། ལོ་ཙཱ་ཡང་ཤེས་པས། སྤྱན་འདྲེན་པའི་ཕོ་ཉ་ལ་འབྱོན་པ་ཞུ། དགོས་གསུང་ནན་སྐྱེད་ནས། འཁོར་གཡོག་བརྒྱ་ཙམ་ཡང་བཤོམས་བྱས་པས། ནག་ཚོ་ན་རེ། དེ་ཙམ་གྱིས་མང་། ལྔ་ཙམ་གྱིས་ཆོག་གསུངས། དེར་ཇོ་བ་པཎྜི་ཏ་ལ་འབུལ་རྒྱུའི་གསེར་ལིང་པ་སྲང་བཅུ་དྲུག་ཡོད་པོ་དེ་དང་། ལོ་ཙཱ་བ་ལ་སྲང་བདུན། ལམ(༡༥༧.ན)རྒྱགས་ལ་སྲང་བདུན། སྔར་འགྲོ་མྱོང་བའི་འཕྲལ་སྐད་ཤེས་པ་གཅིག་ལ་སྲང་ལྔ། ཨན་སྟོན། རྐན་སྟོན། རྒྱ་སྟོན་གསུམ་ལ་སྲང་ཤས་རེ་རེ་བསྐུར་ནས། དཔོན་བློན་ལྔ་རྫངས། ཁོང་རྣམས་ཀྱིས། ཤྲི་ཀ་མ་ལ་ཤི་ལའི་འགྲོན་ཁང་དུ་སླེབས་དུས། རྒྱ་བརྩོན་སེང་དང་མཇལ། གསེར་ཉུང་ཤས་ཕུལ་ནས། རྒྱུ་མཚན་ཞུས་པས། གཞན་པཎྜིཏ་མང་སྟེ། བོད་ལ་ཕན་མི་ཐོག དཔུང་ཇོ་བོ་སྤྱན་གང་འདྲོངས་བྱེད་དོ་གསུངས་ནས། བསླབ་བྱ་བྱས། ཇོ་བོའི་དྲུང་དུ། གསེར་གྱི་མཎྜལ་ཕུལ། བོད་ཀྱི་སྣང་ཚུལ་རྒྱས་པར་ཞུས་པས། ཇོ་བོས། ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ནས། ལུང་བསྟན་ཐོབ་ནས་འགྲོའོ་གསུངས་པའི་ཞལ་བླངས་བྱུང་། སྒྲོལ་མ་དང་མཁའ་འགྲོའི་ལུང་བསྟན་ལ། བོད་ལ་ཕྱིན་ན། ལོ་ཉི་ཤུ་ཚེ་ནི་ཐུང་དུ་འགྲོ། སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་འགྱུར་རོ་གསུངས་པ་ལ། ཇོ་བོའི་ཞལ་ནས་བསྟན་པ་ལ(༡༥༧.བ)ཕན་ན། ཚེ་ཐུང་ནའང་ཐུང་། བོད་རྣམས་སྙིང་ཡང་རྗེ་བར་འདུག་པས། འགྲོ་བར་བྱའོ་གསུངས་ནས། དགུང་ལོ་རེ་གཉིས་བཞེས་པ། ཆུ་མོ་ལུག་ལོ་ལ་བྱོན། བལ་པོར་ཕེབས་དུས། རྒྱ་བརྩོན་སེང་ལ། མུ་སྟེགས་ཀྱི་ངན་སྔགས་བྱུང་ནས་འདས་པ་དང་། ཇོ་བོ་ན་རེ། བོད་སྤྱི་མཐུན་ལ། རྒྱ་བརྩོན་སེང་ལ། མུ་སྟེགས་ཀྱི་ངན་སྔགས་བྱུང་ནས་འདས་པ་དང་། ཇོ་བོ་ན་རེ། བོད་སྤྱི་མཐུན་ལ། རྒྱ་བརྩོན་སེང་མི་འཆི་བའི་བསོད་ནམས་ཀྱང་མི་འདུག།ད་ལོ་ཙྭ་བ་མཁས་པ་མེད་པས། ངས་བོད་ལ་ཕན་མི་ཐོགས། ཕྱིར་ལོག་འགྲོ་གསུངས་པ་ལ། ནག་ཚོས་ཞུ་ནན་བསྐྱེད་པས། གདན་འདྲོངས་ཏེ། མཐིལ་ལྡིང་ལྷ་ཁང་དུ། ལྷ་བཙུན་དང་། ཡོན་མཆོད་ཞལ་མཇལ། ལོ་ཆེན་རིན་བཟང་དང་། ནག་ཚཽ་ལ་སོགས་པས་ལོ་ཙྭ་བྱས་ནས། ཆོས་མང་པོ་བསྒྱུར། འབྲོམ་སྟོན་དང་མངའ་རིས་སུ་མཇལ། མངའ་རིས་དབུས་གཙང་གི་ས་ཆར་ལོ་བཅུ་གཅིག་དང་ཟླ་བ་ལ་ལྔ་བཞུགས། རྟེན་རབ་གནས་མེད་པ་ལ་རབ་གནས། ཡོན་བསྔོ་བ་(༡༥༨.ན)མེད་པ་ལ་བསྔོ་བ། གཤིན་དགེ་བ་མེད་པ་ལ། དགེ་རྩ་སྟོང་པ་ལ་སོགས། དཀར་ཕྱོགས་འཕེལ་བའི་སྲོལ་མང་དུ་གཏོད་ཅིང་། དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པས་ན། ཇོ་བོ་རྗེ་ཡོན་མཆོད། དཔོན་སློབ་དེ་རྣམས། བོད་ལ་སྐུ་དྲིན་ཤིན་ཏུ་ཆེའོ། དེའི་དངོས་ཀྱི་སློབ་མ། ཁུ་རྔོག་འབྲོམ་གསུམ་ལ་སོགས། བཀའ་གདམས་པའི་རྒྱུད་འཛིན། སྡེ་དགོན་དར་རྒྱས་ཆེ་བར་བྱུང་ངོ་། ཇོ་བོ་རྗེས་གསུང་། ལོ་ཆེན་རིན་བཟང་བ་རྣམས་ཀྱིས་བསྒྱུར། བ་ཡན་གྱི་སྔགས་མཚན་ཉིད་ཐབས་ཅད་ལ། སྔ་འགྱུར་ཞེས་གྲགས་སོ། ཇོ་བོ་ཉིད་ནི། དགུང་ལོ་བདུན་ཅུ་རྩ་གསུམ་པ་ཤིང་ཕོ་རྟ་ལོ་དབྱུག་པ་ཟླ་བའི་ཚེས་བརྒྱད་ལ། སྙེ་ཐང་ནས་དགའ་ལྡན་དུ་གཤེགས་སོ། གཅུང་སྲོང་ངེ་ལ་སྲས་ལྷ་ལྡེ་དྲངས། གནམ་ལ་འོད་ཆེན། ཨུ་པ་དང་གསུམ་བྱུང་སྟེ། ཡབ་སྲས་དེ་པས། ཁ་ཆར་གྱི་ལྷ་ཁང་བཞེངས། པཎྜི་ཏ་པུ་ཎྱ་ཤྲི་སྤྱན་དྲངས་སོ། །(༡༥༨.བ)ལྷ་ལྡེའི་སྲས། འོད་ལྡེས། རྒྱལ་སྲིད་སྐྱོང་། ལྷ་བཙུན་བྱང་ཆུབ་འོད་དང་། གཅུང་འོད་ཟེར་གོ་ཆ་གསུམ་མོ། ཡབ་སྲས་འདི་པས་པཎྜི་ཏ་ཤ་ཀ་ར་ཝར་མ། ངྷརྨ་ཕ་ལ། པད་མ་ཀ་ར། ངྷརྨ་ཀ་ར་རྣམས་སྤྱན་དྲངས་སོ། དེ་རྣམས་ཀྱིས་གསུངས་པ། ལོ་ཙྭ་བ་གྱི་ཇོ་ཟླ་བའི་འོད་ཟེར།་མགོས་ཁུག་པ་ལྷ་བཙས་ལ་སོགས་རྣམས་ཀྱིས་བསྒྱུར་བ་མན་ནས་གསང་སྔགས་གསར་འགྱུར་ཞེས་པའི་འགོ་ཚུགས་པའོ། གཅེན་འོད་སྡེས། ཛྙ་ན་ཤྲཱི་སྤྱན་དྲངས། འོད་ལྡེའི་སྲས། མངའ་བདག་རྩེ་ལྡེའི་རིང་ལ། རྒྱ་གར་ནས། མཁན་པོ་ཞི་བ་བཟང་པོ། མཁས་པ་ཛྙ་ན་ཤྲཱི། འཆི་མེད་ས་ར་ཧེ་ཏ། པཎྜི་ཏ་ག་ཡ་ངྷ་ར། བཙུན་མོ་ཅན། པཎྜི་ཏ་པུ་ནྱ་ཤྲཱི། སུ་རྱ་སིཏི། པཎྜིཏ་སུ་མ་ཏི་གྷིར་ཏི་(ཀི་རྟི)། པཎྜི་ཏ་གཞོན་ནུ་བུམ་པ། གསེར་གྱི་གོ་ཆ། བལ་པོ་བྷ་ལེནྟྲ། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི(༡༥༩.ན)རྣམས་སྤྱན་དྲངས། དེ་རྣམས་ཀྱི་ལོ་ཙྭ་བ། རྔོག་བློ་ལྡན་ཤེས་རབ། ཟུ་དགའ་རྡོ་རྗེར། གཞོན་ནུ་མཆོག།ཆོས་སེང་། ཁྱུང་པ་གྲགས་སེང་། གུ་རུ་རིན་ཆེན་གྲགས། འབྲོག་མི་ཤཱཀྱ་ཡེ་ཤེས། ཏིང་འཛིན་བཟང་བོ། ཟངས་དཀར་འཕགས་པ་ཤེས་རབ། གཉན་ཆུང་དར་མ་གྲགས། ཅོག་རོ་ཆོས་མཆོག། མར་པ་དོ་པ། ལྷོ་བྲག་མར་པ་ལོ་ཙྭ། སྤ་ཚབ་ཉི་མ་གྲགས། སྨ་བན་ཆོས་འབར། ར་ལོ། བཅལ་ལོ། ས་ལོ་ཀུན་དགའ་རྒྱལ་མཚན། ཁྲོ་ལོ་བྱམས་པ་དཔལ་སོགས། རྒྱ་བོད་ཀྱི་ལོ་ཙྭ་བ་མཁས་པ་མང་པོས་རྒྱ་བལ་གྱི་པཎྜི་ཏ་དེ་རྣམས་ཀྱིས། གསུངས་པའི་སྔགས་མཚན་ཉིད་དཔག་ཏུ་མེད་པར་བསྒྱུར། བསྟན་པ་ཆེ་ཆེར་གསལ་བར་མཛད་པས། བཀའ་དྲིན་ཤིན་ཏུ་ཆེའོ། ཁྱད་པར་གྱི་ཀྱང་། མངའ་བདག་རྩེ་ལྡེའི་སྐུ་ཚེའི་སྨད་ལ། ཁྲོ་ཕུ་ལོ་ཙྭ་བྱམས་པའི་དཔལ། རྒྱ་གར་ནས། པཎྜི་ཏ་སྤྱན་འདྲེན་དུ་བཏང་བས། ཁ(༡༥༩.བ)ཆེ་པཎྜི་ཏ་ཆེན་པོ། ཤཱཀྱ་ཤྲཱི་ཞེས་པ་དེ་ཉིད། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་ཉིསབརྒྱ་ལྔ་བཅུ་རྩ་བརྒྱད་སོང་བའི་ཆུ་ཕོ་སྟག་ལོ་ལ་སྐུ་གཅེན། སྐྱིད་སྡེ་ཉི་མ་མགོན་གྱི་རྒྱུད་པ་ཡིན་ནོ། །གཅུང་པོ། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་རྣམས་ལ། སྨད་ཀྱི་སྡེ་གསུམ་ཟེར་ཏེ། ཡབ་སྲས་འདི་པ། མངའ་རིས་གུང་ཐང་མན་ལ་ཆགས་ཏེ། དཔལ་ལྡེའི་རྒྱུད། སྔོན་པོའི་ཚོན་པོར་ཐུག་པ་སྟེ། ཁབ་གུང་ཐང་པ། ཀླུ་རྒྱལ། ཅི་པ། ལྷ་རྩེ་བ། ལ་སྟོད་ཡན་ཆོད་པ་རྣམས་སོ། གཅུང་སྐྱིད་ལྡེ། འཇད། རྟ་ནག་ཏུ་ཕོག སྲས་དྲུག་བྱུང་པའི་ལྔ་བྱང་དུ་གཤེགས་ཏེ། འབྲོའི་རྩད་པོ་དང་། གཡས་རུ་རུ་ལྷག་གི་རྩད་པོ་དང་། མུས་པ། འཇད། རྟ་ནག་ན་ཡོད་པ་རྣམས་སོ། གཅིག་གི་རྒྱུད། རྩད་པོ་རྒྱལ་བ་འོད་ལ་ཐུག་པའོ། གཙང་གྲོམ་པ། སྲད། ཉང་སྟོད་རྣམས་ན་ཡོད་དོ། །(༡༦༡.བ)འོད་ལྡེའི་རྒྱུད། གཙང་གཡས་རུ་ན་ཡོད་དོ། སྐྱིན་མཁར་རྩད་པོ་ལ་ཐུག་ཅིང་། ཤར་ཙོང་ཁའི་རྒྱལ་པོ། སྤྱན་མངའ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཀྱང་ཡིན་ནོ། མངའ་བདག་ཁྲི་ཆུང་གི་རིང་ལ། ཡར་ལུང་དུ་བྱོན་ཏེ། དེའི་རྒྱུད་དབུས་ཀྱི་རྩད་པོ། འོད་བསྲུང་རྣམས་ཡིན་པ། དེའི་སྲས། འོད་སྐྱིད་འབར། དེའི་སྲས་བདུན་གྱི་ཆེ་བ། ཞང་རྗེ་ཚ་ཁྲི་ལྡེ་འབར། གཙང་པ་ཚ་དྲུག ཁྲི་ལྡེ་འབར་ལ། སྲས་དྲུག་གིས། གཡུ་ཐོག་གི་རྒྱུད། སྣ་མོ་བ། འ་ཕྱིང་ང་བ། དོན་མཁར་བ། ཐང་འཁོར་བ་རྣམས་ཡིན་ནོ། །བྱི་ཆུང་ལྷ་བསྒོམ། གདུང་ཆད། གུང་ལྡེ་འོད་འབར། སྤེ་སྐྱར་གདུང་ཆད། ཟླ་བའི་རྒྱུད། རྟ་བཤགས་པ་དང་། གྲ་སྣ་བ་ཡིན་ནོ། ཁྲི་ཐོག་ཐག་མ་རུ་སྤེར་གདུང་ཆད། ཆུང་བ། བཞེངས་སྤྱན་འབར་གྱི་རྒྱུད། མོན་མཁར་བ། ཞང་མདའ་བ། དཔུན་བདུན་ཐང་པ་རྣམས་སོ། (༡༦༢.ན)ལྷ་སྟོན་དཀར་མོའི་རྒྱུད། རྗེ་ཆུང་པ་རྣམས་ཡིན་ནོ། གཙང་པ་ཚེ་དྲུག་ལ། འོད་བཙན། ལྷ་བཙན། གུང་བཙན་གསུམ་གྱི་རྒྱུད། བྱིང་པའི་བཙང་པོ་རྣམས་ཡིན་ནོ། ལྷུན་པོ་རྒྱུད། བྱར་ན་ཡོད་དོ། དར་རའི་རྒྱུད། ཁྲ་འབྲུག་པ་དང་། ཆུ་མིག་གོག་པོ་རྣམས་ཏེ། དེ་རྣམས་འོད་བསྲུངས་ཀྱི་རྒྱུད་ཡིན་ནོ། བོད་ཀྱི་རྒྱལ་རབས་བྱུང་ཚུལ་འདི་རྣམས་ཡར་ལུང་ཇོ་བོ་དང་། སྦྱང་ཕྱི་སྟོན་པ། འཚལ་པ་ཀུན་དགའ་རྡོ་རྗེ་ལ་སོགས་ཀྱིས་བསྒྲིགས་པའི་ཡིག་ཚང་རྣམས་ནས་ལེགས་བཏུས་ཏེ་སྡེབས་པ་ཡིན་ཅིང་། ཡང་རྩེའི་རྒྱལ་རབས་ནི། གསེར་ཐོག་པ། རིན་རྡོར་ལ་ཞིབ་པར་དྲིས་ནས། བྲིས་པ་ཡིན་ཟེར་བར་འདུག་གོ དགེ་ལེགས་འཕེལ་བར་གྱུར་ཅིག མདོ་རྒྱུད་མཁས་མང་ཕལ་ཆེའི་བཞེད་མཐུན་པར། རྒྱལ་བའི་བསྟན་པ་ལྔ་སྟོང་གནས་པ་ལ། ཐུབ་དབང་ས་ཕོ་འབྲུག་ལ་འཁྲུངས་ནས། (༡༦༢.བ)ལོ་གྲངས་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་དྲུག འདས་པའི་ཆུ་ཕོ་ཁྱི་ལ་བོད་རྒྱལ་གྱིས། སྔ་བ་གཉའ་ཁྲི་བཙན་པོ་རྒྱལ་སར་བྱོན། དེ་ནས་དགུ་བརྒྱ་དྲུག་ཅུ་རྩ་གཅིག་པ། །ཆུ་ཕོ་ཁྱི་ཡི་་མཐོ་རི་གཉེན་བཙན་བྱོན་པ་ནས། །བརྒྱ་དང་གོ་བདུནསོང་བའི་མེ་གླང་ལོ། །སྲོང་བཙན་སྒམ་པོ་འཁྲུངས་ནས་ཆིག་བརྒྱ་དང་། །དོན་བཞི་ལྕགས་རྟ་ལོ་ལ་བྲག་དམར་དུ། །ཁྲི་སྲོང་ལྡེ་བཙན་འཁྲུངས་རྟིང་དོན་དྲུག་པའི། །མེ་ཕོ་ཁྱི་ལ་མངའ་བདག་ཁྲི་རལ་འཁྲུངས། །སོོ་དྲུག་ལྕགས་བྱའི་པར་ལ་རྒལ་སྲིད་བཟུང་། །དེ་ཡན་དམ་པ་ཆོས་ཀྱི་དབུས་རྙེད་ཚུལ། །བོད་ལ་རྒྱལ་རབ་བཞི་བཅུ་ཞེ་གཉིས་བྱོན། །དེ་རྟེང་ཆུ་མོ་ཕགས་ནས་ལྕགས་རྟའི་བར། །དྲུག་བཅུ་རྩ་བརྒྱད་དར་མཌྷི་བསྟན་པ་སྣུབས། །བོད་ཁམས་དབུས་གཙང་དམ་ཆོས་སྒྲ་མི་གྲགས། །དེ་ནས་བསྟན་པ་ཕྱི་དར་མེ་སྟག་ལོ། །པཎ་ཆེན་ཤཱིཀྱ་ཤྲཱི་བྱོན་པ་ཡན་ལ་བཞི་བརྒྱ་དང་། །དགུ་བཅུ(༡༦༣.ན)གོ་བདུན་མེ་སྟག་དེ་ལོ་ནས། །དེང་སང་ཤིང་སྟགབརྒྱད་དཀར་དབུས་གནས་ཡིན། །ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་སྔར་འདས་ཀུན། །དྲིལ་བས་སུམ་སྟོང་ལྔ་བརྒྱ་གྱ་ལྔ་སོང་(མེ་བྱ་ཡན་ལ་ཞེ་གཉིས་སོང་)། མ་འོང་བསྟན་པའི་ལྷག་མ་ཆིག་སྟོང་དང་། །བཞི་བརྒྱ་བཅོ་ལྔ་ཡོད་པ་རྩིས་པ་ལ། །ི་དོན་གོ་བའི་སྐྱེ་བོ་ཤེས་ལྡབ་ཀུན། །བསྟན་པ་རིན་ཆེན་སྒྲོན་མེགནས་དུས་འདིར། །རྣམ་གྲོལ་ཐར་པའི་ལམ་ལ་འཇུག་པར་རིགས། །ཆོས་རྒྱལ་རྒྱལ་རབས་འདི་བྲིས་དགེ་བ་ཡིས། །ཐུབ་བསྟན་བསྟན་པའི་སྒོ་ཞུགས་འཕགས་ཚོགས་ཀྱིས། །བསྟན་འཛིན་འཛིན་མའི་ངོས་ཀུན་གྱུར་ཅིག །འགྲོ་ཀུན་ཀུན་མཁྱེན་རྒྱལ་པོ་མྱུར་ཐོབ་ཤོག། །།མངྒ་ལམ། བྷ་ཝནྟུ།།
བོད་ཀྱི་བློན་པོ་མཛངས་པ་མི་བདུན་གྱི་ལོ་རྒྱུས།
སྭ་སྟི། བོད་དུ་ཆོས་རྒྱལ་མེས་དབེན་རིམ་པ་ཡིས། །མངའ་ཐང་ཆབ་སྲིད་སྤྱི་མཐུན(༡༦༣.བ)བསོད་ནམས་ལས། སྤྲུལ་པའི་བློན་ཆེན་བཟང་ལ་མང་པོ་བྱོན། ཁྱད་པར་བོད་འབངས་བྱིན་ལ་དྲིན་ཆེ་བའི་འཛངས་པ་མི་བདུན་བྱ་བ་འདི་ལྟར་རོ། །ཐོག་མར་གྲི་གུམ་བཙན་པོའོ་སྲས་གསུམ་གྱིས། །བར་བ་སྤུ་ནེ(ལྡེ)སྐུ་རིང་ལ། །གཅིག་ཏུ་འཛངས་པ་ཆེན་པོ་འཛེང་གི་བུ། །རྒྱུ་ལ་(རུ་ལས)སྐྱེས་ཀྱི་ངར་གསིས་བྱ་བ་ཡིན། །དེ་ཡིས་ཐབས་དང་ལས་ཁ་ཅི་བྱས་ན། །བ་གླང་འབྲི་སྣག་ར་ལུག་ཁྲིམས་སུ་རྩལ། །རྩྭ་ལ་ཆུན་པོ་བྱས་ནས་དབྱར་རྩི་དགུན་དུ་རྩལ། །སྤུང་ཐང་ཞིང་དུ་ཀློག་ནས་རིའི་དོ་སྣམས་བཟུང་། །དེ་ཡིས་གོང་ན་རྩི་ཐོག་ལོ་ཐོག་མེད། །ཁྲི་སྙན་བཟུང་བཙན་རྒྱལ་པོའི་སྐུ་རིང་ལ། །གཉིས་སུ་འཛངས་བ་བློན་ཆེན་ཁུའི་བུ། །ལྷ་བུ་མགོ་དཀར་ཞེས་པ་དེ་ཉིད་བྱུང་། །དེ་ཡི་ཐབས་དང་ལས་ཁ་ཅི་བྱས་ན། །འབྲོག་གི་དོན་དང་ཞིང་གིས་ཐུལ་དུ་སྡེབས། །མཚོ་ལ་ལྟར་ཁ་བྱས(༡༦༤.ན)ནས་ཡུར་བ་སྐྱུས་བཅུག །ཕུ་ཆུ་རྫིང་དུ་སྐྱིལ་ནས་མཚན་ཆུ་ཉིན་མོ་གྲངས།དེ་ཡི་གོང་ན་ཞིང་རྣམས་ཆར་མར་འདེབས། །སྟག་རི་སྙན་གཟིགས་་རྒྱལ་བོ་པོའི་སྐུ་རིང་ལ། །གསུམ་དུ་འཛངས་ཤིང་མཁས་པ་མོངགི་བུ། ཁྲི་དོ་རིའི་སྣང་ཚབ་བྱ་བ་བྱུང་། །དེ་ཡི་ཐབས་དང་ལས་ཁ་ཅི་བྱས་ན། །རྡོ་ལ་སོལ་པའི་གཞུ་ནས་གསེར་དངུལ་ཟངས་ལྕགས་སྟོན། །ཤིང་ལ་བུགས་པ་ཕུག་ནས་བཤོལ་དང་གཉའ་ཤིང་བཅོས། མཛོ་གླང་དོར་དུ་ལྡེབས་ནས་ཐང་མ་ཐམས་ཅད་བཏབ། །དེའི་ གོང་ན་བོད་ན་སྒལ་དང་རིན་མེད། །ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་རིང་ལ། །བཞུ་རུ་འཛངས་བ་ཐོན་མི་སམ་བྷོ་ཏྲ། །འཇམ་དབྱངས་སཕྲུལ་པ་སྐྱེས་དགུའི་་སྒོན་མེ་དེས། །འགྲོ་པའི་དོན་དུ་དཀའ་ལས་དཔགས་མེད་ཀྱི། །ཀ་ཁ་སུམ་ཅུ་བོད་ཡིག་གུག་སྐྱེས་བཅས། །འདོག་དང་འབྲེལ་སྦྱར་ཚེགས་དང་ཤད་ཀྱིས་བཅད། །ཚིག་གིས་དབྱེ་(༡༦༤.བ)ནས་སྐབས་དོན་སྨྲ་བ་ཙམ། །དེའི་གོང་ན་བོད་ན་ཀློག་དང་ཡི་གེ་མེད། །ཁྲི་ལྡེ་གཙུགས་བརྟེན་རྒྱལ་བོ་སྐུ་རིང་ལ། །ལྔ་རུ་འཛངས་ཁྲི་བཟང་ཡབ་དོངན་བྱུང་། །དེ་ཡི་ཐབས་དང་ལས་ཁ་ཅི་བྱས། །བྲ་དང་སྲང་གི་འདུ་འཁོར་རྩིས་སུ་བཟུང་། །ཡུལ་དང་ཁྱོར་གྱི་ཟ་མ་ཟུང་དུ་འཛུན། །དགའ་གཉིས་ ཚོང་བྱེད་མཐུན་གཉིས་ལས་ལ་སྤྱོད། །དེའི་གོང་ན་བོད་ན་བྲེ་སྲང་ཉོ་ཚོང་མེད། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་།་ །དྲག་ཏུ་འཛངས་པ་ཁྲི་བཟང་ཡབ་ལྷག་བྱོན། །དེ་ཡིས་ཐབས་དང་ལས་ཁ་ཅི་བྱས་ན། །རི་ཁྱིམ་ཐམས་ཅད་རླུང་གི་བདེ་ལ་ཕབ། །ཞིང་མཐའི་སྒང་ལ་སོ་ནམས་ཁང་ཁྱིམ་བཅས། །ཐང་མ་ཞིང་དུ་སློགས་ནས་ཆུ་རྣམས་ཞིང་ལ་བཅུག །དེའི་གོང་ན་རི་རྡོ་ལ་ཁང་ཁྱིམ་འཛིན། །ཁྲི་ལྡེ་སྲོང་བཙན་འཕྲུལ་རྒྱལ་སྐུ་རིང་ལ། །བདུན་དུ་འཛངས་པ་ཆེན་པོ་གཉེར་གྱི་བུ། །སྟགཚབ་ཆེན་པོ་གཟིགས(༡༦༥.ན)བྱ་བ་དེ་ཉིད་བྱོན། །དེ་ཡི་ཐབས་དང་ལས་ཁ་ཅི་བྱས་ན།ཕྱོགས་བཞིའི་བསྲུངས་མས་སྐུའའི་རིམ་འགྲོ་བྱེད། །རྒོད་ཀྱིས་སྟོང་སྡེས་བསོ་ཁའི་དགྲལ་རྒོད། །ནང་གི་ནང་གི་འཁོད་མཉམས་ཁྲིམས་ཀྱིས་གསོས་སྟོང་སྤྱད། དེའི་གོང་བོད་ན་གསོས་སྟོང་མེད། །འཛངས་པ་མི་བདུན་བྱུང་ཚུལ་དེ་ལྟར་ལ། །དགེ་ལེགས་འཕེལ་བར་གྱུར་ཅིག།། །།
བོད་ཀྱི་གྲི་བྱུང་ཚུལ་གྱི་ལོ་རྒྱུས།
སྭོ་སྟི། བོད་ཀྱི་རྒྱལ་པོ་རིམ་པའི་མངའ་ཐང་ལས། །སྔོན་མེད་གྲི་དང་ཇ་ཤིང་དཀར་ཡོལ་སོགས། །ཡ་མཚན་ངོ་མཚར་ཅན་རྣམས་གསར་འཕེལ་དུ། །རིམ་པར་བྱུང་ཚུལ་བསྟན་པ་འདི་ལྟར་རོ། །ཐོག་མར་གྲི་གུམ་བཙན་པོའི་སྐུ་ཚེའི་སྨད། །བོད་དུ་རལ་གྲི་དར་བ་འདི་ལྟར་སྣང། །ཤེས་རབ་མཚོན་གྱིས་ལོག་ལྟའིི་དགྲ་བོ་འདུལ། །དྲན་པའི་ཞགས་པས་རྒོད་པའི་ཆོམ་རྐུན་འཆི། །སྤུལ་པ་ཆོས་དབྱངས་དག་པའི་སྒོ་འབྱེད་པ། །ཁྲོ་རྒྱལ་མི་གཡོ་མགོན་ལ་(༡༦༥.བ)ཕྱག་འཚལ་བསྟོད། །སྔོན་ཆད། བོད་ཡུལ་ན། རལ་གྲི་སྤྱད་དང་། རྣམ་དབྱེ་ཡི་གེར་བྲིས་པ་མི་སྣང་། །བདག་གི་མཁས་པའི་སྙན་ཚིག་རྣམས་ལ། །ལེགས་པར་རྟོགས་སྤྱོད་བྱས་ནས། །རལ་གྲིའི་རྒྱས་བཤད་བཀོད་པ་འདི་ལྟར་རོ། །དེ་ལའང་རལ་གྲིའི་རིགས་ཀྱི་དབྱེ་བ་ནི། ཞིང་མ། སོགས་པོ། ཧཕེད་གསུམ། དགུ་ཟི། འཇ་རལ་དག་དང་ལྔ། དེ་དག་རྣམས་ཀྱི་ནང་ཚན་ནི། ཞང་མ་དང་། ཞང་རྗེ་གཉིས་སུ་འབྱེད། སོགས་པོ་དང་། སོགས་རྫི་གཉིས་སུ་འབྱེད། འཇ་རལ་དང་། རྒྱ་འཇ་གཉིས་སུ་འབྱེད། ཧུ་ཕེད་དང་ཧུ་རོགས་གཉིས་སུ་འབྱེད། དགུ་ཟི་དང་། དགུ་དག་གཉིས་སུ་འབྱེད། ཞང་མ་འདི་རྒྱའི་རལ་གྲིར་འདུག ཐའི་ཛུང་རྒྱལ་པོའི་རིང་ནས་དར། །རྒྱལ་པོའི་ཞང་ཡུལ་བྱ་བ་དེར། །ཞང་བཟའ་ཁྲོ་མོ་བྱ་བས་བརྡུངས། །གྲི་དེས་ཅི་སྲིད་ཆེ་དགུ་ཆོད། །མཚོན་ལ་བུད་མེད་མཁས་པ་དེ(༡༦༦. ན)ནས་གྲགས། །ཞང་པོ་དེའི་ཡུལ་དུ་བརྡུངས་པས་ཞང་ཞེས་ཟེར། །མགར་བ་བུད་མེད་ཡིན་པའི་མ་ཞེས་ཟེར། །དེ་དང་དེ་རྒྱུད་ཞང་དམར་འབོད། །མོ་ལ་རྗེ་གཅིག་ཡོད་པ་དེས་ཀྱང་བརྡུངས། །དེ་དང་དེ་རྒྱུད་ཞང་རྗེར་འབོད། །སོག་པོ་འདི་མཐའ་མིའི་གྲི་རུ་འདུག །སོགས་པོ་ཐུབ་རྒྱལ་གྱི་རིང་ནས་དར། །སོག་ཡུལ་བྱ་བའི་མཐའ་མེད་དེར། །མགར་བ་རྒས་པོ་གཅིག་གིས་བརྡུངས། །གྲི་དེས་གནམ་ལྕགས་ཀྱི་སྦལ་པ་ཆོད། །དེ་ཕྱིར་ལྕགས་ལ་སོགས་པོ་རྣོ། །མི་རིགས་ལ་གྲངས་པས་སོགས་པོ་སྟེ། །མགར་བ་རྒནཔོས་བརྡུངས་པས་སོག་རྒན་ཟེར།དེ་དང་དེ་རྒྱུད་ལ་སོག་རྒན་ལོ། །དེ་བོར་གྱི་དོགས་ནས་རྫི་བོས་བཞག །དེ་ཀྱང་ཞོར་ལ་ཤེས་བ་དང་། །དེ་དང་དེ་རྒྱུད་སོག་རྫིར་གྲགས། །ཧུ་ཕེལ་འདི་ཧོར་གྱི་རལ་གྲིར་འདུག །ཇིང་གིར་རྒྱལ་པོའི་རིང་ནས་དར། །ཧོར་ཡུལ་ཧུ་ཕེད་བྱ་བར་བརྡུངས། །(༡༦༦.བ)གྲི་་དེ་འབྲོང་ར་དླུག་རེ་ཆོད། །དེ་ཕྱིར་ཧུ་ཕེད་ར་ལ་རྣོ། །ཡུལ་དང་མིང་ལ་གྲས་པ་ཡིན། །དེ་དང་དེ་རྒྱུད་ཧུ་ཕེད་ཟེར། །ཁོ་ལ་རོགས་གཅིག་ཡོད་པ་དེས་ཀྱང་ཤེས། །དེ་དང་དེ་རྒྱུད་ལ་ཧུ་རོགས་ཟེར། །དགུ་ཟི་འདུ་བྱ་བའི་ས་ངན་དུ། །མིག་ཟིམ་པུ་དཔུན་དགུས་བརྡུངས་པ་ཡིན། །ཆེ་ཤེས་ཀྱིས་གནམ་གྱི་དམུ་ཐག་ཆོད། །དེ་འོག་བརྒྱད་ལའང་རྣོ་རྟགས་ཡོད། །དེ་དགུའི་སློབ་མ་ཁ་དགུར་གྱེས། །བོད་ལ་རལ་གྲི་མང་བ་དེ་ལྟར་རེད། །མི་སྤུན་དགུས་བརྡུངས་པས་དགུ་ཟི་ཟེར། །མི་ཟིན་པོ་ཡོད་པས་ཟི་ཞེས་པས། ཁོང་དགུ་ལ་བདག་ཅིག་ཡོད་པ་དེས་ཀྱང་ཤེས། །དེ་དང་དེ་རྒྱུད་ལ་དགུ་བདག་ཟེར། །འཇ་ནི་ལྷོ་མོན་གྱི་གྲི་རུ་འདུག །ནམ་མཁའ་གྲི་མཛེས་ཀྱི་རིང་ནས་དར། །འཇ་ཡུལ་(༡༦༧. ན)ལྷོ་བྲག་གི་བགས་གསེབ་ཏུ། །མི་ཏོགས་ཐལ་མགོ་བྱ་བས་བརྡུངས། །གྲི་དེས་ལྗོན་ཤིང་དགུ་རེ་ཆོད། །འཇ་རལ་སྐྱ་ལ་རྣོ་བ་དེ་ནས་གྲགས། །འཇ་ཞེས་ཡུལ་ལ་གྲས་པ་ཡིན། །དེ་དང་དེ་རྒྱུད་ལ་འཇ་རལ་ཟེར། །རྒྱལ་པོས་ཀྱང་ས་ནས་བརྡུངས། །དེ་རིགས་རྣམས་ནི་རྒྱལ་འཇལ་ཡིན། །དེ་རྣམས་རག་རིམ་དབྱེ་བ་ན། །ཞང་མའི་རིགས་ལ་རྣམ་པ་གསུམ། །འབྲི་རྩེ། གོ་ཆོད། ཞང་ཕྲན་ཏེ། དེ་ལས་གྱེས་ན་གཅིག་འགྱུར་ཡོད། ཞང་རྗེའི་ས་ནི་དཀར་དམར་གཉིས། །ཞང་མཌྷི་སྡེ་ཚན་དེ་ལས་མེད། །སོག་པོའང་གྱེས་པ་རྣམ་གསུམ་སྟེ། །སོག་ཆེན། སོག་སྐྱ། སོགས་ཕྲན་གསུམ། དེ་རྣམས་གྱེས་པའང་གཉིས་ཡོད། སོག་རྫི་ལྕགས་རླག ཐག་ཁྲེས་ཅན། སོག་པོའི་སྡེ་ཚན་དེ་ལས་མེད། ཧུ་ཕེད་གྱེས་པ་ཟལ་དཀར་དང་། ཟལ་དམར་། ཟལ་ཁྲ་དག་དང་གསུམ། དེ་རྣམས་གྱེས་པའང་གཉིས་འགྱུར་ཡོད། (༡༦༧.བ)ཧུ་རོགས་ཁས་རྒན་ཁས་སྣ་གཉིས། ཧུ་ཕེད་སྡེ་ཚན་དེ་ལས་མེད། དགུ་ཟི་གྱེས་པ་རྣམ་དགུ་ནི། ནམ་མཁའ་སྤུ་ཆོད། དགྲ་ལྷའི་གར་ཆོད་དང་།གོང་ཁྲ་དགུ་ཆོད། ཆུ་ནང་ཉ་ཆོདདང་། གལལ་རྒེའི་ཇོ་ཆོད་དང་། ངན་ཐོའི་སྐེས་ཆོད། ཨོ་ཚའི་བསམ་ཆོད་དང་། གོང་གོའི་ཕག་ཆོད་བྱ་བ་དང་དགུ། དེ་རྣམས་གྱེས་པའང་གཉིས་འགྱུར་ཡོད། དགུ་བདག་གྱེས་པ་རྣམགསུམ་ནི། ཤང་དཀར་ཤང་ནག་ཟའུག་ཅནདང་གསུམ། དགུ་ཟིའི་སྡེ་ཚན་དེ་ལས་མེད། རིགས་ནི་སོ་གཉིས་ཤང་ལང་གཉིས་ཁར་ཡོང་།འཇ་རལ་དག་ལས་གྱེས་པ་ནི། ཤར་འཇའ། ལྷོར་འཇའ་གཉིས་སུ་འདོད། ཤར་འཇའ་གྱེས་པ་རྣམས་ནི། བཤའ་ཁོག འབྲི་ཁོག་གསུམ། དེ་རྦམས་ལས་གྱེས་་གསུམ་འགྱུར་ཡོད། ལྷོ་འཇའ་འཇའ་རྙིང་གའུ་མ། དགུ་ལཟི་དང་། བར་པར་དང་། གསར་བརྡུངས་(༡༦༨.ན)དག་དང་རྣམ་ལྔ་ཡོད། རྒྱ་འཇའ་ཤང་དམར་ཤང་ནག་དང་། མི་སགས་ཅན་དང་གསུམ་དུ་གྱེས། །འཇའ་རིགས་འདི་ལ་ད་བ་ཅན། །མ་རྟོགས་ཐམས་ཅད་ཤང་མ་ཡིན། །འཇའ་རལ་སྡེ་ཚན་དེ་ལས་མེད། །མཚན་ཉིད་བརྟགས་ནི་གོ་ཆོག་གོ །ཧུ་ཕེད་བརྟག་ནི་ཧུ་རྫི་སྟེ།དགུ་རྡིའི་རྟགས་ནི་དགུ་ཚིག་འདྲ། །འཇའ་རལ་བརྟགས་ནི་ལྕགས་ཞག་གོ །རྟགས་ནི་ཡོད་པ་དེ་ཀུན་ཡིན། །རྟགས་མེད་ཡན་པའང་འགའ་རེ་ཡོད། །འོ་ན་གང་ཡིན་ཤེས་པར་གྱིས། །གཟུགས་དང་བཤད་པ་བསྟུན་དགོས་ཏེ། ཞང་མ་ཕལ་ཆེར་ཕར་ཕར་འཕྲ། ལུག་ཚོན་ཞག་གིས་བྱུག་པ་འདྲ། །སོག་པོ་ཕལ་ཆེར་རྩར་རྩེ་མཉམས། །ཐང་ཤིང་ལོ་འདབས་མ་བཞར་བ་འདྲ། །ཧུ་ཕེད་ཕལ་ཆེར་མཐོང་པའི་རྫི། །སྦྲུལ་ནག་ཁྱུང་གིས་དེད་པ་འདྲ། །དགུ་ཟི་ཕལ་ཆེར་སྐྱ་ལ་འཇིགས། །ལྕང(༡༦༨.བ)སྐྱའི་བྱུག་པ་བརློན་པ་འདྲ། །འཇའ་རལ་ཕལ་ཆེར་རྔམས་ལ་ངར། །སྟགས་མོ་ཐང་ལ་རྒྱུག་པ་འདྲ། ཞང་བ་མི་འགྱུར་ངེས་པའི་རྟགས། །རྩེ་ནས་སོར་གསུམ་བཅའ་བ་ཡི། །ངར་ཡོད་མེད་འཚམས་ན་རི་མོ་ནི། །སེན་མོས་བསྐོར་བའི་རྗེས་འདྲ་ཡོད། །མཁས་པས་མིག་གིས་ལྟས་པས་ཤེས། བླུན་ཀྱང་ལག་པས་ཉུལ་བས་གོ །སོག་པོ་མི་འགྱུར་ངེས་པའི་རྟགས། །རྩེ་ནས་སོར་གསུམ་བཅའ་བ་ན། །ཕོ་མོ་ལྕགས་ཀྱི་གོ་ཆོག་ཡོད། །ཧུ་ཕེད་མི་འགྱུར་ངེས་པའི་རྟགས། །རྩེ་ནས་ཕྱེད་འཇལ་སོར་ལྔའི་ཕྱེད། །མཐུན་འཚམས་སྟག་མོའིརིས་འདྲ་ཡོད། །དགུ་ཟི་མི་འགྱུར་ངེས་པའི་རྟགས། །གཞུང་ལ་ལྕགས་ཀྱི་ངར་མདོག་ནི། །དགུ་ཚིགས་སྐྱ་མོ་འདྲ་བ་ཡོད། འཇའ་རལ་མི་འགྱུར་ངེས་པའི་རྟགས། །སྲབ་ལ་ཞང་ཆེ་རྩེ་མོ་སྦོམ། །ཞང་མ་གོ་ཆོད་མཚན་ཉིད་ནི། །ལྕགས་མདོག་དཀར་ལ་འཇམ་པ(༡༦༩. ན)ཡིན། ཞང་མ་ཞང་ཕྲན་མཚན་ཉིད་ནི། །མཐུབ་ལ་ལྕགས་མདོག་ནག་ན་ཡིན། །ཞང་དཀར་དཀར་ལ་མཐུག་ན་ཡིན། །ཞང་དམར་དམར་ལ་མཐུག་ན་ཡིན། །གྱེས་པའི་མཚན་ཉིད་འདིར་མ་སྣོས། །སོག་པོ་རྩ་བའི་མཚན་ཉིད་ནི། །ཕྱིར་རྟགས་སོག་པོ་གཅིག་པ་ལ། །ནང་རྟགས་མི་འགྱུར་ངེས་པ་ནི། །རྩེ་མོ་སྦལ་རྒན་ཡ་ཐོད་འདྲ། །སོག་པོ་ཆེ་བའི་མཚན་ཉིད་ནི། །གོ་ཆོག་རྩེ་མོ་ལི་ན་ཡིན། །སོག་པོ་སོག་སྐྱའི་མཚན་ཉིད་ནི། །གངས་ལ་ཤ་སྤུ་གཏོར་བ་འདྲ། །སོག་པོ་སོག་ཕྲན་མཚན་ཉིད་ནི། །ཁོལ་བུ་ཁོལ་ཉག་བྱུང་ན་ཡིན། །གྱེས་པའི་ཧུ་ཕེད་རྩ་བའི་མཚན་ཉིད་ནི། །ཧུ་ཕེད་ཕྱི་རྟགས་གཅིགཔ་ལ། །ནང་རྟགས་ཧུ་རྫི་ཁམ་སྣེ་ཅན། །ཧུ་ཕེ་ཟེལ་དཀར་མཚན་ཉིད་ནི། །ཧུ་རྫི་ཕྱི་རུ་ལི་ན་ཡིན། །ཟལ་དཀར་ཟེར་བའི་རྒྱུ་མཚན་ནི། །ཧུ་རྫི་ནང་དུ་ལི་ན(༡༦༩.བ)ཡིན། །ཟལ་ཁྲ་ཟེར་བའི་རྒྱུ་མཚན་ནི། །ཕྱི་ནང་གཉིས་ཀ་ལི་ན་ཡིན། །ཧུ་གྲོགས་ཟེར་བའི་རྒྱུ་མཚན་ནི། །ཧུ་རྫི་ཉིས་བརྩེགས་ཡོད་ན་ཡིན། །ཧུ་རོགས་ཁ་རྒན་མཚན་ཉིད་ནི། །བཏབ་བརྡུང་གཅིག་ལ་ཡོང་པ་ཡིན། །ཧུ་རོགས་ཁས་སྣའི་མཚན་ཉིད་ནི། །སྐྲ་དང་དགོ་གཉིས་འཇོམས་ན་ཡིན། །གྱེས་པའི་དགུ་ཟི་རྩ་བའི་མཚན་ཉིད་དབྱེ། །ནམ་མཁའ་སྤུ་གཅོད་ནང་རྟགས་ནི། །ཐུར་སྐྲ་དྭོགས་གསུམ་འཇོམ་ན་ཡིན། །དགྲ་ལྷ་གར་ཆོད་མཚན་ཉིད་ནི། །ཐུ་རིས་རྐྱང་པ་ཡོད་ན་ཡིན། །གོང་ཁྲ་དགུ་ཆོད་མཚན་ཉིད་ནི། །སྐྲ་རིས་རྐྱང་པ་ཡོད་ན་ཡིན། །ཆུ་ནང་ཉ་ཆོད་མཚན་ཉིད་ནི། །དྭོགས་རིས་རྐྱང་པ་ཡོད་ན་ཡིན། །གལ་རྒེའི་ཇོ་ཆོད་མཚན་ཉིད་ནི། །ཕོ་ལྕགས་གཙང་ཡིག་གཅིག་ལ་ཟེར། །བྱེ་ནེའི་གདོང་ཆོད་མཚན་ཉིད་ནི། །མོ་ལྕགས་གཙང་ཡུག་གཅིག་ལ་ཟེར། །ངན་ཐོའི་སྐད་ཆོད་མཚན་ཉིད་ནི། །སྟབ་བརྡུངས་ངར་(༡༧༠. ན)ཁྲེལ་ཅན་ལ་ཟེར། །གོང་གོའི་ཕག་ཆོད་མཚན་ཉིད་ནི། །ལཆགས་ནག་འདྲེམ་གཅིག་ལ་ཟེེར། །དགུ་བདག་རྩེ་སྦོབ་ལྟག་བརྡུངས་ཡིན། །ཤང་དཀར་ཕོ་ལྕགས་གཅིག་ལ་ཟེར། །ཤིང་ནག་མོ་ལྕགས་གཅིག་ལ་ཟེར། །ལྕགས་ཞགས་ཅན་ལ་ཟ་འུག་ཟེར། གྱེས་པའི་འཇའ་རལ་ངོ་བོ་་མཚན་ཉིད་ནི། །ཕྱི་རྟགས་འཇའ་རལ་ཡིན་པ་ལ། །ནང་རྟགས་མི་འགྱུར་ངེས་པ་ནི། །སྲབ་ལ་ཞང་ཆེ་རྩེ་སྦོམ་ཡིན། །ཤར་འཇའ་ཟེར་པའི་རྒྱུ་མཚན་ནི། །ཤང་ལང་སྐྲ་ཐུར་གཞུང་བ་ཅན། །ལྷོ་འཇའ་ལྗིད་ལ་སོ་རྩིབ་ཅན། །རྒྱལ་འཇའ་ཤིན་ཏུ་ཐུགས་ལ་རིང་། །ཤང་དམར་མོ་ལྕགས་དབྱིགས་ཅན་ཡིན། །ཤང་ནག་མི་ལྤགས་གཡང་བཞི་ཅན། །རྩ་བའི་འཇའ་རྩེ་གཡག་རུ་ཁ། །གྱེས་པའི་རྣམ་གྲངས་འདིར་མ་སྨོས། །སྐྱེས་དང་ལྕགས་རིགས་རྟགས་དང་གསུམ། །བསྟུན་ལ་དེའི་སྤྱི་མཚན་(༡༧༠.བ)དབྱེ། །ཕ་ཚན་རིགས་ཀྱི་སྤྱི་མཚན་ཡིན། །ནང་ཚན་ནང་གི་སྤྱི་ཁྱབ་ཡིན། །རྟགས་མཚན་རང་གི་ཐོབ་སྐལ་ཡིན། །དེ་རྣམས་རགས་པའི་དབྱེ་བ་ཙམ། །གྲི་རིགས་གྱེས་པའི་རྣམ་གྲངས་དང་། །ལྕགས་རིགས་ནུས་པ་ངར་ཚད་ཀྱི། །རྣམ་དབྱེ་རྒྱས་བཤད་འདིར་མ་སྨོས། །བློ་ལྡན་མཁས་པའི་རྗེས་འཇུག་དང་། །གཡུལ་ངོར་དཔའ་པའི་སྐྱེས་བུ་རྣམས། །འདི་དོན་རྟོགས་དཔྱོད་ཆུག་པ་དང་། བླང་དོར་མ་ནོར་མཚོན་ཟུང་ལས། །བསྟན་ལ་གནོད་པའི་དགྲ་བགེགས་ཀུན། །མྱུར་བར་ཆོས་ཀྱི་དབྱིངས་སུ་སྒྲོལ། །མངྒ་ལམ། སསྟུ་ཤྲཱི་ཧྲཱི་ཧོ།།
བོད་དུ་ཇ་བྱུང་ཚུལ་གྱི་ལོ་རྒྱུས།
སྭ་སྟི། བོད་རྒྱལ་འདུས་སྲོང་མང་པོ་རྗེ། རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དུས། །སྔར་མེད་ལྷའི་་བདུད་རྩི་བཞིན། །ཇ་དང་དཀར་ཡོལ་བྱུང་པ་ཡིན། །གཏན་ཚིག་རྒྱལ་རབས་དག་ན་གསལ། །རྣམ་དབྱེ་རྒྱས་བཤད་འདི་ལྟར་གནང་། །ཞལ་གཅིག་ཕྱག་གཉིས་རལ་གྲི་གླེགས་(༡༧༡.ན)བམ་འཛིན། །དཀྱིལ་ཀྲུངས་དབྱིབས་ལེབས་འགྱིང་ལྡེམ་བརྗིད་པའི་སྐུ། །རིན་ཆེན་སྣ་ཚོགས་མཛེས་པའི་རྒྱན་གྱིས་བཀྲས། །ཀུན་མཁེན་རྒྱལ་པོ་འཇམ་པའི་དབྱངས་ལ་འདུད། །བདེ་བཤེགས་ཀུན་མཆོད་འཕགས་པ་མཉེས། །ཡ་རབས་བཤེས་གཉེན་གསོལ་ཟས་མཆོག །འདོད་ཡོན་མཆོག་ལྡན་བདུད་རྩི་ཡི། །མཚན་ཉིད་འགྲོ་བའི་དོན་དུ་བྲི། །ལྷའི་ཏུལ་དུ་བདུད་རྩི་གསོལ། །ཐིག་པ་མི་ཡུལ་དུ་བབས། །རྒྱལ་པོའི་ཁབ་ཏུ་ཇ་རུ་སྨིན། །སྐྱེ་འགྲོ་རྣམས་ཀྱི་དཔལ་དུ་ཤར། །དེ་ལ་དབྱེ་བ་རྣམ་པ་བཅུ་དྲུག་སྟེ། །ཕུ་མདའ་གཉིས་དང་ཆར་མ་ཆུ་མ་དང་། །ཞིང་སར་ཞིང་རྙིང་ས་ཆ་བཤང་ལྕི་དང་། །ལུད་ཅན་ལུད་མེད་རྩེ་ཇ་བར་ཇ་དང་། །ཚ་འདུལ་གྲང་འདུལ་སྨིན་དང་མ་སྨིན་ནོ། །ཕུ་གསུམ་ཇ་ནི་འདབ་ཆུང་ཇ་ཤིང་སྦོམ། །མདོག་སྐྱ་ངད་པ་ཏང་ཀུན་དྲི་མ་བྲོ། །རོ་སྐ་སྲེགས་སྐོལ་བད་ཀན་ནད་སེལ་འགྱུར། །ཛྙ་ནཔུ་ཏ་ཞེས་བྱའི་ཇ་རུ་གྲགས། །(༡༧༡.བ)མདའ་གསུམ་འདབ་མ་ཆེ་འཇམ་ཇ་ཤིང་སྦོམ།་ །མདོག་ནག་དུད་ཁུ་རོ་ངད་ཤིང་ཏུ་ཁ། །བཏུང་པའི་འོད་ཡིན་རླུང་ནད་རབ་ཏུ་སེལ། །ཨུ་སུ་ནན་ཏ་ཞེས་བྱའི་ཇ་རུ་གྲགས། །ཆར་མའི་ཇ་ནི་འདབ་ཆེ་ཇ་ཤིང་སྦོམ། །ཁ་དོག་ཁམ་པ་ངན་དྲི་ཁུ་བ་ནག་ །རོ་སྐ་སྲེགས་བསྐོལ་འོས་ཡིན་མཁྲིས་པ་སེལ། །སབ་ཏི་ཁམ་སེར་མར་ཁུའི་ཁུ་བ་འདྲ། །ཀུའུ་མ་ཏི་ཞེས་བྱའི་ཇ་རུ་གྲགས། །ཨ་མི་བྷ་ར་ཞེས་བྱའི་ཇ། །ཆུ་མའི་ཞིང་ལ་སྐྱེས་པ་སྟེ། །འདབ་མ་མཐུབ་ཤིང་གཉེན་ཇ་ཤིང་ཕྲ། །མདོག་སྔོ་ཅི་ཞུར་ཁུ་བ་འདྲ། །ངད་པ་མངར་ཞིང་རོ་མཆོག་འཇམ། །བརྡུངས་པའི་འོས་ཡིན་སིལ་དྲོད་སྙོམས། །ཧ་ལ་ཛྙ་ཞེས་བྱའི་ཇ། །ཞིང་སར་ལས་སྐྱེས་ཁ་དོག་སེར། །འདབ་ཆེ་རྩིབ་ཅིང་ཇ་ཤིང་སྦོམ། །ཁུ་བ་ཁྲག་འདྲ་རོ་མཆོག་ཁ། །ངད་པ་ཇ་མིན་ཤིང་གི་དྲི། །ལྷབ་སྐོལ་འོས་ཡིན་གཏི་མུག་སེལ། །ཨ་གྷུ་ཏ་མ་(༡༧༢.ན)ཞེས་བྱའི་ཇ། །ཞིང་རྙིང་ལས་སྐྱེས་ཁ་དོག་སྨུག །འདབ་མ་མཐུབ་ཆུང་ཇ་ཤིང་ཕྲ། །འོ་མ་ཤིང་གི་ཁུ་བ་འདྲ། །ངད་པ་དྲི་ཞིམ་རོ་མཆོག་མངར། །བརྡུངས་པར་བཟང་ཞིང་རླུང་ནད་སེལ། །ཧ་ལུ་པ་ཏ་ཞེས་བྱའི་ཇ། །ས་བཤང་མ་སྐྱེས་ཁ་དོག་སེར། །དབ་མ་ཆུང་སྲབ་ཇ་ཤིང་ཕྲ། །ཁུ་བ་ལྗང་སེར་རོ་མཆོག་མངར། །ངད་པ་ཏ་ལའི་དྲི་དང་མཚུངས། །བརྡུངས་པའི་འོས་ཡིན་མཁྲིས་པ་སེལ། །གྲུ་གུ་ཕ་ལ་ཞེས་བྱའི་ཇ། །གཅི་བའི་བར་སྐྱེས་ཁ་དོག་ནག །འདབ་མ་མང་ལ་ཇ་ཤིང་ལྷུང་། །ཁུ་བའི་མདོག་སེར་རོ་མཆོག་སྐ། །ངད་པ་མཛྙུ་ཤ་ཀའི་དྲི། །བརྡངས་བར་བཟང་ཞིང་ཁྲག་ནད་སེལ། །ས་རི་བྷ་ལི་ཞེས་པའི་ཇ། །ལུད་ཅན་ལས་སྐྱེས་ཁ་དོག་སེར། །འདབ་མ་ཇ་ཤིང་འཇམ་ལ་སྙོམས། །ཁུ་བ་ཟར་མའི་་མར་ཁུ་འདྲ། །དེའི་ངད་པ་དྲི་ཞིམ་འཇམ། །འཚོད་བཏུང་ཀུན་འདུད་ནད་རྣམས་སེལ། །ཨ་ལི་བྷ་གུ་ཞེས་པའི་ཇ། །ལུད་(༡༧༢.བ)མེད་ལས་སྐྱེས་ཁ་དོག་དམར། །འདབ་མ་ཆེ་གྱོང་ཇ་ཤིང་སྦོམ། །ཁུ་བ་དམར་ནག་རོ་མཆོག་ཁ། །ངད་པ་སྣ་ཚ་དྲི་ངད་ཅན། །བསྲེགས་བསྐོལ་འོས་ཡིན་རླུང་མཁྲིས་སེལ། །མུ་པན་ཏི་ཞེས་བྱ་བའི་ཇ། །རྩེ་ཇ་ཉིད་ཡིན་ཁ་དོག་སེར། །ཇ་ཤིང་འདབ་མ་ཆུང་ཞིང་འཇམ། །ཁུ་བ་དམར་སེར་ངད་པ་ཆུང། །རོ་མངར་ནད་རྣམས་མ་ལུས་སེལ། །ཡོན་ཏན་བརྒྱད་ལྡཇན་ཀུན་ལ་སྔགས། །ཧས་ཏི་འགུ་ཞེས་བྱ་བའི་ཇ། །ཁ་དོག་སེར་འཇམ་བར་ཇ་ཡིན། །ཇ་ཤིང་འདབ་མ་འཇམ་ལ་སྙོམས། །ཞུ་མཁན་མདོག་འདྲ་སྔོ་ཞིང་མངར། །རོ་ངད་མངར་ཞིང་ཆུ་ནོན་ཆུང་། །རྒན་པོ་གཅོང་ཅན་རྣམས་ལ་སྨན། །རྒྱུ་ན་ངྷ་ལུ་ཚ་འདུལ་ཇ། །ཇ་ཤིང་འདབ་མ་གཅིག་ཏུ་འདྲེས། །ངད་པ་བཀྲག་མདངས་མི་ལྡན་ཡང། །སྐོལ་ཚེ་རོ་དང་ནུས་པ་འབྱུང་། །ཁུ་བ་གུར་གུམ་སྐྱེས། །འབྱུང་བཞི་སྙོམས་ཤིང་བཀྲག་མདངས་(༡༧༣.ན)སྐྱེས། །བྷ་ལ་མི་ཏ་གྲང་འདུལ་ཇ། །སེངས་ན་རྡུལ་ཕྲན་སྔོ་སྐྱ་འབྱུང། ཉིན་དགུང་འཇའ་ཚོན་སྔོན་དམར་འབྱུང། །ཇ་ཤིང་འདབ་མ་གཟུགས་ནི་གསལ། །ཁུ་བ་སེར་སྐྱ་དར་བའི་མདོག །རོ་དང་ངད་པ་ཁ་ཞིང་དཀའ། །ལུས་བཟང་གིས་འཐུང་སྟོབས་རྩལ་སྐྱེད། །ཧུ་ལུ་ཧུ་ཀ་ཞེས་པའི་ཇ། ལེགས་པར་ན་པས་སྣག་ཅིང་སྣུམས། །ཇ་ཤིང་འདབ་མ་མཉེན་ལྕུག་འཇམ། །གསེར་གྱི་ཞག་འདྲ་རོ་དྲུག་ལྡན། །ངད་པ་དྲི་ཞིམ་ཆུ་ནོན་ཆི། །རླུང་དང་དུག་རོ་སེལ་བར་བྱེད། །ཛྙ་ན་ཛྙ་ཏུ་ཞེས་པའི་ཇ། །མ་སྨིན་ཁ་དོག་བཀྲག་དམར་སྐྱ། །ཇ་ཤིང་སྦོམ་ལ་འདབ་མ་ཉུང། །ཁུ་བ་སྔོ་ནག་དྲི་བའི་མདོག །རོ་དང་ངད་པ་ཅུག་ཅིང་གྱོང། །ཁོང་པའི་ནད་ཀློང་རླུང་ཁམས་སྐྱེད། །ཐོག་མར་དཀར་ཡོལ་བླུགས་པའི་དུས། །བོང་བུ་རྔ་མོ་སྤྲེའུའི་གཟུགས། །མ་ཏྱང་མི་རོ་ཀེང་རུས་བྲིས། །དེ་དབུས་གསལ་ན་ལྟས་ངན་གནས། (༡༧༣.བ) གང་དུ་བབས་དེར་མི་དགེ་འབྱུང་། །བཀྲ་ཤིས་རྫས་བརྒྱད་དྲང་སྲོང་ཚེའི་གཟུགས། །རྒྱལ་པོ་ནོར་བུ་རིན་ཆེན་བདུན། །དེ་བཞིན་དཀར་ཡོལ་ནང་ན་་་་་གནས། །གང་དུ་བབས་དེར་བགེ་ལེགསའབྱུང། །ཇ་ཉོ་བ་དང་ཇ་ཚོང་དང་། །ཇའཐུང་སྐྱེ་བོ་མང་གྱུར་ཀྱང་། །ཇ་སྤྱད་ཧ་ཤང་དེ་བ་མཁས། །དེ་ལ་གྷ་མི་རྒྱལ་པོས་ཞུས་།གྷ་ལམི་ཏྲ་མགོན་པོས་ཞུས། །དེ་ནས་རིམ་བཞིན་བརྒྱུད་དེ་ཞུས། །ཡོ་མར་རྒྱ་ཇ་བཟང་ངན་བརྟགས་པའི་བསྟན་བཅོས་། བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ།། །།མངྒ་ལཾ། བྷ་ཝནྟུ།
དཀར་ཡོལ་ལེགས་ཉེས་བརྟག་པའི་བསྟན་བཅོས།
རྒྱ་གར་སྐད་དུ། སྭ་ཏ་བ་ལུ་ཤ་སྟྲ། བོད་སྐད་དུ། དཀར་ཡོལ་བརྟགས་པའི་བསྟན་བཅོས། །ཐམས་ཅད་མཁྱེན་པའི་དཔལ་ལ་ཕྱག་འཚལ་ལོ། །རབ་དཀར་སྐྱོན་བྲལ་དྲི་མ་མེད་པའི་དཔལ། །ཡིད་འོང་དབྱིབས་ལེགས་བཟང་པོའི་བཅུད(༡༧༤. ན)འཛིན་པ། །ཀུན་ནས་ཡིད་འཕྲོག་རྣམ་པར་མཛེས་པའི་སྣོད། །རིན་ཆེན་དཀར་ཡོལ་བརྟགས་ཐབས་འདི་བཟུང་ཅིག །རྒྱུ་ནི་རབ་འབྲིང་རྣམ་པ་གསུམ། །རབ་ནི་རིན་ཆེན་འཆིང་བུ་དང་། །འབྲིང་ནི་འཛེང་ལ་བྱས་པས་ཏེ། །ཐ་མ་རྡོ་ཐལ་དཀར་པོའོ། །ཁ་དོག་སེར་བ་རབ་ཡིན་ཏེ། །དཀར་བ་འབྲིང་ལ་ཐ་མ་སྔོ། །དབྱིབས་དང་རི་མོ་བརྟགས་པ་ཡང་། །འབྲུ་བརྒྱད་རིགས་ནི་བཅུ་དྲུག་བཤད། །བྷ་ར་ཏྲ་དང་ཤག་ཏི་དང་། །བྷ་ལིང་ཏ་ཀ་མུ་ལུ་ཏི། །ཀ་ལི་ཀ་ཏ་ཀ་ལང་ཀ །ཏི་ཀུ་ཏྲ་གྷུ་ན་པ། །སིང་གྷུ་ངྷ་ར་ཀ་ར་དང། །བྷི་་ཀི་ཏ་དང་བྷི་ལྡིང་ཀི །བ་ར་ཧ་སི་པྲ་ཏམ་ཀི །བྷ་ར་ཏ་ནི་རབ་ཏུ་སེར། །ཀུ་མུ་ཏའི་མེ་ཏོག་བཞིན། །ཁྱུང་ཤོག་མང་ཤིང་ཤིང་ལོ་རྒྱས། །གང་ན་ཡོད་དེར་དགེ་ལེགས་འབྱུང་། །ཤག་ཏུ་ཀ་ནི་དཀར་ཞིང་སེར། །འབར་འབུར་མང་ཞིང་ཁྱུང་ཤོག་ཉུང་། །ཆུ་རིས་མང་ཞིང་ཤནྟུ་ཀའི། །མེ་ཏོག(༡༧༤.བ)དང་འདྲ་ལོངས་སྤྱོད་འཕེལ། །བྷ་ལི་ཏ་ཀ་དཀར་ཞིང་སྲབ། ཁྱུང་ཤོག་ཆུ་རིས་དག་དང་ལྡན། །ཙམ་པ་ཁ་བའི་མེ་ཏོག་འདྲ། །ཡེ་ཤེས་ཏེང་འཛིན་རབ་ཏུ་འཕེལ། །མུ་ལི་ཏ་ནི་ཁམ་པའི་མདོག །ཕྱི་ནང་གཉིས་ཁར་རི་མོ་མེད། །ཧུ་དུ་ཀའི་མེ་ཏོག་འདྲ། །དེ་འཛིན་མི་ལ་ཁ་ཟས་མོད། །བྷིན་དུ་ཀ་ནི་དཀར་ཞིང་སྔོ། །ཆུ་རིས་ཁྱུང་གཤོག་དག་དང་ལྡན། །ཨུཏྤལ་ལའི་མེ་ཏོག་འདྲ། །སྙིང་བརྩེར་ལྡན་ཞིང་སེམས་མི་འཁྲུགས། །པ་ལི་ཏ་ནི་སྔོ་ཞིང་སྲབ། །སྤོས་ལྡན་རིགས་ཀྱི་རི་མོ་ཡོད། །ཀ་ར་ཏིའི་མེ་ཏོག་འདྲ། །དེ་འཛིན་བློ་གྲོས་རིགས་པ་འགོ། །ཀ་ལི་ཀ་ཏ་ཁ་དོག་དང་། །སྤྲིན་གྱི་རི་མོས་རྣམ་པར་བརྒྱན། །མ་ལ་ས་ཡི་མེ་ཏོག་འདྲ། །བུ་དང་རིགས་རྒྱུད་རྣམ་པར་འཕེལ། །ཨ་ལང་ཀ་ར་སྤྲིན་གྱི་མདོག །ཤིང་ལོ་ཡལ་ཁ་རབ་ཏུ་འཁྲིགས། །ཙ་ན་ཀའི་མེ་ཏོག་འདྲ། །སྙན་(༡༧༥. ན)གྲགས་ལྡན་ཞིང་གཏམ་སྙན་ཐོབ། །མ་ཏཏི་ཀུ་ཏ་དཀར་ཞིང་དམར། །འདབ་མ་ཡངས་པའི་ལྗོན་ཤིང་ལྡན། །ཀའུ་པ་ཏིའི་མེ་ཏོག་འདྲ། །རིགས་རྒྱུད་མི་འཕེལ་ལོངས་སྤྱོད་ཉམས། །གྷ་ན་ས་ནི་སྒོ་ལྔའི་མདོག །ཁྱུང་གཤོག་མི་ལྡན་ཉ་རིས་ཡོད། །མདངས་མེད་ས་ཏའི་མེ་ཏོག་འདྲ། །དེ་འཛིན་ནད་དང་རྔུལ་མང་དང་། །སིང་གྷུ་དྷ་ར་སྔོ་ཞིང་དྭངས། །བྱ་རོག་གཤོག་གདེངས་མགྲིན་་རིངས། །ཙར་ཙི་ཀའི་མེ་ཏོག་འདྲ། །རྟག་ཏུ་ཁ་སྨྲས་རྩོད་པ་འབྱུང་། །ཀ་ར་ཀ་ནི་སྔོ་ཞིང་དཀར། །རི་དྭགས་གཟགས་ཀྱི་ཉེ་བར་བརྒྱན། །ཧུ་ལི་ཀའི་མེ་ཏོག་འདྲ། །བདག་པོ་མི་སྡོད་གནས་ནས་འཕོ། །བྷི་ཀི་ཏ་ནི་སྔོ་སྐྱའི་མདོག །ཆུ་རིས་གྲུ་དང་གཉན་པར་ལྡན། །སབ་ཏི་ཀ་ལིའི་མེ་ཏོག་འདྲ། །བྱ་བ་མི་འགྲུབ་རྣམ་རྟོག་མང་། །བྷ་ལྡིང་ཀི་ནི་ནམ་མཁའི་མདོག་ །འབྲུག་དང་སྤྲིན་གྱི་ཉེ་བར་རྒྱན། །ཨུཏྤལ་ལའི་མེ་ཏོག་འདྲ། །རྒྱལ(༡༧༥.བ)པོ་རྣམས་ཀྱིས་སྣོད་དུ་བཟུངས། །བ་ར་ཧ་སི་དཀར་ཞིང་གཙང་། །བྱ་དང་ཤིང་ལོས་རྣམ་པར་བརྒྱན། །འཛམ་བུ་ཀྲི་ཤའི་མེ་ཏོག་འདྲ། །བཤེས་གཉེན་རྣམས་ཀྱི་སྣོད་དུ་བཟུང་། །ཏྲ་ཏམ་ཀི་ནི་སྔོ་ཞིང་འཚེར། །ཆུ་རིས་ཆུ་སྲིན་རི་མོས་བརྒྱན། །མཉྫུ་ཤ་ཀའི་མེ་ཏོག་འདྲ། །ཡ་རབས་རྣམས་ཀྱི་སྣོད་དུ་བཟུང་། །འབྲུག་རྒྱབ་རབ་ཀིྱ་ཡོན་ཏན་ནི། །དུག་དང་ཇ་རླངས་མིག་ནད་སེལ། །བློ་གསལ་ནད་ཞི་གཏི་མུག་འཇོམ། །ཟས་ཀྱི་རོ་སྐྱེད་ནུས་པར་ལྡན། །འབྲུག་རྒྱབ་ཡོན་ཏན་དཔགས་མེད་ལྡན། །བློ་ལྡན་རྣམས་ཀྱིས་འདི་བཟུང་ཅིག །དཀར་ཡོལ་དར་རྩེའི་བརྟགས་ཐབས་ལ། །རིགས་ནི་དྲུག་ཏུ་ཤེས་བྱས་ཏེ། །ཤབ་རྩེ་ལབ་རྩེ་ཤང་རྩེ་དང་། །ཐེག་རྩེ་ངྷོབ་རྩེ་ངྷོང་རྩེའོ། །ཤང་རྩེ་ཁ་གཡེལ་རྐང་པ་ཐུང་། །ཁ་དོག་དཀར་སྔོ་སྲབ་ལ་ཡང་། །སྤྲིན་ནམ་ཤིང་ལོ་ཆུ་རིས་འབུ། །འབྲུག་རྒྱབ་དྭངས་(༡༧༦.ན)མཉམ་ཡོན་ཏན་འབྱུང་། །ལབ་རྩེ་ཤམ་འབོར་དབྱིབས་མི་མཛེས། །སྱབ་ཅིང་ཡངས་ལ་དྭངས་པ་འབྱུང་། །བཻ་ཌཱུརྱའི་མདོག་དང་མཚུངས། །བྱ་དང་རི་དྭགས་རིམོས་བརྒྱན། །ཡིད་འོང་མཛས་པའི་གཟུགས་དང་ལྡན། །ཐེག་རྩེ་མདོག་སྔོ་རྐང་པ་སྦོམ། །ལུས་ཆེ་གཏིང་ཟབ་ཐུབ་ཅིང་བརྗིད། །ཁ་རུབ་སྐད་ཆེ་གཟུགས་དབྱིབས་སྐྲོང་། །ཤིང་ལོས་རབ་བརྒྱན་ལྗི་ཞིང་གཙང་། །དེབ་རྩེ་རྒྱུད་དམན་ཁ་དོག་ངན། །སྐད་དང་མི་མཐུན་རི་མོས་དབེན། །ལེགས་ཉེས་སྐྱོན་ཡོན་གཉིས་དང་བྲལ། །ས་ཚེ་ཞེས་བྱར་རབ་ཏུ་གྲགས། །རྡོ་ཚེ་ཡིད་འོང་འབྲུག་རྒྱབ་འདྲ། །ཁ་དོག་དབྱིབས་ལེགས་སྐད་བཟངཡང་། །ཆུ་རིས་ཁྱུང་གཤོག་མ་ལྡན་ཅིང་། །ནང་དུ་ཁྱི་རྗེས་འདྲ་བ་ཉམས། །གཞན་ཡང་མཚན་ཉིད་མདོར་བསྡུས་ན། །རྒྱུ་བཟང་མཆོག་དམན་སྐད་ལ་བརྟག །(༡༧༦.བ)འབྲུག་དང་སྤྲིན་དུ་འབྱེལ་ན་རབ། །ཇ་དང་ཤིང་དུ་འབྲེལ་ན་འབྲིང་། །ཉ་དང་ཆུ་སྲིན་ཐ་མར་བཤད། །འབྲུག་དང་གླང་ཆེན་སེང་གེ་སྟག །འཁོར་ལོ་བུམ་པ་པདྨ་དང་། །ལྗོན་ཤིང་ནགས་ཚལ་རི་མོ་རྣམས། །འདི་ལྡན་སྣོད་མཆོག་བཟང་པོ་ཡིན། །ཁྱུང་དང་ངང་པ་རི་དྭགས་དང་། །སྤྲིན་དང་ཤིང་ལོ་ཆུ་རིས་དང་། །མཚོ་དང་ཆུ་སྲིན་མེ་ཏོག་རྣམས། །བདེ་སྐྱིད་ཡུན་ཐུང་མཐར་མི་རྟག །ཉ་དང་བྱ་རོག་མི་རོའི་གཟུགས། །རིདྭགས་མཚོན་གྱིས་བསྣུན་པ་དང་། །གཅན་གཟན་སྒོྲགས་ཏུ་ཚུད་པ་རྣམས། །གང་གིས་བཅངས་དེར་སྡུག་སྔལ་འབྱུང་། །དཀར་འཇམ་དབྱིབས་ལེགས་སྲབ་ཅིང་ཡང་། །གཅང་ཞིང་དྭངས་ལ་རི་མོ་བཟང་། །བཤམ་ཡངས་སྲིན་ཁུང་ནགས་འཚལ་མེད། །མཚན་ཉིད་འདི་བཅུ་མཁས་པས་བརྟགས། །ཁ་ཆེར་སྐུ་འཁྲུངས་ཀུན་མཁྱེན་རྒྱལ་པོ་ཡི། །རིན་ཆེན་དཀར་ཡོལ་བརྟག(༡༧༧. ན)ཐབས་འདི་སྦྱར་བས། །ཟབ་རྒྱས་ཆོས་ཀྱི་དབྱིངས་སུ་བདག་གྱུར་ཏེ། །འགྲོ་རྣམས་ཡེ་ཤེས་ཏུན་ཏན་མྱུར་ཐོབ་ཤོག །དཀར་ཡོལ་བརྟགས་ཐབས་རིན་ཆེན་སྣོད་ཀྱི་བདུད་རཚི་ཞེས་བྱ་བ། །ཁ་ཆེ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའོ། །དགེ་ལེགས་འཕེལ་བར་གྱུར་ཅིག།། །།
སྭ་སྟི། གང་སྐུ་རབ་བརྗིད་མཛེས་པའི་རྒྱན་གྱི་སྤྲས། །གང་གསུང་སྙན་པའི་སྒྲ་ཡིས་ཕྱོགས་ཀུན་ཁྱབ། །གང་ཐུགས་དཔག་ཡས་མཁྱེན་པ་རབ་རྒྱས་པ། །གངཞིག་བསླུ་མེད་འཇམ་དབྱངས་ཞབས་ལ་འདུད། །སྔོན་སྤྱད་བོད་འདིར་དཀར་ཡོལ་བཟང་ངན་སྤྱད། །རནམ་བཞག་ཡིགེར་བཀོད་པ་མི་འདུག་ན། །ཆེ་ཆུང་དབྱེ་འཇེད་རིགས་ཁུགས་བྱུང་ཚུལ་རྣམས། །རྗེས་འཇུག་མཁས་པའི་མདུན་སར་ཁྲིད་པའི་ཕྱིར། །མཁས་མང་དུ་མའི་རྗེས་སུ་བཟུང་པའི་བུ། །མཁས་གྲུབ་རྩོད་དང་བྲལ་བའི་ལུང་རིག་ཅན། །(༡༧༧.བ)མཁས་པའི་དབང་པོ་བློ་གྲོས་དཔལ་བཟང་གིས། །རྣམ་བཞག་གསལ་ཕྱིར་ཡི་གེ་འདྲི་བར་བྱ། །ནོར་བུ་བྱེ་བྲག་དཀར་ཡོལ་འབྲུག་རྒྱབ་འདི། །དང་པོ་སྔ་བ་རྒྱ་གར་ཡུལ་དུ་སྲིད། །དེད་དཔོན་ཆེན་པོས་རྒྱ་མཚོའི་ཕད་མཐའ་རུ། །ནོར་བར་བླངས་ཕྱིར་རྫིངས་ཆེན་བསྐོད་པའི་ཚེ། །ཕོ་འདོམས་བཅུ་དྲུག་ཡོད་པའི་དཀར་ཡོལ་གནིས་། །གའུ་ཁ་སྦྱོར་བཞིན་དུ་མཚོ་ནང་ན། །བཀྲག་མདངས་འོད་དང་བཅས་ཏེ་འདུག་པ་མཐོང་། །མཁའ་བླང་མཆུ་ཏིས་བཟུང་ནས་སྟེང་དུ་ཐོན། །མཆུ་ལ་བརྡར་བའི་ཤུགས་ཀྲི་ཁྱུང་པོར་གྲགས། །འབྲུག་གི་རྒྱབ་ཏུ་ངལ་གསོས་ཁ་བྱེ་བའི། །ནང་ནས་ཡིད་བཞིན་ནོར་བུ་དག་ཀྱང་དོན། །ག་ཆག་བཞིའི་རྗེས་ཀྱང་བྱུང་། །དེ་ལ་འདོད་དགུ་འབྱུང་གྱུར་འདི་ལྟར་རོ། །ཁྱུང་པོ་འཁོར་མ་ནོར་བུ་བྱེ་བྲག་ཡིན། །སྒོ་མ་རྔ་མོའི་རྗེས་ལ་ནི། །ཀུན་གྱིས་བཀུར་ཞིང(༡༧༨.ན)གཟི་རྗིད་ཆེན་པོར་འགྱུར། །གཉིས་མཐུང་དབང་བོའི་ཁལ་མའི་རྗེས་ལ་ནི། །ས་ལ་དབང་བསྒྱུར་མིའི་བདག་པོར་འགྱུར། །གྱེར་གླིང་རྟའི་རྨིག་མའི་རྗེས་ལ་ནི། །རྐང་བཞི་ལ་དབང་བསྒྱུར་དུད་ཇའགྲོ་འཕེལ་བར་འགྱུར། །གྱུ་སྲམ་ཉའི་གཤོག་པའི་རྗེས་ལ་ནི། །བཏུང་བ་དང་ལྡན་ཆུ་ལ་དབང་བསྒྱུར་འགྱུར། །དཔའ་བོས་མཁའ་ལ་རབ་གྲི་དབྱུག་རྗེས་ནི། །ཕ་རོལ་དགྲ་ལས་རྣམ་པར་རྒྱལ་བར་འགྱུར། །འཛངས་མས་ས་ལ་མེ་ལོང་བཞག་རྗེས་ནི། །རོ་བརྒྱའི་ཟས་རྙེད་སྣང་སྲིད་གསལ་བར་འགྱུར། །དེ་འདྲའི་རྟགས་དང་ཡ་མཚན་ལྡན་པ་ཡི། །ནོར་བུའི་ཤུགས་ཀྱི་དཀར་ཡོལ་གཉིས་པོ་དེས། །ཆོས་རྒྱལ་མྱ་ངན་མེད་ཅེས་གྲགས་པའི་དུས། །སེང་གེའི་འོ་མ་བཞེས་པའི་གསོལ་ཞལ་བྱས། །དིང་སང་དུས་ན་སེར་སྐྱའི་གྲོང་ཁྱེར་གྱི། །གཙུག་ཁང་གི་མཆོད་རྫས་ཆེན་པོ་བྱེད། །དེའི་རྗེས་སུ་ཞུགས་པའི་དཀར་ཡོལ་གཉིས། །འབྲོ(༡༧༨.བ)རྙན་ལྡི་གུའི་རིང་ལ་བོད་དུ་དར། །རྒྱལ་པོ་གསོལ་ཞལ་དབང་པོའི་གཏེར་དུ་སྦས། །དེ་ཡི་རྟིང་ལ་རླུང་ནམ་འཕྲུལ་རྒྱལ་དུས། །མཁས་པའི་བཟོ་བོས་སོག་ནག་ཐང་པོ་ཆེར། །འཆིང་བུའི་རྒྱུ་ལ་རྣ་ཐོས་དཔེ་བྱས་ནས། །སུམ་བཅུ་རྩ་གཉིས་ཆེ་ཆུང་འབྲིང་གསུམ་སྟོན། །རབ་དང་འབྲིང་དཀར་ཐ་མ་སྔོ་ཆས་ཆེ། །བོད་ཡུལ་དབུས་གཙང་མཐིལ་ན་ནོར་བུ་ལས། །གྲུབ་པའི་འབྲུག་རྒྱབ་གྲགས་པ་དེ་རྩལ་ལོ། །འདི་ལ་ཡོན་ཏན་དཔག་མེད་ལྡན། །སྐལ་ལྡན་རྣམས་ཀྱི་འདི་ཟུང་ཅིག །དེ་ལ་ཟླ་བོ་གསུམ་ཡོད་དར་རྩེ་དང་། །འདོལ་ལ་བྱང་སྐྱ་གསུམ་དུ་གྲགས་པ་ཡིན། །དེ་རྣམས་བོད་དུ་བྱུང་པའི་དཀར་ཡོལ་ཡིན། །དར་རྩེ་ལ་ནི་རི་མོའི་ངེས་པ་མེད། །བླ་རྒང་མ་དང་སྔོ་སྒོར་གཉིས་སུ་འདོད། །བཟང(༡༧༩.ན)ངན་རྣམ་བཞག་རི་མོས་འཇེད་པ་ཡིན། །ཤིན་ཏུ་དྭངས་ཤིང་རི་མོ་ཉིས་འབྲུ་ཅན། །པདྨའི་ནང་ན་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱ་ནག་པ་ཏྲ་ཁ་ལ་འཁོར་བ་སོགས། །གཞན་ཡང་འབྲུག་ཆུང་གཉིས་གཉིས་ཁ་སྤྲད་དང་། །འབྲུག་ཆེན་རེ་རེས་ཁྱབ་པར་བྲིས་པ་ཡོད། །དཀར་ལ་ངང་ཆགས་དྭངས་ཤིང་རི་མོ་ཕྱུག །དེ་དག་བཟང་ཞིང་ཕྱི་རྟགས་མཚན་ཉིད་ཡིན། །དྭངས་ཆུང་མ་ནི་རྣམ་པ་གཉིས་ཡིན་ཏེ། །རྩི་ནི་བཅའ་སྔོ་ཕལ་ཆེར་སྦུ་གུ་ཅན། །བཟོ་ནི་ཁ་ཁ་མ་ཡིན་དབྱིབས་གཅིག་ཡིན། །མིང་ནི་རྣམ་གྲངས་རི་མོས་འཇེད་པ་ཡིན། །གྲགས་འོས་མ་ཞེས་ཟེར་བའི་དཀར་ཡོལ་འདི། །ནང་ལ་པད་རྩེགས་ཁ་ལ་ཕ་གུས་བསྐོར། །ཏྲི་ཤྲི་གྲགས་པ་འོད་དིས་སུ་བྱུང། །རྒྱལ་བཟང་མ་ཞེས་བྱ་བའི་དཀར་ཡོལ་འདི། །ཡུ་བ་དཀར་གཟུགས་བཞིན་དུ་རིང་བ་ལ། །སྲབ་ཅིང་ཡངས་ལ་དྭངས་པས་གཞན་པས་འདྲེན། །(༡༧༩.བ)སྔོ་ཁྲ་འབྲུག་གིས་བརྒྱན་པ་དག་ཀྱང་ཡོད། །དཔོན་ཆེན་རྒྱལ་བ་བཟང་པོ་དབེན་ཤྲི་ཡིས། །སོན་བྱིང་དབེན་གྱི་ཁྲིམས་ར་བཟུང་དུས་བཟོས། །དབང་ཕྱུག་བརྩོན་འགྲུས་ཡན་ལ་རྫོགས་པར་འདོད། །ཧུ་ལཧུ་ཡི་ཐ་དད་བཅོམ་པའི་དུས། །ཁྱད་པར་ཅན་གི་དཀར་ཡོལ་ནོར་བུ་གཅིག །བྷ་དད་རྒྱལ་པོའི་སྐད་ཀྱིས་བསྐུལ་བ་དང་། །དེ་ཡི་སེན་མོ་དག་གིས་བརྡུངས་ཙམ་ན། །བཟའ་བཏུང་གང་འདོད་དེ་ལས་འབྱུང་བ་ཡོད། །རྒྱལ་པོ་ཟི་ལིང་མཁར་དུ་འདས་པ་དང་། །དཀར་ཡོལ་དེ་ལས་བཟའ་བཏུང་མ་བྱུང་པས། །ཡ་མཚན་ཅན་དེ་དེ་རུ་བཅག་ཞེས་ཐོས། །སྐུད་བ་འགྲོང་པའི་བུག་པ་ནི། །སྟོང་རྩལ་ཡིད་ཀྱང་མི་འཇག་པ། །ས་སྐྱ་ཤར་བའི་ཕྱག་ན་ཡོད། །ཀ་པད་ཞེས་བྱར་གྲགས་པའི་དཀར་ཡོལ་ནི། །ཀ་པ་ལ་དང་པདྨའི་རི་མོ་ཅན། །དེ་ཕྱིར་ཀ་པད་ཞེས་བྱར་གྲགས་པ་ཡིན། །ཀལ་པ་ཡུང(༡༨༠.ན)ངའི་མདོག་འདྲ་བ། །ལྷ་པའི་ཕྱག་ན་ཡོད་ཅེས་གྲགས། །ཇ་དང་མཉམ་དུ་འཁྱོམ་པ་གཅིག །ཡར་ལུང་ཇོ་བོའི་ཕྱག་ན་ཡོད། །ས་རྩེ་ཞེས་བྱར་གྲགས་པའི་དཀར་ཡོལ་ནི། །དཔལ་ལྡན་ས་སྐྱའི་ག་དར་བཟོས་པ་ཡིན། །དཀྱིལ་དུ་ཡི་གེ་ས་གཅིག་ངེས་པར་ཡོང་། །དུས་ཕྱིས་གོང་ནས་ཐོན་པའི་དཀར་ཡོལ་གཉིས། །སྐར་མཚན་གསོལ་དེ་བཞིན་གཤེགས་པ་དང་། །འགྲོ་ཀུན་སྐྱབས་གནས་ཐེག་ཆེན་ཆོས་རྒྱལ་ལ། །སྤྲུལ་པའི་རྒྱལ་པོ་རྟ་མིང་ཆེན་པོས་ཕུལ། །ཆེ་ཆུང་གཉིས་ཡོད་ཆེ་བ་ཐེག་ཆེན་ཡིན། །སྔོ་ཁྲ་ཉིན་མོ་བདེ་ལེགས་དག་ཀྱང་ཡོད། །རི་མོ་དྲུག་དང་བཀྲ་ཤིས་རྟགས་བརྒྱད་སོགས། །ཤིན་ཏུ་མཚར་བའི་རི་མོ་བཞིགས་ན་ལེགས། །འདི་གཉིས་ཁྱད་པར་ཅན་ཡིན་དེང་སང་དར། །འདི་རྣམས་འབྲུག་རྒྱབ་ཐོག་གྲངས་ངོས་འཛིན་རྫོགས། །དགེ་བས་འགྲོ་ཀུན་དབུལ་བ་སེལ་བར་ཤོག།། ། །(༡༨༠.བ)མངྒ་ལཾ། །
ཆེན་པོ་ཧོར་གྱི་རྒྱལ་རབས།
ཆེན་པོ་ཧོར་གྱི་རྒྱལ་རབས་ཆ་ལག་དང་བཅས་པ་ཡོད། །ན་མོ་བཛྲ་པ་ཎི་ཡེ།མཐུ་སྟོབས་གནམ་ལྕགས་རྡོ་རྗེ་བདུད་དཔུང་དང་།གཟིར་བྱེད་སྡིག་འཛུབ་གྲགས་པོས་དགྲ་བགེགས་ཚོགས། །བསྐལ་བ་རྒྱ་མཚོའི་ཕ་མཐར་སྐྲོད་མཛད་པ། །ཁྲོ་རྒྱལ་ནམ་མཁའི་མདངས་ལྡན་ཞལ་འདུད་ནས། །དེ་ཡི་སྤྲུལ་བྱང་ཕྱོགས་ཧོར་ཡུལ་དུ། །སྲིད་བཟུང་སྐབས་སུ་རྒྱ་ནག་བལ་བོད་དུའང་། །བསྟན་པ་བསྐྱངས་དང་རྒོད་པ་བཟློག་པ་སོགས། །བྱས་བྱུང་ལོ་རྒྱུས་དོན་གསལ་འདི་ལྟར་རོ། །ཆེན་པོ་ཧོར་གྱི་རྒྱལ་རབས་ལ་སྔ་བ། དང་པོར། གནམ་གྱི་བུ་སྦོར་ཏ་ཆེ། དེེའུ་བུ། བྷ་ཏ་ཆེ་གན། དེའི་བུ་ཐམས་ཅད་ཆའི། དེའི་བུ། ཆི་གེ་མ་རེགས་གན། དེའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་ཟིར། དེའི་བུ་རྒྱུད་ལ། རིམ་པ་བཞིན། (༡༨༡.ན)ཨའུ་ཇམ་པོ་དེ་ཝོལ། ཡེ་གྲ་ནོ་དུན། སེམས་ཟའོ་ཆེའི། གྲ་ཆུང་ང་ཐོ་བུ་མེར་གན། དེ་འདས་པའི་རྗེས་ལ། ནག་མོ་ཨ་ནན་ཁྲོ་ལ། ཉི་མའི་ཟེར་ལས་སྐྱེས་པའི་སྦོ་ཐོན་ཆར་མུང་ཁག དེའི་ཡང་། བུ་རྒྱུད་རིམ་པ་བཞིན། ག་སི་ཆི། སྦི་ཁོར། མ་ནན་ཁའི་དུ་ཁན། བྷ་དན་བྷ་དུར། ཡེ་སི་ག་དུར། འདི་ཡན་ལ། ཧོར་གྱི་རྒྱལ་རབས་བཅུ་དགུ་ཧོར་ཡུལ་དུ་བྱུང་ངོ་། །ཡེ་སུ་ག་དུར་རྒྱལ་པོ་དང་། བཙུན་མོ་ཧུ་ལུན་གྱི་སྲས། ཐའི་ཛུང་ཇིང་གིར་རྒྱལ་པོ། །ཤིང་ཕོ་རྟ་ལོ་ལ་སྐུ་འཁྲུངས་ཏེ། སྐུ་མཆེད་བདུན་ཡོད། ཁོང་གི་དགུང་ལོ་སུམ་ཅུ་གསུམ་ལོན་པ། ས་ཕོ་སྟག་གི་ལོ་ལ། མི་ཉག་རྒོད་ཀྱི་རྗེས་ལ། ཐོ་རྫི་ཞེས་པའི་རྒྱལ་པོ་གཅིག་གིས། ཐང་གི་རྒྱལ་པོ་བྱེད་ཀྱི་ཡོད་པའི་ལག་ནས། དཔུང་གཤེ་མོང་གིས་རྒྱལ་ས་འཕྲོགས་བས། ཧོར་གྱིས། རྒྱ(༡༨༡.བ)ནག་ཐང་གི་རྒྱལ་སྲིད། ལོ་ཉི་ཤུ་རྩ་གསུམ་བཟུང་ནས། དགུང་ལོ་དྲུག་ཅུ་རེ་དྲུག་པ། མེ་མོ་ཕག་གི་ལོ་སྟོན་ཟླདང་པོའི་ཚེས་བཅུ་གཉིས་ལ། མི་ཉག་གྷའི་ས་ཆར། གནམ་དུ་གཤེགས་སོ། གནམ་མམ། བྱ་ཚེ་རིངས་ཀྱིས་བྱིན་པའི། ནོར་བུའི་ཐམ་ཁ་ཡང་། རྒྱལ་པོའི་དེའི་རིང་ལ་བྱུང་བ་ཡིན་ཟེར། དེའི་བུ། རྫོ་ཆི་དང་། ཆ་ག་ཏའི། ཨོ་ཀོ་ཏའི། ཐོ་ལོ་ནོ་ཡོན་ལ་སོགས་དགུ་ཡོད། རྒྱལ་པོ་རང་དུས། སྲས་ཆེ་བ་གཉིས་པོས། རྒྱལ་ས་མི་རྩོད་པའི་ཡི་གེ་བཅུག་ནས། གཡས་རུ།་ གཡོན་རུའི་རྒན་པ་ལ་བརྐོས། ནུ་བོ་ཆེ་བ་ཨོ་ཀོ་དྭ་ཡིས། རྒྱལ་ས་ལོ་དྲུག་མཛད། རྫོ་ཆི་ལ་བུ་བརྒྱད་དང་། ཆ་ག་ཏའི་ལ་བུ་དགུ་ཡོད། ཨོ་ཀོ་ཏའི་སྲས་ཆེ་བ། གོ་ཡུག་རྒྱལ་པོས།་ རྒྱལ་ས་ལོ་དྲུག་མཛད། དེའི་ནུ་བོ་གོ་དན་ལ་ཤོགས་པ་བདུན་ཡོད། གོ་ཡུག་ལ་བུ་གསུམ་ཡོད། (༡༨༢.ན)ལོ་ཐོ་ནོ་ཏོན་གྱིས། སྔར་ཡི་གེ་མ་ཤོར་བས། རྒྱལ་ས་ལ་རྩོད་པ་ཡོད་ཅིང་། དེ་དང་། བཙུན་མོ། ཟཡིན་ཨེ་ཁ། ཟོག་རོག་ཏའི་བུ་ཆེ་བ། མོང་གོར་གན(འབྱི་གུང་པ་དང་ཡོན་མཆོད་དུ་འབྲེལ)གྱིས། རྒྱལ་ས་ལོ་དགུ་མཛད། སྲས་གཉིས་པ། ཨེ་ཆེན་ག་དན(རྗེ་ས་པཎ་དང་འབྲེལ)གསུམ་པ་གོ་པེ་ལ་ཤི་ཛུང་སེ་ཆེནགན(སྔན་མ་གུང་ཐང་པ་དང་འབྲེལ)ཤིང་མོ་ཕག་ལོ་འཁྲུངས། རྒྱལ་ས་ལོ་སུམ་བཅུ་སོ་ལྔ་མཛད། བཞི་བ་ཤ་རི་བྷོ་ག(ཀརྨ་པ་དང་འབྲེེལ)ལྔ་བ། ཧུ་ལ་ཧུ(འབྲི་གུང་པ་དང་འབྲེལ)། འདི་ལྷག་པའི་རྒྱལ་བོ་ཡིན་ཟེར་ནས། རྒྱལ་ཁམས་ཚོལ་བ་ལ། སྟོད་དུ་བཏང་པས། དེ་ནས་སྟོད་ཧོར་དུ་གྲགསཔ་འདི་བྱུང་བ་ཡིན་ནོ། །སེ་ཆེན་དང་། །ན་མོ་ཆབུའི་སྲས་བཞིའི་ཆེ་བ། རྡོ་རྗེ། གཉིས་པ། ཇིམ་གིན། གསུམ་པ། མང་གྷ་ལཾ། བཞི་པ། ནོ་མོ་གན་ནོ། བཙུན་མོ་ཞྭ་གོན་མའི་སྲས་བརྒྱད་ཀྱི་ཆེ་བ། ཧུ་ཀར་ཆ། གཉིས་པ། ཨ་རོག་ཆངེ། (༡༨༢.བ)བཞི་པ། གོ་ལུག་ཐི་མུར། ལྔ་པ། ཨེ་སེན་སྦོ་ག དྲུག་པ། ཐོ་གན། བདུན་པ། གོ་གོ་ཆུ། བརྒྱད་པ། རྡོ་ལོ།ཐམས་ཅད་བསྡོམས་པས། སེ་ཆེན་གྱི་བུ་བཅུ་གཉིས་བྱུང་། སེ་ཆེན་རང་གིས་དགུང་ལོ་སུམ་ཅུ་སོ་བཞི་ལོན་པ། ལྕགས་ཕོ་སྤྱེའུའི་ལོ་ནས་བཟུང་སྟེ། རྒྱལ་ས་ལོ་སུམ་ཅུ་སོ་ལྔ་མཛད། བརྒྱད་ཅུ་ཐམ་པའི་ཐོག ཤིང་ཕོ་རྟ་ལོ་ལ་གནམ་དུ་གཤེགས། སེ་ཆེན་གྱི་སྲས་ཆེ་བ། རྡོ་རྗེ་ལ་སྲས་མེད། རྒྱལ་བུ་ཇིམ་གིན་དང་། དེའི་བཙཧུན་མོ་གོ་གོ་ཅན་གྱི་སྲས་ཆེ་བ། ཀ་མ་ལ། གཉིས་པ། ངྷརྨ་ཕ་ལ་ལྐུགས་པ། གསུམ་པ།ཨོལ་ཇ་དུ་ཐི་མུར་དང་གསུམ་ཡོད་པའི། ཨོལ་ཇ་དུ་འདིས། དབེན་ཅིང་ལོ་གཉིས་དང་། ཏའི་ཏིང་ལོ་བཅུ་གཅིག་སྟེ། རྒྱལ་ས་ལོ་བཅུ་གསུམ་མཛད། དེའི་བུ། ཏི་ཤུ་མྱུར་དུ་འདས། ངྷརྨ་ཕ་ལ་དང་། བཙུན་མོ་ཐའི་གོང་དའི་ཧུ་ད་གའི(༡༨༣.ན)སྲས་ཆེ་བ། ཧའི་ཤན་གྱིས། ཅི་ཤུན་ལོ་གསུམ། ཏའི་ཏིང་ལོ་གཉིས། རྒྱལ་ས་མཛད། མིང་། གོ་ལོ་ག་རྒྱལ་པོ་ཡང་ཟེར་རོ། །གཉིས་པ། ཨ་ཡུ་པར་པ་ཏའི་རྒྱལ་སར་སྟོན། སྲིད་ལོ་དགུབཟུང་། བུ་ཡན་དུ་རྒྱལ་པོའང་ཟེར་རོ། །ཀ་མ་ལའི་སྲས། ཡེ་སུན་ཐེ་མུར་གྱིས། ཏའི་ཏིང་ལོ་གཅིག་དང་། ཅི་ཤུན་ལོ་བཞི་སྟེ། རྒྱལ་ས་ལོ་ལྔ་མཛད། བུ་མན་དུའི་སྲས། སི་ཏི་ཕ་ལ་གཡིང་ཁྱུང་གེ་གན་རྒྱལ་པོས། རྒྱལ་ས་ལོ་གསུམ་མཛད། གོ་དན་ལ་སྲས། ཇི་བིག་ཐི་མུར་ལ་སོགས་གསུམ་ཡོད། ཡེ་སུན་ཐི་མུར་གྱི་སྲས། ར་ཁྱི་ཕག་གི ཞག་བཞི་བཅུ་རྒྱལ་ས་མཛད། མཾགྷ་ལཾ་པའི་སྲས། ཨ་ནན་ཏ། དེའི་སྲས། ཨུ་ཏུག་ཐི་མུར་བསད། དེ་ལ་བུ་གཉིས་ཡོད། གོ་ལུག་རྒྱལ་པོའི་སྲས་ཆེ་བ། ཀུ་ཤ་ལས་ཁྲི་ཐོག་ཏུ་ལོ་ངོ་གཅིག་བཞུགས་ཏེ། གོ་ཐུག་རྒྱལ་པོའང་ཟེར་རོ། །གཉིས་པ། ཐོག(༡༨༣.བ)ཐེ་ལོ་ལོ་གསུམ་དང་། ཅི་ཤུན་ལོ་གཉིས་ཏེ་རྒྱལ་ས་ལོ་ལྔ་མཛད། འཇའ་ཡན་དུ་རྒྱལ་པོའང་ཟེར་རོ། ཀུ་ཤ་ལའི་སྱས་གཉིས་ཀྱི་ཆུང་བ། རིན་ཆེན་དཔའ་རྒྱལ་པོ། ཐོག་མར། རྒྱལ་སར་སྟོན་པས། ཅི་ཤུན་ཟླ་བ་གཅིག་མཛད་ནས། གནམ་དུ་གཤེགས། དེའི་སྐབས་སུ། རྩིས་པ་རྣམས་བསགས་ནས། རྩིས་བྱས་པས། དེའི་གཅེན་པོ། ཐོ་གོན་ཐི་མུར། བྱ་ལོ་ཟླ་བ་དྲུག་པ་ཤར་ནས། རྒྱལ་སར་སྟོན་ན། སེ་ཆེན་དང་མཉམ་པ་གཅིག་ཡོང་ཟེར་བ་བྱུང་པ་ལ། མི་དཔོན་ནམ་ན་རེ། དེ་ཙམ་རྒྱལ་ས་སྟོང་པར་འཇོག་པ། རྒྱལ་ཁམས་ཀྱི་ཁག་པུས་ཐེག་ཟེར་བལ། ཨེལ་ཐི་མུར་ཐའི་ཤྲི་ན་རེ། ཁྱེད་སེ་ཁྱིམ་ཐའི་ས་རྣམས་ཀྱིས། ད་དུང་། ལེགས་པར་རྩིས། དེ་ལྟར་བདེན་ན། གོང་མ་སྐུ་ཚེ་རིང་པ་ལས་ལྷག་པ་མེད། དེ་བར་ལ། རྒྱལ་ཁམས་ཀྱི་ཁག་ངས་ཁུར་ཟེར་ནས། (༡༨༤.ན)ཟླ་བ་དྲུག རྒྱལ་ས་སྟོངས། ཁྲིམས་ཀྱི་བྱ་བ་རྣམས། ཨེལ་ཐེ་མུར་གྱིས་བྱས། དེ་རྟིང་། ཆུ་མོ་བྱ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ། ཕོ་བྲང་ཆེན་པོ་ཤང་དོར། ཐོ་གོན་ཐེ་མུར། རྒྱལ་སར་སྟོན་ནས། ཅི་ཤུན་ལོ་གཅིག་ངག་། ཨེན་ཐུང་ལོ་གཉིས།་ ཅི་དབེན་ལོ་དྲུག རྒྱལ་སར་བཞུགས་ཅིང་། ཁྲི་ཐོག་ཕེབས་ནས། ལོ་ཉི་ཤུ་རྩ་དྲུག་ལོན་པའི་སྐབས་སུ། ས་མོ་ཁྱི་ལོ་ལ། ཏི་ཤྲི་ཀུན་རྒྱལ་བ་ཞི་བར་གཤེགས། སོག་པོའི་མི་དཔོན་ངོ་ལོག་ནས། ཕོ་བྱང་ཤང་དོ་མེས་བསྲེགས། དེ་བཞིན་གཤེགས་པའིཚེམས་ཆེན་དང་། རྡོ་ལྷུང་བཟེད། ནམམཁའ་ལ་བྱོན་ཅེས་གླེང་། དེ་རྟིང་ལོ་བཅུ་ལོན་པའི་ས་ཕོ་སྤྲེའུའི་ལོ་ཧོར་ཟླ་ཧབརྒྱང་པའི་ཉེར་དགུའི་སྲོད་ལ། གོང་མ་ཆེན་པོ་ཡབ་སྲས། ཕོ་བྲང་ཏྭའི་ཏུ་ནས། ཧོོར་ཡུལ་ལ་གཤེགས་དགོས་པ་བྱུང་ཞིང་། (༡༨༤ ་བ)རྒྱལ་ས། རྒྱ་ཏའི་མིང་རྒྱལ་པོས་བཟུང་པ་ཡིན། ཅེས་གྲགས་སོ། དེའང་སྔ་སོར།ཕོ་བྲང་ཤང་དོ། སོགས་པོ་མེ་ལ་སྲེགས་དུས། སྨན་ཚེའི་རྒྱལ་བུས། །ཧོར་རྒྱལ་པོ་ལ། གུས་བཏུད་བྱས་པར་མ་ལོ་བར། །ཡུལ་ནས་ཕུད། ས་སྐྱར་ཡང་། །ཆསོ་བྱས་པོས། །མའི་འདུ་ས་ཆེན་པོ་བྱུང་འདུག །དེའི་སྐབས་སུ། །ཧོར་རྒྱལ་གྱི་རྩིས་པ་ན་རེ། །ནུབ་ཕྱོགས་བན་དེ་ངོ་ལོག་ནས། །རྒྱལ་ས་འཕྲོག་པ་འདུག་ཟེར་བ་བྱུང་ནས། །ལྟར་བཏང་པས། །སྨན་རྩེའི་ལྷ་བཙུན། །འཁོར་མང་པོས་བསྐོར་བ་མཐོང་། །དེ་ཧོར་རྒྱལ་པོ་ལ་ཞུས་པས། །གསོད་ཟེར་བའི་བྱིང་ནས། །གསོད་དུ་ཕྱིན་པས། །ཁོ་ན་རེ། །ང་ངོ་ལོག་བྱེད་རྩིས་མན་པ་ལ། །གསོད་ན། །སྐྱེ་བ་ཕྱི་མལ། །ཧོར་གྱི་རྒྱལ་ས་འཕྲོག་པར་ཤོག། །ཟེར་བའི་སྨོད་པ་བོར་བས། །རྒྱ་ཏའི་མིང་རྒྱལ་པོར་སྐྱེས་ནས་ཧོར་གྱི་རྒྱལ་ས་འཕྲོགས་པ་ཡིན(༡༨༥.ན)ཟེར་རོ། །སྨན་རྩེ་ལྷ་བཙུན་དེ་བསད་དུས། །ཁྲག་ཡང་འོ་མར་བྱུང་ཅེས་གྲགས་སོ། །ཧོར་ཐོ་གོན་ཐེ་མུར་རྒྱལ་པོའི་དུས། །རྒྱ་ནག་རྒྱལ་ས་འཕྱུགས་པའི་ཉེར་ལེན་བྱུང་ཚུལ། །འཆད་ལུགས་མི་གཅིག་པ་འགའ་སྣང་ན་འང་། །དེ་དུས། །དབུས་གཙང་ནས་ཕྱིན་པའི་དཔ་ཤྲི་འདྲ་གླེང་དུས། འདི་སྐད་ཟེར་རོ། རྒྱལ་ས་མི་འཆུག་པའི་ལོ་བཅུ་སྐོར་གྱི་གོང་དུ། རྒྱ་ནག་གི་རྩིས་པ་ན་རེ། ད་རྒྱལ་ས་འདི་ལ། །འཕོ་མཆུག་བྱུང་དོགས་འདུག་པས། ད་ལྟ་སྲས་འདི་རྒྱལ་སར་སྟོན་ན་ཐུབ་བོ་ཟེར་བལ། ཡབ་རྒྱལ་པོས་ཀྱང་། དེ་བཞིན་འཐབ་པར་དཀའ་གནང་། མི་དཔོན་ཐམས་ཅད་ལེགས་པར་བགྲོས་འཆམས་ནའང་། སྲས་རྒྱལ་བུ་ཨ་ཡུ་པར་པ་ཏ་ལ་ཞུས་པས། སྔོན་ནས་དའི་བར་ལ། ཡབ་རྒྱལ་པོ་གནམ་ལ་གཤེགས་ནས། རྒྱལ་ས་བསྐོས་པའི་སྲོལ་ལུགས་མི་འདུག(ལུགས་འདུག)པ་ལ། ད་ལྟ་གོང་མ་སྐུ་བརྟན་པར་བཞུགས། ཁྲིམས་གཉིས་དར(༡༨༥.བ)རྒྱས་འཕེལ་པའི་དུས་འདིར། རྒྱལ་ས་ལ་བརྐོས་བཞག་བྱེད་པ་མི་འོས་གསུངས་ནས། གསན་མ་འདོད། དེ་མཚམས་སྨན་རྩེའི་རྒྱལ་ཁམས་འཆོས་པའི་དམག་འདེགས་དགོས་བྱུང་དུས། དམག་དཔོན་ལ་རྒྱལ་ལུ་བསྐོས། དམག་འབུམ་ཕྲག་སུམ་ཅུ་ཙམ་བཏང་བས། སྨན་རྩེའི་རྒྱལ་ཁམས་ལོན་པ་དང་།བྱུག་ཆེན་པོ་ཐོབ་པ་བྱུང་། དེ་རས་ཕོ་བྲང་ཁོག་གི་དམག་མི་བཅུ་དཔོན་ཐོབ་པ་གཅིག་གིས། ཁོ་རང་ནད་གྱིས་ཐེབས། བུ་ཆུང་དམག་ཚབ་ལ་གཞན་མ་རྙེད་པར། ལབ་དེ་ཟེར་བའི་མཆོད་གནས་རྒྱ་བན་རྨུ་རྒོད། འབྱོར་རྫས་ཀྱིས་དབུལ་བ་གཅིག་ཡོད་པ། དེ་བཏང་། ཁོས་ཀྱང་། ཡོན་མཆོད་འབྲེལ་ཆེ་བ་ལ་བསམ། སླར་བརྒགས་ལ་སོགས་པ་ལ་བལྟས་ནས། ་ཆས་སུ་ཞུགས་ཕྱིན་པ། དམག་པོ་ཆེ། གོ་བཤེར་བའི་སྐབས་སུ། རྒྱལ་པོའི་ཞལ་ལྟས། བནྡྷེ་དམག་ཆས་སྤྲད་པ(༡༨༦.ན)འདི་ལྟ་བུ། ཁྲིམས་གཉིས་ཁ་ཁྱད་གསད། དཔེ་སྲོལ་ལ་གནོད་པ་ཡིན་པས། ཁོ་རང་ཁྲིམས་ལ་སྒྲོལ། ཁོའི་བཆུ་འོག་རྣམས་ལ་དབྱུགས་པ་བརྒྱ་དང་བདུན་རེ་རྒྱབ་པོ་ཟེར་བ་བྱུང་པ་ལ། ཁོ་དབུལ་བས། མིག་ཉེའི་དབང་དུ་སོང་བ་ལ་སོགས་རྒྱུ་མཚནན་ཞུས། ཁོ་རང་དབྱུག་པ་གྲངས་མེད་བརྒྱབ་ནས། ཤི་ལ་ཐུག་པར་བྱས། ས་དབྱུགས་པ་ཕོགས་པ་རྣམས་ཀྱང་།ལུས་སེམས་དུབ་པ་དང་། ཁོ་ལ་འཁོར་ནས། དམག་བྱིན་པོའི་ཤུལ་དུ་ལུས་པ། རེ་ཞིག་ནས། ཁོང་རྣམས་ལུས་གསོས་པ་དང་། བན་ངྷེ་ལོག་པོ་དེས། བློ་སྟོན་ནས། ངོ་ལོག་རྩོམ་པར་གྲོས་འཆམ། ཕོ་བྲང་གི་ནུབ་ཕྱོགས་རྒྱ་མཚོའི་གླིང་ཆུང་བཙན་པ་གཅིག་བཟུང་ནས། ཐག་ཉེ་རིང་མེད་པའི་སུ་འཕྲད། མཐོང་ཚད་ཐམས་ཅད་བཅོམ་འཕྲོགས། གསད་བཟུང་བྱས་པས། དེ་ཕྱོགས་ཀྱི་མི་ཐམས་ཅད། རིམ་པས། ཁོའིའོག་ཏུ(༡༨༦ བཞུགས་དགོས་པ་བྱུང་ཞིང་། ཁོང་དཔོན་གཡོག་རྣམས་ལ། དབང་ཆེས་ཀའཕྲོགས་པའི། གཞི་བུ་མས་ལ་སོགས་ཀྱང་བྱུང་ངོ་། །མཐར་ལོ་གཅིག་གཉིས་ནས། གྱང་སི་ཞིང་ཟེར་པའི། ཞིང་གཅིག་ཧྲིལ་པོ་ཙམ། ཁོའི་དབང་དུ་འདུས་པར་གྱུར་ཏེ། དེ་སྐབས་ནས། ལབ་དེ་ཁོས། ཧོར་རྒྱལ་པོ་ལ་ཞུ་བ་བཏང་ནས། ཁྱེད་ཀྱི་སྲས་པོས་ང་ཉེས་མེད་ལ་ཁྲིམས་ཕབ་པས། དིང་སང་ངའི་འོག་ཏུ། ཞིང་གཅིག་འདུས་ཕོད་པས། ད་ང་ལ། དབང་གི་ལུང་ལས་ཁ་གསེར་དམ་དང་བཅས་སྟེར་དགོས་བྱས་པས། རྒྱལ་པོའི་གསུངས་ནས། ཁོ་རྩ་བ་རིགས་རྒྱུད་སུ་ཡིན་རྩད་ཆོད། ཧོར་ཡིན་ན། ཁོ་རང་ཞུ་བ་བཞུན་སྟེར་དགོས་པ་ཡིན་ཡོང་ཟེར། དེར་ཞིབ་ཏུ་དྲིས་པས། འོ་ན་དབང་གི་མིང་། སྟེར་དུ་མི་རུང་གསུང་ནས། ཁོ་ལ་དེ་བཞིན་གྱི(༡༨༧.ན)ལུང་བསྒྱུར་བས། ཁོང་ཁྲོས་ཤིང་། དེ་དུས། ཁོ་ལ་བུ་ཆུང་སྨྲ་ཤེས་པ་ཙམ་ཅིག་ཡོད་དེས་ཀྱང་། སྨྲ་བའི་ཐོག་མར། ཧོར་རྒྱལ་པོ་གསུང་དང་། མཛད་སྤོད་ཀྱི་ལད་མོ་ཁོ་ན་བྱེད་གཅིག་བྱུང་བས། ཕས་རྟེན་འབྲེལ་ཤིས་པར་གོ་ནས། ཡང་རྒྱལ་པོ་ལ་ཞུ་བ་བསྐྱར་མ་བཐང་པ་ལས། རྒྱལ་པོ་ཁྱོད་ཀྱིས། ང་འདོད་བཞིན་ལས་ཁ་བྱིན་ན། ངས་ཀྱང་། ཁྱོད་འདོད་པ་བཞིན་བྱེད་བསམ་པ་ཏིནཏེ། དེ་བཞིན་མི་འཐད་ན། དབང་གི་ལས་ཁ་རང་རང་གིས་བཀོད་པས་ཆོག དཕྱིན་ནས། ངའི་རྒྱལ་ཁམས་ལ། ཁྱོད་ཀྱིས་ལུང་མི་འགྲོ་ཟེར་བ་བྱུང་ཞིང་། དེ་ཉིད་ནས་ཁོ་རང་ལ། ཏའི་མིང་དབང་ཟེར་བ་བཏགས་ནས། ཁྱོན་གྱིས་མི་དཔོན་ཆེན་པོ་རྣམས་ལ་འང་། སྤྲི་ཡིག་གཏང་། མངས་ཐང་། ལོ་རེ་བཞིན་ཡར་འཕེལ་དུ་འགྱུར། དེའི་གྲགས་པ་ཐོས་པས། དང་པོར། ལབ་དེ་དམག་ཚབ་ལ་གཏོང་མཁན་གྱི་གནས་པོ་དང་། (༡༨༧.བ)བཅུ་འོག་གི་ཉེ་ཚན་འདྲ་ཡང་། ཁོའི་སར་ཕྱིན། ཕྲད་དུས། སྔར་གྱི་བྱས་བྱུང་།ལན་རྩ་འདེད་པའི་བློ་སླད་ནས། ཟླ་གྲངས། དུས་ཚེས་འདི་ཙམ་ལ་ངེས་ཀྱི་ཕྱི་ནས། དམག་སྟོབས་ཅན་ཁྱེར་ཡོང་། ཁྱེད་ཕོ་བྲང་ནང་ན་ཡོད་པ་རྣམས་ཀྱིས། ནང་དུ་ཐབས་ཤེས་གང་གྲུབ་ལྟོས། ངའི་བུ་འདི་ཡང་ཆུང་ངུ་ནས། རྒྱལ་པོས་བྱ་བ་བྱེད་ཀྱི་ཡོད་པས། ཧོར་གྱི་རྒྱལ་ས་འཕྲོགས་ཐུབ་པར་ངེས་སོ་ཟེར་ཏེ། དེ་བཞིན་བྱེད་པར་གྲོས་འཆམ། དུས་བསྒྲིགས་ནས་། གནས་པོ་བསྐོར་རྣམས་ཕོ་བྱང་དུ་སླེབ་པ་དང་། སྔར་ཉེས་པ་པོགས་པའི་ཆིང་སང་གཅིག་ཡང་སྲོས་ནས། ལབ་དེའི་དམག་ཙན་ཆེ་བ་ཡོང་གི་ཡོད་པར་འདུག་ཟེར་སྐད་ངན་མཚོར་བའི་སྐབས་དེར། ཆིང་སང་དེར། ཕོ་བྲང་ནང་གི་གྲོང་པ་ཤས་ཆེ་བ་ན། རྒྱལ་པོས་ལུང་ཡིན་པས། སང་སྔ་མོར། ཕོ་བྲང་གི་ཟུར་དུ། དར་སྐྱེར་ཁ་ཅིག(༡༨༨. ན)བཙུགས་ཡོང་།དེ་བྱུང་ཕྲལ་ལ། ཁྱེད་རྣམས་ཀྱི་སྟེང་དུའང་། དར་སྐྱེར་ཁ་རེ་ཚུགས་ཤིག དེ་བཞིན་སུ་མ་བྱས་པ་ལ། ཉེས་པ་ཡོོད་དོ་ཟེར་པའི་དྲིལ་བསྒྲགས། སང་སྔ་དྲོ་དེ་བཞིན་བྱས་ཏེ། ཕོ་བྲང་ནང་གི་ལྷ་པ་གཅིག་གི ཁང་སྟེང་དུ་དར་བཙུགས་འདུག་པ་ལ། རྒྱལ་པོ་ན་རེ། འདི་ཅི་ཡིན་གསུངས་པ་ལ། ཆིང་སང་དེས། ལབ་དེྭའི ་དམག་ཚན་སྤྱན་ཉེ་མོར་གཏུགས་ཡོང་ཡོད་འདུག་པས། ཕོ་བྲང་གི་ཆིང་སོ། །རྒྱལ་ཁམས་ཕྱིན་པོ་ནི། ཁར་སང་ནས། ཁོ་ལ་ངོ་ལྟས་ཚར་ཟེར། ནང་གི་དར་བཙུགས་པ་འདི་རྣམས་ཀྱང་། རང་རེ་ལ་ངོ་ལོག ཁོའི་དར་གྱི་བརྡའ་ཆད་འདུག་པས། ད་ཇི་ལྟར་མཛད། རྒྱལ་པོ་རང་ཡང་། ཁོ་ལ་ངོ་ལྟའམ། ཧོར་ཡུལ་ལ་འབྲོས་པ། གང་ཐད་བྱ་རན་པར་འདུག་ཟེར། དེ་འཕྲད་རྩིས་པ་རྣམས་བོས་ནས། རྩིས་བྱས་པས། ད་ལན་རྒྱལ་ས་འཆོར་བར་འདུག གོང་མ་(༡༨༨.བ)ཧོར་ཡུལ་ལ་བྱོན་པ་ལེགས། ཕྱིས། རྒྱལ་ས་འདི་ཧོར་གྱིས་ལོན་པ་ཡང་ཡོང་བར་འདུག་ཟེར་བ་བྱུང་ནས། དེ་ལ་མངོན་པར་གཏད་དེ། གོང་མ་ཐོ་གོན་ཐེ་མུར་རྒྱལ་པོ་ཡབ་སྲས། རྩ་བའི་ཧོར་གྱི་མི་དཔོན་སྟོད་རིམ་རྣམས། དམག་འབུམ་ཕྲག་གཅིག་ཙམ་ཡོད་ཟེར་བ་དང་བཅས་པ་རྣམས་ཀྱིས། ནོར་བུའི་ཐམ་ཁས་འགོ་བྱས། ཁྱད་ནོར་དྲག་ཤོས་གང་ཐེག རྟ་དང་། གླང་པོ་དང་། ་རྔ་མོ་ལ་སོགས་ལ་བཀལ། །ཕོ་བྲང་གེ་བྱང་སྒོ་ལ་སྲིད་ལ་འཐོན་ནས། ཧོར་རང་ཡུལ་ལ་བྱོན་པ་ཡིན་ཟེར་ཞིང་། དེ་རྟིང་ཞག་གསུམ་བར་ལ། ཕྱི་ནས་དམག་ཀྱང་མ་སླེབ། ནང་ན། ལབ་དེ་ཕྱོགས་ཀྱི། དཔུང་མི་ལེགས་ཀྱང་མེད་པར། གོང་མ་བྲོན་པའི་སྒོ་སྡེམས་མི་ཡང་མ་བྱུང་། ཕོ་བྲང་རྩེ་སྟོང་བ་ལིས་པས། ཧོར་ཞེན་ཆེ་བ་འདྲས། གོང་མའི་ཕྱི་ལ་ཞུ་བ་བཏང་ནའང་། ཧོར་དམག་བསྐུལ་ནས་ཡོང་ཟེར། (༡༨༩. ན)བཟློགས་མ་ཕོད། ཞག་གསུམ་སོང་པའི་སྔ་དྲོ། སྔན་ལ། ལབ་དེྭ་ཕ་བུ་དྲག་བཏུས་སྟོང་ཙམ་གཅིག ཕོ་བྲང་རྩེར་སླེབ། དེ་འཕྲལ་ལ་བྱང་སྒོ་བསྡམས། ལྷོ་སྒོ་ལ། ཁོ་འེ་རྣམས་རིམ་པར་བཅུག་སྟེ། སང་སྔ་དྲོ་ནས། ནང་རེ་བཞིན། རྒྱ་ཧོར་ཆེ་གོ་གསལ་བྱས་ནས། ཧོར་མི་གྲངས་བརྒྱ་བརྒྱ་བསྒྲལ་ནས་ཚར་བཅད་པར་འདུག་ཟེར་ཞིང་། དེ་ནས་ལབ་དེྭའི་བུ་ལ། རྒྱལ་ས་བརྐོས་ནས། རྟའི་མིང་རྒྱལ་པོར་མཚན་གསོལ།་ རྒྱལ་ཁམས་ཀྱིས་བདག་པོ་བྱས་བ་ཡིན་ཅིང་། དེ་ལྟའང་།་ རྒྱའི་རུ་མཚོན་གྱི་དར་ཐམས་ཅད་སྐེར་ཁར་བྱེད་པ་ཇའདི་ཐོག་མར། །ཕོ་བྲང་གི་ནང་དུ་དར་སྐྱེར་ཁ་བཙུགས་པ་དེའི་རྟེན་འབྲེལ་ལ་བརྟགས་པ་ཡིན་ཟེར་རོ། ཧོར་གྱི་རྒྱལ་པོའི་ཐོག་མ། ཐའིཛུང་ཇིང་གིར་རྒྱལ་པོས། རྒྱ་ནག་རྒྱལ་ས་ཐོབ་ནས།་ རྟིང་མ་ཐོ་གོན་ཐེ་མུར་རྒྱལ་པོས། ས་ཕོ་སྤྲེལ་ལོ་ལ། རྒྱལ་ས(༡༨༩་)ཤོར་བ་ཡན་ལ། །ལོ་བརྒྱ་དང་ལྔ་བཅུ་ང་གཅིག་སོང་ཅིང་། །ཧོར་གྱི་རྒྱལ་རབས་ཀྱང་གྲངས་བཅོ་ལྔ་བྱུང་འདུག ཆོས་རྗེ་པན། །དགུང་ལོ་དྲུག་ཅུ་རྩ་གསུམ་པ། ཤིང་ཕོ་འབྲུག་ལོ་ལ། ཧོར་གྱི་གསེར་ཡིག་པ་ལ་སྔ་བ། རྡོར་ཐ་ཆེས། ས་སྐྱ་ནས་གདན་དྲངས་ནས་བྱོན། ལམ་བར་ལ་ལོ་གསུམ་སོང་། དྲུག་བཅུ་རེ་དྲུག་བཞེས་པ། མེ་མོ་ལུག་ལོ་ལ། བྱང་ངོས་སྤྲུལ་བ་སྡེར། ཧོར་རྒྱལ་པོ་ཨེ་ཆེན་གོ་དན་དང་འཇལ་ནས། ཧོར་གྱི་རྒྱལ་ས་ཤོར་བ་ཡན་ལ། ཧོར་སྐྱ་པ། ཡོན་མཆོདལོབརྒྱ་དང་བཅུ་དྲུག་མཛད་འདུག་གོ །སེ་ཆེན་རྒྱལ་པོའི་བཙུན་མོ་ཆུང་བའི་སྲས། །ཨ་རོག་ཆེ། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་ནས། རྒྱ་བོད་འཚམས་སུ་བཞུགས། དབུས་གཙང་དུའང་བྱོནནས། ངོ་ལོག་མང་པོ་མནན། དེའ་སྲས་ཐེ་མུར་སྦོ་ཁས་ཀྱང་། གདན་ས་ཆེནཔོའི་ཞབས་ཏོག་དང་། ཁྲིམས་(༡༩༠.ན)ལ་ཕན་པའི་བྱ་བ་བཟང་པོ་མང་པོར་བྱས། དའི་སྲས་ལབ་དེ། ཡབ་ཀྱི་གོ་སར་བསྐོས་ནས། དབུས་གཙང་དུ་མ་བྱོན། མ་ཆུང་པའི་བུ་ཆོས་དཔལ་ལ། ཙིང་དབང་གི་མི་བྱིན། དབུས་གཙང་དུ་མ་བྱོན། །རྒྱལ་གྱི་རྩི་རིའིསྟོད་ཧོར་གྱི་དནག་དཔུང་བཏུལ། འབྲི་ཁུ་སྒོམས་པ་ཁྲིམས་ལ་བསྒྲལ། དེའི་བུ་རྒྱུད། པད་མ་ཏ། རི་རྩིང་དབང་དང་པྲད་ཛྙཱ་དབང་ལ་སོགས་པ། ག་ཆུ་ན་ཡོད་པ་རྣམས་ཡིན་ཅིང་། ཕྱི་སྐོར། དབུས་གཙང་དུ་ཕེབས་པའིརྒྱལ་བུ་ཧོང་ཐའིཚེ། ་རྫོང་ཕིང་ཆེན་པོ་ཡབ་སྲས་པའང་ཡིན་ནོ། ཧོར་གྱི་རྒྱལ་རབས་མདོར་བསྡུས་རིམཔ་ནི། དང་པོརགནམ་ནས་བྱོན་པའི་སྦོར་ཏ་ཆེ། ཡེ་སུ་ག་དུར་ཡང་བཏབ་བཅུ་དགུ་ནི། ཧོར་ཡུལ་རང་དུ་རྒྱལ་རྒྱུད་རིམ་པར་བྱ། རྒྱ་ནག་རྒྱལ་ས་བཟུང་པ་ཐོག་མའི་མཚན། ཇིང་གིར་རྒྱལ་པོ་འགྲོ་བའི་མགོན། ཤིང་ཕོ་རྟ་ལ་སྐུ་འཁྲུངས་པ། སོ་གསུམ་ལོན་པའི་ས་སྟག (༡༩༠.བ)ནས། ་རྒྱལ་སྲིད་ཉེར་གསུམ་མཛད་ལ་འདུད། ཧོར་གྱི་རྒྱལ་པོ་གཉིས་པ་ནི། ་ཨོ་ཀོ་ཏའི་རྒྱལ་པོས་ཏེ། རྒྱལ་ས་ལོ་དྲུག་མཛད་ལ་འདུད། ཧོར་གྱི་རྒྱལ་པོ་གསུམ་པ་ནི། གོ་ཡུག་རྒྱལ་པོ་ཞེས་བྱ་སྟེ། རྒྱལ་ཟླ་དྲུག་མཛད་ལ་འདུད། ཧོར་གྱི་རྒྱལ་པོ་བཞི་པ་ནི། མོང་གོར་རྒྱལ་པོ་ཞེས་བྱ་སྟེ། རྒྱལ་ས་ལོ་དགུ་མཛད་ལ་འདུད། ས་སྐྱོངས་རྒྱལ་པོ་ལྔ་པ་ནི། སེ་ཆེན་རྒྱལ་པོ་ཤིང་མོ་ཕག སོ་བཞི་ལོན་པའི་ལྕགས་སྤྲེལ་ནས། ལོ་ནི་སུམ་ཅུ་རྩ་ལྔའི་བར། མི་དབང་རྒྱལ་སྲིད་བསྐྱངས་ལ་འདུད། ཧོར་གྱི་རྒྱལ་པོ་དྲུག་པ་ནི། ཨོལ་ཇ་དིའི་རྒྱལ་པོས་ཏེ། ལོ་ནི་བཅུ་གསུམ་བར་དག་ཏུ། རྒྱལ་ས་མཛད་པ་དེ་ལ་འདུད། ཧོར་གྱི་རྒྱལ་པོ་བདུན་པ་ནི། གོ་ལུག་རྒྱལ་པོ་ཞེས་བྱས་ཏེ། ་རྒྱལ་ས་ལོ་ལྔ་མཛད་ལ་འདུད། ཧོར་གྱི་རྒྱལ་པོ་བརྒྱད་པ་ནི། བུ་ཡན་དུའི་རྒྱལ་པོ་སྟེ། (ཨ་མུ་པར་ས་རྟ་ཡང་ཟེར)། །རྒྱལ་(༡༩༡.ན)ས་ལོ་དགུ་མཛད་ལ་འདུད། །ཧོར་གྱི་རྒྱལ་པོ་དགུ་པ་ནི། །གོ་གན་རྒྱལ་པོ་(པི་ཏི་པ་ལ་ག་སི་ཁྱུང་ག་ཡང་ཟེར)ཞེས་བྱ་སྟེ། །རྒྱལ་ས་ལོ་གསུམ་མཛད་ལ་འདུད། །ཧོར་གྱི་རྒྱལ་པོ་བཅུ་པ་ནི། །མེ་སུན་ཐེ་མུར་ཞེས་བྱ་སྟེ། །རྒྱལ་སྲིད་ལོ་ལྔ་མཛད་ལའདུད། །ཧོར་གྱི་རྒྱལ་པོ་བཅུ་གཅིག་པ། །ར་ཁྱི་ཕག་ཞེས་བྱ་བ་སྟེ། །ཞག་པོ་བཞི་བཅུ་ཐམ་པའི་བར། །རྒྱལ་སྲིད་མཛད་པ་དེ་ལ་འདུད། །ཧོར་གྱི་རྒྱལ་པོ་བཅུ་གཉིས་པ། །ཀུ་ཤ་ལ་ཞེས་བྱ་བ་སྟེ། །རྒྱལ་སྲིད་ལོ་གཅིག་མཛད་ལ་འདུད། །ཧོར་གྱི་རྒྱལ་པོ་བཅུ་གསུམ་པ། འཇའ་ཡན་དུའི་རྒྱལ་པོ་སྟེ། །རྒྱལ་ས་ལོ་ལྔ་མཛད་ལ་འདུད། །བཅ་བཞི་པ་ནི་རན་ཆེན་དཔལ། །རྒྱལ་ས་ཟླ་གཅིགམཛད་ལ་འདུད། ་ཧོར་གྱི་རྒྱལ་པོ་བཅོ་ལྔ་པ། །ཐོ་གོན་ཐེ་མུར་རྒྱལ་པོ་དེས། །ཆུ་མོ་བྱ་ནས་ས་སྤྲེལ་ལོའི། །ཧོར་ཟླ་བརྒྱདཔའི་ཉེར་དགུའི་ཡན། །རྒྱལ་སྲིད་སུམ་ཅུ་རྩ་དྲུག་བར། །ཆོས་བཞིན་(༡༩༡.བ)བསྐྱངས་པ་དེ་ལ་འདུད། །རྒྱལ་རབས་བསྐྱབངས་གྲངས་བཅོ་ལྔ་ཡིས། །དང་པོར་རྒྱལ་སྲིད་ཇིང་གིར་གྱིས། ས་སྟག་ནས་བཟུང་ཐ་མའི་བར། །ཐོ་གོན་ཐེ་མུར་ས་སྤྲེལ་ལོ། ཧོར་ཡུལ་བྱོན་པ་ཡར་བཅད་ལ། །ལོ་ནི་བརྒྱ་དང་བཅུ་ཕྲག་ལྔ། །གཅིག་དང་བཅས་པར་རྒྱལ་སྲིད་བསྐྱངས། །མེ་མོ་ལུག་ལ་བྱང་ངོས་སུ། །ཆོས་རྗེ་ས་པཎ་ཨེ་ཆེན་དང་། །མཇལ་ནས་ས་སྤྲེལ་མར་བཅད་ལ། །ཧོར་དང་ས་སྐྱ་ཡོན་མཆོད་དུ། །འབྲེལ་བའི་ལོ་གྲངས་བརྒྱ་དང་བཅུ། །དྲུག་གི་བར་ལ་བསྟན་པའི་སྲོལ། །གསལ་བར་མཛད་པ་རྣམས་ལ་འདུད། །ས་ཕོ་སྤྲེའི་ལོ་ལ། །རྒྱ་རྟའི་མིང་རྒྱལ་པོས། །རྒྱ་ནག་གི་རྒྱལ་ས་བལྔ་ནས། །ད་ལོ། ཤིང་མོ་སྟག་ལོ(གོང་དཀར་གཞི་འཛོམ་ལ་རྐྱེན་ནས། །དབུས་གཙང་སྡེ་སྡུག་ཆེན་པོ་ལང་པ།ི་དུས) །སྲོག་སྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། །ལོ་དྲུག་ཅུ་རེ་བདུན་སོང་འདུག་གོ །སྔོང(༡༩༢.ན )ཐང་གི་རྒྱལ་པོ། །ཡེ་ཧུ་ཏི་ཟེར་བའི་དུས། །རྒྱལ་ཁམས་ཀྱི་མིང་ལ། །ཐང་ཟེར་བ་འདུག་དེའི་དོན་རྒྱལ་ཁམས་དགའ་བ་དང་སྐྱིད་པ་ཟེར་རོ། །དེ་རྟིང་། གཡུང་རྒྱལ་པོའི་དུས་སུ།་ །རྒྱལ་ཁམས་ཀྱི་མིང་ཧེའི་ཟེར། །དེའི་དོན། རྒྱལ་ཁམས་སློང་ནུས་པའི་ཡོན་ཏན་ཟེར་རོ། །དེ་རྟིང་།རྒྱལ་རབས་ཁ་ཡར་ལ། །རྒྱལ་ཁམས་ལ། མིང་ཟུར་པ་མ་བཏགས། །ཧོར་ཟིང་གིར་རྒྱལ་པོས། རྒྱལ་ཁམས་ཀྱི་མིང་རྟའི་དབེན་ཟེར་བར་བཏགས། དེའི་དོན། ཇི་ལྟ་བུ་ཡི་ཟེར་བ་ཡི་གེའི་ནང་ན་ཡོད་པས། ཁེན་དབེན་ཟེར་བའི་ཡིག་འབྲུས། ཡངས་པ་དང་། ཆེན་པོ་རྒྱས་པ་འདི་ཡིན་པར་སོང་ན། བདེན་པ། བརྟན་པའི་གདན་ས་ཟེར་བ་ཡིན་ནོ། རྟའི་དབེན་མཐོང་ཇིའི་དེབ་ཐེར་ཟེར་བའང་། རྒྱལ་ཁམས་ཆེན་པོར། ཁྲིམས་ཀྱི་བྱ་བ་ཕྲགས་བྱེད་ཚུལ་རྣམས་། ཞིབ་པར་བཏབ་ཡོད་པའི་རྟའི་དབེན་མཐོང་ཇི། (༡༩༢.བ)ཐོ་ལིང་བྱུས་སྐྱའུ། འདི་བོད་སྐད་དུ་བསྒྱུར་ན། ཤཱཀྱའི་བསྟན་པ་འཛིན་པ་རྒྱལཁམས་ཆེན་པོའི་སློབ་དཔོན་ཟེར་རོ། །ཀོནྟིང་གུ་ཤྲཱི་ཆང་གུའི་གུང་། བོད་སྐད་དུ། སྤྱི་བོར་བྱུག་པའི་རྩ་བའི་རྡོ་རྗེ་སློབ་དཔོན་ཟེར་རོ། །ངྷིམ་ཟམ་ལུ་སོན་ཝི་པི་དུ་དབེན་ཤ་ཧུའི་མི་དཔོན།ལྷ་ཁང་མང་པོའི་བདག་པོ་ཟེར་བ་ཡིན། བིད་དབུས་གཙང་དུ། ཐོག་མར། ཧོར་ཇིང་གིར་རྒྱལ་པོས། རྒྱ་ནག་རྒྱལ་ས་ལོན་ནས། རྒྱལ་ཁམས་བྱིང་པོ་གནན། བུ་རྣམས་ལ། ས་བགོས་བྱས་པའི་དུས་དང་། གཞན་ཡང་། རྒྱལ་པོ་ན་རིམ་གྱི་བར་ལ། ལྷ་སྡེ། མི་སྡེ་ཕྱེ་གསལ་དང། ས་རྩི། དུད་འགྲང་ལུགས། ཅི་རིགས་སུ་བྱུང་འདུག་ན་འང་། འདིར་ཧོར་རྒྱལ་པོ་ཐོ་གོན་ཐེ་མུར་རྒྱལ་སར་ཕེབས་ནས། ཐོ་ཞུ་ཨ་ནུ་གན་བྱ་བ་དང་། གེས་ཆག་རྟའི་ཕིང་ཆང་མངགས་ནས། དབུས་གཙང་དཔོན་ཆེན། གཞོན་(༡༩༣.ན)དབང་སྐྱར་མའི་དུས། མི་རྩིས། དུདགྲངས། ཧོར་དུས་བཅས་པ་ན་འདི་ལྟར་སྣང་ངོ་། ཁང་པ་ཀ་བ་དྲུག་གི་ཁྱོན་ཅིག། ཞིང་། ཧོར་དཔོན་ཁལ་བཅུ་གཉིས་ཀྱི་ས། མི། བཟའ་མི་བུ་ཚ། བྲན་འཁོར་ཕོ་མོ་དང་བཅས་པས་དྲུག ཕྱུགས་སྒམ་སྨོས་བཞོན་གསུམ། ར་ལུག་མགོ་ཆེན་གཉིས་རྣམས་ལ། མགོ་སེ་ཉི་ཤུ་བཞི་ཡོད་པ། དེ་འདྲ་གཅིག་ལ་ཧོར་དུས་ཚང་མ་གཅིག་ཟེར་བར་འདུག་ཅིང་། ཧོར་དུས་ལྔ་བཅུ་ལ། རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ། སྟོང་སྐོར་ཅིག དེ་བཅུ་ལ། ཁྲི་སྐོར་གཅིག་ ཟེར་ཅིང་། ཁྲི་སྐོར་ལུགས་ཅན་ཚང་མ་ལ།ལྷ་སྡེ་སྟོང་འཁོར་དྲུག་བགོས་པ་ཡིན་འདུག ཁྲི་སྐོར་བཅུ་ལ། གླུ་གཅིག དེ་བཅུ་ལ། ཞིང་གཅིག ཟེར་རོ། །འདི་བཞིན་རྩིས་པས། ཞིང་བཅུ་གཅིག ཧོར་སེ་ཆེན་རྒྱལ་པོའི་དུས། མངའ་འོག་ཏུ་བཅུག་པ་ཡིནའདུག་ཅིང་། ཞིང་གི་མིང་(༡༩༣.བ)ནི ། ཏའི་ཏུམཁར་ནང་ན། ཅིང་ཞི་ཞིང་། གམ་ཟའི་ཞིང་། གུ་རུམ་ཞིང་། ལོའི་ཡང་ཞིང་། བོད་ཆོལ་ཁམ་གསུམ་གྱིས་ཞིང་ཅིག་མ་ལོངས་ནས། བླ་མའི་བཞུགས་གནས་དང་། སངས་རྒྱས་ཀྱིབསྟན་པ་དར་བའི་ས་ཕྱོགས་ཡིན་པས། ཞིང་གཅིག་ཏུ་བགྲངས་པས། ་བཅུ་གཅིག་ཡིན་ཟེརརོ།ལས་ཁ་བཀོད་པའི་རིམ་པ་ནི། བཅུ་དཔོན། ལྔ་བཅུ་དཔོན། བརྒྱ་དཔོན། སྟོང་དཔོན། ཁྲི་དཔོན། གླུའི་དར་ར་ཁ་ཆེ། ཀླུ་གསུམ་ལ་དབང་ན། ཀླུ་གུན་མིན་དབེན་ཧུ ། ཞེས་པའིམིང་དང་། ཤེལ་གྱི་ཐམ་ཁ་གཏེར་བ་ཡིན་པར་འདུག་པ། བོད་དུ། དཔོན་ཆེན་ཤཱ་ཀྱ་བཟང་པོ་ལ་གནང་འདུག གཞན་དཔོན་ཆེན་ཕལ་ཆེ་བ་ལ། དྷིང་ཟམ་ལུ་སོན་ཝི་པི་དུ་དབེན་བ་ཧུ་ཟེར་བའི་མིང་དང་། དངུལ་ཐམ་གླིང (༡༩༤.ན )དྲུག་མ།་སྟག་མགོ་དང་བཅས་པ་སྟེར་བར་འདུག དཔོན་ཆེན་ཞེས་པ་ནི། བླ་མའི་ཉེ་གནས་ལ། བོད་ཀྱིས། ཆེ་མིང་བཏགས་པར་འདུག་ཅིང་། ཆོལ་ཁ་ཞེས་པ་དང་། ཧོར་རྒྱལ་པོས། བླ་མ་ལ། དབང་ཡོན་དུ་ཕུལ་བའི། མདོ་སྟོད་སྨད། དབུས་གཙང་དང་བཅས་པ་ལ། མིང་བཏགས་པར་འདུག རྒྱ་ཧོར་གྱི་ཡུལ་ན། ཞིང་དང་། ཁྲི་སྟོང་ལ་སོགས་མ་གཏོགས། ཆོལ་ཁའི་མིང་གི་བརྗོད་བྱ་མེད་ཟེར་རོ། ཞིང་དུ་ལོངས་ནས། ཞིང་གི་མི་དཔོན་ཆེན་པོཟེར། རྒྱལ་བརྒྱིད། བུ་དང་མག་པ་ལ་བསྐོས་པ་ཡིན་འདུག་ཅིང་། དབང་གི་མིང་དང་གསེར་གྱི་ཐམ་ཁ། གསེར་སྒོར། དངུས་སྒོར་སྟེར་བར་འདུག དེ་འང་། བུ་ཆེ་ཆུང་འབྲིང་དང་། ལས་ཚན་མང་ཉུང་རིམ་པ་གསུམ་དུབསྐོས་པ་ཡིན་གསུངས་འདུག རྒྱལ་ཁམས་ཆེན་པོ་འཇགས་དགོས་པའི་དོན (༡༩༤.བ ) ལ། རྒྱལ་པོ་ཡབ་སྲས་ལའང་། ངོ་བསྲུང་ནེད་པའི་སྙན་བསྐུལ་ཞུ་བ་དང་། རྒྱལ་བརྒྱད། མི་དཔོན་རྣམས་ཀྱིས་བསུས་པ་བཟོས་པ་དང་། བྱ་བ་ནོར་བ་བྱས་ན། འཆོས་པ་དང་། སྐྱོན་འཛིན་པའི་ཁྲིམས་ར་ཐའི་ས་གསུམ་ཡོད་པའི། ཀུའི་ཐའི་ཁྲིམས་ར། ཏའི་ཏུ་ན་ཡོད། སི་ཐའི་ཀིམ་ཆང་ཧུ་ན་ཡོན། གནམ་ཐའི་ཧང་བྱིའུ་ན་ཡོད་དོ། ཐའི་ས་གསུམ་གྱི་འོག་ན། གླེན་ཧང་སི་ཉི་ཤུ་རྩ་བཞི་ཡོད། ས་ཆེན་ལང་། སོན་ཧ། བཞིན་མིང་། ཙ་ཧོ་ཙ་ཧོ། །དེ་རྣམས་ཁྲིམས་ཀྱི་འགག་བཞི་ཡིན། དེ་བཞིའི་སྐོར་ལ། ཁྲིམས་ར་དྲུག བཞི་ཉི་ཤུ་རྩ་བཞི་ཡོད་པའོ། མི་ཆེན་ཧོར་གྱི་རྒྱལ་རབས་འདི་བྲིས་པའི་དགེ་ཆེན་རྣམ་དཀར་འབྲས་བུ་དེའི་མཐུས། ས་ཆེན་འདི་ལ་གནས་པའི་འགྲོ་བ་ཀུན། བདེ་ཆེན་ཐར་པའི་གླིང་དུ་མྱུར་བསྒྲོད་ཤོག། །མངྒ་ལམ།། (༡༩༥.ན ) ཧོར་སེ་ཆེན་རྒྱལ་པོའི་རང་ལུང་གིས། །མི་ཆེན་དས་སྨན་ལ་བཀའ་སྩལ་པ། །དས་སྨན་ཁྱོད་ཉིན་ཅིག བོད་འདིར། མི་ཐུ་མོ་ཡིན་པར་འདུག སྔོན་བོད་རྒྱལ་པོ་ཏོད་པའི་དུས། ཐང་ཐའི་ཛུང་རྒྱལ་པོའི་རིང་ལ།་ རི་བོ་རྩེ་ལྔ་བར། བོད་དམག་མང་པོས་ོུངས། བཧུ་དིང་ཧུའི་སར། བཀའ་མ་ལོག་ཟེར་བའི་དམག་ཚན་སྡོད་པ་བྱས་འདུག ད་ལྟ་བོད་ལ་རྒྱལ་པོ་མེད། ཇིང་གིར་རྒྱལ་པོའི་སྐུ་བསོད་ལས། རྒྱལ་ཁམས་ཆེན་པོ་དབང་དུ་བསྡུས། ས་སྐྱ་བླ་མའང་རང་རེའི་བླ་མཆོད་དུ་ཁུག་པ་ཌྷདི་ཡིན། བླ་མ་འཕགས་པ་ཁུ་དབོན་འདི་པ། ཡུལགྱི་རྒྱལ་པོ་ཡིན་ན། ཁོང་ཤེས་རབ་ཆེ་བས་རང་རེས་མི་ཐུབ། ད་ལྟ་རང་རེའི་འོག་ཏུ་ཆུག་པ་འདི་ཡིན། དས་སྨན་ཁྱོད། སྤྱོད་པ་བཟང་པོ་ཡོད་པས། ས་སྐྱ་བར་ཐེང་གཅིག་སོང་ཤོག བོད་བྱིང་པོ། སེ་ཆེན་གོ་དཔེ་ལའི་འོག་ཏུ་ཆུག་ནས། མི་ཆེན་དས་དམན(༡༩༥.བ) ཡང་། ས་སྐྱ་ན་སླེབ་ཡོད་པར་འདུག་ཟེར། གཏམ་སྙན་པོ་ཐོས་པ་ཡིན་གསུངས། དམ་སྨན་གྱིས་ཞུས་པ། རྒྱལ་པོ་ཁྱོད་ཀྱི་ལུང་བཞིན་འགྲོ་བར་བྱས། དེ་ལྟར་ནའང་། བོད་བྱ་བ། མི་ཐུ་མོར་འདུག་པ་དང་། ཀོང་རང་གི་རྒྱལ་ཁྲིམས་ཞིག རྒྱ་ཧོར་གྱི་ཁྲིནས། ཇི་བཞིན་མ་འཇགས། སོ་ཁ་རྣམས་ཀྱང་མ་ཚུགས་པར་ཡོད་འདིག་པས། ཕར་ཕྱིར་གྱི་མཐུན་རྐྱེན་སྦོར་བ་དང་། བྱ་བ་ཆེན་པོ་གྲུབ་པ་ཇི་ལྟར་ཡོང་ཡིན་ཟེར། ཡང་རྒྱལ་པོའི་ལུང་གིས། རང་ལ། བོད་བྱིང་པོ་འོག་ཏུ་ཆུག་ཡོད་པར་འདུག་ཟེར་བའི་གཏམ་སྙན་ཐོབ་པ་དེསཆོག།ཆས་ཁ། ཆ་རྐྱེན་གང་དགོས་མ་ཐུངས་པ་གན་པས་བསྐུར། ས་སྐྱ་མན་ལ། འཇའ་མོ་ཆེ་ཆུང་དུ་འོས།་ ས་འཇམ་རྩུབ། མི་སྡེ་དར་རྒུད། རྒྱ་འཇམ་ལ་དཔེས་ལས་ཚུགས་ཤོག བླ་མ་འཕགས་པ་ཡར་ཕེབས (༡༩༦.ན )དུས། འབྱོན་ལམ་བདེ་དགོས་པ་ཡིན། ཡང་དོན་གཅིག་ལ། ཁྱོད་སོན་ཇིང་དབེན་དུ་བཀོད་པ་ལ། བོད་ཀྱི་གནས་ལུགས་རྣམས་ཞིབ་པར་གོ་ན། གན་པའི་བྱ་བ་ཆེན་པོ་བྱེད་པ་དང་། མི་མང་པོ་ལ་ཕན་པ་ཡིན་པས་སོང་ཤོག་གསུངས་ནས། བླ་མའི་བཀའ་ཤོག་དང་། རྒྱལ་པོའི་འཇའ་ས་དགོས་རྣམས་གནང་། དས་སྨན་འཁོར་མང་པོ་དང་བཅས་པའི་ཡར་ཕྱིར་གྱི་ཆས། བོད་ཀྱི་བན་སྐྱ་རྒན་མགོ་དྲག་རིམ། སྤྱི་དགོས་ལ། གནང་སྤྱིན་གྱི་ཆར་རྐྱེན་བཟང་པོ་དང་བཅས་པ། གན་མཛོད་ཆེ་ཆུང་ནས་བསྐུར་ཏེ། ཡར་ཡོང་། ཐོག་མར་བོད་དུ། བསྟན་པ་ཕྱི་དང་གྱི། ཆོས་བྱུང་པ་ཡིན་པས། མདོ་སྨད་ཀྱི་ས་དན་ཏིན་ཤེལ་གྱི་ལྷ་ཁང་དང་། མདོ་སྟོད། གཙོ་མདོ་བསམ་འགྲུབ། གཙང་། དཔལ་ལྔན་ས་སྐྱ་རྣམས་སུ་རིམ་པར། མི་མང་པོ་བསགས། ལ་གང་འོད་(གང་ལ་གང་འོས)ཀྱི་གནང་སྦྱིན་སྤྲད། བཀའ(༡༩༦.བ)ལུང་རྣམས་བསྒྲགས་ཤིང་། རྒྱ་བོད་ཀྱི་སོ་འཚམས་ནས། ས་སྐྱ་མན་ལ། འཇམ་ཆེན། ཀུན་དྲིལ་ཉི་ཤུ་རྩ་བདུན་གཙུགས། སོ་སོར་ཕྱེ་ན། མདོ་སྨད་པ་འཇམ་པས། འཇའ་མོ་བདུན། མདོ་སྟོད་ལ། འཇའ་མོ་དགུ དབུས་གཙང་ལ་འཇའ་མོ་བཅུ་གཅིག དེའི་ནང་ནས་ཀྱང་། དབུས་པ་མཇའ་མོ་འཛིན་དགོས་པ་ལ། སོག ཤག རྩི་བར། ཤ་ཕོ། རྐོང་། དགོན་གསར། གྱ་བ་དང་བདུན། གཙང་པས་འཛིན་དགོས་ལ། སྟག ཚོང་འདུས། དར་ལུངས། གྲོམ་མདའ་རང་དང་བཞི་བཙུགས། སོ་སོའི་ཁྲིས་སྐོར་རྣམས་ཀྱིས། འཇམ་སྐྱོར་འདབ་པའི་བཀོད་པ་བྱས། བོད་བྱིང་པོ་ལ། རྒྱལ་པོ་ཡོན་མཆོད་ཀྱི་བཀའ་ལུང་ཕྲོད། ས་སྐྱ་འཁོར། བོོད་སྤྱིར་རྒོད་ཀྱིགནས་ལུགས་ཐམས་ཅད། ཁོང་དུ་ཆུག་ནས། རྒྱལ་པོའི་དྲུང་དུ་སླེབ། རྒྱུ་མཚན་རྣམས་(༡༩༧.ན)ཞུས་པས། གོ་ཆོད་འདུག་གསུངས། གསོལ་རས་དང་། གནང་སྦྱིན་བཟང་པོ་བྱིན། སོན་བྱིང་དབེན་གྱི་ཁྲིམས་དར། རྩ་བའི་དཔོན་ཆེན་ལ་བསྐོས། བོད་ཀྱི་འཇའ་མོ་རྣམས། གསར་བཙུག་ཡིན་པས། འཇག་པར་བྱེད་པའི་མི་གཅིག་དགོས་པར་ཡོད་ཞུས་པས། མི་ཆེན་ཨི་ཇི་ལག་ཟེར་བ་ལ། བོད་འཇམས་ཤེས་པའི་འཇའ་པ་དང། ཐོང་ཇིའི་ལས་ཁ་བྱིན་ནས། ཡར་ལ་བཏང་། དེ་ནས་བཟུང་སྟེ། ཧོར་ས་སྐྱ་པཡོན་དུ་ཇི་ཙམ་འབྱེལ་གྱི་བར་ལ། བོད་འཇམས་ཉི་ཤུ་རྩ་བདུན་པོ་བདེ་མོར་འཇགས་པས། བླ་མ་དོན་ཆེན། ཧོར་བོད་ཀྱི་གསེར་ཡིག་པ་རྣམས། འབྱོན་ལམ་བདེ་ཞིང། བོད་འབངས་བྱིང་པོ་སྐྱིད་པོར་བྱུང་སྐད། འདི་མི་སེ་ཆེན་རྒྱལ་པོས། ས་སྐྱར་གསེར་ཡིག་པ་མངགས་པའི་སྔན་མ་ཡིན་ཅིང། སངས་རྒྱས་ཀྱི་བསྟན་པ་དང་། ས་སྐྱ་པ་ལ་ཤིན་ཏུ་དད་པའི་མི་དཔོན་བཟང་པོ་གཅིག་(༡༩༧.བ)བྱུང་འདུག་པས། རྣམ་ཐར་ཟུར་ཙམ་བྲིས་པ་ཡིན། ཐོང་ཇི་ལི་ཇི་ལག་གིས། བོད་འཇམས་ཐོག་ཏུ་མ་སླེབ་གོང་དུ། ཧོར་རྒྱལ་པོས། བོད་འཇམས་ཐོག་ཏུ་མ་སླེབ་གོང་དུ། ཧོར་རྒྱལ་པོས། ལྗང་ཡུལ་ལ་དམག་ཐོག་བྱོན་དུས། མདོ་སྨད་ཀྱི་འཇའ་མོ་གཉིས། རྒྱ་འཇམས་ཀྱི་ཞོར་ལ། མར་བསྡུས་པའི་རིམ་ཤུགས་རྒྱབ་པས། མདོ་སྟོད་ག་རེ་གོ་དཔེའི་འཇའ་མོ་གཉིས། དབུས་གཙང་ལ་དྲིན་ཆེ་བར་བྱུང་གདའོ། ཧོར་སེ་ཆེན་རྒྱལ་པོའི་དུས། བོད་ཁམས་ཆེན་པོ་ལ། མི་རྩིས་དུས་གྲངས་བྱུང་བའི་དུས། མདོ་སྨད་བས་ཕར་རྩིས་པར་འདུག་པས། ག་ཆུ་རབ་ཁ་ན། ནང་སོ་ལ་གཏོགས་པའི་གཞིས་དང༌། གྱང་གའི་རྩ་ན། བླ་བ་མཁར་དང༌། དེའི་འོག་ན། དེམ་ཁང་གཞིས་བྱ་བ་ཡོད་པ། དེ་རྣམས། བླ་མ་འཕགས་པ་ལ། ས་ཕུད་དང༌། ལུང་གིས་ཕུལ་ནས། གན་འཇམས་ལ་སོགས། རྒྱ་བོད་ཀྱི་ཁྲལ་དུད་གང་ཡང་མི(༡༩༨.ན)འཁྲི་བ་གཙང་མར་ཡོད་པ་ལ། ཧོར་སོན་ལྔ་བརྒྱའི་ས་ཡིན་ཟེར་པར་འདུག དགེའོ། །
ཧོར་ས་སྐྱ་པ་ཡོན་མཆོད་དུ་འབྲེལ་ནས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། རྒྱ་ནག་ཏའི་ཏུའི་ཕོ་བྲང་དུ། ཐེང་གསུམ་བྱོན། གོང་མ་སསེ་ཆེན་རྒྱལ་པོ་ཡབ་ཡུམ་སྲས་བཅས་ལ། ས་སྐྱ་བའི་ཁྱད་ཆོས། རྒྱུད་གསུམ་གྱི་དབང་མོ་ཆེ། ཐེངས་གསུམ་བསྐུར་བའི་དབང་ཡོན་དང་པོ་ལ། དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་ཕུལ་བ་ནི། མངའ་རིས་རྫོང་ཁའི་འོག་གི བློ་ད་ལོ་རྫོང་གསུམ་ཁྲི་བསྐོར་གཅིག ལ་སྟོད་ལྷོ་བྱང༌། ཆུ་ཞལ་རྣམས་རེ་རེར་གྲངས་པས་ཁྲི་བསྐོར་བཞི། སྦྲ་བེར་ཁྱུང་གསུམ་ཁྲི་བསྐོར་གཅིག ཡ་འབྲོག མཚལ་པ་ཁྲི་བསྐོར་གཉིས། རྒྱ་འབྲི། གཡའ་ཕབ་ཁྲི་བསྐོར་བཞི། ཟུར་ནས་བསྡུས་པའི་གཅིག་འབྱུང་བ། ཇ་ཡུལ་ཧོར་དུད་སྟོང་ཕྲག་གཅིག འབྲུག་པ་ཧོར་འདུས་དགུ་བརྒྱར་བྱེད། སྟོང་དང་(༡༩༨.བ)དགུ་བརྒྱ་ཕྱེད་འཁྱེར་དུ། ཁྲི་བསྐོར་གཅིག་གི་བྱ་བ་སྒྲུབས། དེ་རྣམས་དྲིལ་བས་བཅུ་གསུམ་ཚད། དབང་ཡོན་བར་མ་ལ། ཆོལ་ཁ་གསུམ་ཕུལ་བའི་ཇ་ཡུལ་མངའ་རིས་གུང་ཐང་མན་སོག་ལ་སྐྱ་བོ་ཡན། དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་མན། རྨ་ཆུ་གུགཁུགཔ་ཡན། མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་མན། རྒྱ་མཆོད་རྟེན་དཀར་པོ་ཡན། དུད་འགྲོ་རྟའི་ཆོལ་ཁ་དང་གསུམ་པོ་དེ། མི་རྟ་ཆོས་གསུམ་གྱི་འབུལ་བའི་ལུགས་སུ་བྱས་ནས། ཕུལ་བར་འདུག་ཅིང༌། ཆོལ་ཁ་རེ་རེ་ལ། དཔོན་ཆེན་རེ་རེ། རྒྱལ་པོ་ཡོན་མཆོད་བཀའ་གྲོས་སུ་བསྟུན་ནས་བསྐོས་མཛད་འདུག དབང་ཡོན་རྟིང་མ་ལ། བླ་མའི་བཀའ་བཞིན་རྒྱའི་ཡུར་མ་ཆེན་མོ་ཕུལ་ནས། རྒྱ་མི་ཁྲི་ཕྲག་མང་པོ་སྲོག་ཐར་དུ་བཅུག་འདུག དེ་དུས། བླ་མ་འཕགས་པས། བསྔོ་བ། སྨོན་ལམ་འདི་་(༡༩༩.ན)ལྟར་མཛད་དོ། ནམ་མཁའི་ཁམས་ནི་ཁྲག་གི་མདོག་དམར། རྐང་ལེབ་རོ་ཡི་ཕྱིའི་རྒྱ་མཚོ་ཁེངས། འདི་འདྲ་བཅད་པའི་དགེ་བ་གང་དེ་ཡིས། །མཁྱེན་རབ་དབང་ཕྱུག་མཁྱེན་རབ་དབང་ཕྱུག་ཐུགས་དགོངས་རྫོགས་པ་དང༌། །ཕན་བདེའི་བསྟན་པར་རབ་ཏུ་རྒྱས་ཕྱིར་དང༌། །མ་དབང་སྐུ་ཚེ་ཤིན་ཏུ་བརྟན་ཕྱིར་བསྔོ། །ཞེས་གསུངས་ཤིང༌། སངས་རྒྱས་ཀྱི་བསྟན་པ་དང༌། འགྲོ་བ་སེམས་ཅན་གྱི་དོན་ལ། ཕན་པ་རྒྱ་ཆེན་པོ་མཛད་པར་གདའོ། །གོང་མ་སེ་ཆེན་རྒྱལ་པོ་དང༌། བླ་མ་འཕགས་པ། ཡོན་མཆོད་གཉིས་ཐུགས་སོད་འབྲེལ་གཏམ་གླེང་བའི་སྐབས་སུ། རྒྱལ་པོས། བླ་མ་ལ། དང་པོར། ཇིང་གིར་རྒྱལ་པོས། རྒྱལ་ཁམས་ཆེན་པོ་བསྡུས་པའི་དུས་དང༌། ངེད་ཀྱི་རྒྱལ་ཁམས་འཆོས་པ་དང༌། འཇགས་སུ་འཇུག་པའི་དུས་སུ་ཡང༌། བཤེ་མོང་ལེགས་པར་འདབས་པའི༌། ཧོར་གྱི་དམག་མི་རྣམས་ལ། ད་ལྟ་ནོར་གྱི་བཤེ་མོང་(༡༩༩.བ)ཞན་པས། བཤེ་མོང་མནོན་པའི་ཐབས་དང༌། འཆོས་ཕྱོགས་ཇི་ལྟར་བྱས་ན་འཐད་གསུངས་པས། བླ་མའི་ཞལ་ལྟས། ཁྱེད་རང་ལ་ཡོད པའི་མཛོད་ཀྱི་ཆ་རྐྱེན་དང༌། དམག་མི་རེས་པའི་གྲངས་ལོང་ལས་ལོ་འགའི་བར་ལ། གཞི་བཅས་ཀྱི་ལྟོ་གོས་འཚོ་བའི་གནང་སྦྱིན་བྱེད་པར་འོང་གསུངས་པ་བྱུང་ནས། དེ་བཞིན་བྱས་པས། དམག་མ་ལ། རྩ་བའི་ཧོར། ཁྲི་ཚོ་ལྔ་བཅུ་དང༌། རེས་པ་ཡང་ཚན་ཆེ། བར་བྱུང་ལ། གནང་སྦྱིན་བྱེད་པའི་ཆ་རྐྱེན་ལ་འདང་པར་བྱུང་པས། ཡང་རྒྱལ་པོའི་གསུངས་ནས། ད་ལྟ༌། ཆ་རྐྱེན་གྱིས་མ་བཅོགས་པས། ཧོར་ཡུལ་གྱི་ལྷོ་ཕྱོགས་ན། སྨན་ཚེ་ཞེས་བྱ་བའི་རྒྱལ་པོ་དང༌། དེའི་མངའ་འོག༌།མི་སྡེ་ཕྱུག་པོ་ཡོད་པར་འདུག དེ་རང་རེའི་དམག་གིས་བླངས་ན། བུ་རྟའི་བཤེ་མོང་བཅོས་ན། ཨེ་ཐད་གསུངས་པས། (༢༠༠.ན) བླ་མའི་གསུངས་ནས། ད་ལྟ་ཁྱེད་ལ་དོན་འདི་བསྒྲུག་པའི་མི། མི་སྣང་བས། མ་རིངས། ངེད་ཀྱིས་བརྟགས་པ་བྱེད་གསུངས། དེའི་ཕྱི་ལོ། རྒྱལ་པོའི་གཅུང་པ། ཨེ་ཆེན་ཧུ་ལ་ཧུས། གོང་མ་ལ་འདབ་ནོར་དང༌། ལོ་གསར་སྐྱེལ་བ་ལ། ཁོང་གི་རེས་དཔོན་བ་ཡན་ཟེར་བས་འགོ་བྱས་འུ་ལག་ལྔ་བརྒྱ་ཙམ་ཡོང༌། དྷ་མ་ལ་བྱེད་པ་དང་འཕྲད། ཤེས་རབ་ཆེ་བ། གཟུགས་བཟང་པའ་མི་དཔོན་དེ་ཉིད། རྟ་ཐོག་ཏུ་དྲི་བ་གཏམ་ལབ་བྱས་པས། གཅིག་ལ་གཅིག་འགུ་བ་ཡན། རྒྱལ་པོ་དང་མཇལ་འཕྲད་བྱས་རྟིང༌། རྒྱལ་བརྒྱུ། མི་དཔོན་རྣམས་ཀྱི་ཙར་ཧོར་ཡུལ་ནས། ཨུ་ལུག་ཟེར་བའི་མི་དཔོན་བཟང་པ་གཅིག་འདུག དེ་རྒྱལ་པའི་རྩ་ཏུ་སྡོད་འོས་པ་ཅིག་འདུག་བྱས། ལབས་པའ་གཏམ། གོང་མས་གསན་(༢༠༠།ྲབ)ནས། ཨུ་ལུག་འབོད་མཁན་བཏང༌། ཐུགས་ལ་བཏགས་ནས། ནང་བློན་ཆེན་པོར་གྱུར་ཏོ། །འདོས་ཀྱང༌། བ་ཡན་ཆིང་བསམ་ལ་ཕན་བཏགས་པའི་གཏམ། རྟིང་ལ་ཡོང༌། དེ་ནས་བ་ཡན། ཏའི་ཏུར་སླེབས་ནས། རྒྱལ་པོ་མཇལ་འཕྲད་བྱེད་པའི་དུས༌། ཕོ་བྲང་དུ། སྟོན་མོ་ཆེན་པོ་བྱེད་པ་ལ། བླ་མ་དམ་པའང་གདན་དྲངས། བ་ཡན་མཇལ་བའི་སྤྱོད་པ་དང༌། འགྲོ་ལུགས། ཞུ་བའི་གཏམ་བརྗོད་མཁས་པ། ཡོན་ཏན་ཆེན་བར་འདུག་པས། བླ་མས་མཁྱེན་ནས། རྒྱལ་པོ་ལ། མ་བཟང་པོ་ལ། མི་བཟང་པོ་ཁོ་པ་ལ་འདུག་གསུངས་པས། རྒྱལ་པོས་དགོངས་ནས། བ་ཡན་གྱི་ཚབ་ཏུ། གོང་མའི་རེས་དཔོན་གཅིག་དང༌། གསེར་ཡིག་པ་བྱིན་པོ་དེ་ལ། གནང་སྦྱིན་བཟང་པོ་བྱས། ལོ་ལན་བསྐུར་ནས་བཏང་བ་ཡན་སྡོད་གསུངས། གསུངས་ནས་(༢༠༡.ན) བསྡད་ཡོད་པའི་སྐབས། ཁོང་བ་ཡན དང༌། ཨུ་ལུག་གཉིས། གཅིག་ལས་གཅིག་བཟང་པའ་བློན་པོ་གཉིས་ཡོད་པའ་དུས་དེར། ཡང་རྒྱལ་པོས། བླ་མ་ལ། ད་བ་ཡན་འདི། སྨན་ཚེའི་ཕྱོགས་སུ་བཏང་ན་གསུངས་པས། དེས་ཕེར་བར་འདུག་ངེད་ཀྱི་དོན་གྲུབ་པའི་ཐབས་དང༌། རྟེན་འབྲེལ་བྱེད་གསུངས་ནས། བལ་པོ་ཨེ་ནེར་དགའ། སྤྲུལ་པའི་ལྷ་བཟོ་ལྟ་བུ་ལ་ཞལ་ཏ་མཛད། ཛུ་ཆུར་ལྷ་ཁང་དང༌། ཆོས་སྐྱོངས་མ་ཧཱ་ཀཱ་ལའི་སྐུ་འཁོར་དང་བཅས་པ་བཞེངས། རབ་གནས༌། བླ་མ་རང་གིས་མཛད། མགོན་པོའི་ཞལ། སྨན་ཚེའི་ཕྱོགས་ལ་གཟིགས་པ་མཛད། སློབ་དཔོན་དམ་པ་ཀུན་དགའ་ཆོས་སྐྱོང༌། དེར་བསྒྲུབ་པ་མཛད་པ་ལ་བཀོས། བ་ཡན་ལ། ཆོང་སང་གི་མིང་དང༌། ཐམ་ཁ་བྱིན་ནས། ཁོང་གི་གྲོགས་ལ྄། རྒྱའི་རིགས་ཀྱི། བྱང་བི་ཐང་ཇུས་ཕིང་ཆང་ཟེར་བའི་མཁས་པ་(༢༠༡.བ)གཅིག་ཡང་བཏང་ཞིང༌། ཆིང་སང་གིས་འགོ་བྱས། ཧོར་དམག་བྱིང་པོ་བརྫངས་ནས། སྨན་ཚེའི་རྒྱལ་ཁམས་ལོང་ལ་ཤོག་གསུངས་ནས།ལུང་བྱུང་དུས། བ་ཡན་ཆིང་ལང་གྀས། ངེད་སྨན་ཚེར་སླེབ་ནས། དམག་དཔོན་ཆེའ་བྱ་བ་འགྲ་མི་འགྲ་ཐེ་ཚོམ་བྱུང་དུས། ཞུ་བ་བཏོང་དགོས་ཏེ། ངེད་ཀྱི་གསེར་ཡིག་པ་གོང་མའི་དྲུང་དུ་འགྲོ་བ་དང༌། དེ་དགུག་པའ་བར་དུ། དམག་གི་འགྲོ་འདུག་ཇི་ལྟར་བྱེད་ཞུས་པས། ཁྱོད་བདེན་པར་འདུག ངའ་ལུང་ཡིན་གྱིས་ལས། ཁྱོད་རང་གིས་ཐག་ཆོད་ལ། བྱ་བ་རྣམས་འགྲིམ་དུ་ཆུག་གསུངས་པའི་ལུང་ཐོབ་ནས་ཕྱིན་པས། ཆིང་སང་དམག་ལེགས་ནས། སྨན་ཚེ་རྒྱལ་པའི་ཕོ་བྲང་ཡང་ཐོབ། རྒྱལ་ཁམས་བླང་ནས། ཐད་ཀར་ཐད་ཀར་མི་དཔོན་གྱི་དཀོད་བཞག་བྱས། སྨན་ཚེ་རྒྱལ་པོའི་མུ་ཏིག་གི་གོས་གཅིག་(༢༠༢.ན)ང་དམག་རྒྱལ་བའི་རྟགས་བྱེད་ཟེར་ནས། ཆིང་སང་གིས་བཟུང༌། གཞན་ཆ་རྐྱེན་བྱིང་པོ། རྒྱལ་པོ་ལ་འདབ་ཏུ་བཏང་བའ་དུས་སུ། སྨན་ཚེའ་ས་ཕྱོགས། རྒྱུས་ཡོད་པའི་མི་འགའ་རེས་མཁར་སྨིག ས་ཆ། མི་སྡེ་བཟང་སར། ལས་ཁ་ཞུས། འཇའ་ས་ཁྱེར་སོང་པ། བ་ཡན་གྱིས་འགྲིམ་དུ་མ་བཅུག་ཆ་གཅིག་པར། དང་པོར་ལུང་ཐོབ་ཡོད་པ་དང༌། མི་དཔོན་བཀོད་ཚར་བ་རྣམས་བརྟན་དུ་མ་བཅུག་ན། མི་སྡེ་ཁྲུམས་ཞིག་གིས་དོགས་པ་བྱས་ནས་བྱ་བ་འཇགས་རྟིང༌། རྒྱལ་པོའི་དྲུང་དུ་ཡོང་ནས་མཇལ་བའི་ཚེ། ཚིང་སང་རེས་དང་འཛོམས་པས། མཇལ་ཕྲད་གྲུབ་མ་ཐོབ། ཁོང་རང་གི་ཁང་པར་མ་ཡོང་པར། རེས་ཁང་དུ་སྡད་པའི་བར་ལ། རྒྱལ་པོས། ཁོ་ལ་རྒྱལ་ཆེན་པོ་ཡིད་དོགས་པ་གཅིག་བྱུང་ནས། ཟུ་གུར་ཆེ་གཅིག བ་ཡན་གྱི་ཙར་བཏང་ནས། ཁྱོད་བ་ཡན། (༢༠༢.བ)ཚན་པའི་མི་ཡིན་པ། གན་པ་ལ་སྲེས། མིང་དང་ལས་ཁ་ཆེན་པོ་བྱིན་ནས་བཏང་བ་ཡིན༌། སྨན་ཚེའི་རྒྱལ་ཁམས་ལོན་པ་ལ། བརྩོན་འགྲུས། བྱང་ཕིང་ཆང་གིས་བྱས། མིང་ཁྱོད་ཀྱིས་བླངས་ནས། ང་རྒྱལ་མ་བྱེད་གསུངས་པ་གཅིག་བསྐུར་ནས་བཏང༌། ཟུ་གུར་ཆེ་སོང་རྟིང༌། རྒྱལ་པ་ལ། ངའི་དོན་ལ། རྒྱལ་པོ་ཐུགས་བདེ་བར་མཛོད། ཚན་པའི་མི། ཚན་པ་ལ་བཞག་ན། ཚན་པར་འགྲོ། མི་ལས་ཁ་བྱིན་པ་འབེབས་ན། རྒྱལ་པོའི་རང་དབང་ཡིན། སྨན་ཚེའི་རྒྱལ་ཁམས་ལེན་པ་ལ། བརྩོན་འགྲུས། བྱང་ཕིང་ཆང་གིས་བྱས་ནས། མིང་བ་ཡན་གྱིས་བླངས་གསུངས་ཏེ། དེའི་རྒྱུ་མཚན་སྨན་ཚེ་རྣམས་ཀྱིས་ལབས་ཏེ་ཡོང༌། རྒྱལ་པ་ཁྱེད་ལ་དོན་གྲུབ་པས་མི་ཆོག་གམ། ཞུས་ནས་བཏང་པ་དང༌། གཏམ་འདི། རྒྱལ་པོ་ལ་ཞུས་པས། ངའི་གཏམ་(༢༠༣.ན)དེ་མགྱོགས་དྲགས། ཁོས་འདི་ཟེར་དུ་བྱུང་དོགས་གསུངས་ལོ། དེ་རྟིང༌། རྒྱལ་པོས།སྨན་རྩེར། འཇའ་ས་བྱིན་བཏང་བའི་མི། ཆིང་སང་གིས་འདྲིལ་མ་བཅུག་པ་དེ་རྣམས་ཀྱིས། བ་ཡན་གྱིས་སྨན་ཚེ་རྒྱལ་པོའི་ཆར་རྐྱེན་ལ། རང་ནོར་བྱས། གན་པ་ལ་མ་འདབས། འཇའ་སས་བཀོད་པའི་མི། འགྲིམ་དུ་མ་བཅུག་པར། ཁོ་རང་གི་མི་རྣམས་ལས་ཁ་ལ་བཀོད། ཟེར་ནས་བཟུང་ནས་ཁྱི་རོས་ན་བཞག་ཡོད་པའི་དུས་སུ། ཨུ་ལུག་ནོ་ཡོན། ཕྱི་སོ་ནས། ནང་དུ་བྱུང༌། རྒྱལ་པོའི་དྲུང་དུ་འགྲོ་བ། ཆིང་སང་གིས་མཐོང་ནས། ཨུ་ལུག་ཨན་ཏ། ཁྱོད་ཀྱི་མ་གོ་རྒྱུ་ཅི་ཡོད་བྱས་པས། ངས་གོ་ཡོད་ཟེར་ནས། གོང་མ་ལ། བ་ཡན་ཆིང་སང་ལ། མིང་ངནཔས་རྟུག་ཤེར་བྱས། ཁོང་བཟུང་ནས། གྱམ་བཟོས་འདུག བ་ཡན་མི་གཅིག་རང་(༢༠༣ །བ)རེས་གསོད་ཀྱང་སླ། རྩྭ་གཅིག་གཅོད་པ་དང་ཁྱད་ཅི་ཡོད་དེ། སྨན་ཚེའི་རྒྱལ་ཁམས་པ་རྣམས་ཀྱིས། རྒྱལ་པོ་ཁྱེད་ལ་འཆའ་སྨོད་མི་ཡོང་ངམ་ཞུས་པས། དེ་བདེན། ཁོ་མཐོང་གསུངས་ནས། ལས་ཁ་ཕབ། རང་གི་ཁང་པར་སྡད་ཡོད་པའི་དུས། རེ་ཞིག་ན། བ་ཡན་གྱི་དམག་པོ་ཆེས། ཧོར་ཡུལ་ལ་བརྡེག་པར་འདུག་ཟེར་བའ་ཧུར་ཆེན་པོ་བྱུང་ནས། བློན་པོ་རྣམས་སྐྲ་སྟེ། རྒྱལ་པོ་ལ་ཅི་དྲག་ཞུས་པས། ཁྱེད་རྣམས་གྲོས་གྱིས་གསུངས་པ་ལ། ཁོང་རྣམས་ཀྱིས་གྲོས་བྱ་རྒྱུ་མ་རྙེད་པས། རྒྱལ་པ་ལ་བསྐྱར་ནས་ཞུས་པས། ཁྱེད་རྣམས་ཀྱིས་བྱ་ཐབས་མ་རྙེད་ན། ཐབས་ཀྱི། བ་ཡན་ལ་གྲོས་དྲིས་གསུངས་ནས། ཕྱིན་པས༌། ཆིང་སང་ན་རེ། ང་གོ་མ་ཆོད་པར། ལས་ཁ་ཕབ་ནས་སྡད་པའ་མིས་ཅི་ཤེས། ཁྱེད་རང་རྣམས་ཤེས་མོད་ཟེར་བ་བྱུང་ནས། དེ་བཞིན་(༢༠༤.ན)རྒྱལ་པོ་ལ་ཞུས་པས། གོང་མ་རང་གི་ཙར། བ་ཡན་བོས་ནས། གྲོས་དྲིས་པས། རང་རེའི་ཧོར་དམག་རྣམས་ཀྱི་སྟེང་དུ་མི་བཟང་པོ་བཀོས་ཏེ། དམག་གིས་འཐབ་ན་ཐུབ་ཡོང་མོད་ཞུས་པས། བ་ཡན་ཆིང་སང་འགྲོ་དགོས་གསུངས༌། དམག་དཔོན་ལ་བསྐོས་ནས་བཏང༌། ཁོང་འགྲོ་བའི་སྐྱེས་ཐུང་གི་སར། རྒྱལ་པོས། བ་ཡན་ཆིང་སང་ཅི་ཟེར་ལྟ་བའ་སྐད་ཉན་པ་བཏང་པས། ཆིང་སང་རྟ་བཞོན་ནས་འགྲོ་ཁར། སྡོད་པའ་བལོན་པོ་སྐྱེལ་ཐུང་པ་རྣམས་ལ། ཁྱེད་མི་མངགས་པའང༌། འདི་འདྲ་བའི་མ་མངགས་པ་ཨ་ཟེར་བ།ཐེང་གསུམ་ལབ་ནས་སོང༌། ཟེར་བ་ཐོས་ནས། གཏམ་དེ་མ་བཟང༌། བ་ཡན་ལ་ལོག་ཤོག་གྱིས་གསུངས། མི་བཏང་ཟིམ་དེམ་འཇའ་མོར་སླེབ་པ། ཕྱིར་བོས་ནས། སང་སྔ་མོར་སླེབ་པ་དང༌། རྒྱལ་པོས། བ་ཡན་ཁྱོད་ཀྱིས་ཁར་སང༌། ཇེ་གོན་ཐིང་(༢༠༤.བ)ནས། རྟ་བཞོན་འགོ་ཁར། ཅི་ལབས་གསུངས་པས།ཅང་མ་སྨྲས་ཟེར། རྒྱལ་པོ་རང་གིས། ཁྱེད་མི་འདི་འགྲ་བ་མངགས་པ་འདུག་ཨ། ཟེར་བ་ལབ་འདུག་པ། ཁྱོད་ཀྱིས་སྨྲས་པ་མིན་ནམ་གསུངས་པས། དེ་བདེན་ཟེར། ཅིའི་དོན་ལ་བྱས་པས། ཆིང་སང་གིས་ཞུས་པས། ངས་སྨན་ཚེའི་རྒྱལ་ཁམས་བླངས་ནས། རྒྱལ་པོ་ཁྱེད་ལ་གཏད་པ་དེ། ཉི་མ་ཤར་ནས། ནུབ་ཀྱི་བར་དུ་རྒྱལ་ཁམས་པ་རྣམས་ཀྱིས་ཤེས་པ་ཡིན། དེའི་རྟིང་ལ། ང་ཉེས་པ་མེད་པ་དམ་སུ་ཕབ་ནས་བཞག་པ་དེའང༌།ཉི་མ་ཤར་ནས།ནུབ་ཀྱི་བར་དུ་ཐོས་ན། རྒྱལ་པོ་ཁྱེད་ཀྱི་བརྒྱུད་པ། དམི་ཆེ་ལ་མང་པ་རྣམས་ཡོད༌། ང་སྐྱོན་ཕོག་པའི་མི། ཁོང་ཚོའི་སྟེང་དུ་བསྐོས་ནས་བཏང་ཙ་ན། ཁོང་རྣམས་ཀྱང༌། རྒྱལ་པོ་ལ་ཡིད་ཆེ་བྱེད། དམག་པོ་ཆེའི་བྱ་བ་ཇི་འདྲ་(༢༠༥.ན) ཡོང་ངམ་བསམ་ནས། ལབ་པ་ཡིན་ཞུས་པས། རྒྱལ་པོ་ན་རེ། ཁྱོད་བདེན༌། བ་ཡན་ལས་བདེན་པ་ཡན་ལསམེད། ད་ལྟ་རང༌། འཇའ་ས་བྲིས། བ་ཡན་གྱིས། སྨན་ཚེའི་རྒྱལ་ཁམས་བླངས་པ་དང༌། གཤེ་མོང་འདབས་པ་རྣམས། འཇའ་སའི་སྟོད་དུ་བྲིས། མི་ངན་པས་རྫུན་ཞུས་བྱས་པ། བར་དེར་བྲིས། བ་ཡན་བདེན་པ་ཡིན་པས། མིང་དང་གཤེ་མོང་མནན་པ་རྣམས། རྟིང་ལ་བྲིས་ལས། རྒྱལ་བརྒྱུད་བུ་མོ། མག་པ། དམག་དཔོན། དམག་མི། མི་དཔོན། མི་སྡེ་རྣམས་ཀྱིས། བ་ཡན་ཆིང་སང་འགྲིམ་ཆུག་གསུངས། དེ་བཞིན་བྱས་པས། བ་ཡན་གྱིས་བམག་དཔུང་ཐུལ། ཧོར་ཡུལ། རྒྱལ་ཁམས་བདེ་བར་བྱས་ནས། ཚུར་འཁོར་བ་དང༌། རྒྱལ་པོས་ཀྱང༌། བ་ཡན་ལ། གཞན་དང་མི་འགྲ་བའི་ཐུགས་དོགས་བཟང་པོ་མཛད། རྒྱལ་བརྒྱུད་བློན་པོའི་ཚོགས་རྣམས་ཀྱིས་ཀྱང༌། ལེགས་པར་བཀུར་བའི་(༢༠༥.བ)་བློན་པོ་རིན་པོ་ཆེ་ཡིན་པར་འདུག གལ་ཆིང་ལ་སྔ་བའི་འཇའ་ས་འདི་ཡིན་ཟེར་རོ། །བླ་མ་འཕགས་པ་ལ། རྒྱལ་པོས་ཆོས་ཞུ་བ་ལྟ་ཅི་སྨོས། འཇིག་རྟེན་གྱི་བྱ་བ་ཆེན་པོ་རྣམས་ཀྱང༌། བཀའ་གྲོས་བྱེད་པའི་གཏན་ཚིགས་གཅིག་འདི་ཡིན་ཏེ། བླ་མསཀྱང༌། ཆོས་དང་མཐུན་པར། འཇིག་རྟེན་གྱི་བྱ་བ་ལེགས་པ་རྣམས་ཀྱང༌། རྒྱལ་པོ་ལ་སྟོན་པ་ཡིན་ཟེར། སྨན་ཚེའི་རྒྱལ་པོ་དང༌། ངོ་ལྟ་བ་རྣམས་ཡོང་པའ་དུས་སུ། ཛུ་ཆུའི་མགོན་ཁང་བསྟན་པས། ངར་རེའི་ཡུལ་དུ། དམག་སྣ་ལ་བྱུང་པའི་མི་ནག་པོ་འཁོར་དང་བཅས་པ་དེ་ཚོའང་འདི་ན་འདུག་པ་ཟེར་ལོ། །ཡོན་མཆོད་གཉིས་ཀྱི་བཀའ་བགྲོས་ཀྱིས། བ་ཡན་ཆིང་སང་སྨན་ཚེར་བཏང་ནས། རྒྱལ་ཁམས་བླངས་པའི་དོན་ལ། འགྲོ་མགོན་འཕགས་པས། རྒྱལ་པོ་ལ། ཁྱེད་རང་ལུས་མ་སྐྱོང་པར། སྨན་ཚེ་རྒྱལ་རབས་མང་པོའི་བར་དུ། ཁོང་(༢༠༦.ན)རང་ལ་འཇགས་ཟིན་གྱི་རྒྱལ་ཁམས། རང་རེས་ལོན་པའི་འཛམ་གླིང་གཅིག་ཏུ་འདྲེས་འགྲར་འགྱུར། ཁྱེད་ཀྱང་འཁོར་ལོ་བསྒྱུར་རྒྱལ་མཚུངས། །ཅེས་པའི་སྟོད་པ་མཛད་པའང་འདུག མདོར་ན། འགྲོ་མགོན་ཆོས་ཀྱི་རྒྱལ་པོས། གེ་སེ་ལ། ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་ནས་ཧོར་དང༌། རྒྱ་ནག་པོའི་འབྱོར་བ་ཆེན་པས། ས་སྐྱས་མགོ་བྱས། བོད་ཡུལ་འདིར། བསྟན་འི་ཐིལ་ཡོང་པ། ཡོན་མཆོད་འདི་གཉིས་ཀྱ་བཀའ་དྲིན་ཡིན་པར་གདའ། བཅའ་ཚེ་བླངས་འདུག་པ། དེའི་ངོ་ཤུས། སྦེག་སོ་ཁ་ཆིང་སང་གིས། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་བདག་ལ་བྱིན་ནས། ཡུ་གུར་གྱི་ཡི་གེ་ངོ་བོ། ཏའི་དབེན་ཐོང་ཇིའི་དེབ་ཐེར། ཧིར་ཡིག་མ་དང་ལྷན་དུ་ཡོད་པ། ཡར་ལུང་པས་འཁྱེར་འདུག་ན་འང༌། དོན་འདི་རྣམས་བློ་ལ་ཡོད་པས༌། སྐབས་དོན་བྲིས་པ་ཡིན། ཡང་བསོད་(༢༠༦.བ) ནམས་ཅན། སེ་ཆེན་རྒྱལ་པོའི་དུས་སུ། མི་ཆེན་སང་གྷ་བྱ་བ་དེས། བརྒྱུད་པ། བཀའ་མ་ལོག་ཡིན་པའི་མ་གཞོན་གཅིག ཧོར་སྐད། རྒྱ་སྐད། ཡུ་གུར་སྐད། བོད་སྐད་ལ་སོགས། སྐད་རིགས་སྣ་ཚོགས་ཤེས་པའི་ལོ་ཙཱ་བ་གཅིག་དང་པོར། བླ་མ་འཕགས་པའི་དྲུང་དུ། མདོ་སྨད། རྒྱ་བོད་ཀྱི་འཚམས་སུ་མཇལ་ནས། ཤེས་མོང་འདབ་ཕར་ཞུ་བྱསཔས། ལོ་ཙཱ་བ་ལ་བཅུག ཟུ་གུར་ཆེའང་བྱེད་ཀྱི་ཡོད་པའ་དུས་སུ། ཁོང་ཤེས་རབ་ཆེ། སྐད་རིགས་མཁས་པའི་དོན་ལ། བླ་མ་མཉེས་ནས། རྒྱལ་པོའི་དྲུང་དུ་ཡང་ཡང་མངགས་པས། གོང་མས་ཀྱང༌། ཤེས་རབ་དང༌། ཡོན་ཏན་ལ་དགོངས་ནས། བླ་མ་ལ་བླང༌། ལས་ཁ་རིམ་པར་བཀོས་པས། གོ་ཆོད་པོབྱུང༌། སོན་ཇིང་དབེན་གྱི་མ་དཔོན་ལ་བསྐོས་པའི་དུས་སུ། ཁོང་གིས། མེ་ཏོག་ར་བའི་བདེ་ཆེན་ཀྱི་ཙར། (༢༠༧.ན)བླ་མ་ལ་ཆོས་ཞུ་བའི་ར྄ཊགོད་ཀྱི་འཚལ་ཁང་གཅིག་བྱས་པ་ལ། ཐའི་སས་སྐྱོན་བཟུང་ནས། སང་གྷ་བཙོན་དུ་ཁྱེར་བའི་སྐབས་སུ། ཀ་ལེ་ཧུ་ན། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྐུ་བཞུག་པ། སྤྱན་དྲངས་ནས། འཛམ་བུའི་གླིང་གི་རོལ་མོ་དང༌། ལྟད་མོ་ཡོད་པ་ལ། རྒྱལ་པོའང་བྱོན་ནས། སྐོར་བ་དང༌། གཟིགས་མོ་མཛད་པའི་སར། བླ་མ་གདན་འདྲེན་དུ་བཏང་བས། བླ་མའི་གསུངས་ནས། ངེད་ཀྱི་བོད་ཡུལ་ན། བུ་བཙོན་དུ་ཁྱེར་བའི་ཕ་དེ། སྲང་ལ་འགྲོ་བ་ལའང་ངོ་མཚར་བྱེད། ངའི་ས་གྷ་ང་ལ་ཆོས་ཞུ་བ་ལ་དམིགས་པའི་ཁང་ཆུང་གཅིག་བྱས་པ་ལ། ཐའི་སས་སྐྱོན་བཟུང་ནས། བཙོན་དུ་ཁྱེར་འདུག ང་མི་ཡོང་གསུངས་ནས། གོང་མ་ལ་ཞུས་པས། བླ་མའི་གཟིམས་ཁང་ལ་དམིགས་པ་ཡིན་ན། ཁོ་ལ་སྐྱོན་མ་བཟུང་པ་མཐོང༌། བླ་མ་ལ། ལྟད་མོ་ལ་བྱོན་གྱིས་གསུངས་པའི་ལུང་བྱུང་པས། སང་གྷ་(༢༠༧.བ)ཉེས་པ་ལས་གྲོལ། ཡོན་མཆོད་ཞལ་འཛོམས། སླར་ཡང༌། སང་གྷ། སོན་ཇིང་དབེན་དུ་བསྐོས་ཡོད་པའི་སྐབས་སུ། བླ་མ་ས་྄སྐྱར་བྱོན། དཔོན་ཆེན་ཀུན་དགའ་བཟང་པོས། དམ་ཉམས་བྱས་པའི་རྒྱུ་རྐྱེན་གྱིས། གོང་དུ་ཞུ་བ་བཏང་པས། ས྄ས྄ཀ྄ཡ་པ་དང་སྒོས་སུ་འབྲེལ་ཆེ་བས། ཞབས་ཏོག་གྲུབ་པར་དགོངས་ནས། མི་ཆེན་སང་གྷས་མགོ་བྱས། ཁྲིམས་དམག་སྟོབས་ཆེ་བ་འགྲིམ་གསུངས་པའི་ལུང་བྱུང་པས། སང་གྷས། བོད་དབུས་གཙང་ས་རོང་དོགས། དམག་པོ་ཆེ་ཤོང་ས་མེད། རྩ་བའི་ཧོར་དམག་ཁྲི་ཚོ་བདུན་གྱི་སྟེང་དུ། མདོ་སྟོད་སྨད་དང་བཅས་པས། དམག་འབུམ་ཕྲག་གཅིག་ལྷག་ཡོང༌། དེས་འཆུན་པས། དེ་བཞིན་གྱིས། བཀའ་གནང་ཀགོས་ཞུས་པས། དེ་ལྟར་ཡིན་ཆུག་གསུངས་བྱུང་ནས། ཁྲིམས་དམག་སྟེགས། ལོ་ཡུག་མེ་ཏོག་ལུང་དུ་སླེབ(༢༠༨.ན)པ་དང༌། ས་ཁད་ཡངས་པས། ལྷ་ཤངས་ནང་ལ་དམག་ལམ་བྱེད་རྩིས་ཡོད་པ། ཆབས་མ་གྲོང་ན། དབླ་མའི་འཕགས་པའི་གསོལ་ཇ་བ་མི་ཆེན་སང་གྷ་དང་གྲོགས་མཆེད། སློབ་དཔོན་བློ་གྲོས་བཟང་པོ་བྱ་བ་ཡོད་པ་དེས། དམག་སྒར་དུ་ཇ་ཞལ་ལ་བྱོན། མཇལ་བའི་ཞུ་འབུལ་བྱས་པས། དམག་ལམ་ལང་འགྲོ་ནང་ལ་སྐྱོག་ཐུབ། ཧོར་དམག་གི་ཁ་འབེབས། ཐུལ་འཇུག་ལ། སྔ་སོར། ལང་འགྲོ་ཁང་དམར་གྱི་ལ་མཁར་ཕབས་བབས་བླང༌། དེ་རྟིང༌། དཔལ་རྣམས་བྱ་རོག་ཚང་གི་མཁར་ལ་གྱོགས་སྐོར་རྒྱག་དྲག་པོ་བྱས་ནས། ཀུན་དགའ་བཟང་པོ་ཁྲིམས་ལ་བསྒྲལ། དམག་པོ་ཆེའི་བྱ་བ་མཐར་ཕྱིན་པར་བྱས། བླ་མ་དང༌། དགོན་ཕྲ་མོ་ལ་མོས་པ་དང༌། དད་གུས་ཆེ་བའི་སྟོབས་ཀྱིས། ས་སྐྱར་བྱོན། བཅགས་ཆུང་བྲང་ཁང་ཤར་འདི། ཁོང་གིས་བཞེངས་ནས། སྒོའི་གཡང་ཚེ་ཡང༌། རྒྱ་ལུགས་སུ་ཡོད་ཅིང༌། བླ་མའི་དྲུང་དུ། ཕྱིས་ཀྱང་ཡོང་པའི་དགོངས་(༢༠༨.བ)པ་མཛད་པར་གདའ། དེ་རྟིང༌། ཁྲིམས་དམག་བྱིན་པ་ཕྱིར་ལག སྤོམ་ཕོར་སྒང་ནས། ཉི་མ་མགོན་དང༌། དར་དགེས་མགོ་བྱས། དམག་རག་བཏུས། བརྒྱ་དང་དྲུག་ཅུ། སློབ་དཔོན་དྷརྨ་ཕ་ལའི་སྐུ་བསྲུང་ལ་བཞག ཧོར་དམག་སྟོང་སྐོར་བདུན་གྱི་ནང་ནས། བདུན་བརྒྱ། དསྲོད་ཧོར་གྱི་སོ་ཁ་བསྲུང་མི་ལ་བཞགས། གནམ་དགོན་སར་དུ། ཨུ་དམར་ཆག་གིས་མགོ་བྱས། ཧོར་དམག་གྲངས་ཅན་བཞི་བརྒྱ་བཞག དྷོ་ཐས་མགོ་བྱས་སྦ་རག་གི་དམག སེ་རི་རོང་ལ་བཞག ཨུས་ཕུར་གྱི་དམག་ ལྕགས་རྩེ་བྲི་ཁུ་དང༌། ཡ་འབྲོག་དུ། དུང་རེང་གི་ཁ་གནོན་ལ་གཞག རྡོར་བན་ཐུ་མན་གྱི་དམག་གདན་ས་སྤྱིའི་ཞབས་ཏོག་ལ། འདམ་ན་མར། ནང་རོང་ལ་སོགས་བྱང་གི་རྩ་ཁ་ལ་བཞག་པའང༌། སང་གྷའི་དྲིན། དེ་ཕན་ལ། བྱང་ཁའི་འཇའ་མོ། སྲོག་ཤག རྩི་བར། ཤ་ཕོ་རྐང༌། དགོན་སར། གྱ་བ་རྣམས་(༢༠༩.ན)ཀྱི་འཇམས་ཆེན། བོད་དབུས་པ་ཁྲི་སྒོར་རྣམས་ཀྱི་འཛིན་མཁན་ཁོར་མར་སྡོད་དགོས་པའི་དཀའ་ཚེགས། སྦྱོང་སྤྱོད་ཤིན་ཏུ་ཆེ་བ་གཅིག་ཡོད་པར་འདུག་ཅིང༌། བོད་མི་རྣམས་ཀྱིས་བྱང་མ་ཐུབ་པར། ཡང་ཡང་བྲོས་ནས། འཇམས་གྲང་པོར་མ་ཟིན་པས། ཧོར་བོད་ཀྱི་གསེར་ཡིག་འགྲུལ་པ་ལའང༌། ས་རིམ་ཨོ་གེར་གའི་འུ་ལག་རང་རང་ལ་བབ་པའི་དོན་ལ། ཐམས་ཅད་ཀྱིས་ཞུ་བ་བཞིན། མི་ཆེན་སང་གྷས་ཨུད་ཕུར་དང༌། སྦ་རག་ལ་སོགས་ཀྱི་དམག་མི། བྱང་ཁར་ཡོད་པ་རྣམས། འཇའ་མོའི་ཟབ་བྲི་འཐེན་མི་ལ། ཐ་དད་དུ་བཞག་ནས། དབུས་པ་ཁྲི་བསྐོར་རྣམས་ཀྱིས། དུད་རྟ་མགོའི་སྟེང་ནས། རྟ་ཁལ་ཕ་བཞོན་མ། ཤས་ལུག འཇམས་བརྒྱགས་ཀྱི་ནས། ཕྱ་ཐེར། སྦྲ་སྒ། གདན ཁལ་ཞགས། ཐབ་ཆ། གདན་ཆས། སྨན་རིན། དུད་མི་དང་བཅས་པ། ཧོར་ལ་སྟེར་བའི་ཁྲིམས་བཅས་ནས།(༢༠༩.བ)དབུས་པ། བྱང་དུ་སྡོད་མི་དགོས་པ། ཧོར་དམག་རྣམས་ལ། བོད་རྡས་ཀྱི་འཇམས་སྐྱོར་འདི་རྣམས། ལོ་ལོ་བཞིན་སོང་པ་འཁྲུལ་པ་རྣམས་ལ། འཇའ་མོ་འུ་ལག་ཀུན་མ་སྟོངས་པ་བྱུང་པས། ཀུན་ལ་ཕན་པ་འདིའང༌། སང་གྷའི་དྲིན། ཁོང་གིས། བོད་འཁོར་ནས། ཅོང་ཞུ་ཞིང་གི་ཆིང་སང་ལ་བསྐོས་པའི་སྐབས་སུ། སྔར། མཁར་བའི་དོང་ཚེ་འགྲིམ་པ། ཆ་འོར་གྱུར་བས། གན་པའི་ཞབས་ཏོག རྒྱལ་ཁམས་ལ་ཕན་པ་བྱུང་བས། གཏམ་སྙན་ཐོབ། དང་པོ་མི་དཔོན་རྣམས་ཀྱིས། སུས་པ་ཟ་བའི་དོན་ལ། མི་དཔོན་ཉེས་པ་ཕོག་པའང་མང་པོ་བྱུང༌། ཁྲིམས་ཀྱང་ཡང་པོར་སོང༌། སང་གྷ་ཆིང་སང་གིས། སྔོན་རྒྱ་ནག་པོའི་དུས་ཀྱི། སྲོལ་རྙིང་པ་གཅིག་བཙལ་ནས། ཕྱི་དང་ནང་གི་ཁྲིམས་ར་ཆེ་ཆུང་གི་མི་དཔོན་རྣམས་ལ། བཟའ་བཏང་དང༌། གྱོན་རྒྱུའི་ཧུན་རྩེན། བུ་མེད(༢༡༠.ན)ལ་སོགས་པ་ལའང་ཟ་འབྲས་དམར་པོ་དང་བཅས་པ་བྱིན་ནས། སུས་པ་མི་ཟ་བའི་ཁྲིམས་བཅས་པས། ཁྲིམས་དམར་པོར་སོང༌། མི་སྡེ་ཡང་སྐྱིད། ད་ལྟའི་བར་དུ། མི་དཔོན་རྣམས་ལ། ཧུན་རྩེན་འཇགས་པའང༌། སམ་གྷ་ཆིང་སང་གི་དྲིན་དྲན་པར་བྱེད། གཞན་ཡང་བསྟན་པ་དང༌། བོད་དུ་ཕན་པའི་འཇམ་པ་དང༌། འབུལ་བ་སྟོང་པ་ལ་སོགས་པ་ལའང༌། ཁོང་གིས། བླ་མའི་ཞབས་ཏོག་ལ་བསམ་ནས། ཞུས་པས། ཕན་པ་མང་པོ་མང་པོར་བྱུང་གདའོ། ཡང་དོན་གཅིག་ལ། སམ་གྷ་ཆིང་སང༌། ཤེས་རབ་ཆེ། ལོངས་སྤྱོད་ལྡན་པས། ཧོར་མང་པོའི་མིག་ཏུ་མ་ཤོམ་པར། ཁོང་གིས། གན་པའི་ཆ་རྐྱེན་མ་ཕངས་བྱས་ནས། རེས་པ་ལ། ཤེ་མོང་ལ་མནན་ཟེར་བའི་དོན་ལ། ཆིང་སང་གི་ཆ་རྐྱེན་སུས་པར་བླངས་ཟེར་བའི་སྐད་བྱས་ནས། གོང་མ་ཕྱིར་འབྱོན་པའི་ལམ་དུ། རེས་པ་རྣམས་ཀྱིས(༢༡༠.བ)ཞུས། རྟུག་ཤེར་བྱས་པས། ལུང་གིས་རེས་པའི་ཤེ་མོང་ཇི་ལྟར་འཆོས། ངེས་ཤེས་མེད། སམ་གྷ་ལ་དོན་ཅི་ཡོད། སུས་པ་ཟོས་ནས། གཞན་གྱིས་རྟུག་མོར། ཁོ་ལ་ཆ་རྐྱེན་འདུག་ཟེར་ནས། ཉེས་པ་ཚོལ་བ་ག་ན་ཉན་གསུངས་ནས། ཞུ་བ་མ་བཞེས་ཀྱང༌། རེས་དཔོན་རྣམས་ཀྱིས། རེས་པ་རྣམས་བསྐུལ་ནས་བསྐྱར་གིན་ཞུས་པས། དེ་དགོངས་ནས། གནོན་ཐབས་མཛད། སམ་གྷ་ལ། ཨུ་ལུག་དང༌། ཁྱེད་གཉིས་འཕྲོད་པ་གྱིས་གསུངས་པ་བྱུང་ནས། སམ་གྷས། ཨུ་ལུག་གུང་གྲལ་ལ་བཞག སྟོན་མོ་བཟང་པོ་བྱིན་ནས། སམ་གྷ་རང་གིས། ཞྭ། གོས། སྐེ་རགས་ཕུལ། ཨན་ཏ་བྱེད་བྱས་པས། ཞྭ། གོས། སྐེ་རགས་ཁྱད་པར་མི་འདོད། སྟོན་མོ། རྒྱལ་པོས་གསོལ་རས་ཡིན་པས་ཟོས་ཡོད་ཟེར། བཞུད་སྐད། དེ་རྟིང་ཡང༌། རེས་པ་རྣམས་ཀྱིས། རེས་དཔོན(༢༡༡.ན)རྣམས་དང༌། ཨུ་ལུག་ནོ་ཡོན་བསྐུལ་ནས། སམ་གྷ་ལ། སྔར་བཞིན་སྐྱོན་བཟུང་སྟེ། ཞུས་པའི་མཐར། ཁོའི་ཆ་རྐྱེན་ལ་བསྙད་ནས། ཉེས་པ་ལེན་དུ་གར་ཉན། རྒྱལ་ཁམས་ཀྱི་ཆ་རྐྱེན་རྣམས་ངའི་མིན། ད་ཡིན་ན། ང་རང་གི་དྲི་བ་བྱེད་གསུངས་ནས། སམ་གྷ་ལ། སྔར་རྩིས་ཆེ་ཕངས་བྱེད་པའི་དོན་དུ། རྒྱལ་པོ་རང་གི་མཁྱེན་པའི་ཉེས་པ། གསངས་ཟིན་རྣམས། ཕྱིས་རྡོལ་བ་ལ། སམ་གྷ་ཁྱོད། ཤང་རྡོ་ནས། ཏའི་ཏུར་མངགས་དུས། འུར་རྡོ་འགྲིམ་པའི་ལམ་དུ། ཤིང་སྡོང་པོའི་རྩ་བ། ངེད་བསིལ་གྲིབ་ལ་སྡོད་པའི་ཁྲི་ཐོག་ཏུ་ཁྱོད་ཀྱི་སྡད་པ་དང༌། ཏའི་ཏུ་ནས། ངེད་ལ་བསྐུར་བའི་སེ་ཐོག་གི་སྒམ། བྷུ་ལ་ཤིག་ནས། ཟས་ཕུད་ཁྱོད་ཀྱི་ཟོས་པའི་ཉེས་པ་མེད་དམ། ཡང་ངེད་ལུས་རྡུལ་ཆེ་བས་གོས་དྲི་མ་ཅན་བཀྲུས་ཏེ། སྐྱར་ནས་ཙེམ་དུས། དོག་པོར་འགྲོ་ཡིན་འདུག་པས། དེའི་དོན་ལ། རྒྱ་མི་ཐག་མཁན་གྱིས། གོས(༢༡༡.བ)སྲུབས་མེད། ཐག་ལ་སྟོན་པ་གཉིས་ཡོད་པ། ཁྱོད་ལ་གསུམ་འདུག་ཟེར། ང་ལས་ལྷག་པ་བྱེད་པ་ཁྱོད་ཀྱིས་ཉེས་པ་མིན་ནམ་གསུངས་ཏེ། དྲི་བ་གསུམ་པོ་མཛད་རྟིང་ལ། དིང་སང༌། རྒྱལ་ཁམས་ཀྱི་བྱ་བ་ཕེར་བའི་མི་ཇི་འདྲ་ཡོད་གསུངས་པའི། མི་གཅིག་གདའ། གཞན་མི་འདུག་ཞུས་པ་དང༌། གཅིག་སུ་ཡིན་གསུངས། ཆིང་སང་ཁོ་རང་གི་སྣ་ལ་འཛུབ་མོ་གཙུགས་བྱུང༌། དེ་ཕོ་ཉ་ལ་བསྐུར་ནས་བཏང་བའི་རྗེས་ན་བར། ཆིང་སང་ཅི་ཟེར་ལྟར་མི་བཏང་བས། ཁོང་སྒྲོལ་བའི་སར་སླེབ་ཙ་ན། ཁྱེད་རྣམས་ཀྱིས། མཚོན་རྣོ་བ་དང༌། ལག་ཡང་བ། མྱུར་བའི་ཐབས་གྱིས་བྱས་ཡོད་འདུག་པ་ལ། སྒྲོལ་མཁན་གྱིས། ཁྱོད་ཀྱི་བཟླས་པའི་ཁར་མི་འགྲོ། ཇི་ལྟར་བྱེད། ངེད་ཀྱིས་ཤེས་ཤེས་པ་ཡིན་མོད་ཟེར་བ་ཞུས་པས། རྒྱལ་པོ་ན་རེ། ངའི་སམ་གྷ་འགྲོ་ཁར། སེམས་སྡུག་ཏུ་བཅུག་འདུག མི(༢༡༢.ན)ངན་དེ་རྣམས་ལ། དབྱུག་པ་བརྒྱ་དང་བདུན་རེ་རྒྱོབ་གསུངས་པའི་ལུང་བྱུང་ཟེར། དུས་དེ་ཙ་ན། བླ་མ་འཕགས་པ་བཞུགས་ན། ཐུགས་རྗེ་ལ་བརྟེན་ནས་ཚེ་ཐར་འགྲོ་ཟེར་བ་གླེང་བར་གདའ། འདི་འདས་ཀྱང༌། ཕྱག་རྗེས་ཅན་གྱི་བློན་པོ་བཟང་པོ་ཡིན་པར་འདུག་པས་གནས་ལུགས་བྲིས་པ་ཡིན་ནོ།།
བོད་ཁྲི་སྐོར་བཅུ་གསུམ་གྱི་ངོས་འཛིན་དང་འཇའ་མོ་འཇམ་ཆེན་འཛིན་ལུགས་སྐོར།
སྭསྟི། དང་པོ་མང་པོས་བཀུར་བ་ཡིས། ས་ཞག་འབྲས་ལ་ལོངས་སྤྱད་ཅིང༌། དེ་ནས་རྒྱལ་རབས་དྲུག་པ་ན། གླིང་བཞི་རི་རབ་དང་བཅས་ལ། བརྟེན་ནས་མི་དབང་རྒྱལ་པོ་ཡིས། དགེ་བཅུའི་ཁྲིམས་ཀྱིས་ལོངས་སྤྱོད་ཀྱིས། འགྲོ་འདི་དགའ་སྟོན་ཅི་ཡང་འགྱེད། མི་དབང་རྒྱལ་པོ་དེ་སྲས་ནས། རྒྱལ་རབས་ལ་ས་ཡ་ཕྲག་གཅིག་དང༌། ཁྲི་ཕྲག་བདུན་པ་ཟུང་རྗེས་ལ། གདུལ་བྱའི་དུས་ལ་སླེབ་པ་དང༌། རྩོད་པའི་དུས་ལ་བབ་པའི་ཚེ། ཟས་གཙང་རྒྱལ་པོའི་སྲས་དག་ཏུ། ཤཱཀྱ་ཐུབ་པ་འཁྲུངས་གྱུར་ནས། (༢༡༢.བ)ལྷ་བཅས་འཇིག་རྟེན་བདུན་པ་གསལ། སངས་རྒྱས་བསྟན་པའི་ཉི་མ་ཤར། དེ་ནས་ལོ་གྲངས་སུམ་སྟོང་དང༌། ཉིས་བརྒྱ་དགུ་བཅུ་སོང་བ་ན། བྱང་ཕྱོགས་ཧོར་གྱི་སའི་ཆར། བསོད་ནམས་ཆེན་པོའི་ཆུ་གཏེར་ལས། རྒྱལ་པོ་ཇིང་གིར་གན་ཞེས་པ། ས་འཛིན་རིན་ཆེན་འཁྲུངས་པར་འགྱུར། མི་དབང་དེ་ནས་རྒྱལ་རབས་ལྔར། སྟོབས་ཀྱི་འཁོར་ལོ་བསྒྱུར་མཛད་པ། སེ་ཆེན་གན་ཞེས་གྲགས་པ་དེས། འཇམ་དབྱངས་རྣམ་འཕྲུལ་ས་སྐྱ་པ། ཆོས་རྒྱལ་འཕགས་པ་སྤྱན་དྲངས་ནས། སངས་རྒྱས་བསྟན་པ་དར་རྒྱས་མཛད། བླ་མ་དེའི་འཕྲིན་ལས་ཀྱིས། བོད་ཁམས་གངས་རིའི་བསྐོར་འདི་ལ། རྒྱལ་པོའི་མཛོད་དུ་འདབ་ནོར་དང༌། ཁྲལ་དམག་ལས་གསུམ་ལེན་པ་མེད། ཆོས་དང་འཇིག་རྟེན་འབྱོན་པ་ལ། ཁ་བ་ཅན་དུ་བརྩེ་བའི་མཐུས། མི་དབང་རྒྱལ་པོའི་ཕོ་བྲང་ནས། (༢༡༣.ན)བླ་མའི་གདན་ས་ས་སྐྱའི་བར། མ་དྲོས་པ་ན་ཆུ་བོ་བཞི། རྒྱ་མཚོ་ཆེན་པོར་འཇུག་པ་ལྟར། ཡོན་མཆོད་གཉིས་ཀྱི་གསེར་ལམ་ན། གྲོང་དང་གྲོང་ཁྱེར་ཡུལ་ལྗོངས་ཀྱིས། ཡོངས་སུ་གངས་བའི་སྐྱེ་དགུ་ཀུན། རྒྱལ་པོ་བླ་མ་ལ་གུས་པར། སྒོ་གསུམ་བཀུར་སྟི་བྱེད་པའི་ཚུལ། ཐམས་ཅད་བརྗོད་པ་སུ་ཡིས་ལང༌། དེའི་ནང་ནས་དབུས་དང་གཙང༌། མངའ་རིས་བསྐོར་གསུམ་དང་བཅས་པའི་ཡུལ་ཁམས་གཏན་ལ་དབབ་པ་དང༌། སྟོབས་ཀྱི་འཁོར་ལོ་བསྒྱུར་བྱེད་པ། རྒྱལ་པོའི་བླ་མའི་གདན་ས་མཆོག དཔལ་ལྡན་ས་སྐྱའི་མངའ་འོག་ན། ཁྲི་བསྐོར་ཆེན་པོ་མང་པོ་ཡིས། རྒྱལ་ཆེན་ཞབས་ཏོག་སྒྲུབས་པའི་ཕྱིར། བླ་མ་རྒྱལ་པོས་གདན་དྲངས་ནས། བཅུ་ཕྲག་ལོ་ནི་སོང་བའི་དུས། ས་ཕོ་འབྲུག་ལོ་ཤར་བ་ན། གོང་ནས་མངགས་པའི་གསེར་ཡིག་པ། ཨ་ཀོན་མི་གླིང་གཉིས་ཡོང་ནས། མི་སྡེ་ས་ཆ་དང་བཅས་པ།(༢༡༣.བ)ཆེན་པོ་ཧོར་གྱི་མིང་བཏགས་པའི། རྩ་བའི་དུས་གྲངས་རྩིས་པ་དང༌། དེ་ནི་ལོའི་ཕྲེང་བ་ནི། ཉི་ཤུ་སོང་ཚེ་མེ་ཕག་ལ། ཁྲིམས་ར་ཆེན་པོ་ནས་མངགས་པའི། ཧོ་ཤུ་ཨུ་ནུ་ཁན་གཉིས་དང༌། དཔོན་ཆེན་གཞོན་ནུ་དབང་ཕྱུག་གིས། རྒྱལ་ཁམས་ཆེ་གསལ་བྱས་མཐུས་ཀྱི། དུས་གྲངས་རྩིས་པ་གང་ཡིན་པ། བློ་གསལ་ཀུན་གྱི་དགའ་བའི་རྒྱན། རིན་ཆེན་ཕྲེང་པ་བཟུང་པར་མཛོད། སྟོད་ཀྱི་མངའ་རིས་སྐོར་གསུམ་པོ། པུ་རངས་གངས་རིས་སྐོར་བ་དང༌། གུ་གེ་གཡའ་ཡི་བསྐོར་དེ་དང༌། མང་ཡུལ་ཆུ་ཡིས་ཡོངས་བསྐོར་བ། དེ་རྣམས་ཀུན་དུ་དྲིལ་བ་ལ། རྩ་དུད་ཉིས་སྟོང་དྲུག་བརྒྱ་དང༌། སུམ་ཅུ་རྩ་ལྔར་ཀུན་ཀྱང་འདུས། མངའ་བདག་འོག་ན་ཡོད་པ་ཡིས། མངའ་རིས་ཕྱོགས་ཀྱི་མི་སྡེ་ལ། བདུན་བརྒྱ་དྲུག་ཅུ་རྩ་བདུན་ནོ། ལ་སྟོད་ལྷོ་པའི་དུད་ཀྱི་གྲངས། སྟོང་དང་བརྒྱད་ཅུ་རྩ་དགུ་ཡིན། (༢༡༤.ན)ལ་སྟོད་བྱང་པ་ལ་གཏོགས་པ། ཉིས་སྟོང་ཉིས་བརྒྱ་བཅུར་འདུས། ལྷ་སྡེ་གཞུང་པ་ཟུར་ན་གསལ། དེ་ནས་ཆུ་མིག་ཁྲི་བསྐོར་ལ། ཧོར་དུས་སུམ་སྟོང་ཉག་གསུམ་ཡིན། ཞལ་ལུ་ཁྲི་བསྐོར་སུམ་སྟོང་དང༌། བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ཡོད། བྱང་འབྲོག་ཁྲི་བསྐོར་རྟིང་ལ་བྱུང༌། ཡ་འབྲོག་ཁྲི་བསྐོར་ཁྱད་ཆོས་ནི། ལེབ་ནི་བཅུ་དྲུག་དག་ཏུ་འདོད། ད་ལྷ་སྡེ་གཞུང་པ་འདི་ལྟར་འདོད། མང་མཁར་བ་དང་དྲིལ་ཆེན་གཉིས། བརྒྱ་ཕྲག་གཅིག་དང་ཉི་ཤུ་ཡིན། གཙང་པ་བརྒྱད་ཅུ་གྱ་བདུན་ནོ། བོ་དོང་རི་སེབ་བདུན་ཅུ་བདུན། མདོ་སྤེ་དམར་བ་ཆིག་བརྒྱ་དང༌། ཉི་ཤུ་རྩ་ལྔར་འདུས་པ་ཡིན། གྲོམ་ལུང་ར་ས་ཁ་སྒང་པ། རྩ་དུད་བདུན་ཅུ་རྩ་ལྔ་ཡིན། ཇོ་བོའི་ཁྲི་འོག་སུམ་ཅུ་ལྔ། ར་ས་སྣང་ཀར་སུམ་ཅུར་སྣང༌། མར་ལ་ཐང་པ་ཧོར་དུད་བཅུ། དེ་རྣམས་ཡོངས་སུ་བསྡུས་པ་ལ། ཧོར་དུད་དྲུག་བརྒྱ་དྲུག་ཡིན་ནོ། དེ་ནས་གནས(༢༡༤.བ)གཞི་ལས་གོ་ལ། ཧོར་དུད་བརྒྱ་དང་སོ་གཅིག་ཡོད། གཞན་ཡང་ལྷ་སྡེ་མི་སྡེ་ཡི། ཁྲི་བསྐོར་གང་ལའང་མི་ཐེ་བ། རུ་འཚམས་སུམ་བརྒྱ་དྲུག་ཅུ་ཡོད། གྱ་བ་བོད་འབྲོག་བརྒྱ་ལྔ་བཅུ། ཐང་ཚ་ལ་ནི་རྩ་བའི་དུད། བརྒྱ་ཕྲག་ཕྱེད་དང་གཉིས་སུ་ཡོད། ཚོང་འདུས་བརྒྱ་དང་བཅུ་ཕྲག་བཞི། ས་སྐྱ་ནང་པའི་དགེ་རུ་ལ། ཞིང་ས་གཡོག་པོ་ལ་གཏོགས་པའི། ལ་སྟོད་ལྷོ་དང་ས་སྐྱའི་བསྐོར། ཀོ་དྲེ་གྲོ་ཆུང་གཡས་རུ་དང༌། དང་ར་དང་ནི་འདར་མི་ཉག དེ་རྣམས་བསྡོམས་པས་སུམ་ཅུའོ། དགེ་རུ་ལྷོ་གདོང་བཞི་བཅུ་དང༌། བྲ་ཚ་ཨ་བཙན་བཞི་བཅུ་དྲུག །སུམ་སྟོང་དྲུག་བརྒྱ་སུམ་ཅུ་ཡོད། འདི་རྣམས་ཁྲི་བསྐོར་ལ་མི་གཏོགས། གཙང་ཕྱོགས་མངའ་རིས་གསལ་བྱེད་པའི། ཚིག་གི་སྒྲོན་མེ་མཆོག་འདིའོ། དེ་ནས་དབུས་ཕྱོགས་ཤེས་པ་ཡི། རྩ་དུད་འཁྱེར་ལུགས་འདི་ལ་ཉོན། (༢༡༥.ན)འབྲི་ཁུང་བོད་འབྲོག་གཉིས་པོ་ལ། སུམ་སྟོང་དྲུག་བརྒྱ་སུམ་ཅུ་ཡོད། འཚལ་པ་སུམ་སྟོང་བདུན་བརྒྱ་གཉིས། ཕག་མོ་གྲུབ་པ་ཉིས་སྟོང་དང༌། བཞི་བརྒྱ་སུམ་ཅུ་རྩ་བརྒྱད་དོ། གཡའ་བཟངས་པ་ལ་སུམ་སྟོང་དབང༌། རྒྱ་མ་བ་དང་བྱ་ཡུལ་བ། ལྔ་སྟོང་དགུ་བརྒྱ་ཕྱེད་འཁྱེར་ཡིན། སྟག་ལུང་པ་ལ་ལྔ་བརྒྱའོ། བསམ་ཡས་ཕུ་མདའ་དྲུག་ཅུ་གཉིས། འཆིང་ཕུ་བ་ནི་བརྒྱད་དུ་གསལ། རྡོའི་ཕུ་མདའ་བདུན་ཅུར་འདུག དགུང་མཁར་བ་དང་འཕྲང་པ་གཉིས། རྩ་བའི་དུད་ཆེན་བདུན་ཅུར་འདུག ལྷ་པ་ཤེས་པའི་མི་སྡེ་ལ། ཧོར་གྱི་དུད་ཆེན་དུག་བརྒྱའོ། གཞན་ཡང་གཙང་ལ་ཡར་གཏོགས་པའི། གྲུ་གུ་སྒང་གི་ཆར་གཏོགས་ལ། ཧོར་དུད་ཉིས་བརྒྱ་སུམ་ཅུ་གཉིས། ཁ་རགས་པ་ལ་བརྒྱད་ཅུ་བརྒྱད། རབ་བཙུན་པ་ལ་དགུ་བཅུར་ཤེས། འབྲུག་པ་ཉིས་བརྒྱ་ཉི་ཤུ་ལྔ། ཐང་པོ་ཆེ་པ་རྩ་བའི་དུད། བརྒྱ་དང་ལྔ་བཅུ་ཐམ་པ་ཡིན།(༢༡༥.བ)དེ་རྣམས་ཀྱིས་ནི་དབུས་ཕྱོགས་ཤེས། ཚུལ་འདི་ཧོར་དང་ས་སྐྱ་པ། ཡོན་མཆོད་འབྲེལ་ནས་དབུས་གཙང་དུ། ས་རྩིས་བྱས་པའི་ཐོག་མར་འདུག སྟོད་ཀྱི་མངའ་རིས་བསྐོར་གསུམ་ནས། ཞྭ་ལུ་ཁྲི་བསྐོར་ཆར་རྟོགས་ཡན། ཨ་ཀོན་མིང་གླིང་ཞེས་བྱས་རྩིས། དེ་མན་འབྲི་ཁུང་ཡན་གྱི་ས། སི་ཏུ་ཨ་སྐྱིད་དག་གིས་རྩིས། མངའ་རིས་བསྐོར་གསུམ་ས་ཆ་དང༌། དབུས་གཙང་རུ་བཞི་ཀུན་བསྡོམས་པས། ཧོར་དུད་སུམ་ཁྲི་དྲུག་སྟོང་དང༌། བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། སོ་སོར་དབྱེ་ན་མངའ་རིས་དང༌། རུ་འཚམས་མར་བཅད་གཙང་ཕྱོགས་ལ། ཆིག་ཁྲི་ལྔ་སྟོང་དྲུག་བརྒྱ་དང༌། དགུ་བཅུ་ལ་ནི་ཀུན་ཀྱང་འདུས། དབུས་ཕྱོགས་ཡོངས་ལ་ཉི་ཁྲི་དང༌། བདུན་བརྒྱ་དྲུག་བཅུ་རྩ་གསུམ་ཡིན། དེ་བ་ཀུན་ལ་མི་ཐི་བ། ཡ་འབྲོག་ལེབ་ནི་བཅུ་དྲུག་སྟེ། ཧོར་དུད་ཕྱེད་དང་བརྒྱད་བརྒྱ་ཡོད། འདི་དག་ས(༢༡༦.ན)སྐྱའི་དཔོན་ཆེན་ནི། ཟམ་གྲུ་གུན་མིང་དབེན་ཧུ་ཡི། མིང་ཐོབ་ཤཱཀྱ་བཟང་པོ་དེའི། དེབ་ཐེར་ཤོག་རིལ་ཅན་བཞིན་ཡིན། མཐའ་དག་ཕྱོགས་ཀུན་གསལ་བྱེད་པ། ཉིན་མོར་བྱེད་པ་ཡིན་པ་ལྟར། འཇིག་རྟེན་གཙུག་ལག་ཉི་མ་འདི། གང་འདོད་གསལ་བར་བསྟན་ཟིན་ཏོ།།
འདི་ནི་རགས་པའི་རྣམས་བཞག་ཙམ། རྒྱས་པར་ལྟ་འདོད་སྐྱེ་བོ་ཡིས། ཐ་ཐད་སྔོན་གྱི་ཡིག་ཚང་གཟིགས། གཙང་ཕྱོགས་ཨ་ཀོན་མིང་གླིང་དང༌། དབུས་ཕྱོགས་སི་ཏུ་ཨ་སྐྱིད་ཀྱིས། རྩ་བའི་དུད་ཆེན་རྩིས་པ་དེས། འཇམས་ཆེན་འཛིན་ལུགས་འདི་ཡིན་ནོ། གཙང་ཕྱོགས་མི་སྡེ་མངའ་རིས་དང་བཅས་པས། འཇམས་ཆེན་བཞི་འཛིན་འཇམས་རེ་མགོ་བརྒྱ། དེ་ལ་ལྷོ་བྱང་མངའ་རིས་དང་བཅས་པས། དཔལ་ལྡན་ས་སྐྱར་འཇམས་ཆེན་གཅིག་དང་ནི། ལྷོ་པས་མར་ལ་ཐང་དུ་འཇམ་ཆུང་གཅིག མངའ་རིས་མི་སྡེས་ཞབ་ཁར་འཇམས་ཆུང་དང༌།(༢༡༦.བ)གྱམ་རིངས་འཇམས་ཆུང་སྤོང་ལེན་དམག་འཇམས་འཛིན། མ་ཕང་འཇམས་ཆུང་པུ་རངས་པས་འཛིན་ཅིང༌། གུ་གེ་ལྷོ་བྱང་གཉིས་ཀྱི་འཇམས་ཆུང་གཅིག མེ་ཏོག་སེ་རུར་འཛིན་ནོ་ཤེས་ལྡན་དག ཆུ་མིག་ཁྲི་བསྐོར་སུམ་སྟོང་ཉག་གསུམ་གྱིས། དར་ལུངས་འཇམས་ཆེན་འཛིན་པ་ཡིན། ཞལ་ལུ་སུམ་སྟོང་བརྒྱད་བརྒྱ་དང༌། དགུ་བཅུ་རྩ་གཉིས་ཡིན་པ་ལ། བྱ་རོགས་ཚངས་པ་བརྒྱད་བརྒྱ་དང༌། སུམ་ཅུ་རྩ་གཉིས་ཟུར་བཞག་ནས། སུམ་སྟོང་དྲུག་ཅུས་ཚོང་འདུས་འཛིན། ཡ་འབྲོག་ལེབ་ནི་བཅུ་དྲུག་དང༌། བྱ་རོག་ཚང་གི་རྟ་མགོ་ནི། ཉི་ཤུ་རྩ་བརྒྱད་དེ་དང་ནི། ཤངས་ཀྱི་ཆུ་ཕྱོགས་རྟ་མགོའི་གྲངས། བཅུ་གཅིག་རྣམས་ཀྱི་སྟག་འཇམས་འཛིན། ཡར་སྲིབ་འཇམས་ཆུང་ཡ་འབྲོག་པས། འཛིན་ནོ་དེ་དག་གཙང་ཕྱོགས་ཡིན། དབུས་པས་སྔོན་དུས་འཇམས་འཛིན་ལུགས།(༢༡༧.ན)བསྟན་པར་བྱ་ཡིས་དིང་སང་མིན། གོ་པེ་འཇམས་སུ་འབྲི་ཁུང་པ། ཧོར་དུད་སྟོང་ཕྲག་གསུམ་གྱིས་འཛིན། ག་ར་འཇམས་སུ་བྱ་ཡུལ་བ། ཉིས་སྟོང་དྲུག་བརྒྱ་ལྔ་བཅུའི་ཐོག འཚལ་པའི་རེ་རྩ་ཐེ་བའི་དུས། ཕྱེད་དང་བཞི་བརྒྱ་མནན་པ་ཡིས། སྟོང་ཕྲག་གསུམ་གྱི་འཇམས་དེ་འཛིན། སོག་འཇམས་རྒྱ་མ་པའི་དུད། ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་ལ། འཚལ་པའི་ཟུར་མཁར་རྩ་བའི་དུད། ཕྱེད་དང་བཞི་བརྒྱ་མནན་པ་ཡིས། སྟོང་ཕྲག་གསུམ་ཡོད་དེ་ཡིས་འཛིན། རྩི་དབར་འཇའ་མོ་ཕག་གྲུ་པའི། ཧོར་དུད་ཉིས་སྟོང་བཞི་བརྒྱ་དང༌། སུམ་ཅུ་རྩ་བརྒྱད་ཡོད་པའི་ཐོག ས་སྟག་ཞེས་བྱས་སྟག་ལུང་བ། ཧོར་དུད་ལྔ་བརྒྱ་འཛིན་པ་དང༌། ལྷ་པའི་དྲུག་བརྒྱ་མནན་པས་འཛིན། ཤ་ཕོ་འཇམས་སུ་གྲུ་གུ་སྒང༌། ཁ་རག་འབྲུག་པ་དང་བཅས་དང༌། གྲ་མ་ཐང་པའི་ཉིས་བརྒྱ་དང༌། འོལ་ཁ་བ་ཡི་བཞི་སྡེ། འདི་དག(༢༡༧.བ)རྣམས་དང་ལྷ་རྟག་གིས། འཛིན་པ་ལྷ་རྟག་གོང་དུ་ཅད། གཞན་རྣམས་ས་སྟག་ཞེས་བྱ་བས། གཙང་ལ་ཡར་གཏོགས་གཙང་ལ་མནན། རྐོང་འཇམས་གཡའ་བཟངས་རྩ་བའི་བདུད། སྟོང་ཕྲག་གསུམ་གྱི་དགའ་བས་འཛིན། འདི་དག་ཚུལ་ལུགས་ས་སྐྱ་པའི། ནང་ཆེན་པ་དང་དུ་དབེན་ཤ། །གཞོན་ནུ་མགོན་ཞེས་བྱ་བ་ཡིས། དེབ་ཐེར་ནང་བཞིན་བྲིས་པ་ཡིན། སྒྲོན་མེ་དང་འདྲ་བའི་གཙུག་ལག་འདིས། བློ་གྲོས་གསལ་བའི་སྣང་བ་ཡིན། ཞེས་པའོ། །མངྒ་ལམ། སསྟུ་ཤྲཱི(ཧྲཱི)ཧོ། །(༢༡༨།བ)

༄༅། །རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ལས་སྨད་ཆ་ཞེས་བྱ་བ་བཞུགས་སོ།།
དཔལ་ལྡན་ས་སྐྱའི་གདུང་རབས་མདོར་བསྡུས།
དཔལ་ལྡན་ས་སྐྱ་པའི་གདུང་རབས་མདོར་བསྡུར་དོན་གསལ་བཞུགས་སོ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། རྒྱལ་བ་ཀུན་གྱི་མཁྱེན་རབ་མཐའ་ཡས་པ། གཅིག་ཏུ་བསྡུར་ནས་རྣམ་འཕྲུལ་གདུལ་བྱ་ལ། སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི། མཁོན་སྟོན་རིམ་པར་བྱོན་པའི་ཞབས་ལ་འདུད། དྲི་མེད་གདུང་བརྒྱུད་རིམ་པར་བྱོན་ཚུལ་དང༌། དེའི་མཛད་པ་ངོ་མཚར་མཐའ་ཡས་པས། ཐུབ་བསྟན་གསལ་དང་འགྲོ་ཀུན་སྨིན(༡.བ)གྲོལ་ཚུལ། རྣམ་ཐར་ངོ་མཚར་ཕྲེང་བ་བདག་གིས་སྤེལ། དེའང༌། བདག་ཅག་གི་སྟོན་པ། ཐུབ་པའི་རྒྱལ་ཚབ་དམ་པ། མཁོན་གྱི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད། ཐོག་མར། འོད་གསལ་གྱི་ལྷ་ལས་བབས་པར་བཞེད་དེ། དང་པོར། ས་གཙང་གནས་མཐོ་བ། ལ་སྟོད་མངའ་རིས་ཀྱི་ས་ཆར་གནས་ནས། ལྷ་མཆེད་གསུམ་བྱ་བ་བྱོན་པའི། ཆེ་བ། གནམ་ལྷ་སྤྱི་རིངས། བར་པ་གནམ་ལྷ(༢.ན)གཡུ་རིས། ཆུང་པ་གནམ་ལྷ་དབུ་སེ་བྱ་བ་བྱོན། དེ་རྣམས་ལ་མིའི་རྗེ་ཞུས་པས། ཆུང་པ་དེས། མི་ཡུལ་དུ་བཞུགས་ནས། མིའི་རྗེ་མཛད། དེ་ལ་སྲས་བཞི་བྱུང་པ། སི་ཇི་ལི་དཔུན་བཞིན་གྲགས་སོ། དེ་དག་གིས། ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབས་སྐད། དེའི་གྲོགས་ལ། གནམ་ལྷ་གཡུ་རིས་ཀྱིས་བྱོན་ནས། ལྡོང་རུས་ཆེན་བཅོ་བརྒྱད་བཏུལ་ཏེ་བྲལ་དུ་བྱས་སྐད་དོ། འོ་ན། གདུང་རབས་འདི། གང་ནས་འདོད་ན། གནམ་ལྷ་གཡུ་རིས་ཀྱིས། སྨུའི་བུ་མོ་སྨུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པ་ལ། སྲས་བདུན་བྱུང་སྟེ། མ་སངས་སྤུན་བདུན་དུ་གྲགས་སོ། དེའི་གཅེན་པོ་དྲུག ཡབ་དང་བདུན། རྨུ་ཐག་དང༌། རྐྱང་ཐག་ལ། ལྷ་ཡུལ་དུ་བྱོན། ཆུང་པ་དེས། ཐོག་ལྷ་འོད་ཆེན་གྱི་བུ་མོ། ཐོག་ཙམ་འུར་མ་བྱ་བ་ཁབ་ཏུ་བཞེས་པ་ལ། སྲས་ཐོག་ཚ་དཔའ་པོ་སྟག་བྱུང་ངོ། དེས་ཀླུའི་བུ་མོ། ཀླུ་ལྕམ་བྲ་མ་ཁབ་ཏུ(༢.བ)བཞེས་པ་ལ། སྲས་ཀླུ་ཚ་རྟ་སོ་འོད་ཆེན་བྱུང༌། དེས། མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པ་ལ། སྲས་གཅིག་བྱུང་པ་དེ། གཡའ་དང་སྤང་གི་འཚམས་སུ་སྐྱེས་པས། མིང་གཡའ་སྤང་སྐྱེས་སུ་བཏགས་སོ། དེས། སྲིན་སྐྱ་རིངས་ཁྲག་མེད་བྱ་བ་ལ། ཆུང་མ། གཡའ་འབུམ་སི་ལེ་མ་བྱ་བཤིན་ཏུ་མཚར་བ་གཅིག་ཡོད་པས། སྲིན་སྐྱ་རིངས་ཁྲག་མེད་བསད། གཡའ་འབྲུམ་སི་མ་འཕྲིག་ནས། ཁབ་ཏུ་བཞེས་པ་ལ། སྲས་གཅིག་བྱུང་པ་དེས། སྲིན་དང་མཁོན་པའི་བར་དུ་བྱུང་པས། དེའི་མིང་ལ་མཁོན་བར་སྐྱེས་བྱ་བར་བཏགས་ཏེ། དེ་ནས། གདུང་རུས་མཁོན་ཞེས་གྲགས་སོ། དེས་བཙན་ས་ལྕམ་བུ་སྨོན་ཁབ་ཏུ་བཞེས་པ་ལ། སྲས་གཅིག་བྱུང་སྟེ། དེ་ཉིད་ནི། མཐུ་དང་རིག་པར་ལྡན་པ། གཟུགས་དང་ལང་ཚོར་འཛོམ་པ། མཐོང་པ་ཙམ(༣.ན)གྱིས་ཡིད་འཕྲོག་པ། ཤིན་ཏུ་མཛེས་པགཅིག་བྱུངཔས།་འདིའདྲ་མི་ཡུལ་དུ་འབྱོན་པ་དཀོན་ཟེར་ནས། མིང་དཀོན་རྗེ་གུངསྟག་བཙན་བྱ་བར་བཏགས་སོ། །ཁྱེའུ་དེ་ཡབ་ཀྱིས། ཡུལགང་བང་ལྟ་རུ་བཏང་པས། ལ་ལྟོད་སྙན་ཙེ་ཏང་གི་ཡ་འཔྱང་ལ་མུལ་གྱི་དགེབརྒྱད་ཚང་པར་གཟིགས་ཏེ། ཡུལ་ལ་དེ་བཟུང༌། མཁོན་གྱི་ཡུལ་སྔ་བ་ཡིན་ནོ། དེའི་དུས་སུ་བོད་ན། སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐུ་རིང་ལ། ཟ་ཧོར་གྱི་མཁན་པོ་ཞི་བ་མཚོ་གདན་དྲངས། དེའི་སློབ་བུ་བོད་ཀྱི་བཙུན་པ་ལ་སྔ་བ། སད་མི་མི་བདུན་དུ་གྲགས་པ་ལ། རྒན་གསུམ། གཞོན་གསུམ། བར་པ་དང་བདུན་ཟེར་བ་ཡོད་པའི། རྒན་གསུམ་ནི། རྒན་གསུམ་ནི། ད་ཝས་རཏྣ་རཀྵི་ཏ། རིན་ཆེན་བསྲུང་པ། རྦ་ཛྙདྣ་ཏ། ཡེ་ཤེས་བསྲུང་པ་རྟ་དབྱངས་ཡིན། རན་རད་ནཱེནྡྲ་རཀྵི་ཏ། ཀླུའི་དབང་པོས་བསྲུང་པ། ཙེང་ངྷེ་བཻནྟྲ་རཀྵི་ཏ། ལྷའི་དབང་པོས་བསྲུང་པའོ། བར་པ། རླངས་ཁམས་པ་ལོ་ཙྪ་སུ་ག་ཏ་ཝརྨ་རཀྵི་ཏ་ཞེས་བྱ་ཏེ། བོད་སྐད་དུ། བདེ་བར་གཤེགས་པ་བསྲུང་པ་ཞེས་བྱའོ། དཀོན་པ་རྗེ་གུང་སྟག་འདི་བློ་ཆེ་ཞིང༌། འཇིག་རྟེན་གྱི་བྱ་བ་ལ་མཁས་པས། བོད་རྒྱལ་པོའི་ནང་ཆེ་བ་ཡུན་རིང་དུ་བྱས། དེའི་དུས་སུ། དཔལ་འབྱོར་ཕུན་སུམ་ཚོགས་པ་བྱུང་པས། མིང་ལ། མཁོན་དཔལ་པོ་ཆེ་ཞེས་པར་གྲགས་སོ། དེ་ནས། མཁོན་ལ། མི་ཆོས་ཀྱི་སྒོ་ནས་གྲགས་པ་ཆེན་པོ་བྱུང་ངོ། དེས། རླངས་ཁམས་པ་ལོ་ཙཱ་བའི་ལྕམ་མོ། རླངས་བཟའ་སྣེ་ཆུང་ཁབ་ཏུ་བཞེས་པ་ལ། སྲས་གཉིས་བྱུང་བའི་ཆེ་བ་དེ། སྦ་ཡེ་ཤེས་དབང་པོ་བསྲུང་པ་དང༌། རང་གི་ཞང་པོའི་ཐད་དུ་རབ་ཏུ(༤.ན)བྱུང་པ་ནི། མཁོན་ཀླུའི་དབང་པོ་བསྲུང་པ་ཞེས་བྱའོ། དེ་ནི་ལོ་ཙཱ་བ་གཞོན་གསུམ་གྱི་ནང་ནས། ཐུགས་རབ་ཆེ་བ། སྔགས་མཚན་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང༌། སློབ་དཔོན་པད་མ་ལ། རྡོ་རྗེ་ཕུར་པ་དང༌། ཡང་དག་ལ་སོགས་པ་མང་དུ་ཞུས་ནས། ཡེར་པའི་བྲག་ལ་སྒྲུབ་པ་མཛད། སྒྲུབ་པ་བརྙེས་སོ། དེ་ནས་མཁོན་ལ། ལྷ་ཆོས་ཀྱི་སྒོ་ནས་གྲགས་པ་ཤིན་ཏུ་ཆེ་བར་བྱུང་པ་ཡིན་ནོ། དེའི་གཅུང་རྡོ་རྗེ་རིན་ཆེན་ཞེས་བྱ་སྟེ། དེས་ཀྱང༌། སློབ་དཔོན་པདྨ་དང༌། རང་གི་གཅེན་ལ། དབང་དང་གདམས་ངག་མང་དུ་ནོད་དེ། མཁས་པར་གྲགས་སོ། གསང་སྔགས་རྙིང་མའི་སྲོལ་ཡང༌། འདི་ཙམ་ནས་འགོ་ཚུགས་པ་ཡིན། དེའི་གོང་དུ་སྤྱིར། བོད་དང༌། སྒོས་སུ་མཁོན་ལ། སྔགས་པ་དང༌། རབ་ཏུ་བྱུང་བའི་ཐ་སྙད་མ་བྱུང་པ་འདུག་གོ མཁོན་རྡོ་རྗེ་རིན་པོ་ཆེས། འབྲོ་དགྲ་འདུལ་གྱི་བུ་མོ། འགྲོ་གཡང་ལོན་སྐྱིད་བྱ་བ། (༤.བ)ཁབ་ཏུ་བཞེས་པ་ལ། སྲས་འབྲོ་ཚ་སྤུན་བདུན་བྱུང་སྟེ། འབྲོ་སྙན་རྩེའི་གསོན་གཤིད་ཀྱི་ལྟད་མོ་ཉི་མ་གསུམ་བྱས་པའི་ཁོང་སྤུན་བདུན་པོས། ཉི་མ་རེ་ལ་རྟ་ལུས་ཆས་འདྲ་འདྲ་བ་ཞིག་ཡོས་ནས། རྟ་རྒྱུག་ཚབས་འགྲན་པས། ཁྲོམ་ཐོག་ཆོད་པ་བྱུང༌། འབྲོའི་བསམ་པ་ལ། ཁོང་ལ་མཐོ་འཚམ་པར་གོ་ནས། དམག་བསག་འཁྲུག་པ་བྱེད་ཟེར་བ་ལ། གཅིག་པར་ཞང་པོ་ཡིན། གཉིས་པར་འགྲོགས་ཡུན་རིང་པོ་སོང་པས། འཁྲུག་པ་མི་བྱེད། རྒྱལ་ཁམས་ཡངས་པོ་ལ་དོག་ཆེར་བྱེད་དོན་མེད་ཟེར་ནས། འབྲོ་ཚ་སྤུན་བདུན་གྱི་ཆེ་བ། མང་ཡུལ་དུ་བྱོན། དེ་འོག་གུང་ཐང་དུ། དེ་འོག་གད་དུ། དེ་འོག་གཉའ་ལོ་རོང༌། དེ་འོག་ཉང་ཤབ། དེ་འོག་གྲོམ་པ་གཡའ་ལུང་རྣམས་སུ་གྱེས་སོ། ཐང་ཆུང་གིས། ཡབ་ཡུམ་དུ་བཞུགས། འབྲོ་དང་འཁྲུག་པ་ཡང(༥.ན)སྤྲད། དེ་ལས་གྱེས་པ། སྙན་རྩེ་རེང་ན། མ་འཁྲིགས་སྡེ་གསུམ་དུ་གྲགས་པ་ཡོད་དོ། ཐ་ལྟག་གྲོམ་པར་བྱོན་པ་དེའི་མཚན། ཤེས་རབ་ཡོན་ཏན། དེ་ལ་སྲས་གཉིས་བྱུང་པའི་ཆེ་བ། ཚུལ་ཁྲིམས་རྒྱལ་པོ། ཆུང་པ། ཁབ་པོ་སྟག་ཐོག་ཏུ་བྱོན། དེར་ཡང་མཁོན་ཅི་རིགས་པ་འཕེལ། དེ་ནས་གཡས་རུ་བྱང་དུ་གྱེས་པའི་མཁོན་ཚོའི་སྡེ་པ་ཡང་མང་དུ་ཡོད་དོ། མཁོན་ཚུལ་ཁྲིམས་རྒྱལ་པོ་ལ། སྲས་གསུམ་བྱུང་པའི་ཆེ་བ། གཙུག་ཏོར་ཤེས་རབ་དང༌། གཅུང་ཆུང་པ། གཡའ་ལུང་རང་དུ་བཞུགས། བར་པ་དེ། རྡལ་ཆང་ཚང་དུ་བྱོན། གཙུག་ཏོར་ཤེས་རབ་ལ། སྲས་བདུན་བྱུང་པ་དང་བཅས་པ། གཡའ་ལུང་ན་ཡོད། སྲས་བདུན་པོའི་ལྔ་པ། མཁོན་དགེ་སྐྱབས། དེས་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་བྱུང་པའི་ཆེ་བ། མཁོན་དགེ་མཐོང་བྱ་བ་བྱོན། ཆུང་པ་ལ། ཤབ་སྟོད་ཀྱི་མཁོན་མི་རྣམས(༥.བ)གྱེས་པ་ཡིན་སྐད། དགེ་མཐོང་ལ། སྲས་གཅིག་བྱུང་པ། མཁོན་སྟོན་བལ་པོ། དེས། ཚ་མོ་རོང་གླང་གི་བྲག་ལ། ཡང་ཕུར་གྱི་སྒྲུབ་པ་མཛད་པས། གྲུབ་པ་བརྙེས་ཤིང༌། སྟན་མ་བཅུ་གཉིས་བྲན་དུ་འཁོལ་བའི་ནུས་མཐུ་ཅན་གཅིག་བྱོན་ནོ། དེ་ལ་སྲས། ཤཱ་ཀྱ་བློ་གྲོས་བྱ་བ་གཅིག་བྱུང༌། དེས་བྱ་རུ་ལུང་པ་དང༌། ཤབ་སྟོད་སྨད་དུ། ཡུན་རིངས་སུ་བཞུགས་ཤིང༌། ཕྱིས་སྐུ་ཚེ་སྨད་ལ། ཡབ་མེས་ཀྱི་ཡུལ། གཡའ་ལུང་མཁར་ཐབས་སུ་བྱོན། དེ་ལ། སྲས་གཉིས་བྱུང་པའི་ཆེ་བ། མཁོན་རོག་ཤེས་རབ་ཚུལ་ཁྲིམས་ཞེས་བྱའོ། དེ་ཉིད། ཡབ་མེས་ཀྱི་ཆོས་ལུགས་ལ་རྒྱུད་སྦྱངས་ཤིང༌། རྡོ་རྗེ་ཕུར་པ་ལ་གྲུབ་པ་བརྙེས་ནས། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང༌། གཞོན་ནུའི་དུས་ལ། ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་པོ་ཤབ་བྱ་རུ་དང༌། འཕྲང༌། བྲག་དམར་གྱི(༦.ན)མཁན་པོ་མཛད་པའི། ཞུ་སྟོན་གཞོན་ནུ་བརྩོན་འགྲུས་བྱ་བའི་དྲུང་དུ། གོ་མིའི་དགེ་བསྙེན་མཛད་དོ། ཤིན་ཏུ་བཙུན་ཞིང༌། ཚངས་པར་སྤྱོད་པས་མཛས་ལ། མཁས་པ་དང༌། བཟང་པོའི་གྲགས་པ་ཆེར་ཐོབ་པ་གཅིག་བྱུང་ངོ། འདི། གོང་མིའི་དགེ་བསྙེན་ཡིན་པས་སྲས་འཕེལ་བ་མེད། དེ་ཡན་ཆད། མཁོན་རིམ་པར་བྱོན་པ་ཐམས་ཅད། ཕ་རོལ་ཏུ་ཕྱིན་པ་ལ་སོགས། ཕྱི་མཚན་ཉིད་ཀྱི་ཆོས་རྣམས་དང༌། རྡོ་རྗེ་ཐེག་པ་ལ། གསང་བ་སྡེ་དྲུག སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ། ཕྲ་མོ་ཉི་ཤུ་རྩ་གཅིག་ལ་སོགས་པ་གསང་སྔགས་སྔ་འགྱུར་གྱི་ཆོས་རྣམས་ལ་ཤིན་ཏུ་མཁས་ཤིང༌། ཡང་ཕུར་ལ་ཐུགས་དམ་གྱི་མཐིལ་མཛད་ནས། གྲུབ་པ་ཅི་རིགས་པ་བརྙེས་ལ། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་ལ་སྲིང་ལ་བྱེད་ཅིང༌། ནུས་པ་ཐོན་པ་ཤ་སྟག་བྱོན་ནོ། མཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་ནི། མཁོན་དཀོན་མཆོག(༦.བ)རྒྱལ་པོ་ཞེས་བྱ་སྟེ། བླ་མ་འདི་ཉིད། ཤིང་ཕོ་ཁྱིའི་ལོ་ལ་སྐུ་འཁྲུངས། གཞོན་ནུ་ཉིད་ནས། ཡབ་དང་གཅེན་ལ། དབང་དང་གདམས་པ་མང་དུ་ཞུས་ཤིང༌། ཡབ་མེས་ཀྱི་ཆོས་ལུགས་རྣམས་ལ། ཤིན་ཏུ་མཁས་པར་སྦྱངས་ཏེ། གསང་སྔགས་ཕྱི་འགྱུར་ལ་ཡང་སྤྲོ་བར་ཡོད་པ། དེའི་སྐབས་སུ། འབྲོའི་ལུང་སྟོན་ཆེན་པོ་གཅིག་བྱུང་པའི་ཚེ། བླ་མ་དཀོན་མཆོག་རྒྱལ་པོས་ཀྱང་བྱོན། ལྟད་མོ་རྩེད་འཕྱོ་མང་དུ་འདུག་པའི་ནང་ནས། སྔགས་པ་འགའ་ཞིག་གིས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན་ནས། ཕྱག་མཚན་སོ་སོར་ཁྱེར། མ་མོ་རོལ་པ་ཅན། རྔ་སྟབས་དང་བཅས་ཏེ་འཆམ་གིན་འདུག་པ། དེ་ཁ་ལྟད་མོ་ཆེ། ཁྲོམ་ཐོག་ཀྱང་དེས་ཆོད་སོང་པས། ཁོང་པས་ཕྱིར་ལོག་ནས། གཅེན་ལ་འདི་ལྟ་བུ་གདའ་ཞུས་པས། གཅེན་ན་རེ། ད་གསང་སྔགས་འཆོལ་པ་བྱ་བའི(༧.ན)དུས་བྱུང་པ་ཡིན། ཕྱིན་ཆད། བོད་དུ་རྙིང་མ་ལ། གྲུབ་ཐོབ་མཚན་ཉིད་པ་མི་ཡོང༌། རང་རེ་ལ་ཡོད་པ་ཀུན། རང་དབང་ཆེ་བས། ཨ་པོ་རྒད་པོའི། དཔེ་ཆ་ལྷ་རྟེན་དེའང༌། མང་མཁར་ན། འབྲོག་མི་ལོ་ཙཱ་བ་མཁས་པར་ཡོད་འདུག་པས། དེ་ལ་སློབ་ཏུ་རྒྱུག་གསུངས་ནས། དཔེ་རྙིང་ཐམས་ཅད་གཏེར་དུ་སྦས། དེར་ཆོས་སྐྱོང་གི་རྣམ་འཕྲུལ་བྱུང་ནས། ཕུར་པའི་ཆོས་སྐོར་ཅི་རིགས་པ་དང༌། གཏོར་མའི་ཆོ་ག་དང༌། སེང་ལྡེང་གི་ཕུར་པ་བཅོ་ལྔ་ཆ་གཉིས་དང༌། དཀར་མོ་ཉི་ཟླ་ཉིད་ཀྱི་མཁོན་རོག་ཤེས་རབ་ཚུལ་ཁྲིམས་རང་ལ། ཞལདངོས་སུ་བསྟན་ནས་མཛད་པའི་གཏོར་ཆོག་(ཆོ་གོ)རྣམས་སྟན་ནས། གཅུང་ལ་གནས། མཁོན་གྱི་གདུང་བརྒྱུད་རྣམས་ཀྱིས། ད་སྟའང། དུད་གཏོར་མ་ཆག་པ་མཛད་དགོས་སོ། །དེ་ནས་བླ་མ་དཀོན་མཆོག་རྒྱལ་པོས། མང་མཁར་(༧.བ)ལུང་དུར་ཁྲོད་དུ། འཁྱིན་ལོཙཱ་བ་ལ། བརྟག་གཉིས་གསན། དེ་ཚར་ལ་ཁད་པ་དང༌། བླ་མ་འཁྱིན་སྐུ་གཤེགས། དེའི་ཞལ་ཆེམ་ལ། ཆོས་འཕྲོ་དེ། མང་མཁར་དུ། འབྲོག་མི་ལ་ཞུས་ཅིག་གསུངས་ནས།་འབྲོག་མིའི་དྲུང་དུ་ཕྱིན་པས། ཁྱོད་ཀྱིས། ཕ་ཤི་ནས། མེས་པོ་ཅན་སྙེགས་སམ། འགྲོ་ས་མ་ནོར་གསུངས། ཡུལ་ནས། ཚོང་འགྲུལ་བྱས་པའི་རྟ་བཅུ་བདུན་ཁལ་དང་བཅས་པ། རྩྭ་རིན་ལ། ཇོ་མོའི་ནོར་ཕྲེང་པོ་གཅིག་ཁྱེར་ཡོད་པ། དེ་རྣམས་ཕུལ་ནས། གསུང་ངག་རིན་པོ་ཆེ་ཞུས་པས། རིམ་གྱིས་གནང་ཞིང༌། གཞན་ཡང༌། གསར་འགྱུར་གྱི་ཆོས་ཕལ་ཆེ་བ་ལ། གསན་སྦྱོངས་རྒྱ་ཆེར་མཛད་པས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏོ། །དེ་ནས་ཞང་ཡུལ་འཇག་བཤོངས་སུ། ཡབ་དང༌། གཅེན་གྱི་སྐུ་འབུམ་བཞེངས། དེའི་ནང་དུ་ཕུར་པ་(༨.ན)བྱིན་རླབས་ཅན་ཆ་གཅིག་ཡང་བཞུགས། ཕུར་པ་ཆ་གཅིག་གང་གཤེགས་སར། ཐུགས་དམ་ལ་བསྣམས། ཕྱིས་ས་སྐྱ་ན་ཡོད་ཟེར། གཡའ་ལུང་ཆུས་སྐྱར་དུའང་བཞུགས། བྲའོ་ལུང་པར། ས་སྐྱ་གོག་པོར་གྲགས་སོ། །དེའི་ཚེ། དཔོན་སློབ་འགའ་ཟུང་གིས། སྐྱོ་བསངས་ལ་བྱོན། རི་རྩེ་ནས་གཟིགས་པས། སྤོན་པོ་རིའི་ངོས་འགྲམ་ན། ས་དཀར་ཞིང་སྣུམ་པ། ཆུ་གཡས་སུ་འབབ་པ། བཀྲ་ཤིས་པའ་དགེ་མཚན་མང་པོ་ཚང་པར་གཟིགས་ནས། འདིར་དགོན་པ་གཅིག་བཏབ་ན། སངས་རྒྱས་ཀྱི་བསྟན་པ་དང༌། འགྲོ་བ་མང་པོ་ལ་ཕན་པར་འདུག་དགོངས་པ་བྱུང་ནས། ཇོ་བོ་གདོང་ནག་པ་ལ་ཞུས་པས་གནང། ས་དེའ་སྒོས་ཀྱི་བདག་པོ། ཞང་ཞུང་གུ་ར་བ་དང༌། བནྡྷེ་གྲོང་བཞི། ལྷ་མི་གྲོང་བདུན་བྱ་བ་འདུག་པ་ལ། ས་ཆ་འདིར། ངེད་དགོན་ཆུང་གཅིག་(༨.བ)བྱེད་པ་ལ། ཁྱེད་རྣམས་ལ་འགལ་མེད་ན། རིན་ཅིག་ཡང་འཇལ་གསུངས་པས། རིན་ཡེ་མི་འཚལ། དགོན་པ་མཛད་པར་ཞུ་ཟེར་བ་ལ། འོན་ཀྱང་ཕྱིས་ཚུན་ཆད། མི་འཐད་པར་འདུག་གསུངས་ནས། རྒོད་མ་དཀར་མོ་གཅིག མོ་གོས་གཅིག ནོར་བུའི་ཕྲེང་བ་གཅིག ཁྲབ་གཅིག་རྣམས་ཀྱིས་འགོ་བྱས་པའི་རིན་བཅལ། མོན་འབྲོག་མར་བཅད། བལ་འབྲོག་ཡར་བཏབ་ཀྱི་ས་དེ། བླ་མ་ས་བདག་པར་བྱས་སྐད། བླ་མ་འདི་ཉིད། དགུང་ལོ་བཞི་བཅུ་ཐམ་པ་བཞེས་པའི་དུས། ཐུབ་པའི་དབང་པོ། ས་ཕོ་འབྲུག་ལ་བལྟམས་པ། བརྒྱད་ཅུ་བཞེས་པའི་ས་མོ་ཕག་ལ་མྱ་ངན་ལས་འདས་པའི་རྟིང༌། ལོ་སུམ་སྟོང་ཉིས་བརྒྱ་དང་བདུན་སོང་པའི་ཆུ་མོ་གླང་གི་ལོ་ལ། དཔལ་ལྡན་ས་སྐྱ་པའི་གདན་ས་འགྲམ་གཏིང་ནས། བླ་བྲང་ཤར་གྱི་ས་ཆ་འདི་ལ། བླ་བྲང་གི་མཐིལ་(༩.ན)མཛད་ལྕགས་རི་རྩ་བརྒྱད་དུ་བྱས་པ་གཅིག་ཡོད་དོ། བླ་མ་འདི་ཉིད་ཀྱིས། གདན་ས། ལོ་སུམ་ཅུ་ཐམ་པ་བཟུང་ཞིང༌། བསྟན་པའི་བྱ་བ་ཆེན་པོ་མཛད་ནས། དགུང་ལོ་དྲུག་ཅུ་རེ་དགུ་པ། ཆུ་ཕོ་རྟའི་ལོ། དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ལ་བདེ་བར་གཤེགས་སོ། །གདན་ས་ཆེན་མོ་འགྲམ་གཏིང་པའི་ཆུ་མོ་གླང་ལོ་དེ་ནས། ད་ཕན་ཤིང་ཕོ་སྟག་གི་(གོང་དཀར་བཞི་འཛོམལ་རྐྱེན་ནས་དབུས་གཙང་བདེ་བདོག་ཆེན་མོ་ལངས་པའི)ལོ། རྨེ་བ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་སུམ་བརྒྱ་དང་དྲུག་ཅུ་རེ་གཅིག་སོང་འདུག བླ་མ་དཀོན་མཆོག་རྒྱལ་པོ་འདི་ཉིད། དགུང་ལོ་ང་དགུ་བཞེས་པའི་དུས། ཆུ་ཕོ་སྤྲེའུའི་ལོ་ལ་ཇོ་མོ་གཉིས་ཡོད་པའ་ཆུན་མ། གུ་ར་བའི་བུ་སྲིང་མ་ཇོ་མོ་ཞང་བྱ་བ་ལ། སྲས་གཅིག་འཁྲུངས་པ་ནི། ས་ཆེན་ཀུན་དགའ་སྙིང་པོ་ཞེས་བྱའོ། །དེའི་རྣམ་ཐར་ཅུང་ཟད་བརྗོད་ན། སྐྱེ་བ་བཞེས་པའི་ཁྱད་པར་དང༌། ལུང་རྟོགས་ཀྱ་ཡོན་(༩.བ)ཏན་ཕུན་སུམ་ཚོགས་པ་མངའ་བ་དང༌། སློབ་མའི་མཆོག་མང་དུ་བྱུང་པ་དང༌། གསུམ་གྱི་སྒོ་ནས་བརྗོད་པར་བྱས་ཏེ། རྒྱས་པར་རྣམ་ཐར་ཆེན་མོར་བལྟའོ། དེའང་སྲས་འདི་འཁྲུངས་པ། ཡུམ་གྱི་རེ་ཞིག་གསང་ནས་ཡོད་པ་ལ། ཆེན་མོ་རྡོ་རྗེ་དབང་ཕྱུག་མོས་ཚོར་ནས། འོ་སྐོལ་གྱི་གདུང་བརྒྱུད་འདི་ཆད་དུ་ཕངས་པ་ལ། ཞང་མོ་ལ་སྲས་གཅིག་ཡོད་གདའ་བ་ནན་ལྟར་ལེགས། ང་ལ་གསང་མི་འཚལ། ད་བདག་ལ་ནོར་མི་དགོས། བུའི་མ་ལ་དགོས་པ་ཡིན་ཟེར་ནས། ས་སྐྱ་མདུན་གྱི་མཆོད་ཞིང་མ་གཏོགས། གཞན་ཐམས་ཅད་ཞང་མོ་ཡུམ་སྲས་ལ་གཏད། གཞོན་ནུ་ཉིད་ནས། ཆབ་ཀློག ཡིག་རྩིས་ལ་སོགས་པ། རིག་པའི་གནས་མཐའ་དག་ལ་སྦྱངས་ཤིང༌། ཐོག་མ་ཁོ་ནར། ཡབ་ལ། སྐྱེ་རྡོ་རྗེས་དབང་ཞུས། དེ་དག་གི་ཐུགས་ལ་མངའ་བའི་ཆོས་ཐམས་ཅད་གསན་ནོ། (༡༠.ན)དགུང་ལོ་བཅུ་གཉིས་ལོན་པ་དང༌། ཡབ་བདེ་བར་གཤེགས་ཏེ། རྩིས་བྱས་པས། གཤེགས་རྫོང་བྱེད་པ་དང༌། ཕྱི་རྟེན་གྱི་འགྲམ་གདེངས་པ། གདན་ས་བཀོད་པ་རྣམས། ཉི་མ་གཅིག་ལ་གྲུབ་ན། རྗེས་སུ་ཕུན་སུམ་ཚོགས་པ་འབྱུང་ཟེར་བ་ལ། ཡུམ་ན་རེ། ཉིད་རང་གི་ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན། ལོ་ཙཱ་བ་དང་འབྲེལ་བའི་ཆོས་འདི། ནན་ལྟར་རྫུན་ཆུང་ཟེར་ནས་མཉེས་པ་གཅིག་ཡོད། ཁྱེད་ཆུང་པས། འོ་ཅག་གིས་དགན་ས་མི་ཟིན། གདན་ས་འདི། བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་ཟེར། བ་རི་བ་གཡུང་མཁར་མོ་ན་ཡོད་པ་གདན་དྲངས་ནས་གདན་ས་གཏོད་པ་དང༌། གཤེགས་རྫོངས་ཆོས་འཁོར་བྱེད་པ་དང༌། ཕྱི་རྟེན་གྱི་འགྲམ་གདིང་པ་རྣམས། ཉིན་གཅིག་ལ་ཚང་བ་མཛད། ཞིང་མོ་ཆེ་གཏོགས། གཞིས་ཐམས་ཅད་བླ་མ་བ་རི་བ་ལ་གཏད་དོ། བ་རི་བའི་ཞལ་ནས། ཁྱེད་ཇོ་སྲས་ཀྱི་བུ་བྱ་བ། སློབ་གཉེར་བྱེད(༡༠.བ)དགོས་པ་ཡིན། དེ་ལ་ཤེས་རབ་དགོས་པ་ཡིན། དེའི་ལྷ་འཕགས་པ་འཇམ་དཔལ། ཨ་ར་པ་ཙ་འདི་སྒྲུབས་གསུངས་ནས། སྒྲུབ་པས། ཟླ་བ་དྲུག་ནས། འཇམ་དཔལ་དངོས་སུ་ཞལ་གཟིགས། སྒྲུབ་ཁང༌། འཇམ་དཔལ་བྲག་ཁུང་དུ་གྲགས་པ། བླ་བྲང་ཤར་གྱི་དཀྱིལ་ན་ཡོད་དོ། དེ་ལྟར་ཡི་དམ་གྱི་ལྷས། མངོན་སུམ་དུ་བྱིན་གྱིས་བརླབས་པས། ཤེས་བྱ་ཕལ་མོ་ཆེ་ཐུགས་སུ་ཆུད་མོད་ཀྱང༌། གང་ཟག་རྣམས་ཀྱི་བསམ་བློ་དང་བསྟུན་པའི་ཕྱིར། གཞོན་ནུ་ཉིད་ནས་སློབ་གཉེར་ཐུགས་ལ་གཏད་དེ། སྔོན་ལ། རོང་ངུར་སྨིན་ཏུ། བྲང་ཏི་དར་མ་སྙིང་པོ་ལ། མངོན་པ་སློབ་ཏུ་བྱོན། བླ་མ་རི་བས། གདན་ས་ལོ་བརྒྱད་མཛད་རིང་ལ། དབུས་གཙང་མངའ་རིས་མན་གྱི་ས་ཆ་ན་བཞུགས་པའི། བླ་མ། ལོ་པཎ་བཟང་ཚད་ཀྱི་ཞབས་ལ་གཏུགས་ནས། ཐོས་པ། གསན(༡༡.ན)སྦྱོངས་མཐར་ཐོན་པ་མཛད་ཅིང༌། ཁྱད་པར་བ་རི་ལོ་ཙཱ་བའི་ཐུགས་ལ་ཡོད་ཚད་ཀྱི་ཡོན་ཏན་བུམ་པ་གང་བྱོ་གནང་སྟེ། ལོ་བརྒྱད་ཐིམ་ནས།གདན་ས་བླ་མ་ས་ཆེན་རང་ལ་གཏད། བ་རི་བ། བར་ཕུག་ཏུ་ཞི་བར་གཤེགས་སོ། དེ་ནས་བགྲེས་པོ་རྣམས་གྲོས་བྱས་ནས། ད་ཕ་ཆོས་གཅིག་བཅད་པ་དྲག་པར་འདུག་ཟེར། མཁོན་དགེ་ཆུང་བ་དགྲ་ལྷ་འབར་གྱི་དྲུང་དུ་བྱོན་ནས། དབང་བསྐུར་ཞུས་པས། སྟ་གོན་གྱི་ནུབ་མོ། སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་ཆུ་བོ་ཆེན་པོ་དམར་མེ་བ་ཅིག་ལ། ཟམ་པ་གསུམ་འདུག་པའི་ཆུ་འགྲམ་ན། ང་སྒྲོལ་བར་ཞུ་ཟེར་བའི་མི་མང་པོ་འདུག་པ། ཟམ་བ་ཕྱི་མ་ལ་མི་གསུམ། བར་མ་ལ་མི་བདུན། ཉེ་བ་དེ་ལ། མི་མང་པོ་ཅིག་བསྒྲལ་བ་རྨི། ཅུང་བསྙེལ་ནས། ཉི་མ་གཅིག་ལ་བསྙེལ་བསོ་བ་སྙམས་བྱེད་ཙ་ན། མནལ་སད། ནང་པར། རྨི་ལམ་དྲིས་དུས། འདི་ལྟར་བྱུང་ཞུས་པས། བླ་མའི་ཞལ་ནས། ཁྱོད་ཀྱི་མཁོས(༡༡.བ)ཁས་མི་གསུམ་ལས་ག་ན་སྒྲོལ་གསུངས། ཞལ་བཀུར་ཡང་མཛད། དེ་ནས་བླ་མ་དེ་ཉིད་ཀྱིས། དབང་བསྐུར་རྒྱུད་ལུང༌། མན་ངག་ཐུགས་ལ་མངའ་ཚད་རྡོགས་པར་གནང༌། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས། ཆོས་ཐམས་ཅད་ཚད་རེ་གསན་པ་དང༌། ཐུགས་སུ་ཆུད་བ་བྱུང་སྐད་དོ། བླ་མ་སྒྱི་ཆུ་བ་ཞི་བར་གཤེགས་དུས། ཞལ་ཆེམས་ལ། ཀུན་དགའ་སྙིང་པོ་ཁྱོད། རབ་བྱུང་ལ། མཁོན་ཚོའི་སྡེ་འདི་སྐྱོངས་གསུངས་བཞག་པ་བཞིན། རབ་ཏུ་བྱུང་དགོས་པ་ལ་བླ་མ་གནང་གའུ་བའི་གསུངས་ནས། བླ་མ་མཉམ་པོའི་ནང་ནས། ཁོང་གཤིན་པོ་ལས། ང་གསོན་པོའི་ངག་ལ་ཉོན། ཁྱེད་རབ་ཏུ་མ་བྱུང་ན། སེམས་ཅན་ལ་ཕན་ཆེ་བར་འདུག་གསུངས་ནས། མ་གནང༌། རབ་ཏུ་མ་བྱུང་ཡང༌། མཁོན་ཚོའི་དཔོན་མཛད། ཡང༌། མངའ་རིས་གིང་ཐང་ན་ལ་རྩེ་གནས་གསར་དུ། བླ་མ་བ་རི་ལོ་ཙཱ་བ་ལ།(༡༢.ན)ཆོས་ཞུས། བླ་མས། མགོན་པོའི་རྗེས་གནང་སྒྲུབ་ཐབས། ལས་ཚོགས་ཚང་མ་གནང༌། སྐུ་གསུང་ཐུགས་ཀྱི་རྟེན་དུ། སེ་འབག་ནག་པོ་འགྲོ་ཤེས་དང༌། དར་ནག་ལ། གྲི་ཁྲག་གིས་རྩ་སྔགས་བྲིས་པ། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་དང་བཅས་ཏེ། ཆོས་སྐྱོང་ལ་མི་ལབ་པ་བཞིན་དུ། ད་ང་རྒས་པས། ད་ང་རྒས་པས། ཁྱོད་མི་དགོས། ཁྱོད་རང༌། མཁོན་ས་སྐྱ་པའི་རྗེས་ལ་སོང་ཅིག་གསུངས་ནས། རྫངས། དེ་ཕྱིན་ཆད། ས་སྐྱ་པའི་ཆོས་སྐྱོང༌། གུར་མགོན་ལ་བྱེད་པ་འདི་བྱུང་པ་ཡིན་ཅིང༌། སེ་བག་ནག་པོ་ནི། སྒོ་རུམ་ན་བཞུགས་པ་འདི་ཡིན་ནོ། བླ་མ་ཞང་སྟོན་ཆོས་འབར་ལ། གསུང་ངག་རིན་པོ་ཆེ་རྫོགས་པར་ཞུས། བླ་མ་གནང་གའུ་བ་ལ། ཆོས་སྐྱོང་ཞལ་བཞི་པའི་སྒྲུབ་ཐབས་ཆ་ལག་ཚང་མ་ཞུས། དེ་ནས་ས་སྐྱའི་ཆོས་སྐྱོང་ཆེ་ཆུང་དུ་གྲགས་པ་འདི་བྱུང་ངོ༌། ས་ལམ་ཟིན་པའི་སློན་མའི་མཆོག་ཀྱང་མང་དུ་བྱུང་ཞིང༌། བླ་མ་ས་ཆེན་འདི་ཉིད་ཀྱིས(༡༢.བ)གདན་ས་ལོ་ཞེ་བརྒྱད་བཟུང་སྟེ། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས། དགུང་ལོ་དྲུག་ཅུ་རྩ་བདུན་པ་ས་ཕོ་སྟག་གི་ལོ། ཐ་སྐར་ཟླ་བའི་དཀར་ཕྱོགས། ཚེས་བཅུའི་དུས་སུ། གཡས་རུ་སྐྱ་བོའི་ཁ་ལྡིངས་སུ་ཞི་བར་གཤེགས་སོ། དེའི་དུས་སུ་ཀུན་གྱི་མཐུན་སྣང་དུ་གྲུབ་པར། སྐུའི་བཀོད་པ་བཞི་བསྟན་ཏེ། གཅིག་ནི་བདེ་བ་ཅན། གཉིས་པ་པོ་ཏ་ལ།་གསུམ་པ་ཨུ་རྒྱན། བཞི་པ་བྱང་ཕྱོགས་གསེར་མདོག་ཅན་ཞིང་ཁམས་སུ་གཤེགས་པར་གྲགས་སོ། །བླ་མ་དེ་ཉིད་ལ། ཇོ་མོ་གཉིས་ཁབ་ཏུ་བཞེས་པ་ལ། རིགས་ཀྱི་སྲས་བཞི་འཁྲུངས་ཏེ།་ཐོག་མར། ཇོ་མོ་ཆུང་ཤོས། ཇོ་ལྕམ་ཕུར་མ་བྱ་བ་ལ། སྲས་ཀུན་དགའ་འབར་བྱ་བ་འཁྲུངས་ཏེ། དེ་ཉིད་གཞོན་ནུ་ལ། རྒྱ་གར་དུ་བྱོན། མ་ག་ཏར་སློབ་གཉེར་མཛད།་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས། བོད་ལ་འབྱོན་པའི་གྲབ་མཛད་དུས། ཚད་པའི་(༡༣.ན)སྙུང་གཞི་བྱུང་ནས། དགུང་ལོ་ཉི་ཤུ་རྩ་གཉིས་ལ། མ་ག་ཏར་ཞི་བར་གཤེགས་སོ། །ཇོ་མོ་ཆེ་བ། ཚ་མོ་རོང་པ་མ་ཅིག་འོད་སྒྲོན་བྱ་བ་ལ། སྲས་གསུམ་འཁྲུངས་པའི་ཆེ་བ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཞེས་བྱ་སྟེ། ཡབ་དགུང་ལོ་ང་གཅིག་པའི་དུས། ཆུ་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས་ཤིང༌།་བླ་མ་འདི་ཡང། སྐུ་བལྟམས་པ་ཙམ་ནས། ཕ་རོལ་ཏུ་ཕྱིན་པའི་སློ་གྲོས་དང་ལྡན་པ་ཞིག་གོ །དགུང་ལོ་བཞི་བཅུ་ཞེ་གཅིག་པ།་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་བདེ་བར་གཤེགས་སོ།༌།དེའི་གཅུང་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ནི། ཡབ་དགུང་ལོ་ཞེ་དྲུག་པའི་དུས། མེ་མོ་ཡོས་ལོ་སྨལ་ཟླའི་ཚེས་བརྒྱད་ལ་སྐུ་འཁྲུངས་ཏེ། བཟོད་པ་ཐོབ་པའི་རྒྱལ་བ་ཡིན་ཅིང། དབུ་རྩེ་རྙིང་མ་བཞེངས།་རྒྱས་པར་རྣམ་ཐར་དུ་བལྟའོ། །གདན་ས་ལོ་ཞེ་ལྔ་མཛད། དགུང་ལོ་བདུན་ཅུ་པ། མོ་ཕོ་བྱི་བའི་ལོའི་ཁྲ་ཟླའི་ཚེས་བཅུ་གཉིས་(༡༣.བ)ལ། བདེ་བ་ཅན་དུ་གཤེགས་སོ། །གཅུང་པོ་ཆུང་བ། དཔལ་ཆེན་འོད་པོ་ནི། ཡབ་དགུང་ལོ་ང་དགུ་པ། ལྕགས་ཕོ་རྟ་ལོ་སྨིན་དྲུག་ཟླ་བའི་ཉི་ཤུ་ལྔ་ལ་འཁྲུངས་ཏེ། རྟག་ཏུ་གཞན་ལ་ཕན་པ་དང་བརྩེ་བའི་བདག་ཉིད་དེ། ལྔ་བཅུ་ང་བཞི་བཞེས་པ། ཆུ་མོ་ཕག་ལོ་ཟླ་ལྔ་པའི་ཉི་ཤུ་གཅིག་ལ། བདེ་བ་ཅན་དུ་གཤེགས་སོ། །བླ་མ་དེའི་ཇོ་མོ། མ་ཅིག་གར་བུ་མ་ཉི་རི་ལྕམ་ལ། སྲས་པོ་གཉིས་འཁྲུངས་པའི། ཆེ་བ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བ་དེ། ཡབ་དགུང་ལོ་སོ་གསུམ་བཞེས་པའི་དུས། ཆུ་ཕོ་སྟག་གི་ལོ་ཁྲ་ཟླའི་ཉི་ཤུ་དྲུག་ལ་སྐུ་འཁྲུངས་ཏེ། སྐུ་གཞོན་ཉིད་ནས། ཡབ་མེས་ཀྱ་ཆོས་ལུགས་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པར་མཛད། བར་བྱུང་མ་མཛད་གོང་གི་མཚན་ནི། སློབ་དཔོན་དཔལ་ལྡན་དོན་གྲུབ་ཟེར་བར་འདུག་ཅིང༌། དགུང་ལོ་ཉི་ཤུ་རྩ་ལྔ་ལོན་པའི། མེ་(༡༤.ན)ཕོ་སྟག་ལོ་ལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་དུས། ཉང་སྨན་རྒྱན་གོང་གི་གཙུག་ལག་ཁང་དུ། པཎ་ཆེན་པས་མཁན་པོ་མཛད། སྤྱི་ལྟས་པ་ཆེན་པོས་རྒྱ་བོད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའ་དབུས་སུ་རབ་ཏུ་ཞིང༌། བསྙེན་པར་རྫོགས་པ་ཡང་དེ་ཁར་མཛད་དོ། །བླ་བྲང་ཤར། ཤར་པ་ཤེར་འབྱུང་ལ་གསན་ནས། གཞི་ཐོག་བླ་བྲང་བཏབ། ཁ་ཆེན་པཎ་ཆེན་ལ་སོགས། རྒྱ་བོད་ཀྱ་མཁས་གྲུབ་མང་དུ་བསྟན་ཅིང༌། པཎ་ཆེན་གྱི་ཐུགས་སྲས། པཎྜི་ཏ་ད་ན་ཤི་ལ་བྱ་བ། ཡུན་རིང་ག་བར་ལ། འབྲལ་མེད་དུ་བསྟེན། རིག་པའ་གནས་ལྔ་ལ་ཕུལ་དུ་ཕིན་ནས། ཁྱི་རོང་དུ། འཕྲོག་བྱེད་དགའ་བ་ལ་སོགས། མུ་སྟེགས་ཀྱི་སྟན་པ་དྲུག་བཏུལ། དེ་དག་རབ་ཏུ་བྱུང་ནས། ནང་པའ་བསྟན་པ་ལ་ཚུད། ཆོས་ཀྱ་མངའ་བདག་ཆེར་པོར་འགྱུར། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ། ཤིང(༡༤.བ)ཕོ་འབྲུག་ལོ་ལ། ཧོར་གྱི་རྒྱལ་པོ་ཨེ་ཆེན་གོ་སྟོན་གྱིས། གདན་འདྲེན་ལ་གསེར་ཡིག་པ། རྡོར་ཐ་ཆེ་བྱ་བ་མངགས་བྱུང་དུས། བླ་མས་དགོངས་པ་བཏང༌། རྟེན་འབྲེལ་བརྟགས་པས། དང་པོ་ཁུ་བོ་རྗེ་བཙུན་ཆེན་པོའི་ཞལ་ནས། ཁྱོད་ལ་དུས་ནམ་ཞིག་བྱང་ཕྱོགས་ནས། གདན་འདྲེན་འདི་ལྟ་བུ་ཡོང༌། དེའི་དུས་སུ། ཐེ་མ་ཚོམ་པར་སོང་ཅིག་བསྟན་པ་དང༌། འགྲོ་བའི་དོན་ལ་ཕན་ཆེ་བར་ར་ཡོད་དོ། །གསུངས་པའི་ལུང་བསྟན་གནང་བ། ཐུགས་ཀྱིས་ཟིན་ནས། ས་སྐྱར། ཆོས་དཔོན་ལ། བླ་མ་འོ་ཡུག་པ་བསོད་ནམས་སེང་གེ་དང༌། ཤར་པ་ཤེར་འབྱུང༌། གདན་ས་སྤྱིའི་ཁ་ཏ་བརྗིད་ཁུར་ལ། ནང་གཉེར་བ། གྲོམ་པ་ཤཱཀྱ་བཟང་པོ་བཀོད་ནས། བླ་མའི་ཕྱག་ཕྱིར། དབོན་པ་འཕགས་པ་དང༌། ཕྱག་ན་གཉིས་ཀྱང། སྐུ་གཞོན་ནུ་ལ་ཁྲིད་ནས་བྱོན། ལམ་ལ་ལོ་གསུམ་འགོར། བྱང་ངོས་སུ། རྟ་(༡༥.ན)ལོའི་ཞུགས་ལ་ཕེབས། རྒྱལ་པོས། གོ་རྒྱལ་པོ། རྒྱལ་སར་སྟོན་པའི་མཇལ་འཕྲད་འཁོར་བ་དང༌། མེ་མོ་ལུག་ལོ་ལ། ཡོན་མཆོད་མཇལ། གནམ་མཆོད་པའི་རྒན་པ་ཐོབ། རྒྱལ་པོའི་བླ་མ་དང༌། ཧོར་ཡུལ་དུ། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། ཧོར་ས་སྐྱ་འབྲེལ་བའ་སྔོན་མ་ཡིན་ནོ། བླ་མ་འདིས། གདན་ས་སུམ་ཅུ་སོ་ལྔ་མཛད། དགུང་ལོ་བདུན་ཅུ་པ། ལྕགས་མོ་ཕག་ལ་སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བྱང་ངོས་སྤྲུལ་པ་སྡེའི་ལྷ་ཁང་དུ་གཤེགས་སོ། །དེ་ན་སྐུ་འབུམ་མཆོད་པའི་རྒྱུན་དང་བཅས་པ་ཡང་བཞུགས་སོ། །བླ་མ་དེའི་གཅུང༌། སློབ་དཔོན་ཆེན་པོ། ཟངས་ཚ་བསོད་རྒྱལ་ནི། ཡབ་དགུང་ལོ་ཞེ་ལྔ་པའི་དུས། ཤིང་ཕོ་འབྲུག་ལོ་ལ་སྐུ་འཁྲུངས་ཏེ། ཡབ་མེས་ཀྱ་ཆོས་ལུགས་ཕལ་ཆེ་བ་ལའང་སྦྱངས་ཤིང། ཞང་པོ་ཕྱོགས་དེ། སྔོན་ཅོག་རོ་ཟངས་(༡༥.བ)དཀར་བྱ་བའི། གྱད་པོ་ཆེན་པོ་གཅིག་བྱུང་བ། དེའི་རིགས་བརྒྱུད་ཀྱི། དབོན་པོ་ཡིན་པས། ཟངས་ཚ་ཞེས་པ་ཡིན་པས། བློ་དང་སྒྱུ་རྩལ་ཤིན་ཏུ་ཆེ་བར་གྲགས་སོ། །ཁོང་རང་གི་མདའ་རྒྱང་ལ་ཚད་མཛད་པའི། དན་གྱི་ལྕགས་རི་བཏབ། ཟངས་ཚའི་རྒྱ་སྒོ་རུ་གྲགས་པ་བཅུག ལྔ་བཅུ་ང་དྲུག་པ། ས་མོ་ཕག་ལ། ལས་སྟོད་ལྡོག་གི་སྤ་རི་རུ་སྐུ་གཤེགས་སོ། །དེས་ཇོ་མོ་ལྔ་ཁབ་ཏུ་བཞེས་པ་ལ། རིགས་ཀྱི་སྲས་པོ་བཞི་དང༌། སྲས་མོ་བཞི་འཁྲུངས་པའི༌། ཐོག་མ་མ་ཅིག་ཀུན་སྐྱིད་ལ། སྲས་གཉིས་ཀྱ་ཆེ་བ། སླ་མ་འཕགས་པ་བླ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ། ཡབ་དགུང་ལོ་ང་གཉིས་པའ་དུ། ཞིང་མོ་ལུག་གི་ལོ་ལ། ཟླ་བ་གསུམ་པའི་ཚེས་དྲུག་ལ་སྐུ་འཁྲུངས་ཏེ། དེ་ཉིད་ནི་དང་པོ་ནས། སྦྱངས་པ་དང༌། སྐྱེས་སྟོབས་ཀྱི་ཐུགས་རབས་དཔག་ཏུ་མེད་པ་མངའ་བས། གཞོན་ནུའི་(༡༦.ན)དུས་ནས། ཀློག་ཡག་དང༌། སློབ་གཉེར་གསན་སྦྱྱྱྱྱོངས་མཛད་པ་གང་ལའང་མཐོང་བ་ཙམ་གྱིས་མཁྱེན་པ་ཁོ་ན་བྱུང་བས། ཐམས་ཅད་ཀྱིས་འདི་ལྟ་བུ་ཁྱད་འཕགས་ཟེར་བ། མཚན་ཡང་འཕགས་པ་ཞེས་གྲགས་པ་ཡིན་ལ། དགུང་ལོ་བཅུ་པའ་དུས། ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར། བྱང་ངོས་ལ་བྱོན་པའི་ལམ་ཁར། ཟུར་ཕུར། ཆོས་རྗེ་མཁན་པོ་དང༌། ཟུལ་ཕུ་མཁན་པོ་ཆོས་ཀྱི་བྱང་ཆུབ་པས། སློབ་དཔོན་མཛད་ནས། རབ་ཏུ་བྱུང་ཞིང༌། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་མཛེས་པར་མཛད་དཔ། དེར་བྱང་ངོས་སྤྲུལ་པ་སྡེར། ཁུ་དཔོན་ཕེབས་པའི་སྐབས་སུ། ཧོར་སེ་ཆེན་རྒྱལ་པོའི་ལུང་གིས་བྱང་ངོས་ནས།་ས་སྐྱ་བླ་མ་བྱ་བ། ཁྱད་འཕགས་སླེབས་ཡོད་འདུག་པ། ངེད་ཀྱི་བླ་མཆོད་ལ་དགོས་གསུངས་པ་བྱུང་ནས། ཆོས་རྗེ་པ་སྐུ་ན་བགྲེས་པས་མ་བྱོན། བླ་མ་འཕགས་པས། བྱང་ངོས་པའི། རྒྱལ་(༡༦.བ)བུ་མོང་གོར་དང༌། ལྷན་ཅིག་ཏུ། རྒྱ་ནག་ལ་བྱོན། རྒྱལ་པོ་སེ་ཆེན། གོ་སེ་ལ། ལུ་བའི་ཤན་ན་བཞུགས་པ་དང་མཇལ་བས། ཤིན་ཏུ་མཉེས་ནས། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག བྱང་ངོས་ལ་ཕྱིན་ནས། ས་སྐྱ་པ་བླངས། ཡོན་མཆོད་དུ་འབྲེལ། བླ་མའི་བརྟགས་པ་མཛད་རིན་དང༌། བྱང་ངོས་སུ། ཆོས་རྗེ་བདེ་བར་གཤེགས་པའི་དགོངས་པ་རྫོགས་ཐབས་སོགས་ལ། རྒྱ་ཧོར་གྱི་ཡུལ་དུ་ལོ་མང་བར་བཞུགས། དགུང་ལ་ཉེར་གཅིག་པ། ཤིང་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་ཉིན། རྒྱ་ཡུལ་གྱི། ཧེ་ཅེའུ་དང་ཉེ་བའི་སར། ཕྱ་པ་ཆོས་ཀྱ་སེང་གེ་དང་ ། གཙང་ནག་པ་བརྩོན་འགྲུས་སེང་གེ འཚུར་གཞོན་ནུ་སེང་གེ མཁན་པོ་གྲགས་པ་སེང་གེ་རྣམས་ཀྱིས། མཁན་པོ་དང། མཁན་བུ་མཛད། བྱང་ཐང་པ། ཇོ་གདོན་བསོད་ནམས་རྒྱལ་མཛན་དང༌། ནེ་བ་མཁན་པོ(༡༧.ན)བློ་གྲོས་གྲགས་ཀྱིས་སློབ་དཔོན་མཛད། ཡར་ལུང་པ་བླ་མ་བྱང་ཆུབ་རྒྱལ་མན་པས་གསང་སྟེ་སྟོན་པ་མཛད། དད་པའི་དགེ་འདུན་ལ། བླ་མ་ཡེ་པ་དང༌། མཁན་པོ་ཤེར་ཡེས། རིན་པོ་ཆེ་ཉ་བསྒོམ་ལ་སོགས་པའི། སྡོམ་བརྩོན་ལྡན་པ་ཉི་ཤུ་རྩ་གཅིག དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པའི་དབུས་སུ། བསྙེན་པར་རྫོགས་པ་མཛད་དོ། །དེ་ནས། ཕོ་བྲང་ཏའི་ཏུར་བྱོན། སེ་ཆེན་རྒྱལ་པོར་ཡབ་ཡུམ་སྲས་དང་བཅས་པ་ལ། རྒྱུད་གསུམ་ཀྱི་དབང་མོ་ཆེ་བསྐུར། ཏི་ཤྲཱི་མཚན་གསོལ། དབུས་གཙང་གི་ཁྲི་བསྐོར་བཅུ་གསུམ་དང༌། དབང་ཡོན་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། ཧོར་ས་སྐྱ་པ་ཡོན་མཆོད་དུ་འབྲེལ། བོད་ཡུལ། གོ་སེ་ལའི་མངའ་འོག་ཏུ་ཆུག་པའི་སྙན་གྲགས་སྒྲོགས་པ་དང༌། འཇའ་མོ་འཛུགས་པ་ལ། མི་ཆེན་སྨན་བྱ་བ། ས་སྐྱ་མན་ལ་མངགས། སེ་ཆེན་གྱིས། བོད་ལ་(༡༧.བ)གསེར་ཡིག་བཏང་བའི་སྔན་མ་དེ་ཡིན་ནོ། །རྒྱའི་ཧ་ཤང། ཆིག་ཆར་བའི་ལྟ་བ་ལ་ཞེན་པ་དང༌།ཐའོ་ཤང་ལའོ་བ་གིན་བྱ་བའི་རྗེས་འབྲང། ཆོས་ལྟར་བཅོས་པའི་གཞུང་ལུགས་ལ། མཁས་པའི་ང་རྒྱལ་གྱ་དྲེགས་པ་བཅུ་བདུན་ཡང་དག་པའི་རིག་པས་ཕམ་པར་མཛད་ནས། བསྟན་པའི་སྒོར་བཙུད། ཧོར་ཡིག་མེད་པ་ལ། ཧོར་ཡིག་བརྩམ་ནས། དར་བར་མཛད། སྤྱིར་བལ་པོ་དང༌། རྒྱ་དཀར་ནག མི་ཉག ཧོར། ཀའུ་ལེ། འཇང། ཡོ་གུར། ཁུ་སེན་ལ་སོགས་པའི། དགེ་སློང་ཕོ་མོ་དང༌། དགེ་ཚུལ་པོ་མོ། རབ་ཏུ་བྱུང་བ་སྟོང་ཕྲག་བཞི་དང༌། བཞི་བརྒྱ་ཉི་ཤུ་རྩ་ལྔའི་མཁན་པོ་བྱ་བ། སྨན་ཚེའི་རྒྱལ་ཁམས་སུ་མངགས་ནས། ལོ་གཅིག་ནང་དུ། རབ་བྱུང་དགུ་བརྒྱ་བཞི་བཅུ་རྩ་བདུན་གྱི་མཁན་པོ་མཛད་དེ། དེ་རྣམས(༡༨.ན)ལས་རྒྱུད་པའི་དགེ་སློང་དགེ་འདུན་དཔག་ཏུ་མེད་པས་གང་ནས། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ། དེའི་ཕྱི་ལོ། མེ་ཕོ་འབྲུག་ལ་བླ་མ་བོད་ལ་བྱོན། མདོ་ཁམས་རྩོབ་དོ་གནས་གསར་དུ་ཉེ་གནས་ཆེན་པོ་སྟོན་ཚུལ་གྱི་མགོ་བྱས་ནས། ཉིན་གཅིག་ལ། རིན་པོ་ཆེ་གླེགས་བམ་སྟོང་ཕྲག་ཕྱེད་དང་གཉིས་གྱིས་ཐོག་གྲངས། ས་ཆ། སྡེ་དགོན། མི་ནོར་གྱི་འབུལ་བ་སྟོབས་ཆེ་བ་བཞེས་ནས། དབུས་གཙང་དུ་ཕེབས། འབྲུག་ལོ་དེ་ལ། དཔོན་ཆེན་ཤཱཀྱ་བཟང་པོས་དོ་དམ་བྱས་ནས། ལྷ་ཁང་ཆེན་མོའི་འགྲམ་གཏིང་བ། ས་སྐྱ་བཏབ་རྟིང༌། ལོ་བརྒྱ་དང་བདུན་ཅུ་དོན་བརྒྱད་སོང་དུས་ཡིན། དེ་ནས་ད་ལྟ་ཤིང་ཕོ་སྟག་ལོ། སྲོག་རྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་བརྒྱ་དང་བརྒྱད་ཅུ་རྩ་གཅིག་སོང་འདུག ས་སྐྱར་ཕེབས་སྐུ་སྐལ། ནང་རྟེན་རིན་པོ་ཆེའི་སྒོ་མང(༡༨.བ)བྱང་ཆུབ་ཆེན་པོ་བཞེངས་པ། གསེར་ཐོག གསེར་འཕྲུ་འཛུགས་པ། གཅུང་གི་འདོད་དང་བཅས་པའི་ཕྱོགས་སུ། ཕྱག་རྫས་བསམ་གྱིས་མི་ཁྱབ་པ་བཏང་ཞིང༌། ལྕགས་ཕོ་རྟ་ལོ་ཟླ་བ་བཅུ་གཉིས་པ་ལ། གཙང་ཆུང་མིག་རིང་མོར། དབུས་གཙང་མངའ་རིས་ཀྱི། དགེ་འདུན་ཁྲི་ཕྲག་བདུན་ལྷག་ལ། ཆོས་འཁོར་བསྐོར་བའི་ཆས་ལ། གསེར་སྲང་དགུ་བརྒྱ་དྲུག་ཅུ་རྩ་གསུམ་ཞོ་གསུམ། དངུལ་བྲེ་ཆེན་དགུ །ན་ཕྱིས་དང༌། ཟབ་ཆེན་ཡུག་བཞི་ཅུ་རྩ་གཅིག གོས་ཡུག་བརྒྱད་བརྒྱ་སུམ་ཅུ་སོ་བརྒྱད། དར་ཡུག་ལྔ་སྟོང་བརྒྱད་བརྒྱ་ལྔ་དང་གསུམ། མར་ཁལ་ཆིག་ཁྲི་སུམ་སྟོང་བདུན་བརྒྱ་ཉི་ཤུ་རྩ་བརྒྱད། ཇ་སིགས་ཆེན་བརྒྱ་ཉི་ཤུ། སྦྲང་བུར་དྲུག་བརྒྱ་དང་གསུམ། མར་ཁལ་ཆིག་ཁྲི་སུམ་སྟོང་བདུན་བརྒྱ་ཉི་ཤུ་རྩ་བརྒྱད། ནས་ཁལ་སུམ་ཁྲི་བདུན་སྟོང་བཅོ་བརྒྱད། རྩམ་ཁལ་བརྒྱད་སྟོང་དྲུག་བརྒྱ། གཞན་ཡང་ཕྲན་རྩེགས་གྲངས་མེད་པ་དང་བཅས(༡༩.ན)བསྙེན་བཀུར་རོ། །ལྕགས་མོ་ལུགས་ལོ་ལ། མདོ་གསུམ་བཀའ་འགྱུར་པོ་ཏི་བརྒྱ་དང་བཅོ་ལྔ་བཞེངས་པ་ལ། གསེར་རྐྱང་སྲང་སྟོང་ཕྲག་བཞི་དང་བཅོ་ལྔ་བཞེངས་པ་ལ། གསེར་རྐྱང་སྲང་སྟོང་ཕྲག་བཞི་དང་ཉིས་བརྒྱ་བདུན་ཅུ་རྩ་གཅིག་ཞོ་གསུམ་བཏང་ངོ༌། མེ་མོ་གླང་ལོ་ལ། རྒྱལ་བུ་ཇིམ་ཀིམ་གྱིས། ཆོས་འཁོར་མཛད་དུས་དགེ་འདུན་ཁྲི་ཕྲག་བདུན་ལྷག་ལ། གསུམ་བར་དུ། གསེར་ཞོ་རེ་རེ་ཕུལ་འདུག དེ་རྟིང་ཡང༌། བླ་མ་འདིས། གོང་དུ་བྱོན། དབང་བསྐུར་རིམ་པར་མཛད་པའི་དབང་ཡོན་ལ། རྒྱལ་པོས་ཆོལ་ཁ་གསུམ་དང༌། རྒྱ་ཡི་ཡུར་མ་ཆེན་མོ་ཕུལ། བསྔོ་བས་རྒྱས་སྟབས་ཟེར་བ་འདུག་ཅིང༌། ཆེ་བའི་ཡོན་ཏན་མཐའ་ཡས་པ་མངའ་བས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པའི་རྒྱས་པ་ནི། རྣམ་ཐར་ཆེན་མོར་བལྟའོ། བླ་མ་འདིས་གདན་ས་ལོ་སུམ་ཅུ་སོ་དྲུག་མཛད་དེ། དགུང་ལོ་ཞེ་དྲུག་པ། ལྕགས་ཕོ་འབྲུག་གི་ལོ། སྨལ་པོ་ཟླ(༡༩.བ)བའི་ཉི་ཤུ་གཉིས་ཀྱི་སྔ་དྲོ། ཉི་མ་དང༌། མེ་བཞིན་འཕྲོད་པའི་ཚེ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་བཤོམས་གསུངས། སྐྱིལ་མོ་དཀྲུངས་མཛད། རྡོ་རྗེ་དྲིལ་བུ་ཐུགས་ཁར་བསྒོམ་ནས། རྩེ་གཅིག་ཏུ་བཞུགས་པའི་ངང་ལ། ངོ་མཚར་པའི་བལྟས་དུ་མ་དང་བཅས་ཏེ། དཔལ་ས་སྐྱའི་ལྷ་ཁང་བླ་བྲང་དུ་བདེ་བར་གཤེགས་སོ། དེའི་གཅུང་སློབ་དཔོན་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་ང་དྲུག་པའི་དུས། ས་མོ་ཕག་ལ་སྐུ་འཁྲུངས་ཤིང༌། དགུང་ལོ་དྲུག་པའི་དུས། བྱང་ངོས་ལ། ཆོས་རྗེ་པའི་ཕྱག་ཕྱིར་བྱོན། ས་སྐྱ་པ་རྣམས་ཀྱིས། དབོན་པོ་མཆེད་གཉིས། སྐུ་ནས་འཕྲད་པས་བྱེས་མི་ཐུབ། འཇོག་པར་ཞུས་པས། བརྟུལ་ཤུགས་ཀྱི་སྤྱོད་པས། ཕས་ཀྱི་རྒོལ་བ་ཚར་གཅོད་ཅིང༌། འགྲོ་བ་སྦྱོར་སྒྲོལ་མཐུབ་པའི་ངོ་མཚར་ཅན་ཞིག་བྱོན་ཏེ། ཆོས་རྗེ་པ་དང་གཅེན་ལ། དབང་དང་གདམས་པའང(༢༠.ན)མང་དུ་ཞུས། རྒྱལ་པོ་གོ་དན་གྱིས། ཧོར་ཆས་སུ་བཅུག དཔོན་མོ་མེ་ག་བདུན་གནང༌། སེ་ཆེན་རྒྱལ་པོ་དང་མཇལ་ནས། པའི་ལེན་དབང་གི་མིང་དང༌། གསེར་གྱི་ཐམ་ཁ། ཐོང་ཇི་གཡས་གཡོན་གྱི་ཁྲིམས་ར་དང་བཅས་པ་གནང༌། བོད་སྤྱིའི་སྟེང་དུ་བཀོས། སྤྱིར་བོད་དང་སྒོས་ས་སྐྱ་ལ། དབང་གི་ལུང་ལས་ཁ་གནང་སྔན་མ་ཡིན་ནོ། དེ་ཉིད། དགུང་ལོ་ཉི་ཤུ་རྩ་དགུ་པ། མེ་མོ་ཡོས་བུའི་ལོ་ཟླ་བ་བདུན་པའི་ཚེས་གཉིས་ལ། དཔེ་ཁང་གཟིམ་ཁང་དུ་བདེ་བར་གཤེགས་སོ། མ་ཅིག་ཇོ་འབྲོ་ལ། སྲས་ལྕམ་སྲིང་གཉིས་བྱུང་བའི། གཅེན་སློབ་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་ནི། ཡབ་དགུང་ལོ་ང་ལྔ་པའི་དུས། ས་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། རྒྱུད་ལུང་མན་ངག་ཐམས་ཅད་མཁྱེན་ནས། སེ་ཆེན་རྒྱལ་པོའི་བླ་མཆོད་མཛད། བླ་མ་འཕགས་པས། དབུས་གཙང་ལ་བྱོན་པའི་ཤུལ་དུ། མེ་ཏོག་ར་བར་གདན་ས་ལྟ་བུ་མཛད། ཕོ(༢༠.བ)བྲང་དང་ཉེ་བར་དགེ་འདུན་གྱི་སྡེ་བཙུགས། བསྟན་པ་དང༌། འགྲོ་བའི་དོན་ལ་བརྩོན་པའི་ངང༌། དགུང་ལོ་ཞེ་གཉིས་བཞེས་པ། མེ་མོ་ཡོས་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ། ཤིན་ཀུན་དུ་སྐུ་གཤེགས་སོ། དེའི་ལྕགས་མོ། སློབ་དཔོན་མ་མདོ་སྡེ་བྱ་བ་འཁྲུངས་སོ། ཡང་གུང་ཐང་རྩད་པོའི་སྲས་མོ། ལྷ་ཅིག་མཛས་མ་ལ། སློབ་དཔོན་མ་བསོད་ནམས་འབུམ་དང༌། ཉི་མ་འབུམ་གཉིས་འཁྲུངས་ཏེ། ཆེ་བས་རབ་བྱུང་མཛད། ཇོ་མོ་གླིང་བཏབ། བཙུན་མའི་སྡེ་བཙུགས་སོ། འདི་ཡན་ལ། བཙུན་མའི་དགེ་སློང་མའི་སྡོམ་པ་འབོགས་ལེན་ཡོད་པར་ཡང་གྲགས་སོ། ཡང༌། ལྷ་ཅིག་མའི་ཉེ་གནས་མ། ཇོ་མོ་རྡོ་རྗེ་ལྡན་ལ། སློབ་དཔོན་ཡེ་ཤེས་འབྱུང་གནས་ནི། ས་ཕོ་ཁྱི་ལོ་ལ། སློབ་དཔོན་རིན་ཆེན་བ་དང་དུས་མཉམ་དུ་འཁྲུངས་ཏེ། བླ་མ་ཤར་པ་ཆེན་པོ་སྐུ་མཆེད་པ་ལ། སློབ(༢༡.ན)གཉེར་མཛད། ཡོན་ཏན་དུ་མ་དང་ལྡན་ཞིང༌། མཁན་པོ་ཤར་ལ་གཟུགས་པར་གྲགས་པ། ཕྱིས། རྒྱལ་བུ་ཧུ་དཀར་ཆེའི་བླ་མཆོད་མཛད། འཇང་ཡུལ་དུ་བྱོན། དགུང་ལོ་སོ་བདུན་པ་ཤིང་ཕོ་ཁྱི་ལོ་ཟླ་བ་བཅུ་གཅིག་བའི་ཚེས་བཅུ་ལ། མདོ་ཁམས་སུ་བདེ་བར་གཤེགས་སོ། ཡང༌། ཇོ་ལྕམ་ཧོར་མོ་བྱ་བ་ལ། སློབ་དཔོན་མ་རིན་ཆེན་འབྱུང་གནས་འཁྲུངས་སོ། དེ་རྣམས་ཟངས་ཚ་བསོད་རྒྱལ་གྱི་སྲས་ལྕམ་སྲིང་བརྒྱད་ཡིན་ནོ། སློབ་དཔོན་ཕྱག་ན་ལ། ཇོ་མོ། ཞལ་ལུ་མ། མ་ཅིག་མཁའ་འགྲོ་འབུམ་བྱ་བ་ཡོད་པ་ལ། ཕྱག་ན་རང་བདེ་བར་གཤེགས་ནས། ཟླ་བ་དྲུག་སོང་པ་དང༌། ས་ཕོ་འབྲུག་ལོ་ཟླ་བ་དང་པོ་ལ། བདག་ཉིད་ཆེན་པོ་དྷརྨ་ཕ་ལ་རཀྵི་ཏ་སྐུ་འཁྲུངས་ཏེ། འཕགས་པས། ཞལ་ཏ་མཛད། དེའི་བར་ཆད་བསྲུངས་བའི་ཕྱིར་དུ། ཤིང་ཁང་བླ་བྲང་དང༌། ཞལ་ལུ་བས་ཆེད་གཉེར་བྱས་ནས།(༢༡.བ)ཞལ་ལུ་ཁང་གསར་བཞེངས། ཁུ་བོས་ཐུགས་བརྩིས་ཤིན་ཏུ་ཆེ་བར་མོད་ཅིང༌། ཡོན་ཏན་བུམ་པ་གང་ཇོ(བྱོ)གནང༌། མཛད་པ་འཕྲིན་ལས་ཐམས་ཅད། བླ་མ་འཕགས་པ་དང་དབྱེར་མི་ཕྱེད་ཞེས། ཀུན་ལ་གྲགས་ཤིང༌།དགུང་ལོ་བཅུ་གསུམ་པ་ལ། འཔགས་པ་བདེ་བར་གཤེགས་ནས། དེའི་དགོངས་པ་རྫོགས་ཐབས་རྒྱ་ཆེར་སྒྲུབས། སློབ་གཉེར་འཕྲོ་རྣམས་ཤར་པ་ཡེས་སྲིན་པས་མཛད། བཅུ་བཞི་པ་ལ། གོང་དུ་བྱོན། རྟེན་དགེ་བསྙེན་ཡིན་ཡང། བླ་མའི་གདན་ས་ལྟ་བུ་མཛད། སེ་ཆེན་རྒྱལ་པོ་ལ་ཞུས་ནས། བླ་མ་འཕགས་པའི་གདུང་རིང་སྲེལ་བཞུགས་པའི། ཤེས་གི་མཆོད་རྟེན་ཆེན་པོ་དང༌། དེ་བཞུགས་པའི། མེ་ཏོག་ར་བའི་སྡེ་ཚན་པོ་བཞེངས། རྟིང་ལ། རྒྱལ་པོ་ཇི་བིག་ཐི་མུར་གྱི་སྲས་མོ། དཔལ་སྡན་གནང། ལོ་ལྔ་བཞུགས།་བདེ་ལ་བཀོད་ནས།་ཡར་བྱོན།་མདོ(༢༢.ན)ཁམས་སུ་ཕེབས་ཤིང། འདིས་གདན་ས་ལོ་བདུན་མཛད་དེ། དགུང་ལོ་ཉི་ཤུ་པ། མེ་མོ་ཕག་ལོ་སྨལ་པོ་ཟླ་པའི་ཚེས་བཅོ་བརྒྱྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། མདོ་ཁམས་དྲེ་མཎྜལ་དུ་བདེ་བར་གཤེགས་སོ། །དེའི་ཇོ་མོ། སྟག་འབུམ་བྱ་བ་ལ། སྲས་དྷརྨ་བྷ་དྲ་བྱ་བ་གཅིག་འཁྲུངས་པ་གཞོན་ནུ་ལ་གཤེགས་སོ། །བླ་མ་ཡེ་ཤེས་འབྱུང་གནས་དགང་ལོ་ཉེར་ལྔ་བཞེས་པ། ཆུ་ཕོ་ཁྱི་ལོ་ལ། ལུང་ནག་གཉེར་པ་དཔལ་རིན་གྱི་གཞི་བ་ཡོད་པའི། ཆོས་ཡིན་སྐྱིད་བྱ་བ་ལ། བླ་མའི་སྲས་གཅིག་འཁྲུངས་པ་ནི། བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་དེས། སྐྱེས་སྟོབས་ཀྱི་ཐུགས་རབ་ཕུན་སུམ་ཚོགས་པ་མངའ་ཡང༌། སྐུ་གཞོན་ནུའི་དུས། སློབ་གཉེར་ལ་སོགས་མཛད་རྒྱུ་ཆེར་མ་བྱུང། སྨན་ཚེའི་ཡུལ་སོགས་སུ། ཡུན་རིང་འབྱོན་དགོས་པ་བྱུང་བས། བདག་ཉིད་ཆེན་པོ་དྷརྨ་ཕ་ལ་སྐུ་གཤེགས་ནས། ལོ་བཅོ་བརྒྱད་ཀྱི་བར་ལ། གདུང་(༢༢.བ)བརྒྱུད་དྲི་མ་མེད་པ་དང༌། འཕྲིན་ལས་དབྱེར་མེད་པ། ཤར་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་པས། གདན་ས་མཛད། འཆད་ཉན་བསྒོམ་བསྒྲུབ། གཞན་ཕན། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ཆེས་གྲགས་སོ། །ཕྱིས།་ཁང་སར་ཏི་ཤྲི་སངས་རྒྱས་དཔལ་བས ། བླ་མ་བདག་ཉིད་ཆེན་པོའི་དབུ་འདོན། གོང་དུ་ཞུ་བ་ལེགས་པ་ལ་བརྟེན་ནས། ཨོལ་ཛ་དུ་རྒྱལ་པོས། བདག་ཉིན་པ། སྨན་རྩེ་ནས་གདན་དྲངས། གདུང་བརྒྱུད་དུ་མངའ་གསོལ། ངའི་བླ་མའི་གདུང་ཆད་དུ་ཕང་པས། དབུས་གཙང་དུ་བྱོན་ལས། གདུང་བརྒྱུད་འཕེལ་བ་གྱིས་གསུངས་པའི་ལུང་གནང་ནས། ཐོག་མར། གོང་དུ་མ་ཅིག་ཧོར་མོ་ལ། སྲས་སློབ་དཔོན་ཆེན་པོ་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས་འཁྲུངས་པའི། བསོད་ནམས་བཟང་པོ་ནི། ལྕགས་མོ་ཡས་ལོ་པ་ཡིན། གཞོན་དུས། བྱང་ངོས་སུ་གུའི་གུང(༢༣.ན)མཛད། དེ་རྟིང༌། གོང་མ་ཨ་ཡུ་པར་པ་ཏ། གེ་གན་རྒྱལ་པོས། དཔའི་ལེན་དབང་གི་མཚན་དང་སྲས་མོ། དཔོན་པོ་མུནྟ་གན་གནང། ཡར་བྱོན་མདོ་ཁམས་སུ་སྐུ་གཤེགས་སོ། །བླ་མ་བདག་ཉིད་ཆེན་པོས། དབུས་གཙང་དུ་ཕེབས་ནས། རྒྱལ་པོའི་ལུང་བཞིན། ཇོ་མོ་ལྔ་ཁབ་ཏུ་བཞེས་ཤིང། གདུང་བརྒྱུད་གཅིག་པའི། གདན་ས་འཛིན་མཁན། གཞན་མེད་པའི་དོན་གྱིས། ཡབ་མེས་ཀྱི་ཆོས་ལུགས་དྲི་མ་མེད་པ་རྣམས་ལ་གསན་སྦྱོང་ཡང་མཛད། བླ་མ་འཕགས་པ་དང༌། དྷརྨ་ཕ་ལའི་ཕྱི་རྟེན་བཞུགས་པའི། གསེར་ཐོག གཡུ་ཏོག་དང༌།ལྷ་ཁང་ཆེན་མོའི་ཐིགས་ཁང་དུ། དཀྱིལ་འཁོར་མི་གཅིག་པ་དྲུག་བརྒྱ་སུམ་ཅུ་རྩ་དགུ་འབྲི་བ། ཤིང་མོ་ལུག་ལ། ལྕགས་རི་ཆེན་པོ་སྟོང་པ་ལ་སོགས་ཀྱི་ཤལ་བཀོད་མཛད་ཅིང། བསྟན་པ་དང༌། རྒྱལ་ཁམས་གདན་སའི་ཕྱིས་སུ་འགྱུར་བའི་འཕྲིན་ལས་རྒྱ་ཆེན་པོ་མཛད༌། གདན་སའི། (༢༣.བ)དཔལ་འབྱོར་མངའ་ཐང་ཡང༌། བླ་མ་འདིའི་རིང་ལས་ཆེ་བ་མ་བྱུང་ཞེས་གྲགས་སོ། །བླ་མ་འདིས།ལྷ་ཁང་བླ་བྲང་དུ་ལོ་བཅོ་ལྔ་བཞུགས། བུ་ཡན་དུ་རྒྱལ་པས།་གུ་ཤྲི་གནང་ནས།་གཞི་ཐོག་ཏུ་སྐོས། གདན་ས་ལོ་ཞེ་ལྔ་ནས་རེ་གསུམ་གྱི་བར་དུ་ལོ་བཅུ་དགུ་མཛད་དོ། །རེ་གསུམ་པ་ཤིང་ཕོ་བྱི་བའི་ལོ་ལ། གཞི་ཐོག་གཟིམ་ཁང་དུ་བདེ་བར་གཤེགས་སོ། བླ་འདི་ཉིད་ལ། སྲས་ཡོངས་སུ་གྲགས་པ་དགུ། གཞོན་ན་ལ་གཤེགས་པ་བཞི། སྲལ་མོ་གཉིས་ཏེ། རིགས་ཀྱ་སྲས་ལྕམ་སྲིང་བཅོ་ལྔ་བྱོན། གོང་དུ་སྨོས་པའི་མ་ཅིག་ཧོར་མོ་ལ། སྲས་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས། བོད་དུ་ཕེབས་ནས། ཡ་འབྲོག་དཔོན་ཆེན་གྱི་ཇོ་མོ་ཕུལ་བའི་མ་ཅིག་མང་མཁར་མ་ཀུན་དགའ་འབུམ་ཞེས་པ། ངང་མོར་གྲགས་པ་ལ། བླ་མ་དམ་པ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལོལ་བཟང་པོ་པ་ནི། (༢༤.ན)ཡབ་དགུང་ལོ་སོ་བརྒྱད་བཞེས་པའི་དུས། ས་མོ་ཕག་ལ་འཁྲུངས་ཏེ། འདིའལི་རྣམ་པར་ཐར་པ་ནི། བླ་མ་འཕགས་པ་དང་ཚུལ་མཚུངས་ཤིང། གོང་དུ་བྱོན། སི་ཏི་ཕ་ལ་དབྱིངས་ཁྱུང་གི་གན་རྒྱལ་པོའི་བླ་མ་མཛད། ཏི་ཤྲིའི་མཚན་གསོལ། བསྟན་པའི་མངའ་་བདག་ཆེན་པོར་གྱུར་ཏེ། དགུང་ལོ་ཉི་ཤུ་རྩ་དགུ་་པ། མེ་མོ་ཡོས་ལོ་ཟླ་བ་གཉིས་པ་ལ། མེ་ཏོག་ར་བའི་སྡེ་ཆེན་པོར་ཞི་བར་གཤེགས་སོ། །ཡང་མ་ཅིག་ནས་མཁའ་རྒྱལ་མོ་ལ། སྲས་གསུམ་འཁྲུངས་པའི། ཆེ་བ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ཞེ་བཞི་པའི་དུས། ཤིང་མོ་འབྲུག་ལ་སྐ་འཁྲུངས་ཏེ། སྐྱེས་སྟོབས་ཀྱི་ཐུགས་རབ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང༌། ཁྱད་པར། ཆོས་སྐྱོང་ཆེ་ཆུང་ལ་ནུས་པ་ཐོན་པར་གྲགས་སོ། །གོང་ནས་ཀུ་ཤ་ལ་གོ་ཐུགས་རྒྱལ་པོས། ཀོནྟྲི་གུ(༢༤.བ)ཤྲིའི་མཚན་དང༌། ཤེལ་གྱི་ཐམ་ཁ་གནང༌། གདན་ས་ལོ་བཅུ་དགུ་མཛད། དགུང་ལོ་སོ་དགུ་པ། ཆུ་མོ་ལུག་གི་ལོ་ཟླ་བ་དགུ་པའི་ཚེས་བརྒྱད་ལ། གཞི་ཐོག་གཟིམ་ཁང་དུ་བདེ་བར་གཤེགས་སོ། དེའི་གཅུང་ཆེ་བ་གཞོན་ནུ་པ་སྐུ་གཤེགས། ཆུང་བ་སློབ་དཔོན་ཆེན་པོ་ནས་མཁའ་རྒྱལ་མཚན་དཔལ་བཟང་པོ་བ། ཡབ་དགུང་དུ་གཤེགས་པའི་ལོ་ཤིང་ཕོ་བྱི་བ་ལ་སྐུ་འཁྲུངས་ཏེ། ཀུ་ཤ་ལ་གོ་ཐུག་རྒྱལ་པོའི་བླ་མཆོད་མཛད། དགུ་ལོ་ཉི་ཤི་པ་ལ། ཕོ་བྲང་དང་ཉེ་སར་བདེ་པར་གཤེགས་སོ། ཡང་མ་ཅིག་ཀུན་དགའ་ནམ་མཁའ་རྒྱན་ལ། སྲས་གསུམ་འཁྲུངས་པའི་ཆེ་བ། སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་མེས་ཀྱི་ཆོས་རྣམས་ཐུགས་སུ་ཚུད་ནས། གོང་དུ་བྱོན། འཇའ་ཡན་དུ་རྒྱལ་པོའི་བླ་མ་མཛད། ཏི་ཤྲིའི་མཚན་གསོལ། བསྟན་པའི་མངའ་བདག་ཆེན་པོར(༢༥.ན)གྱུར་ཏེ། མེ་ཏོག་ར་བའི་སྡེར་ཞི་བར་གཤེགས་སོ། དེའི་གཅུང་ཆེ་བ། བླ་མ་དམ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ཞེ་དགུ་པའི་དུས། ལྕགས་ཁྱི་ལོ་ལ་སྐུ་འཁྲུངས་ཏེ། ཉེར་གཉིས་པ་ལ་གོང་དུ་བྱོན། ཡེ་སུན་ཐེ་མུར་རྒྱལ་པོའི་དུས་སུ། ཆུང་གུའི་གུང་མཛད། འཇའ་ཡན་དུ་རྒྱལ་པོའི་སྐུ་ཚེའི་སྨད་དང༌། རིན་ཆེན་དཔལ་རྒྱལ་པོའི་རིང༌། ཐོ་གོན་ཐེ་ཥུར་རྒྱལ་པོའི་སྐུ་ཚེའི་སྟོད་རྣམས། རྒྱལ་པོ་རིམ་པ་གསུམ་གྱི་བླ་མ་མཛད། ཏི་ཤྲཱི་མཚན་གསོལ། བསྟན་པའི་བྱ་བ་རྒྱ་ཆེན་པོར་མཛད་དེ། དགུང་ལོ་ལྔ་བཅུ་པ། ཕག་གི་ལོ་ལ། མེ་ཏོག་ར་བའི་སྡེ་ཆེན་པོར་ཞི་བར་གཤེགས་སོ། གཅུང་ཆུང་བ་གཅིག་གཞོན་ནུ་ལ་གཤེགས་སོ། ཡ་མེ་གཅིག་རེད་མདའ་མ། ལྷ་ཅིག་ཉི་མ་རིན་ཆེན་ལ། སྲས་ལྕམ་གསུམ་གསུམ་འཁྲུངས་པའི། གཅེན་དེ་གཞོན་ནུ་ལ་སྐུ་གཤེགས། དེ་འོག་སློབ་དཔོན་མ་ཀུན་དཀའ་འབུམ།(༢༥.བ)ཆུང་བ། དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ཞེ་བདུན་པའི་དུས། ས་ཕོ་སྤྲེའི་ལོ་ལ་སྐུ་འཁྲུངས་ཏེ། གོང་མ། ཐོ་གོན་ཐེ་ཥུར་རྒྱལ་པོས། སཱའི་ལེན་དབང་གི་མཚན་དང༌། གསེར་གྱི་ཐམ་ཁ། བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་དང༌། སྔར་དབང་བསོད་ནམས་བཟང་པོའི་ཇོ་མོ་ཡིན་པའི། དཔོན་མོ་བྷུནྡ་གན་དང་བཅས་པ་གནང༌། དགུང་ལོ་ཉེར་དགུ་པ། མེ་ཕོ་བྱི་བའི་ལོ་ལ། སྲད་ཕུའི་ས་ཆ། བླུབས་ཚག་ཚིག་བྱ་བར་སྐུ་གཤེགས་སོ། ཡང་མ་ཅིག་ཞལ་ལུ་མ། གཞོན་ནུ་འབུམ་ལ་སྲས་མཆེད་བཞི་འཁྲུངས་པའི། ཆེ་བ། ཏའི་དབེན་གུ་ཤྲཱི་ཀུན་དགའ་ཉི་མའི་རྒྱལ་མཚན་དཔལ་བཟང་པོ་བ་ནི། གཞོན་ནུས། ཡབ་མེས་ཀྱི་ཆོས་ལུགས་རྣམས་ཕུལ་དུ་ཕྱིན་པར་མཁྱེན་ཏེ། ཏི་ཤྲི་ཀུན་བློ་བཞུགས་དུས། གོང་ནས་གདན་འདྲེན་བྱུང༌། བྱོན་ནས།(༢༦.ན)སི་ཏི་ཕ་ལ་གཡིང་ཁྱུང་གེ་གན་རྒྱལ་པོའི་བླ་མཆོད་མཛད། ཏའི་དབེན་གུ་ཤྲིའི་མཚན་དང༌། ཤེལ་གྱི་ཐམ་ཁ་གནང༌། འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་མཛད་དེ། ཏའི་ཏུའི་ཕོ་བྲང་ཆེན་པོར་བདེ་བར་གཤེགས་སོ། དེའི་གཅུང་ཆེ་བ། འཇམ་དབྱངས་དོན་ཡོན་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ཞེ་དགུ་པའི་དུས། ལྕགས་ཕོ་ཁྱི་ལ་སྐུ་འཁྲུངས། འདི་ནི་འཇམ་དཔལ་དབྱངས་དངོས་ཡིན་པར་ཕྱོགས་ཐམས་ཅད་དུ་གྲགས་པས། རྒྱལ་པར་རྣམ་ཐར་དུ་ལྟའོ། དགུང་ལོ་སོ་ལྔ་པ། ཤིང་ཕོ་སྤྲེའུ་ལོ་ཟླ་དང་པོའི་ཚེས་བཅུ་གཅིག་ལ། རིན་ཆེན་སྒང་གོང་མའི་གཟིམ་ཁང་དུ་ཞི་བར་གཤེགས་སོ། གཅུང་བར་པ། བླ་མ་དམ་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ང་གཅིག་པའི་དུས། ཆུ་ཕོ་བྱི་བའི་ལོ་ལ་སྐུ་འཁྲུང་ཏེ། འདི་ནི་སངས(༢༦.བ)རྒྱས་ཐམས་ཅད་ཀྱི་ངོ་བོ། རྡོ་རྗེ་འཆང་དངོས་ཡིན་པར་ཐེ་ཚོམ་མི་ཟའོ། གུ་ཤྲིའི་མཚན་ཐོབ་ཅིང༌། ཐོ་གོན་ཐེ་མུར་རྒྱལ་པོའི་བླ་མ་ལ། གདན་འདྲེན་རིམ་པ་བྱུང་ནའང༌། ཆོས་ཁོ་ན་དོན་དུ་གཉེར་ནས་མ་བྱོན། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས། དགུང་ལོ་དྲུག་ཅུ་རེ་བཞི་པ། ཤིང་མོ་ཡོས་ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔ་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། དཔལ་བསལ་ཡས་ལྷུན་གྱིས་གྲུབ་པའི། བླ་བྲང་བཀྲ་ཤིས་སྒང་གི་གཟིམ་ཁང་དུ་བདེ་བར་གཤེགས་སོ། གཅུང་ཆུང་བ་གཅིག་གཞོན་ནུ་ལ་སྐུ་གཤེགས་ཟེར། དེ་རྣམས་ཀྱིས། བླ་མ་བདག་ཉིད་ཆེན་པོའི་སྲས་ལྕམ་སྲིང་བཅོ་ལྔའི་རྣམ་ཐར་ཟུར་ཙམ་བསྟན་ཟིན་པའོ། བླ་མ་བདག་ཉིད་ཆེན་པོའི་སྲས་དེ་རྣམས་ལ། བརྒྱུད་པ་ཇི་ལྟར་འཁྲུངས། བླ་བྲང་གང་གང་གི་ཞལ་བདག་མཛད་ནི། གོང་དུ། དབང་བསོད་ནམས་(༢༧.ན)བཟང་པོའི་ཇོ་མོ། དཔོན་མོ་བྷུནྡ་གན་ལ། སློབ་དཔོན་ཆེན་པོ་རཏྣ་ཤྲི་བྱ་བ། ཤིང་ཕོ་བྱི་ལོ་ལ་འཁྲུངས་ནས། དགུང་ལོ་ཉེར་ལྔ་པ། ས་ཕོ་བྱི་བའི་ལོ་ལ། རྒྱ་ཡུལ་དུ་སྐུ་གཤེགས་སོ། ཏི་ཤྲི་ཀུན་དགའ་རྒྱལ་མཚན་ལ། བསྙེན་རྫོགས་མ་མཛད་གོང་དུ། མ་ཅིག་བྱང་པ་མོ་ལ། སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་བ། ཆུ་ཕོ་སྤྲེའུ་ལོ་ལ་འཁྲུངས་ཤིང༌། ཀུན་སྤངས་སའི་ལྕང་མོ་ལ། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ་ཡང༌། ཆུ་ཕོ་སྤྲེལ་ལོ་དེ་ཀ་ལ། སྐུ་འཁྲུངས་ཏེ། ཐེ་གོན་ཐེ་མུར་རྒྱལ་པོས། ཏའི་དབེན་གུ་ཤྲིའི་མཚན་དང༌། ལུང་བཟང་པོ་གནང༌། སྐུ་མཆེད་འདི་གཉིས་ཀྱིས། ལྷ་ཁང་བླ་བྲང་དུ་བཞུགས་སོ། བླ་མ་མཁས་བཙུན་ཆེན་པོས། མ་གཅིག་དཔོན་མོ་དགེ་འདུན་འབུམ་ལ། སྲས་སློབ་དཔོན་ཆེན་པོ་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་བས་མོ(༢༧.བ)ཡོས་ལ་སྐུ་འཁྲུངས་ཏེ། ཐོ་གོན་ཐེ་མུར་རྒྱལ་པོས། ཐོ་ལིང་ཤི་ཏ་ཧུ་ཏའི་དབེན་གུ་ཤྲིའི་མཚན་དང༌། ཤེལ་གྱི་ཐམ་ཁ་གནང༌། གཞི་ཐོག་བླ་བྲང་བསྐྱངས། གདན་ས་མཛད་དེ། དགུང་ལོ་དྲུག་ཅུ་རེ་གཅིག་པ། ས་མོ་ཡོས་ལོ་ལ། གཙང་ཆུ་མིག་རིང་མོར་བདེ་བར་གཤེགས་སོ། དབང་ཀུན་ལེགས་པའི་ཇོ་མོ། གུང་ཐང་ཁབ་པའི། ལྷ་ཅིག་ཀུན་སྐྱོང་རྒྱལ་མོ་ལ། སློབ་དཔོན་མ་བསོད་ནམས་འབུམ་འཁྲུངས་ཤིང༌། ཏི་ཤྲི་གྲགས་པ་འོད་ཟེར་གྱི་དཔོན་མོ། མ་ཅིག་དགེ་འདུན་འབུམ་ལ། སྲས་ཆེ་བ། བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ་ནི། ཡབ། དགུང་ལོ་ཉེར་ལྔ་པའི་དུས། ཆུ་ཕོ་སྤྲེའུ་ལོ་ལ། སྐུ་འཁྲུངས་ཏེ། ཡབ་མེས་ཀྱི་ཆོས་ལུགས་དང༌། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང༌། དགུང་ལོ་ཉེར་གསུམ་པའི་དུས། ཁོང་རང་གི(༢༨.ན)དཔོན་སྐྱ། སློབ་དཔོན་རིན་བཟང་གི་དོ་དམ་བྱས། རྫོང་ཁའི་རྩ་བདག་དཔོན་ཆེན་ཀུན་དགའ་བཟང་པོའི་ནུ་བོ། དཔོན་གཞོན་ནུ་དཔལ་གྱི་ཚ་བོ། དཔོན་དོན་གྲུབ་དཔལ་བྱ་བ་ལ། རྫོང་རི་ཉོས་ནས། སྟག་ཚང་རྫོང་ཁའི་འགྲམ། ཤིང་ཕོ་རྟ་ལོ་ཟླ་བ་གསུམ་པའི་ཚེས་ལྔ་ནས་གཏིངས། དགོན་རྫོང༌། བླ་ཆེན་པ་སྐུ་མཆེད་ལ་ཕུལ་བ་ཡིན། སུམ་ཅུ་བཞེས་པའི་གླང་ལོ་ལ། ཐོ་གོན་ཐེ་མུར་རྒྱལ་པོས། གསེར་ཡིག་པ། དྷརྨ་ཀིརྟི་དང༌། ཨའི་བུ་དབེན་ཤྲི་སྔ་རྟིང་དུ་མངགས། ཏི་ཤྲིའི་མཚན། བོད་ནས་གསོལ་ཅིང༌། གཅུང་པོ་ལ། སའི་ལེན་དབང་གི་ལས་ཁ་དང༌། སྟག་ཚང་རྫོང་ཁར། ཆུ་མིག་ཁྲི་འོག་གང་ཡིན་གྱི་འདའ་སྒོ་སླེབ་དུ་ཆུག་གསུངས་པའི། ལུང་བངས་པོ་དང་བཅས་པ་གནང༌། བླ་ཆེན་པ། གོང་དུ་གདན་དྲངས། རྒྱལ་པོའི་བླ་མ་མཛད། དགུང་ལོ་སོ་གཅིག་པ། ཆུ་ཕོ་སྟག་ལོ་ཟླ་བ་བཅུ་པ(༢༨.བ)ལ། མེ་ཏོག་ར་བར་བདེ་བར་གཤེགས་སོ། དེའི་གཅུང་གཅིག གཞོན་ནུ་ལ་སྐུ་གཤེགས་ཟེར། གཅུང་ཆུང་བ། སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བ་ནི། མེ་ཕོ་བྱི་བའི་ལོ་ལ། ཡབ་སྐུ་གཤེགས་ནས། ཟླ་བ་དྲུག་སོང་བ་དང༌། སྐུ་འཁྲུངས། གོང་མ་ཐོ་གོན་ཐེ་མུར་གྱིས། སའི་ལེན་དབང་གི་མཚན། ཐོང་ཛི་གཡས་གཡོན་གྱི་ཁྲིམས་ར། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི། ལུང་བཟང་པོ་དང་བཅས་པ་གནང༌། རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྲགས་ཤིང༌། ཁྲིམས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེན་པོ་མཛད། དགུང་ལོ་ཞེ་གཅིག་པ། མེ་ཕོ་འབྲུག་གི་ལོ་ཟླ་བ་དང་པོའི་ཉེར་གཉིས་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། སྟག་ཚང་རྫོང་ཁའི་གཟིགས་ཁང་རྙིང་མར་བདེ་བར་གཤེགས་སོ། འདི་པ་སྐུ་མཆེད་པས། དུས་མཆོད་བླ་བྲང་འཛིན་སྐྱོང་(༢༩.ན)མཛད་དོ། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ། བསྙེན་རྫོགས་མ་མཛད་གོང་དུ། མ་ཅིག་ཞལ་ལུ་མ་ལ། སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན་པ་འཁྲུངས་ཤིང༌། འདི་པ་ཡབ་སྲས་ཁུ་དབོན་པས། རིན་ཆེན་སྒང་བླ་བྲང་འཛིན་སྐྱོང་མཛད། ཕྱིས་ཆོས་རྗེ་བླ་མ་དམ་པས། བླ་བྲང་དུས་མཆོད་པ་ལ་སྦྱར་ནས། དབོན་བརྒྱུད་རྣམས་ཀྱིས། ཤིང་ཁང་བླ་བྲང་སྐོར་དང༌། ཤབ་དགེ་སྡིང་ལ་སོགས་འཛིན་པ་འདིའོ། ཡང༌། བླ་མ་མཆེད་དེ་རྣམས་ལ། དབོན་སྲས་ཇི་ལྟར་འཁྲུངས་ན། ལྷ་ཁང་པ། ཆོས་ཀྱི་རྒྱལ་མཚན་པ། བསྙེན་རྫོགས་མ་མཛད་གོང་དུ། ཏའི་དབེན་བྱང་པའི་ཇོ་མ་ལ། སྲས་ཆེ་བ། ཆོས་རྗེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་བ། ས་མོ་གླང་ལ་སྐུ་འཁྲུངས་ཏེ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང༌། དགུང་ལོ་རེ་བཞི་པའི་དུས། ཆུ་ཕོ་འབྲུག་ལོ་ལ།(༢༩.བ)།རྒྱ་ནག ཏའི་ཏྭ་བཞིན་དང༌། ཨ་ནུ་དྲི་ཧོས་པ་རྣམས་ཀྱིས་སུས་ནས། གནམ་ཐད་ཀྱི་ཕོ་བྲང་དང༌། རྒྱ་ནག་རི་བོ་རྩེ་ལྔར་བྱོན་རྒྱལ་པོའི་བླ་མ་ཏི་ཤྲི་མཛད། ཅིང་གྱོ། ཏའི་ཆིང༌། ཧ་ཝམ། སི་ཐེན། ཤང་ཤེན། ཀིམ་ཀམ། ཏའི་ཀཱོམ། ཀོམ་མིའི། བ་ཝོ། བོད་སྐད་དུ་བསྒྱུར་ན། འཕྲིན་ལས་སྣ་ཚོགས་རྒྱས་པ། དམ་ཆོས་མཆོག་ཏུ་རྒྱལ་བ། ཡང་དག་པའི་ཡེ་ཤེས་སྙིང་རྗེ་རྒྱ་ཆེན་ཀུན་ལ་རྒྱས་པར་ཕན་པ། ཞིང་བསྲུངས་ཤིང༌། བསྟན་པ་བཤད་པ། ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ཆེན་པོའི་སངས་རྒྱས། ཞེས་པའི་མཚན་གྱི་རྣམ་གྲངས་འདི་རྣམས་གསོལ། ཤེལ་གྱི་ཐམ་ཁ་དང༌། ལྕང་བཟང་པོ། གསེར་གྱི(༣༠.ན)འཁོར་ལོ་རྩིབས་སྟོང་དང་ལྡན་པས་འགོ་བྱས་པའི། འབུལ་བ་དཔག་ཏུ་མེད་པ་དང་བཅས་གནང༌། ལྷ་ཁང་ཆེན་མོ། ཕྱག་ཏུ་ལེན་པ་ལ་སོགས། གདན་སའི་ཕྱིས་སུ་འགྱུར་བའི་ཐུགས་ཁུར་ཆེན་པོ་བསྣམས་པས། ས་སྐྱ་པའི་བསྟན་པ་མེ་རོ་བླང་པ་ལྟ་བུར་གྱུར་པས་ན། སྐུ་དྲིན་ཤིན་ཏུ་ཆེ་ཞིང་རྒྱ་ནག་ཏུ་ལོ་ངོ་གསུམ་བཞུགས་ཤིང་ཕོ་རྟ་ལོ་ལ་བོད་དུ་ཕེབས་ནས། བསྟན་པ་དང༌། འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དེ། དགུང་ལོ་དོན་བདུན་པ། ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་བདུན་པའི་ཚེས་བཅུ་ལ། ལྷ་ཁང་ཆེན་མོའི་ཡང་རྩེར་བདེ་བར་གཤེགས་སོ། དེའི་གཅུང་པོ། བླ་མ་ཆེན་པོ་བསོད་ནམས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་པ། སྦས་པའི་རྣམ་འབྱོར་ཆེན་པོ་འདི་ཉིད་ཀྱིས་ཀྱང༌། བསྟན་པ་དང་འགྲོ་བའི་དོན་ཡུན་རིང་དུ་མཛད་དེ། ས་ཕོ་བྱི་བའི་ལོ་ལ། དཔལ་ལྡན་ལྷ་རྩེ་རྫོང་གི་གཟིམ་ཁང་དུ་བདེ་བར་གཤེགས་སོ། ལྕམ་མོ(༣༠.བ)གཅིག་ཡང་འཁྲུངས་སོ། ཡང་དཔོན་ཆེན་དབང་ཕྱུག་དཔལ་གྱི་ཇོ་མོ། དཔོན་མོ་སྐྱིད་པ་ལ། དྲུང་ཆོས་རྒྱལ་བའི་སྲས་གཉིས་བྱུང་བ་ནི། བླ་མ་རྡོ་རྗེ་རིན་ཆེན་པ་དང༌། བླ་མ་དྷརྨ་བའོ། གཞི་ཐོག ཀུན་རིན་པའི་ཇོ་མོ། ཉི་ཐོག་དབོན་མོ་ལ་སྲས་གཅིག་འཁྲུངས་པ། གཞོན་ནུ་ལ་གཤེགས་ཤིང༌། མཉམ་མེད་དབོན་མོ་ལ་འཁྲུངས་པའི། སྲས་ཆེ་བ། བློ་གྲོས་རྒྱལ་མཚན་པ་ལ་རྒྱ་ནག་ཏའི་མིང་རྒྱལ་པོས། སྲས་ཆེ་བ། བློ་གྲོས་རྒྱལ་མཚན་པ་ལ་རྒྱ་ནག་ཏའི་མིང་རྒྱལ་པོས། ཏའི་གུ་ཤྲིའི་མཚན་དང༌། གསེར་ཐམ་གནང༌། གདན་ས་མཛད། གཅུང་པོ། ཤབ་སྨད་ན་བཞུགས་སོ། ཡང༌། དབང་གྲགས་པ་རྒྱལ་མཚན་ཇོ་མོ། བྱང་པ་མ་ཅིག་ལྷ་མོ་རིན་ཆེན་ལ། སྲས་ཆེ་བ། ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་ཉེར་གཉིས་པའི་དུས། མེ་མོ(༣༡.ན)བྱའི་ལོ་ལ་སྐུ་འཁྲུངས། ལུང་བཟུང་པོ་གནང༌། དགུང་ལོ་ཉེར་བརྒྱད་པ། ཤིང་ཕོ་བྱི་བ་ལ། རྟ་ནག་རི་ཁུད། གསེར་ཁ་བླ་བྲང་དུ་བདེ་བར་གཤེགས་སོ། དེའི་གཅུང་པོ། དབང་རྣམས་སྲས་རྒྱལ་མཚན་དཔལ་བཟང་པོ་བ་ནི། ཡབ་དགུང་ལོ་ཉེར་ལྔ་པའི་དུས། ལྕགས་ཕོ་བྱི་བའི་ལོ་ཟླ་བ་དང་པོ་ལ་སྐུ་འཁྲུངས་ཏེ། ཐོ་གོན་ཐེ་མུར་རྒྱལ་པོས། ཁོང་རང་གི་སྲས་ཆེ་བ་དང་མཉམས་པའི་ལས་ཁ། རི་རྩིང་དབང་གི་མཚན། གསེར་ཐམ། གསེར་སྒོར། དངུལ་སྒོར། དབང་ཧུ། བྱང་ཤྲི། ཟིམ་མ་རྣམས། གཡས་གཡོལ་གྱི་ཁྲིམས་ར་བརྒྱད། ཁྲིམད་ཀྱི་ཐས་པ། ཕིང་གཅིག་པའི་ཧུ་ཤྲི། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ་གནང་ནས། ཁྲིམས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་ལ་མངའ་བརྙེས་བར་མཛད། དགུང་ལོ་ཞེ(༣༡.བ)དགུ་པ། ས་ཕོ་བྱི་བའི་ལོ་ཧོར་ཟླ་བཞི་པའི་ཉེར་བཞི་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། སྨོན་ཁང་རྩེ་གདོང་རྫོང་གི་གཟིམ་ཁང་དུ་བདེ་བར་གཤེགས་སོ། ཡང་རྩེ་གདོང་རྫོང་གི་གཟིམ་ཁང་དུ་བདེ་བར་གཤེགས་སོ། ཡང་རྩེ་གདོང་པ། མ་ཅིག་སྲས་འདྲེན་ལ། པཱའི་ལེན་དབང་གི་སྲས་པོ། སློབ་དཔོན་ཆེན་པོ་ཆོས་ཀྱི་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་བ་ནི། ས་མོ་ཕག་གི་ལོ་ལ་སྐུ་འཁྲུངས་ཏེ། གཞོན་ནུས། ཡབ་མེས་ཀྱི་ཆོས་ལུགས། གསང་སྔགས་གསར་རྙིང༌། རྒྱུད་ལུང་མན་ངག ཕྱི་ནང་གི་ཡོན་ཏན་མཐའ་དག་ཐུགས་སུ་ཆུད་ཅིང༌། ཁྱད་པར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཐུགས་ལ་མངའ་ཚད་ཀྱི་ཡོན་ཏན་བུམ་པ་གང་བྱོ། བླ་བྲང་རིན་ཆེན་སྒང་ལ་གཏོགས་པའི། གཙང་ཕྱོགས་ཀྱི་རྫོང་གཞིས། ས་ཆ་དབང་རིགས་གང་ཡོད་དང་བཅས་པ་གནང༌། རིམ་གཉིས་ཟབ་མོ་ལ་གཡེལ་བ་མེད་ཅིང༌། འགྲོ་བ་ཀུན་ལ(༣༢.ན)བྱམས་དང་བརྩེ་བའི་བདག་ཉིད། སེམས་དཔའ་ཆེན་པོར་གྲགས་པ་དེ་ཉིད། དགུང་ལོ་བདུབ་ཅུ་པ། ས་ཕོ་སྤྲེའི་ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ། འཇའ་འོད། མེ་ཏོག་གི་ཆར་ལ་སོགས་པ་དང་དམར་མོར་བདེ་བར་གཤེགས་སོ། འདི་དང་ཡབ་ཡུམ་གཅིག་པའི་ལྕམ་མོ། སློབ་དཔོན་མ་བཀྲ་ཤིས་འབུམ་བྱ་བ་ཡང་འཁྲུངས་སོ། ཡང་ཐོང་ཛི་དབོན་མོ་ལ་པཱའི་ལེན་དབང་གི་སྲས་མོ། སློབ་དཔོན་མ་བྱང་སེམས་བསོད་ནམས་རྒྱལ་མོ་ཡང་འཁྲུངས་སོ། མ་ཅིག་ནམ་མཁའ་རྒྱལ་མོ་ལ། སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་པ་སྐུ་མཆེད་གཉིས་འཁྲུངས་ཏེ། ཤབ་དགེ་སྡིང་ན་བཞུགས་པའོ། ལྕམ་མོ་གཅིག་ཡང་འཁྲུངས་སོ། དེ་རྟིང་ལྷ་རྩེ་བ། བླ་ཆེན་བསོད་ནམས་བཀྲ་ཤིས་པའི་སྲས་གཅིག(༣༢.བ)ཉི་ཤལ་དཔོན་མོ་ནམ་མཁའ་རྒྱལ་མོ་ལ་འཁྲུངས་པ་ནི། སློབ་དཔོན་ཆེན་པོ་བཀྲ་ཤིས་རྒྱལ་མཚན་པ། ཐེག་ཆེན་ཆོས་ཀྱི་གདན་ས་མཛད་དེ། ལྷ་ཁང་ཆེན་མོ་ན་བཞུགས་སོ། ཡང་གཞི་ཐོག་བློ་གྲོས་རྒྱལ་མཚན་པའི་སྲས་གཅིག་ཡང༌། ཟུར་དུ་འཁྲུངས་པ། ནང་ཆེན་རིན་པས་དབུ་འདོན་ཞབས་ཏོག་མཛད་ནས། སློབ་གཉེར་གསན་སྦྱོངས་མཐར་ཐོན་པ་དང༌། གཞི་ཐོག་གི་གདན་སའི་འོས་སུ་བྱེད་དོ། ཡང་ཏའི་དབེན་ཀུན་ལེགས་པའི་ཁབ་ཏུ་ཧུ་ཤྲིའི་ལྕམ་མོ་ཞེས་པ་ལ། སློབ་དཔོན་མ་ཀུན་དགའ་འབུམ་ཟེར་བ་གཅིག་བྱུང་ངོ༌། ཡང་དབང་རྣམས་སྲས་པའི་སྲས་ཕོ་གཉིས། སྲས་མོ་སྔ་འཁྲུངས་པ་ནི། སྔ་སོར། མ་ཅིག་ཉི་མ་འབུམ་བྱ་བ་ལ། སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་པ་འཁྲུངས་ཏེ། ས་ཕོ་བྱི་བའི་ལོ་ལ། བླ་བྲང་རིན་ཆེན་སྒང་གོང་མར་བདེ་བར་གཤེགས་སོ། ཡ་འབྲོག་པ། མ་གཅིག་བསོད(༣༣.ན)ནམས་འབུམ་ལ། སྲས་པོ། སློབ་དཔོན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ། ཡབ་དགུང་ལོ་བཞི་བཅུ་པའི་དུས། ས་མོ་ཡོས་ལོ་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་འཁྲུངས་ཏེ། དགུང་ལོ་བཅུ་དྲུག་པའི་ཐོག ཤིང་ཕོ་རྟ་ལོ་ལ། ཐེག་ཆེན་ཆོས་རྗེའི་སྐུ་དྲིན་ལ། རྒྱ་ནག་ཏའི་མིང་རྒྱལ་པོས། ཧུ་ཀྱ་ཧོ་དབང་གི་མཚན་དང༌། གསེར་ཐམ། བོད་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ། ཞུ་མ་དགོས་པར་གནང་ནས། ཁྲིམས་གཉིས་ཀྱི་མཛད་པ་འཕྲིན་ལས་དར་ཞིང་རྒྱས་པར་བཞུགས་སོ། དེ་ལྕམ་མོ་ཆེ་བ། སློབ་དཔོན་ནམ་མཁའ་འབུམ(ཡ་འབྲོག་མ།)དང༌། འཛོམ་པ་རྒྱལ་མོ(ལྷ་རྩེ་མ)། ཀུན་དགའ་འབུམ(ཤངས་པ་མ)། ལྷ་མོ་རིན་ཆེན(ཟུར་རྩ་མ)། ནམ་མཁའ་རྒྱལ་མོ(ཕྲག་ན་མ)། བྱ་བ་དང་ལྔ་འཁྲུངས་སོ། མདོར་ན། དང་པོ། གནམ་ལྷ་མཆེད་གསུམ་ནས། ད་ལྟ་ཡཡན་ལ།་གདུང་རབས་ཉི་ཤུ་རྩ་ལྔ(༣༣.བ)སོང་ཞིང༌། སོ་སོར་གྱེས་པའི་རྣམ་གྲངས་ནི། དགུ་བཅུ་གོ་བདུན་ཡིད་ལ། ལྕམ་ལོ་(མོ)ཉི་ཤུ་རྩ་གཅིག་བྱུང་བར་བཞེད་དོ། །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ལ། །མི་ཕྱེད་དད་པའི་ཤུགས་ཀྱི་ཀུན་བླངས་ནས། བླ་མ་བརྒྱུད་པའི་ལརྣམ་ཐུར་ཐོར་བུ་ཙམ། །བྲིས་པའི་དགེ་བས་བསྟན་པ་འཕེལ་བ་དང༌། །བརྒྱུད་འཛིན་སྐུ་ཚེ་དཔལ་འབྱོར་རབ་རྒྱས་ཏེ། །གདུལ་བྱ་རྣམ་མཁྱེན་ས་ལ་མྱུར་འཁོད་ཤོག མཁོན་གྱི་གདུང་བརྒྱུད་བྱོན་ཚུལ་མདོན་བསྡུས་ནི། །འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་སྣ་ཚོགས་ལས། །བསྟན་དང་འགྲོ་བའི་དོན་ལ་འཇིག་རྟེན་ཏུ། །མཁོན་གྱི་གདུང་རྒྱུད་མུ་ཏིག་ཕྲེང་བ་ལ། །བྱོན་པའི་རིམ་པ་མདོར་བསྡུས་ཉི་ཤུ་ལྔ། །རྒྱལ་པར་ཕྱེ་བའི་རྣམ་གྲངས་དགུ་བཅུ་བདུན། །ཧོར་གྱི་བླ་མ་ས་སྐྱ་པཎ་ཆེན་ཆོས་རྒྱལ་འཕགས། ཀུན་བློ་ཀུན་དགའ་ལེགས་འབྱུང་ཀུན་རྒྱལ་དང༌། བླ་ཆེན་བསོད(༣༤.ན)བློ་ཡན་ལ་ཏྲི(ཏི)ཤྲི་དྲུག རྒྱ་ནག་རྒྱལ་པོའི་ཏི་ཤྲི་ཐེག་ཆེན་ཡིན། རྒྱལ་བརྒྱུད་གཙུག་རྒྱན་རྣམས་ཀྱི་ཆོས་ཁྲིམས་དར། བླ་མའི་དབོན་པོ་རྒྱལ་པོའི་སྲས་ཀྱི་དོད། འགྲོ་མགོན་ཕྱག་ན་བསོད་བཟང་ཀུན་དགའ་ལེགས། གྲགས་པ་རྒྱལ་མཚན་བཞི་པོ་པཱའི་ལེན་དབང༌། ཐོང་ཛི་གཡས་གཡོན་ཁྲིམས་ར་གསོལ་གཟིམས་ཡིན། རྣམ་སྲས་རྒྱལ་མཚན་བུའོ་ཆེའི་མཚན། རི་རྩིང་དབང་དང་ཁྲིམས་ར་བརྒྱད་པོ་ནི། དབང་ཧུ་ཧུ་ཡེ་བྱང་ཤྲཱི་ཟི་མ་བཞི། གཡས་གཡོན་འཇིག་སུན་གསོལ་གཟིམས་ཡིག་ཚང་དང༌། ལས་ཆེན་རུ་གཉིས་བཅས་པ་ཡིན་ཞེས་ལོ། རྩ་བའི་ཧུ་ཤྲཱི་ཕིང་གཅིག་མི་དཔོན་དེ། དབང་དང་ཁྲིམས་ར་བྱིན་པོའི་ཐའི་སར་བསྐོས། རྒྱ་ནག་རྒྱལ་པོས་ནམ་མཁའ་ལེགས་པ་ལ། ཧུཀྱ་དབང་བསྐོལ་རྒྱལ་ཁྲིམས་བདེ་བར་སྐྱོང༌། ཁྲིམས་གཉིས་དར་ཞིང་བདེ་བའི་འཕྲིན་ལས་མཛོད། །མཁོན་སྟོན་དཀོན་མཆོག་རྒྱལ་པོས་(༣༤.བ)ས་སྐྱའི་འགྲམ། །མུ་གླང་གཏིང་དྲུག་ཅུ་བསྐོར་དྲུག་སྟེ། །ཤིང་ཕོ་སྟག་འདིས་ལོ་གྲངས་སུམ་བརྒྱ་དང༌། །དྲུག་རེ་གཅིག་སོང་ཞིང་འཕགས་པའི་དུས། །ཤཱཀྱ་བཟང་པོས་མེ་ཕོ་འབྲུག་ལོ་ལ། །ལྷ་ཁང་ཆེན་ཇམོ་བཞེངས་ནས་ཤིང་སྟག་ཡན། །དྲུག་ཅུ་ཕྲག་གསུམ་གཉིས་ཀྱི་ཆད་པ་སོང༌། །ཤིང་མོ་ལུག་ལ་བདག་ཉིད་ཆེན་པོ་དང༌། །དཔོན་ཆེན་ཨང་ལེན་དུས་སུ་དཔོན་པོ་རིའི། །ལྕགས་རི་ལྷ་ཆེན་ལྕགས་རི་ཕྱི་མའང་བཏབ། །འབྲི་ཀུང་བཅོམ་པས་སྟོད་ཧོར་རྒོལ་བ་བཟློགས། །དེ་ནས་ཤིང་སྟག་སྲོག་རྨེ་བརྒྱད་དཀར་དབུས། །ཡོད་པ་འདི་ཡན་ལོ་གྲངས་བརྒྱ་ཕག་གཅིག །བདུན་ད་བཅས་པ་སོང་ཞེས་རྒྱན་རབས་གླེང། །ས་སྐྱ་པཎ་ཆེན་དྲུག་ཅུ་རེ་དྲུག་དུས། །མེ་མོ་ལུག་ལ་ཨེ་ཆེན་གོ་དན་དང༌། །བྱང་ངོས་མཇལ་ནས་ས་སྤྲེལ་ཡན་ཆད་ལ། །ཧོར་དང་ས་སྐྱ་བརྒྱ་དང་བཅུ་དྲུག་བར། །ཡོན་མཆོད་མཛད་རྟིང་(༣༥.ན)རྒྱ་ནག་ཏའི་མིང་བྱོན། །དེ་ནས་ཤིང་སྟག་ཡན་ལ་དྲུག་ཅུ་བདུན། །སོང་ཅིང་རྒྱ་ཧོར་གཉིས་བླ་མ་ད་ང། །དབང་གི་ཁྲིམས་ར་འཛིན་པ་ས་སྐྱ་པ། །གདུང་བརྒྱུད་རིམ་པའི་འཕྲིན་ལས་དར་རྒྱས་ཤོག །མངྒ་ལ། སསྟུ་ཤྲིཧོ། །
ས་སྐྱའི་ཤར་ནུབ་གུང་གསུམ་གྱི་བརྒྱུད་པ་བྱུང་ཚུལ།ས་སྐྱ་པའི་བུ་ཆེན་ཤར་ནུབ་གུང་གསུམ་ལ་སོགས་བྱོན་ཚུལ་ཡོད། སྭ་སྟི། ཆོས་རྗེ་ས་སྐྱ་པ་ཁུ་དབོན་གྱི་སློབ་མའི་མཐ(ཐུ)བོ། །ཤར་ནུབ་གུང་གསུམ། ཁང་གསར་ཆེན་མོ་བ་དང་བཞི་རུ་གྲགས་པའི། །ྭར་པའི་གདུང་རུས་ནི། ཞང་ཞུང༌། སྔགས་རྙིང་མ་བ། ཇོ་འབུམ་ཞེས་པའ་སྲས་གསུམ་གྱི་གཅེན་པོ། བླ་མ་ཤར་པ་ཡེ་ཤེས་འབྱུང༌། ཆོས་རྗེ་པ་ལ་རབ་ཏུ་བྱུང༌། དེས་དཔོན་ཆེན་ཤཱཀྱ་བཟང་པོ་ལ། བླ་བྲང་ཤར་ཉོས་ནས་བཟུང། དགུང་ལོ་དྲུག་ཅུ་རྩ་བཞི་ཐུབ། གཉོས་པ། སློབ་དཔོན་རྡོ་རྗེ་འོད་ཟེར། ཤརཎ་གྱི་གདན་ས་ལོ་བདུན་མཛད། དགུང་ལོ་དྲུག་ཅུ་རྩ་གཉོས་ཐུབ། གསུམ་པ། སློབ་དཔན་འོད་ཟེར་འཕན། (༣༥.བ)རྟེན་དགེ་བསྙེན་ཡིན། ཁོང་ལྐུ་མཚེད་ཀྱི་ལྕམ་མོའི་སྲས། བླ་མ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་པ་དང༌། ཤརཎ་པ་འོད་འབྱུང་གི་སློབ་མ་ཡིན། གོང་མ་སེ་ཆེན་མྃ་གྷ་ལའི་བླ་མཆོད་བྱས། བླ་མ་རྡོ་རྗེ་འོད་ཟེར་གཤེགས་རྟིང༌། སར་ཀྱི་གདན་ས།་ལོ་བཅུ་དགུ་མཛད། དགུང་ལོ་དྲུག་ཅ་རྩ་དྲུག་ཐུབ། སར་པ་ཆེན་པོ་རབ་ཏུ་མ་བྱུང་གོང་གི་སྲས་ཕྱུག་མ་རྗེ་བཙུན་སྐྱབས་ལ་འཁྲུངས་པའི་མཆེད་གསུམ་ཀ འགྲོ་མགོན་འཕགས་པའི་སློབ་མ་ཡིན། གཅེན་པོ་བླ་མ་དུས་འཁོར་བ་ཡེ་སཤེས་རིན་ཆེན།་བླ་མའཕགས་པ། ཤིང་ཀུན་ན་བཞུགས་དུས། དགན་འདྲེན་ལ་ས་སྐྱ་པ་སྤྱིས་རྫང༌། ཕྱིས་རྒྱ་ཡུལ་དུ་བྱོན༌། སེ་ཆེན་རྒྱལ་པོས་ཐུགས་ལ་བཏགས་ནས། ཏི་ཤྲཱི་མཛད། དགུང་ལོ་བཞི་བཅུ་ཞེ་བདུན་ལ་རྩེ་ལྔ་གཤེགས་སོ། །སྲས་གཉིས་པ། བླ་མ་ཀུན་དགའ་སེངྒེ། ལ་ཕོ་སྤྲེལ་ལོ་ལ་བླ་མའི་གསུང་བཞིན་གོང་དུ་བྱོན། གོང་(༣༦.ན)མ་དང༌། རྒྱལ་བུ་ལ་ནན་རྟའི་བླ་མཆོད་མཛད། དབུས་གཙང་དུ་ཕེབས་དུས། ཤར་གྱི་གདན་ས་ལོ་ཉི་ཤུ་རྩ་དགུ་མཛད། དགུང་ལོ་དྲུག་ཅ་རྩ་བརྒྱད་ཐུབ། སྲས་གསུམ་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། ས་ཕོ་རྟ་ལ་འཁྲུངས། མེ་མོ་ཕག་ལོ་ནས། སེ་ཆེན་གྱི་ལུང་གིས། ས་སྐྱ་གཞི་ཐོག་གི་བླ་མཆོད་ལོ་བཅོ་བརྒྱད་བཤད། ཉི་མ་རེ་ལ་ཆོས་དུང་ལྔ་ལྔ་འབུད་པ་བྱུང༌། ཕྱིས་གོང་དུ། ཨོལ་ཇ་དུ་རྒྱལ་པས་གདན་དྲངས་ནས། ཏི་ཤྲཱི་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་ལ། གོང་དུ་གཤེགས་སོ། །ལུང་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་མངའ། དཔལ་ས་སྐྱའི་མངའ་ཐང༌། བླ་མ་དེའི་དུས་སུ་ཆེ་བ་ལགས། བླ་མ་ཤར་པ་ཀུན་སེང་ད་ང། མ་གཅིག་མཁའ་འགྲོ་འབུམ་ཀྱི་སྲས་ཆེ་བ།སློབ་དཔོན་ཆེན་པོ་སེང་གེ་དཔལ། དགུང་ལོ་སུམ་ཅུ་ལ་རྒྱ་ཡུལ་དུ་གཤེགས། གཉིས་པ། ཀུན་དགའ་བསོད་ནམས་པས། གདན་ས་ལོ་སུམ་ཅུ(༣༦།བ)སོ་བཞི་བཟུང༌། དགུང་ལོ་དྲུག་ཅུ་རྩ་གཉིས་པ། མེ་ཕོ་ཁྱི་ལོ་ལ་གཤེགས། གཅུང་པོ། སློབ་དཔོན་ཆེན་པོ་ཀུན་དགའ་རིན་ཆེན་པ་དང༌། མ་གཅིག་ནམ་མཁའ་རྒྱན་པལི་སྲས་ཆེ་བ། སློབ་དཔོན་རིན་ཆེན་རྒྱལ་མཚན་པས། གདན་ས་མཛད། རྟ་ལོས་ལོ་ལྔ་བཅུ་བཞེས། གཉིས་སློབ་དཔོན་ཀུན་དགའ་རྒྱལ་མཛན། གསུམ་པ། སློབ་དཔོན་ཉི་མ། གཞོན་བུ་ལ་སྐུ་གཤེགས། ནུབ་པའི་ཐོག་མ། སློབ་དཔོན་འུ་ཡུག་པ་བསོད་ནམས་སེང་གེས། ཆོས་རྗེ་པ་ལ་ཐུག དེ་ལ་སློབ་དཔོན་ཟངས་ཚཟ། ཉི་ཐོག་ཕོག། དེའ་གཅུང་པོ་གཅིག་གི་སྲས། བླ་མ་ཀུན་སྨོན་ཡང༌། ཆོས་རྗེ་པ་ལ་ཐུག དེའི་གཅུ་པོ། ཀུན་དགའ་མཛེས་སྐུ་མཆེད་གཉིས་ཕྱིས། དཔོན་ཆེན་ཀུན་དགའ་བཟང་པོའི་ཕྱོགས་སུ་ཆད་ནས།་བླ་མ་འཕགས་པའི་ཐུགས་དང་མ་མཐུན་པས། སེ་ཆེན་གྱི་(༣༧.ན)ལུང་གིས། ཕྱུག་ནས། གཅེན་པོ། སྣམ་ཚེའི་ཡུལ་དུ་འདས། དེའི་དབོན་པོ་ཡོན་ཏན་དཔལ་ནི། ཕྱིས། དབོན་པོ་སངས་རྒྱས་དཔལ་ཟེར་བ་གཅིག་གིས། ནུབ་ཀྱི་གདན་ས་མཛད།་གུང་པ་ནི། ཆེས་རྗེ་པའི་སློབ་མ། སྐྱོ་སྟོན་དྲི་མེད། དེ་ནས་དབོན་བརྒྱུད་མེད་པར། སློབ་མས་གདན་ས་བཟུང་བ་ལ། བླ་མ་དར་ཕེབས། གུང་པ་དཔལ་རྒྱལ།་གུང་པ་ཤེར་རྒྱལ།་གུང་པ་བཀྲིས་བཟང་པོ། གུང་པ་བློ་བཟང༌། དེ་འདལ་ནས། ཡང་དགེ་བཤེས་བཀྲ་ཤིས་བཟང་པོས་གདན་ས་སྐྱར་ནས་བྱས། ཁང་གསར་ཆེན་པོ་པའི་བྲགྱུད་པ་ནི། དང་པོར། སུམ་པ་གྲགས་རྒྱལ་གྱི་སྲས།་བླ་མགྲགས་པའི་འོད་ཟེར་དེས།་བླ་མ་ཤར་པ་རྡོ་རྗེ་འོད་ཟེར་དང༌། ཕེ་པའི་བཙུན་པ་ཡིན།་ཕྱོས་བལ་མ་འཕགས་པའ་དཀོན་གཉེར་རྒན་པ་ཐོབ། སློབ་དཔན་དར་མ་ཕ་ལའི་ཕྱག་ཕྱི་ལ། བོད་དུ་བྱོན། བླ་མ་འདུས་(༣༧.བ)འཁོར་བའི་རྗེས་ལ། སེ་ཆེན་གྱི་དུས་སུ། ཏི་ཤྲི་མཛད་ནས།་དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་ལ། གོང་དུ་སྐུ་གཤེགས། དེའ་གཅུང་པོའི་སྲས། བླ་མ་སངས་རྒྱས་དཔལ་བའི་དུས་ན། ཁང་གསར་བླ་བྲང་བཟུང༌། གོང་དུ་ཨོལ་ཇ་དུ་རྒྱལ་པོ་དང༌། ག་ལུག་རྒྱལ་པོ། བ་ཡན་དུ་རྒྱལ་པོ་གསུམ་གྱི་རིང་ལ། ཏི་ཤྲི་མཛད་ནས། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་ལ། གོང་དུ་སྐུ་གཤེགས། འདིས་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ། སྨན་ཚཻའི་ཡུལ་ནས། ཧོར་རྒྱལ་པོ་ཨོལ་ཇ་དུ་དང༌། མཇལ་བའི་མཐུན་རྐྱེན་མཛད་པས། ས་སྐྱ་པའི་གདུང་བརྒྱུད་ཀྱ་ཞབས་ཏོག་བྱས་པ་ཆེ་བར་བྱེད་དོ། །དེའི་སྲས། བླ་མ་གྲགས་པ་རྒྱལ་མཚན་པས། གུ་ཤྲི་མཛད་ནས། རྟིང་ལ་དབུས་ཀྱི་ཏེ་ཚ་མགྲོན་ཁང་དུ། ཁང་གསར་བ་རང་གི་ཉེ་གནས་ནམ་མཁའི་གཡོག་གིས། ཁྲིམས་(༢༨.ན)མེད་བྱས་པས་ཉེས་བླང་ནས། ས་སྐྱར་བྱོན། ཕྱག་རྫས་ཐམས་ཅད། དབུས་གཙང་མངའ་རིས་ཀྱི་དགེ་འདུན་ལ། གསེར་ཞོ་འགྱེད་བྱས།་བླ་མ་བདག་ཉིད་ཆེན་པོ་ལ། གསེར་གར་རུའི་ལྷ་ཆེན་དང༌། ཁྱད་ནོར་མང་པོ་ཕུལ། ཁོང་པ་རང༌། ཁང་གསར་ཆེན་པོ་ནས། མར་སེབ་(གསེབ)ནས་སྤུ་སྟོན་པ་བཞིན་དུ། ཀུན་སྤངས་མཛད་པའི༌། དགུང་ལོ་ཉི་ཤུ་རྩ་དྲུག་ལ། རྟ་ནག་གི་བྲག་སྐྱེ་རགས་ཅན་དུ་གྲོངས། ཕུང་པོ་ལྷ་མེད་དུ་འགྲོ་རྒྱུ། ཉེ་གནས་ཀྱིས། ཞག་བདུན་ལ་སྤུར་ལ་རེག་པས། ལྷག་མ་དུམ་གཅིག་ལུས་ཟེར་རོ། །དེ་རྟིང༌། ཁང་གསར་པའ་ཕ་སྤུན་རིང་པོའི་བརྒྱུད། སློབ་དཔོན་ཆེན་པོ་ཉི་མ་རྒྱལ་མཚན་པ། གོང་དུ། གུ་ཤྲི་མཛད་ནས་གྲོངས། དེའི་སྲས།་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན་པའོ། །སྔོན་ཚེ་ས་སྐྱ་བླ་མས་བོད་ཁམས་བསྐྱངས་པའི་དུས། །དུས་བཟང་སྐལ་ལྡན་སློབ་མས་ཆོས་བཞིན་བྱས་པའི་(༣༨།བ)མཐུས། །མཐུ་ཆེན་བླ་མའི་གདན་ས་རྒྱལ་པོའི་ཏི་ཤྲི་ཐོབ། །ཐོབ་པ་དེ་འདྲ་ཕྱིན་ཆད་འབྱུང་པའང་ཨེ་སྲིད་ཨང༌། །བུ་གཅིག་མ་ལྟར་འགྲོ་ལ་བརྩེ་བའི་ས་པཎ་གྱིས། །བུ་ཆེན་སློབ་མའི་ཚོགས་ཀྱི་བྱོན་ཚུལ་འདི་བྲིས་པས། །བུ་རམ་ཤིང་པའི་རྒྱུད་ཀྱི་བསྟན་པ་འཕེལ་བྱེད་པའི། །བུ་སློབ་འཕགས་པའི་དགེ་འདུན་ཕྱོགས་བཅུར་དར་བར་ཤོག།།དགེ།། །།
ས་སྐྱའི་དཔོན་ཆེན་དང་ནང་བློན་རིམ་བྱུང་གི་ལོ་རྒྱུས། ས་སྐྱ་པའི་བློན་པོ། དཔོན་ཆེན་དང༌། ནང་བློན་རིམ་པའི་བྱོན་ཚུལ་ལགས།་སྭ་སྟི། དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་འདི་དང༌། ཧོར་རྒྱལ་པོ་ཡོན་མཆོད་དུ་འབྲེལ་ནས། གཙུག་ལག་གཉིས་ཀའི་སྒོ་ནས། བོད་ཀམས་བསྐྱངས་པའི་ཕྱིར། ཞར་ལ་བྱུང་པ། དབུལ་གཙང་དཔོན་ཆེན་གྱི་རིམ་པ་ནི། དཐོག་མར། དཔོན་ཆེན་སྔ་བ།་ཤཱཀྱ་བཟང་པོ། དེ་ལ་ཆེས་རྗེ་ས་པཎ། དགུང་ལོ་དྲུག་ཅུ་རེ་གསུམ་(༣༩.ན)པ། ཤིང་ཕོ་འབྲུག་ལོ་ལ། ཧོར་རྒྱལ་པོ་ཨེ་ཆེན་གོ་དོན་གྱིས། བྱང་ངོས་སྤྲུལ་པ་སྡེའི་ཕོ་བྲང་དུ། གདན་འདྲེན་ས། གསེར་ཡིག་པ་རྡོ་ཐ་ཤྲི་བྱུང་གནས། གཤེགས་པའི་དུས། བླ་མ་འོ་ཡུག་པ་དང༌། ཤར་པ་ཡེས་འབྱུང་མ་གཏོགས། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང༌། ཕྱག་འཚལ་དུ་བཅུག།ས་སྐྱར་གཞི་གན་པ་ལ་བསྐོས་བཞག བླ་མ་འཕགས་པའི་དུས། སེ་ཆེན་རྒྱལ་པོའི་ལུང་གིས། ཟམ་གླུ་གུན་དབེན་ཧུའི་མིང་དང༌།་ཐམ་ཁ་གནང་ནས། དབུས་གི་དཔོན་ཆེན་ལ་བསྐོས། ཁང་གསར་ཆེན་མོ་བཏབ། མེ་མོ་འབྲུག་ལོ་ལ། བླ་མ་འཕགས་པ་གོང་ནས་བྱོན་པའི་བསུ་བ་ལ དཔོན་ཆེན་པས་དྱང་བྱོན། དཔོན་སློབ་རྣམས། གྱེ་རེ་ལྷ་ཁང་དུ་ཕེབས་པའི་ནུབ་མོ། བླ་མའི་ཞལ་ནས། མོ་ཁོ་པ་ལ། ཉེ་གནས་གོ་ཆོད་བྱུང་པས། ལྷ་ཁང་འདི་ལྟ་བུ་བཞེངས་ཐུབ་འདུག་སྟེ་གསུངས་པ། དཔོན་ཆེན་པ་སྐུ་(༣༩.བ)རྒྱབ་ན་ཡོད་པས་གསན་ནས། བླ་མ་དམ་པ་མཉེས་ནས། འདི་ཙམ་གཅིག་རྒ་མཐོང་ནང་དུ་ཚུད་པའི། ལྷ་ཁང་གཅིག་བཞེངས་པ་ལགས་ཞུས་པས། ན་ལྟ་(ཏར)ལེགས་གསུངས། དེ་འཕྲལ་ལ་ཐིག་ཚད་བྱས།་ཡར་ཁྱེར།འདམ་སོག་ཡན།་དབུས་གཙང་གི་ཁྲི་སྟོང༌།་མི་སྡེ་རྣམས་ལ་བཀའ་ཤོག་བཀྲམས།་མི་ལག་བསྐུལ་ནས།་དེ་ཁའི་ལོ་ལ། ལྷ་ཁང་ཆེན་པོའི་འགྲམ་གཏིངས། ལྕགས་རི་ནང་མ། ལྕོག་སྤེ་འབུར།་ལྕགས་ཆུང་དང་བཅས་པའང་རྩིགས། འདིའི་དུས་སུ།་དབུས་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་ཀ་འཛིན་ལ། དཔོན་ཀུ་དགའ་རྒྱལ་པོ་བསྐོས་ནས།་སྤེ་ཚལ། དགའ་མོ་གྲོང། སྣང་ཚལ་ལ་སོགས་པ་འཛིན་པ་ཡིན་ཟེར། ལྷ་ཁང་ཆེན་མོའི་ཤིང་ཆ་རྣམ་གྲངས(དྲངས)ནས། འོག་ཐོག་ཅི་རིགས་ཕུགས་(ཕིབས)ཚར་བའི་མཚམས། དཔོན་ཆེན་གྱི་རང་ལ། ས་སྐྱར་སྐུ་གཤེགས་(༤༠.ན)སོ། །འདི་ས་སྐྱ་པ་ལ། ཡུས་པོ་ཆེའི་མིང་གསུམ་གྱི་རྒན་པ། བློན་པོ་དྲིན་ཅན་དུ་འདུག་པ་ལ། ཁོང་གི་དབོན་པོ་བསོད་དབང་འདས་རྟིང༌།་དུས་མཆོད་ཀྱང་མི་གནས་པ་ལ། དཔོན་ཆེན་དབང་བརྩོན་གྱིས། ལྷ་པ་དྲོ་ཁུད། ཕུལ་ཆུང༌། བང་མོ་གཞུང་རྣམས་ལ། གཞིས་ཆུང་རེ་ཡོད་པ་རྩད་ནས་དུས་མཆོད་པ་གཙུག་(བཙུགས)ཡོད་པས། དཔོན་ཆེན་དང༌། ནང་སོ་སུལ་འཛིན་གྱིས། འདི་བཞིན་གྱི་དོ་དམ་བྱེད་དགོས་སོ། །དཔོན་ཆེན་ཤཱཀྱ་བཟང་པོའི་རྗེས་ལ། ནང་གཉེར་བ། ཀུན་དགའ་བཟང་པོས། དཔོན་ཆེན་ཚང་མ་ལོ་དྲུག་བྱས། དེའི་བར་ལ། ལྷ་ཁང་གི་འོག་ཐོག ཐིག་ཁང༌།་་ལྕགས་རི་ལྕགས་ཆུང་ཞབས་སུ་ཆུག་པར་བྱས། གསེར་འབྲུ་ཆེན་མོ་གཙུག་(བཙུགས)ཆོས་རྗེ་ས་པཎབྷ་གྱི་ནང་རྟེན་བྱང་ཆུབ་ཆེན་པོའི་གསེར་སྐུ་དང༌། ལྷ་ཁང་གི་ཁམས་ལ། རི་མོ་ཐམས་ཅད་ཀྱང་གྲུབ་པར་བཞེངས། རིན་ཆེན་སྒང་བླ་བྲང་དང༌། དབུ་རྩེ་བྱང། ལྷ་ཁང(༢༠.བ)བླ་བྲང་དང་བཅས་པ་འདེབས་པའི་དོ་དམ་བྱས། ཀུན་དགའ་བཟང་པོས་ལས་ཁ་གཏད་ནས། བྱ་རོག་ཚད་དུ་ལོ་དྲུག་བསྡད་པའི་བར་ལ་དཔོན་ཆེན་ཞང་བཙུན་དང༌། ཕྱུག་པོ་སྒང་འཁར་བ། བྱང་རིན་གསུམ་པོ། བླ་མའི་ཞལ་ལྟས་རིམ་གྱིས་བསྐོས། ཀུན་དགའ་བཟང་པོ་ལ། བླ་མ་མ་མཉེས་ནས། སེ་ཆེན་གྱི་ལུང་གིས།་སང་གྷ་ཆེང་སང་གིས་འགོ་བྱས། རྩ་བའི་ཧོར་དམག་འབུམ་ཕྲག་གཅིག་གཏང་ནས༌། དམག་ལམ། སྟག་ཚང་ལུང་པ་ལ་ཞུགས། ཁང་དམར་གྱི་ས་མཁར་ལ་མཚོན་ཁ་བླངས། དེ་རྟིང༌། བྱ་རོག་ཚང་ལ་སྐོར་རྒྱག་བྱྱས་ནས།་ལྕགས་ཕོ་འབྲུག་ལོ་ལ་དཔོན་ཆེན་ཁྲིམས་ལ་བསྒྲལ། དེ་ནས་ཡུན་མི་རིང་པར། བླ་མ་འཕགས་པ་ཡང་ཞི་བར་གཤེགས་པས།་གོང་དུ་ཞུ་བ་ལ། ཉེ་གནས་གཞོན་དབང་བཏང། སེ་ཆེན་གྱི་ལུང་གིས། བྱང་རིན་ལ།་དཔོན་ཆེན་བསྐོས། སོན་ཝི་སིའི(༤༡.ན)ཐམ་ཁ་གླིང་དྲུག་མ་དང༌། ཤེས་གྱི་ས་ཐམ་ཡང་གནང། རྟིང་ལ། བྱང་རིན་ཤངས་སྡོང་པོ། ཐང་གི་སྒར་ཐོག་ཏུ། ཀུནན་དགའ་བཟང་པོའི་གཡོག་སྙིང་ད་ངའདྲ་བ་བཞི་ཡོད་པའི་གསུམ་པ། བྱང་པ་ཡེ་ཤེས་བཟང་པོས་བསད་ཟེར། དེ་ནས་དཔོན་ཆེན་ཀུན་གཞོན། དཔོན་ཆེན་གཞོན་དབང། དེའི་རིང་ལ་ཕྱེ་གསལ་ཆེན་མོ་དང༌། དབུས་གཙང་གི་ཁྲིམས་ཀྱི་ཞིབ་ཆ་ཕལ་ཆེ་བ་བྱས། དེ་ནས་དཔོན་ཆེན་བྱང་རྡོར། དེ་ནས་དབོན་ཆེན་ཨང་ལེ་བཀྲ་ཤིས། འདིའི་རིང་ལ།་ལྷ་ཁང་ཆེན་པའི་སྤེན་བད་བསྐལ།་རྒྱ་མཐོང་ཀ་བརྒྱད། ཐིག་ཁང་སོགས་ལ། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཐུགས་བཞེད། ཞལ་ཏ་བཞིན། ཕྱི་ནང་གི་དཀྱིལ་འཁོར་མི་གཅིག་པ་དྲུག་བརྒྱ་སུམ་ཅུ་རྩ་དགུ་བཞེངས། ཞིང་མོ་ལུག་ལོ་ལ། ཕྱིའི་ལྕགས་རི་ཆེན་མོ་སྟོང་ལ། བླ་མ་འཕགས་པ་དང༌། དྷརྨ་ཕ་ལའི་ཕྱི་རྟེན་བཞུགས་པའི། གསེར་ཐོག གཡུ(༤༡.བ)ཐོག་འགེལ་བ། སྤོན་པོ་རིའི་ལྕགས་རི་གཏོང་བ། ཇོ་མོ་གླིང་འདེབས་པ། སྭགས་པོ་དང༌། འབྲི་ཁུང་ལ་དམག་འཁྱེར་བ་ལ་སོགས། གདན་ས་ཆེན་མོའི་ཕྱིས་དང༌། ཞབས་ཏོག་བྱས་པ་ཤིན་ཏུ་ཆེ་བར་བྱེད། དྭགས་པོར་དམག་འཁྱེར། བྱུས་ལེགས་ལོན་པའི་དུས། ས་མཚམས་ན། བྲག་ལ། ཨང་ལེན་གྱི་མིང་བྲིས་བཞག་འདུག་ཟེར། གཞཽན་དབང༌། བྱང་རྡོར། ཨང་ལན་གསུམ་ཁའི་རིང་ལ། ས་འབྲི་འཐབས་ལང་ལེན་གྱི། དཔོན་ཆེན་གྱི་ངང་ལ། རྒྱ་ཡུལ་དུ་བྱོན། ཨ་ཡུ་པར་པ་ཏ་བུ་ཡན་དུ་རྒྱལ་པོ་དང་མཇལ། མི་རབས་ཀྱི་བར་ལ། ཡ་འབྲོག་ཁྲི་དཔོན་འཇགས་པའི་ལུང་བཟང་པོ་ལོན། དེ་ནས༌། དཔོན་ཆེན་གཞོན་དབང་ལ་སྐྱར་ནས་བསྐོས། ཆེ་གསལ་ལ་སོགས་རྣམས་འདིའི་སྐབས་སུ་བྱུང་བར་ཡང་བྱེད་དོ། དེ་ནས་དཔན་ཆེན་ལེགས་པ་སཔལ། དཔོན་ཆེན་སེང་གེ་དཔལ། (༤༢.ན)དཔོན་ཆེན་འོད་ཟེར་སེང་གེ འདིས་སོན་ཇིང་དབེན་གྱི་ཐམ་ཁ་ཡང་བཟང༌། དེ་ནས་དཔོན་ཆེན་ཀུན་རིན། དཔོན་ཆེན་དོན་ཡོད་དཔལ། དཔོན་ཆེན་ཡོན་བཙུན། ཡང། དཔོན་ཆེན་རྒྱལ་བ་བཟང་པོ། དཔོན་ཆེན་དབང་ཕྱུག་དཔལ། དཔོན་ཆེན་བསོད་ནམས་དཔལ། དཔོན་ཆེན་ནམ་མཁའ་བསྟན་པའི་ཚབ་ལ། ཡང་དཔོན་ཆེན་རྒྱལ་བ་བཟང་པོ་ཁྱོན་གྱིས་བསྐྱར་ནས་བསྐོས། དེ་ནས་དཔོན་ཆེན་དབང་བརྩོན། དཔོན་ཆེན་གྲགས་པ་རྒྱལ་མཚན། དཔོན་ཆེན་བློ་གྲོས་རྒྱལ་མཚན། དཔོན་ཆེན་དཔལ་འབུམ། དཔོན་ཆེན་གྲགས་དབང། རྟིང་མ་མིང་གི་དཔོན་ཨ་མོ་གྷ་རྣམས་བྱུང་ངོ། མདོར་བསྡུས་ན། ཆེན་པོ་ཧོར་དང་དཔལ་ལྡན་ས་སྐྱ་པ། ཡོན་མཆོད་མཛད་རིང་དཔོན་ཆེན་བྱུང་ཚུལ་ནི། ཤཱཀྱ་ཀུན་བཟང། ཞང་བཙུན། སྒང་མཁར་པ། བྱང་རིན། ཀུན་(༤༢.བ)གཞོན། གཞོན་དབང༌། བྱང་རྡོར་དང༌། ཨང་ལེན། གཞོན་དབང་བསྐྱར་མ་ལེགས་པ་དཔལ། སེངྒེ་དཔལ་དང༌། འོད་ཟེར་སེངྒེ་དང༌། ཀུན་རིན། དོན་ཡོད་དཔལ་ནས་ཡོན་བཙུན་བྱུང། འོད་ཟེར་སེངྒེ་བསྐྱར་རཎིང། རྒྱལ་བ་བཟང༌། དབང་ཕྱུག བསོད་ནམས་དཔལ་དང་ཡང་རྒྱལ་བཟང། དབང་བཙན་གྲགས་རྒྱལ། བློ་གྲོས་རྒྱལ་མཚན་དང༌། དཔོན་ཆེན་དཔལ་འབུམ། གྲགས་དབང་ཨ་མོ་གྷ། ཡན་ལ་ཉེར་བཞི་བསྐྱར་མ་གསུམ་ཐི་(ཐེ)བའི། ཉི་ཤུ་རྩ་བདུན་དབུས་གཙང་དཔོན་ཆེན་གྱིས། བླ་མའི་བཀའ་དང་རྒྱལ་པོའི་ལུང་བཞིན་དུ། །ཁྲིམས་གཉིས་བསྐྱངས་ནས་རྒྱལ་ཁམས་བདེ་བ་དང༌། །བསྟན་འི་གསལ་བྱེད་གྱུར་པའང་བྱུང་བར་གནང༌། །དེ་མཐུན་མདོ་སྟོད་གོན་གྱོ་མདོ་སྨད་གླིང་ཆང་སྟེ། ཆོལ་ཁ་རེ་རེ་ལ་དཔོན་ཆེ་རེ་ཡོད་ལོ། །ས་སྐ་ནང་ཆེན་གྱི་རིམ་པ་ནི། ཐོག་མར། ནང་ཆེན་ཀུན(༤༣.ན)དགའ་བཟང་པོ། ཁོང་དཔོན་ཆེན་བྱས་ནས། དེའི་ཚའོ་དཔོན་ཆེན་གཞོན་ནུ་དཔལ། དཔོན་ཀུན་གཞོན། དཔོན་དོན་གྲུབ་དཔལ། དཔོན་བློ། ཞལ་ལུ་དཔོན་ཤེ། སྟོན་པ་རིན་ཆེན་དཔལ། ལུང་གི་བསྐོས། སྟོན་པ་རིང་མོ། ཇོ་བཙུན་ཀུན་ཤེ། ཉེ་གནས་ཀུན་དགའ་འཕེལ། དཔོན་ཡོན་བཙུན་གྲགས་པ་དར། ལུང་གིས་བསྐོས། སི་རུའི་ཐམ་ཁ་བྱུང༌། ཡང་གསར་བསྐོས་བྱས། ཡིན་བསམ་དུ་དཔོན་ཤ ལུང་གིས་བསྐོས། ཉེ་གནས་ནམ་མཁའ་རྒྱལ་མཚན། ལུང་གིས་བསྐོས། དཔོན་ཀུན་རིན། ཉེ་གནས་འབུམ་སྐབས། ནམ་མཀའ་དཔལ་དུ་དབོན་ཤ ཉེ་གནས་བཟང་པོ་དཔལ། དབོན་པོ་ཆོས་རྒྱལ། དཔོན་སེངེྒ་རྒྱལ་མཚན། ཤེས་རབ་འོད་ཟེར་དུ་དབོན་ཤ དེའི་ཤུལ་དུ། དཔོན་པོ་དཀོན་མཆོག་རིན་ཆེན། ནང་པ་འཕགས་པ་དཔལ་བཟང་པོ། ནང་པ་ཀུན་དགའ་འབུམ། (༤༣.བ)ནང་ཆེན་ཀུན་དགའ་འཕགས། ནང་ཆེན་རབ་འབྱོར་འཕགས་སོ། འདི་ཡན་ས། ནང་ཆེན་གྱི་རིམ་པ་ཉི་ཤུ་རྩ་དགུ་བསྐྱར་བསྐོས་གཉིས་ད་ངསུམ་ཅུ་སོ་གཅིག་བྱུང་བར་གདའོ། །དཔོན་ཆེན་ནང་ཆེན་རིམ་པའི་བྱུ་ཚུལ་འདིས། །མི་ཆེན་བློན་ཆེན་བྱ་ལས་འཛིན་པ་རྣམས། །རྩེ་ཆེན་ཁུར་ཆེན་ཁུར་རིང་ཆབ་སྲོད་ཀྱིས། །ས་ཆེན་བདེ་ཆེན་ཐོབ་པའི། རྒྱུར་གྱུར་ཅིག། །།
ཞ་ལུའི་དཔོན་ཆེན་གྱི་ལོ་རྒྱུས། དབུས་གཙང་ཁྲི་བསྐོར་གྱི་གཙོ་བོ། ཞལ་ལུ་བའི་དཔོན་རབས་བྱོན་ཚུལ་བདོག་གོ།སྭ་སྟི། འགྲོ་བའི་བླ་མ་དཔལ་ལྡན་ས་སྐྱ་པ། །འཇམ་དབྱངས་རྣམ་སྤྲུལ་རིམ་པའི་སྐུ་དྲིན་ལས། །དབུས་གཙང་འདིར་ཡང་ཁྲི་སྲོང་དབང་བསྒྱུར་བའི། །སྡེ་དཔོན་སྟོབས་ལྡན་ཆེ་སྙན་མང་བྱུང་པ། །དེའི་ནང་ནས་རིགས་བཟང་སྐུ་ཉེ་ཞེང༌། །ཁྲི་བསྐོར་བཅུ་གསུམ་དག་གི་མཆོག་གྱུར་པ། །ཞལ་ལུ་སྐུ་ཞང་བྱོན་ཚུལ་འདི་ལྟར་གྲགས། །དེ་རང་འདི་ལྟར་ཐོས་ཏེ། སྔོན་(༤༤.ན)བོད་རྒྱལ་པོ་ཁྲི་ལྡེ་འོད་སྲུངས་དང༌། བཙུན་མོ་ཅོག་རོ་བཟའ་རྒྱལ་པོ་ལེགས་ལ། སྲས་གཅིག་བྱུང་བ། མངའ་བདག་དཔལ་འཁོར་བཙན། དེའི་བཙུན་མོ་ཆེ་བ་ཚེ་སྤོང་བཟའ་སྐར་རྒྱལ་ལ། སྲས་སྐྱིད་སྡེ་ཉི་མ་མགོན་དང༌། ཆུན་མ། བལ་བཟའ་ཕན་རྒྱལ་ལ། ཁྲི་བཀྲིས་བརྩེགས་པ་དཔལ་བྱུང་པའི། གཅེན་འདིས། སྔོན་ལ། སྟོད་ཕྱོགས་སུ་བྱོན། གུ་གེ་པུ་རེངས། ཡང་ཚེ་རྣམས་ཀྱི་མངའ་བདག་མཛད་པ་ལ། སྲས་གསུམ་བྱུང་པ་ནི། དཔལ་གྱི་མགོན་དང༌། བཀྲིས་ཉི་མ་མགོན། ལྡེ་གཙུག་མགོན་རྣམས་ལ། སྟོད་གི་མགོན་གསུམ་ཟེར་རོ། །ཡབ་སྲས་དེ་པའི་བརྒྱུད་ནི། སྟོད་ཀྱི་རྒྱལ་བརྒྱུད་རྣམས་ཡིན་ནོ། །གཅུང༌། ཁྲི་བཀྲིས་བརྩེགས་པ་དཔལ་ཡང༌། རྟིང་ལ། སྟོད་ཕྱོགས་སུ་འཆུགས། མངའ་རིས་གུང་ཐང་མན་ལ་ཆགས། སྲས་དཔལ་ལྡེ་དང༌། འོད་ལྡེ། སྐྱིད་ལྡེ་རྣམས་བྱུང་པ་ལ། སྨད་ཀྱི་ལྡེ་གསུམ་ཟེར། གཅུང་སྐྱིད་ལྡེ་དེ། འཇད(༤༤.བ)རྟ་ནག་སྐོར་དུ་ཕོག་པ་ལ། སྲས་དྲུག་བྱུང་བའི། ལྔའི་བརྒྱུད། འབྲོ་རྩད་དང་མུད། འཇད་ལ་སོགས་བྱང་ཕྱོགས་ལ་ཡོད། སྲས་གཅིག གཙང་གྲོམ་པ་དང༌། ཤབ་སྲད། ཉང་སྟོད་སྨད་དུ་བྱོན་པས། ཉང་ཡུལ་དུ་སྲས་གསུམ་བྱུང་པའི། ཆེ་བ་ལ་ཁྱུང་རྩད། བར་པ་ལ་འབྲེ་རྩད། ཆུང་པ་ལ། ཅེ་རྩད་ཟེར། ཁོང་མཆེད་གསུམ་གྱིས། ཉང་སྟོད་སྨད་ལ། ཡུལ་དགོས། ས་རིས་བྱས་པ་ནི། ཕུ་ཧའོ་གངས་བཟང་ནས། མདའ་གཅུང་ས་ཡུ་བ་གདོང་ཡན་ལ། བོད་འབྲོག་ཆ་མཉམས་པའི་ཡུལ་སྡེ་ཆེན་པོ་གསུམ་དུ་ཕྱེ་སྟེ། ཕུ་བྱང་ཤར། རི་ནང་སྤང་མཁར་ལ་གཏད། མདའ། ལྷོ་ནུབ། གངས་ཡེ་ཤམ་བུ་ལ་སྟན་པ། ལེགས་འགྲོས་སུ་ཡོད་པ་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱས་ཏེ། གཅེན་ཁྱུང་རྩད་ཀྱིས་བཟུང་པའི་ས་མཚམས། གཙང་གང་བྲག་ཁ་ཡན་ཡིན། འདིའི་ས་ཁོད་ཀྱིས། ཕུ་ན་འབྲོག་སྡེ་ཆེན་པོ་གསུམ(༤༥.ན)ཡོད་པ་ནི། གམ་རུ། རྒྱང་རུ། ཉིང་རུ་གསུམ་མོ། །བར་ན། ཚོང་འདུས་ཆེན་པོ་གཅིག་ཡོད་པ་ནི། སལ་མ་ཚོང་འདུས་བྱ་པ་ཡོད་དེ། ཕྱིས་སྐེག་གནས་སྙིང་དུ་འཕོས་པའོ། །ས་ཁོག་དེ་རྣམས་ན། མི་རིགས་མི་འདྲ་བ་གཉིས་ཡོད་པ་ནི། དྲག་ཤོས་རྣམས་ཤེས་རབ་ཆེ། དགེ་ལས་ལ་བརྩོན། ཁྱུང་རིན་ཆེན་གྲགས་ལ་སོགས་མཁས་གྲུབ་བཟང་པོ་རྣམས་རིམ་པར་བྱོན་པའོ། །མི་ཕལ་ཤོས་རྣམས། སྡིག་ཤས་ཆེ། ཞའཝ་མོ། སྣམ་ཕྲུག ཕད་ཕྱར་དང་གསུམ་ཡོད་དོ། །ཡུལ་སྡེ་ན། ཕུའི་འབྲོག་སྡེ་ཆེས། མདའི་ཞིང་པ་ཁོན་ཆུང་ནས། ཆ་མ་སནོམས་པར། ཤ་སེ་ཁོག་ཏུ་ཉོ་ཚོང་བྱེད་པ་བྱུང་ངཔ། །བར་པ། འདྲེ་རྩད་ཀྱི་དབང་རིངས། གཙང་གད་བྲག་ཀམན། སྣ་འོ་བྲག་ཐོག་ཡན་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱེད་པའི། དེའང༌། ཕུ་བྱང་ཤར། ས་ལ་བའུ་དང། མདའ་ལྷོ་ནུབ། གབ་ཕྱ་དཀར་ལ་བསྟན་པ(༤༥.བ)སེགས་འགྲོས་སུ་ཡོད་དོ། །ཕུའི་འགྲོག་སྡེ་ཆེན་པོ་གསུམ་ནི། རྒྱང་ཁར་དང༌། སྐྱིང་མཁར་དང༌། མ་ངག་རྣམས་སོ། །རབ་ན། ཚོང་འདུས་ཆེན་པོ་གཅིག་ནི། མདོ་སུམ་བརྒྱའི་ཐུག་གུ་ཚོང་འདུས་བྱས་པ་ཡོད་དོ། །མི་རིགས་མ་འདྲ་བ་གཉིས་ནི། དྲག་ཤོས་རྣམས་ཤིན་ཏུ་ཕྱུག་པ། ཞན་ཤོས་རྣམས་དབུལ་ཤིང་ཕོངས་པའོ། ཟོང་སྣ་མིོ་འདྲ་བ་གསུམ་ནི། རྔ་མ། འཆིང་པ། སླེ་ཁྲ་རྣམས་ཡོང་ངོ། །ཕུའི་འབྲོག་སྡེ་དང༌། མདའི་ཞིང་པ་ཆ་སྙོམས་པས། ཤ་ཕྱེད་ཚོང་སུ་བྱེད་པ་འབྱུང་ངོ༌། །ཆུང་བ་ཅེ་རྩད་ཀྱི་དབང་རིགས། སྣའོ་བྲག་ཐོག་མན། གཅུང་པ་ཡུ་བ་གདོང་ཡན་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱེད་པ། དེའང་ཕུ་བྱང་ཤར། འཁོར་སྟོང་ལ་ཁ་དང༌། མདའ་ལྷོ་ནུབ། ཕྱུག་སྒོ་གཞུང་ལ་བསྟན་པ། སེགས་འགྲོས་ལ་ཡོད་དོ། །དེའི་ཕུ་ན། འབྲོག་སྡེ་ཆེན་པོ་གསུམ་ནི། སྒྲོལ། ལྕགས(༤༦.ན)ར་གསུམ་མོ། །བར་གྱི་ཚོང་འདུས་ཆེན་པོ་གཅིག་ནི། གཙང་ཚོང་འདུས་མགུར་མོ་ཡིན་ནོ། །མི་རིགས་མི་འདྲ་བ་གཉིས་ནི། དྲག་ཤོགས་རྣམས་མཛངས་ཤས་ཆེ་ལ། ཕལ་ཤོས་རྣམས། ཁམ་ཤས་ཤིན་ཏུ་ཆེའོ། །ཟོང་སྣ་མི་འདྲ་བ་གསུམ་ནི། གཙང་ཐེར། དར་སྐྱེགས། སྟར་ཟོན་རྣམས་ཡོང་ངོ། །ཕུའི་འབྲོག་སྡེ་ཆུངས། མདའི་ཞིང་ས་ཀྱོན་ཆེས། ཆ་མ་སྙོམས་པས། ཤ་གཟུགས་ཚོང་བྱེད་པ་བྱུང་ངོ། །རྩད་པོ་མཚེད་གསུམ། དེ་ལྟར་དུ་ཡུལ་དགོས་བྱས་པ། གཞན་གང་དང་གང། ཆ་སྙོམས་པར་བྱུང་ནའང། ག་རུའི་གཡམ་པ་ལེགས་པོ་དེ་ལ། གང་ཡང་ཡོང། མི་མཛད་པའི་གཏེར་དང་འདྲ་བའི། ཁྱུང༌། ཟ་དང༌། གཡམ་པས་རྒྱལཔོ་ཟེར་བ་བྱུང་ཞིང། ད་ལྟའི་བར་ལ། ཁྱུང་གཡམ་དུ་གྲགས་པ་ཡིད་དོ། །དུས་ཕྱིས་རྟིང༌། མཆེད་གསུམ་ལ་དར་རྒུད་བྱུང་སྟེ། ཡུལ་སྡེ་གསུམ་ཁ། གཅུང་པོ་ཅེ་རྩད་ཀྱི་གཟུགས། (༤༦.བ)དེ་གོང་དུ། ཉང་སྟོད་གཞུང་ཕལ་ཆེ་བ། ཞིང་ལ། ཐག་མ་དང༌། མིག་ཆུ་ལ་བརྟེན་པ་ལས་མེད་པ་ལ། བརྩེ་རྩད། ཤེས་རབ་དང༌།་འབྱོར་སྟོབས་ཆེ་བ། ས་རྒྱ་འདི་ལ། བདེ་ཆིས་ཐབས་དགོས་པ་འདུག་ཟེར་ནས། ཉང་སྟོད་ཀྱི་བྱང་རྒྱུད་དུ། རྩ་རྣམས་ཀྱི་རྒྱལ་ཀ་དང༌། ལྷ་རྒྱུད་དུ། སྤང་ཡུལ། བཞེང་གི་འོད་ཀ་བྱ་བ་དང༌། ཉང་སྨད། བྱང་དུ། སྤ་ཚབ་ཀ་མོ་ཆེ་དང༌། ལྷོ་རུ་སྣ་ཀ་ཆེན་རེའི་འོག་ན། ཞིང་སོན་ཁལ་ཁྲི་ཚོ་རེ་ཡོད་པར་བྱེད་དོ། །གནམ་ཀ་མོ་ཆེ་རྣམས་བཟོས། ཀ་ཆེན་བཞི་པོ་མ་འཇག་བར་ལ། བསྲུང་མི་སྡོད་པའི་ས་མཀར་གཉིས་བཞེངས་པ་ནི། སྟོད་དུ་རྒྱ་གྲོང་ལྕེ་མཀར་བ། སྨད་དུ་སྤ་གནམ་ལྕེ་མཁར་གཉིས། བཅེ་རྩད་ཀྱིས་བཞེངས་པས་ན། བཅེ་མཁར་དུ་ཆགས་པ་ཡིན་ལ། དེ་ལྟ་བུའི་ཀ་ཆེན་བཞི་དང༌། མཁར་གཉིས་ནི། ད་ལྟའི་བར་དུ་ཡོད་ཅིང༌། ས་གདན་ལ་བདེ་ཆོས་ཆེ་བར་བྱུང(༤༧.ན)པས་ན། བཅེ་རྩ་ཀི་བྱས་པ་ལག་རྗེས་ཤིན་ཏུ་ཆེ་བར་གདའ་ཞིང༌། ཞལ་ལུ་བའི་དཔོན་བརྒྱུད་འདི། གདུང་རུས་རྩད་པོ། བཅེ་རྩད་ཀྱི་བརྒྱུད་པར་བྱེད་ཅིང༌། དེ་ནས་གདུང་རབས་མང་རབ་སོང་བའི། བོད་དུ་བསྟན་པ་ཕྱི་དར་གྱི་ཏོག་མལ། དབུས་གཙང་གི་མི་བཅུས། མདོ་སྨད་དུ་བྱོན། བླ་ཆེན་དགོངས་པ་རབ་གསལ་ལས་རབ་ཏུ་བྱུང༌། བསྟན་པའི་མེ་རོ་སྨད་ནས་བླང་བའི་དུས། ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་བཞེངས། ཆོས་སྡེ་གཙུགས། དེ་ལ་སློབ་མ་བུ་ཆེན་ཉི་ཤུ་རྩ་བཞི་བྱུང་བའི་ནང་ན། མགོ་མག་གཡུ་དྲུང་བྱ་ནས། སྤྲེ་ལྷ་ཁང་བཞེངས། རྒྱན་གོང་དུ་བཞུགས།དེའི་དངོས་སློབ་བུ་ཆེན་བཅེ་བཙུན་ཤེར་བྱུང་གིས། མཁན་པོ་ལ་ས་དམིགས་ཞུས་ནས། ཞལ་ལུང་ང་མོའི་གཙུག་ལག་ཁང་བཞེངས། ཆོས་སྡེ་བཏབ། ཁོང་རང་གིས། རྒྱ་གར་དུ་བྱོན། སྡོམ་པ་སྐྱར་མ་དང༌། ཟབ་ཆོས་མང་དུ་ཞུས། (༤༧.བ)ཚུར་ཕེབས་ནས། སྡེ་མངའ་ཞབས་ཀུན། མཆེད་ཟླ་འཛིན་དུ་བཅུག་སྟེ། བསྟན་པའ་བྱ་བ་ཁོ་ན་དོན་དུ་གཉེར་བས། སློབ་མ་གྲགས་ཐོན་པ། ཀ་བཞི་གདུང་དྲུག་བྱ་བ་བྱུང་པས།ྲ ད་ལྲའི་བར་དུ་ཞལ་ལུ་བའི་ཆོས་ལུགས་ཟེར་བ་འདི་དར་བར་འདུག་ཅིང༌། དེ་རྣམས་ལས་མཆེད་པས། ཞལ་ལུ་བའི་ལྷས་སྡེ་བརྒྱ་སྐོར་ཟེར་བ་གཅིག་ཡང༌། དེ་དུས་བྱུང་བར་གདའ། དེ་རྟིང༌། ཞལ་ལུ་བའི་མངའ་ཐང། སྟོབས་འབྱོར་ཇེ་ཆེར་སོང་བའི་ཚུལ་ནི། དབས་ཀྱི་ཁྲི་བསྐོར་གཞན་རྣམས་ལས་ལྷག་པའི། ཆེ་ཁྱད་རྣམ་པ་ལྔ་བྱ་བ་ཡོད་དེ། དེ་འང་གདུང་རུས་རྩད་པོ་ཡིན་པས་ཆེ། ལས་ཁ་ཀ་བཞི་བྱས་པས་ཆེ། དམ་ཆོས་རྒྱ་གར་མ་ཡིན་པས་ཆེ། དེ་རྣམས་ནི་གོང་དུ་སྨོས་པ་ལྟར་རོ། །གདུང་བརྒྱུད་སྐུ་ཞང་ཡིན་པས་ཆེ། །སྦྱིན་བདག་རྒྱལ་པོ་ཡིན་པས་ཆེ། བྱ་བ་ནི། ཐོག་མར། སྐུ་ཞང་བྱ་བའི་(༤༨.ན)ལྕམ་མོ། མ་གཅིག་མཁའ་འགྲོ་འབུམ་གྱིས། འགྲོ་མགོན་ཕྱག་ནའི་ཁབ་ཏུ་བྱོན་པ་ལ། སྲས་བདག་ཉིད་ཆེན་པོ་དྷརྨ་ཕ་ལ་རཀྴི་ཏ་འཁྲུངས་པའ་དུས་སུ། ཞལ་ལུ་ཁྲི་སྐོར་གྱིས། དད་སླང་བྱས་ནས། དབོན་པོའི་བཞུགས་ས་ལ། ཤིང་ཁང་བླ་བྲང་དང༌། ཞལ་ལུ་ཁང་གསར་བཤེངས། བཀུར་སྟི་ཞབས་ཏོག་ཕུན་ལུམ་ཚོགས་པ་བསྒྲུབས་པས། བླ་མ་དྷརྨ་ཕ་ལ་གནས་བཟུང་སྟེ།་ཆོས་རྗེ་བཌླ་མ་སྐུ་མཆེད། བླ་ཆེན་ཀུུན་རྒྱལ་བ་ཡབ་སྲས་ལ་སོགས། དེང་སང་ཡན་ལ་གདུང་བརྒྱུད་ཁུ་དབོན་པའི་སྐུ་ཤང་ན་རིམ་ལྔའི་བར་དུ། སྐུ་གཉེར་འབྲེལ་པས་ན།་སྡེ་བདག་གཞན་རྣམས་ལས། ཆེས་ལྷག་པར། ས་སྐྱ་པ་དང་འབྲེལ་ཆེ་བའོ། །བླ་མ་དྷརྨ་ཕ་ལ་རཀྴི་ཏ། གོང་དུ་བྱོན། ཧོར་ཨོལ་ཇ་དུ་རྒྱལ་པོ་དང་མཇལ་དུས།་བོད་དབུས་གཙང་ན། ངེད་ཀྱ་ཞང་པོ་ཞལ་ལུ་ཁྲི་དཔོན་བྱ་བ་ཡོད་པ་ལ། ལུང་ལས་ཁ་བཟང་པོ་གནང་དགོས་ཞུས་པས།(༤༨.བ)བླ་མའི་ཞང་པོ་ཡིན་ན། ངེད་ཀྱིའང་ཞང་པོ་ཡིན་དུ་ཆུག་ལ། ཁྲི་སྟོང་བྱིན་པོས་ཕུད་དུ་ཁུར་ཅིག མི་རབས་ཀྱི་བར་ལ། ཁྲི་བསྐོར་འཇགས་སུ་ཆུག་གསུངས་པའི་ལུང་གཙང་མ་དང༌། རྒྱལ་པོ་ཡོན་མཆོད་ཀྱི་སྐུ་རིམ་ལ་དམིགས་པའི། གསེར་དངུལ་ལ་གྲུབ་པའི་རྟེན་གསུམ། གཙུག་ལག་ཁང་དང་བཅས་པ་བཞེངས་པ་གྱིས། བཅུ་དང་དངུས་བྲེ་ལྔ་བརྒྱད་མགོ་བྱས་པའི་གནང་སྦྱིན་བཟང་པོ་སྐུར། དེའི་ཆ་རྐྱེན་གྱིས། ཞལ་ལུ་གསེར་ཁང་དུ་གྲགས་པའི་ལྷ་ཁང། དབུ་རྩེ་ཆེ་ཆུང༌། རྟེན་ངོ་མཚར་ཅན་མང་དུ་བཞེངས། ཕྱིའི་ལྕགས་རི་མར་བཏབ། འདིའི་འཚམས་སུ། རང་བྱོན་འཕགས་པ་གདན་དྲངས་ལུགས། ཚོང་འདུད་འཕྲུལ་སྤེ་སྐུ་ཞང་སུའི་དུས་བཞེངས། རི་ཕུག་ནམ་བཏབ་ལ་སོགས་འཇུག་གོ།
རྒྱལ་རྩེ་ཆོས་ཀྱི་གདུང་རབས་བྱུང་ཚུལ། ལྷ་དབང་སྤྲུལ་པ་དཔལ་ལྡན་ཤར་ཁ་བའི་བྱོན་ཚུལ་ཡོད། སའཝ་སྟི། འགྲོ་ཀུ་མཁྱེན་བརྩེའི་(༤༩.ན)ཐུགས་རྗེའི་ནམ་མཁན་ཡངས་པ་ལས། །ཤར་རིའི་རྩེ་ནས་འོད་སྟོང་འབར་བ་བཞིན། །ཤར་ཕྱོགས་ལྡན་མ་ལས་སྐྱེས་ཤར་ཁ་བ། །རིགས་བཟང་ཁུངས་བཙན་འདི་པ་ལྷ་དབང་ཞིག ས་སྐྱ་པའི་ནང་ཆེན་བློན་པོ་རིན་ཆེན་འདྲ། །འགའ་ཡིས་ཕལ་རྒོལ་དཔུང་འཇོམ་དམག་དཔོན་རིན་ཆེན་དང༌། །དེང་སང་བསྟན་པའི་སྲོལའཛིན་ཆེས་རྒྱལ་ཆེན་པོ་འང་བྱོན། །དེསན། གདན་སའི་ཞབས་ཏོག་བསྟན་བྱུས་འཕེལ་བྱེད་ཐབས།༌།མཛད་པའི་རྣམ་ཐར་རྒྱ་ཆེ་གྲངས་མང་ཡང། །ངོ་མཚར་ཕྲིན་ལས་རགས་པ་ཟུར་ཙམ་བྲི། །དེའང་དཔལ་ལྡན་ཤར་ཁ་བར་གྲགས་པ་འདི་པའི། །རིགས་རུས། ཆོ་འཕྲེང་(འབྲེང)ནི། རིགས་བཟང་པའི་དབང་དུ་བྱས་ན། བྱང་ཕྱོགས༌།་ཧོར་བོད་ཀྱི་སོ་མཚམས་ལ་ཉེ་བའི་ས་ན། ཕ་ཝང་ཆེན་པོ་འབྲི་འདྲ་བ། ཁ་ཤར་ལ་བལྟས་པ་གཅིག་ཡོད་པ། དེའི་རྒབ་ངོས་ནས་འབབ་པའི་ཆུ་བོ་ལ།་ཚ་སྐྱེ་གཙང་(༤༥.བ)པོ་ཟེར། ནུབ་ལ་འགྲོ། མདུན་ནས་འབབ་པ་ལ། འབྲི་ཆུ་ཟེར། ཤར་ཕྱོགས་ལྡན་མའི་ཡུལ་ལ་འགྲོ་བའི། དེའི་བྱང་རྒྱད་ལ། ལྡན། ཉིན་རྒྱུད་པ་དང༌། ལྷོ་རྒྱུད་ལ་ལྡན་སྲིབ་རྒྱུད་པ་ཟེར། ལུང་ཆེན་དེའི་ཕྱེད་སྨད་ཙམ། སྐྱེད་སྟུབས་ལ། རྒྱ་ཧོར་གྱི་འཇའ་ལམ་ཆེན་མོས་བཅད་ཡོད་པའི། སྲོད་ཕྱོགས་དེ་ལ། ལྡན་སྟོད། ལྒ་པའི་ཡུལ་ཟེར་བར་འདུག་ཅིང། ལྡན་ཆུ་རྒྱུད་ཀྱི་མདོ་ན། ཏྲེ་བོའི་ཡུལ་ཡོད་ལས། དགའ་ལཎཎདན་ཏྲེ་བོ་གསུམ་ལ་དབང་བསྒྱུུར་བའི།་རྗེ་བོའི་རིགས་སུ་གྱུར་ནས། དང་པོར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། ལྡན་མ་རྩེ་མངས། ཟེར་བའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་ད༌། གཞན་ཡང་ལྡན་མ་ཆོས་ཀྱི་བྱང་ཆུབ་ཟེར་བའ་ཆོས་རྻལ་དང༌། ལྡན་བྱང་ཁྲི། བྱང་དམར་ལ་སོགས། མ་སང་གི་སྤྲུལ་པའང་མང་དུ་བྱུང་བར་འདུག གདུང་རུས་བཙུན་པའི(༥༠.ན)དབང་དུ་བྱས་ན། བོད་ཡུལ་འདིར། མི་བྱུང་པ་ལ་སྔ་བའི་རུས་མིང༌། མིའུ་རུས་བཞི་བྱ་བ་དང༌། མིའུ་རྒྱུད་དྲུག་བྱ་བ་བྱུང་པའི་ནང་ནས། རྨུ་ཚ་ལྒའི་རྒྱུད་པར་འདུག་པས་ན། ལྡན་སྟོད་ལྒའི་ཡུལ་དུ། ལྒ་ཨང་སྙེན་དམ་པ་ཟེར་བའི་འབྱོར་ལྡན།་དཀར་ཕྱོགས་ལ་མོས་པ་གཅིག་བྱུང་པདེ་ཉེད་ཀྱི། ལྒ་ལྡན་ཏྲེ་བོའི་ས་ཁོངས་སུ། ལྷ་ཁང་རྒྱ་ཕིགས་ཁྱུང་མགོ་ཅན་བརྒྱ་རྩ་བརྒྱད།་ལྷ་ཁང་རེའི་ནང་དུ། རྟེན་ངོ་མཚར་ཅན་དང༌། བཀའ་འགྱུར་རོ་ཅོག་ཆ་ཚང་མ་རེ་བཞེངས་པའི་དྲུང་དུ། དཀར་མོ་ཁོར་ཡུག། མཆོད་པ་རྣམ་ལྔའི་རྒྱུན་མ་ཆད་པའི་དགེ་རྒྱུན་བཙུགས་པ་ལ་སོགས་ཆོ་འཕྲེང་ཕུན་སུམཚོག་སཔའི་འཕྲིན་ལས་རྒྱ་ཆེན་པོར་མཛད་འདུག དེའི་དབོན་སྲས་ཀྱི་བརྒྱུད་པ། ལྡན་མདབོན་པོ། བཟང་པོ་རྒྱལ་མཚན། ཡབ་སྲས། འཁོར་བཅས་འགའ་ཟུང་གིས།་དབུས་གཙང་དག་པའི་ཞིང་ཁམས་དང༌། ཁྱད་པར་དཔལ་ལྡན་ས་སྐྱ་པའི་སྤྱན(༥༠.བ)སྔར་འབྱོན་བཞེད་ནས། ཡར་སྟེག་བྱོན་པ། ཉི་མ་དབུས་ཕྱོགས་སུ་སླེགས་པའི་དུས་སུ། ཁོང་རང་གིས་ཡབ་མེས།་མི་ཤི་བ་ལྷ་རུ་སྐྱེ་བ།་ལྡན་མ་དབང་རྒྱལ་དུ་གྲགས་པའི། ལྷ་བཙུན་བཟང་པོ་གཅིག་ཡོད་པ་དེ།་རྨི་ལས་དུ་བྱུང་ནས། ཁྱོད་འདིར་མ་སྡོད། གཙང་རུའི་ས་ན། དབུས་གཙང་རུ་བཞི་རུ་ཕྱེ་བའི་ལྷག་པོ། རུ་ལྷག་ཟེར་བ་གཅིག་ཡོས་པས། དེར་སོང་ཅིག་ཟེར་བས། འོ་ཡུག་མདའི་རུ་ལྷག་ཏུ་ལོ་འགའ་སྡད། ཡང་ལྷའི་ལུང་བསྟན་བྱུང་ནས། ད་ཡང་གཙང་པོ། ཉང་ཆུ་འཛོམ་པའི་ས་ན། བཅུང་པ་ཡུ་བ་གདོང་བྱ་བ་ཡོད་པས། དེརསོང་ལས་སྡོད་དང༌། བྱུས་ཀྱི་ཡུ་བ་ཟིན་པར་ཡོད་དོ་ཟེར་ནས། ཡུ་བ་གདོང་དུ་ཐོགས་ཅིག་སྡད། དཔལ་ལྡན་ས་སྐྱའི་ཕྱོགས་ལ་འདེགས་པར་འདོད་པའི་འཚམས་སུ། ལྷ་ན་རེ། ཉང་ཆུ་ཡར་དེད་བའི་གཡས་ཕྱོགས་ན།་གསེར་ལ་གྲས་པའི་གནས(༥༡.ན)གཞི་གཅིག་ཡོད་པས། དེར་སྡོད་ཅིག་ཟེར་བ་བྱུང་ནས། ཞལ་ལུ་གསེར་ཁང་བྱ་བ་དང༌། གཞིས་ཁ་གསེར་སྡིངས་ཟེར་བ་འདུག་པ། གང་ཡིན་སྙམ་པ་ལ། གསེར་སྡིངས་སུ་གཞི་ཕབ། གྲོང་པའི་ཕྱུག་པོ་ཆེན་པོ་གཅིག་འདུག་པ་ལ། གནས་པོ་བཅོལ་ནས་སྡད་པས། ས་ཆ་ཡང་འཕྲོད། གནས་མགྲོན་ཡང་མཐུན་པར་བྱུང་ནས། ལོ་མང་རབ་སོང་ཞིང༌། སྲས་པོ་དེས། གཞོན་ནུ་ནས་ཀློག་ཡིག་ལེགས་པོ་ཤེས། ཡོན་ཏན་དང་ལྡན་པས། ཡུལ་ཐམས་ཅད་ཀྱི་དཔོན་ཡིག་བཟང་པོ་འདིས། རང་རེ་ལ་ཕན་ཐོག་པར་བྱུང་ཟེར་ཞིང༌། ཁྱད་པར་གནས་པོ་ཞེ་འགུ(མགུ)ནས། དབོན་པོ་པའི་བུ་ཆུང་འདི་དང༌། ངའི་བུ་མོ་འདི་བཟའ་མིབྱེད་དགོས་ཟེར་བ། ཡང་ཡང་དུ་སླེབས་པས།་བུ་མོ་ལྷ་མོ་སྨན་དང༌། དཔོན་ཡིག་བཟང་པོ་དཔལ་བ་ཡབ་ཡུམ་དུ་འབྲེལ། ལོ་འགའ་སོང་ནས། ཡབ་རྒན་སྐུ་གཤེགས། བུ་མོའི་ཕ་མས་གྲིགས་ལྡན་བྱས་ནས། ཡབ་(༥༡.བ)ཀྱི་གཤེགས་རྫོང་ལ་སོགས་ལུག་སཅན་སྒྲུབས། དེ་རྟིང་བུ་པོའི་རྨི་ལམ་དུ། ཚེས་བཅོ་ལྔའི་ཟླ་བ་ཉ་གང་པ་གཅིག ཤར་རིའི་རྩེ་ཤར་བྱུང་བ། རང་གི་མཚན་མ་ལ་ཞུགས་ཏེ། ཁོང་དུ་ཐིམ་སོང་པ་ཅིག་རྨི། ཟླ་གྲངས་ཐིམ་པ་ད༌། སྲས་པོ་གཅིག་བྱ་ལོ་ལ་འཁྲུངས་པས། མཚན་དཔལ་ལྡན་དར་ཞེས་པ་བཏགས་སོ། །དེ་ཕྱིན་ཞལ་ལུ་གསེར་སྡིངས་དེ་ཁར་བཞུགས་པར་འདོད་ནའང། ཡང་ལྷའི་ལུང་བསྟན་ལ། འདི་ནས་ཤར་ལྷོ་ཕྱོགས་ཀྱི་ལཱ་རྒྱབ་པའི་ཕ་ཡོལ་དེར་སོང་ཅིག དེར་ངའི་འདུག་གནས་ཀྱིང་ཆོས་ཅིག བྱ་བ་ཐམས་ཅད་ཡར་འཕེལ་དུ་འབྱུང་ངོ་ཟེར་བ་བྱུང་ནས།་ཡབ་ཡུམ་སྲས་བཅས་རྣམས་ཀྱིས། ཡར་བྱོན་ཐར་པ་དགོན་པར། བཅལ་སྟོན་ཆོས་འཕགས་ཀྱི་དྲུང་དུ། སྲས་པོ་ལ། དགེ་བསྙེན་དང་བྱིན་རླབས་ཞུས། བླ་མའི་མཚན་ལ་གྲས་ནས། འཕགས་པ་དཔལ་བཟང་པོ་ཟེར་བའི། (༥༢.ན)མཚན་བཏགས། འཕགས་པའི་བིང་ཅན་མི་རབས་བདུན་གྱི་བར་ལ། བསྟན་བྱུང་མངའ་ཐང་ཡར་འཕེལ་དུ་བྱུང་བར་འགྱུར་རོ། །གསུངས་པའི་བཀའ་གནང༌། དེ་ནས་ལ་རྒན་ལ་བྱོན་ནས། བོང་མཁར་སྔོན་མོ་ལུང་དུ་བཞུགས་པའི་ནུབ་མོ། ལྷ་བྱོན་ནས་ད་འདི་ཁར་གཞི་ཕོབ། སྟོད་ཀྱི་བྲག་མཐའ་ཡོད་སར་ངའི་རྟེན་ཚུགས་ཟེར་བར་བྱུང་ནས་བཞུགས་པས། ལྡན་ཡུལ་སྔོན་མོ་ལུང་དུ་གྲགས་པ་བྱུང་ངོ། །དེའི་སྐབས་སུ། ཡུལ་པའི་མི་སྡེ་ཕྱུག་པོ་རྣམས། ས་སྐྱ་ནང་སོར། འདབ་སྒོ་འབུལ་དུ་འགྲོ་བའི། ཡིག་རིགས་དགོས་པའི་གྲོགས་ལྡན་ལ། དཔོན་ཡིག་བཟང་པོ་དཔལ་བས་དྱང་ཐེངས་འགའ་བྱོན་པས། ས ས་སྐྱར་ནང་ཆེན་གྱི། ཡིག་མཁན་ལ་སྒོར། དེ་ནས་ཡུན་རིང་མ་འགྱངས་པར། བླ་མ་བདག་ཉྀད་ཆེན་པོ་བཟང་པོ་དཔལ་བའི་སྐུ་དྲུང་དུ། ཡིག་ཚང་པའི་འཐིལ་བཞུགས་ཐོབ། ཐུགས་རྗེས་བཟུང་བས། མངའ་ཐང་ཡར་འཕེལ་དུ(༥༢.བ)བྱུང་ཞིང༌། མ་ཅིག་ལྷ་མོ་སྨན་ལ་སྲས་པོ། འཕགས་པ་རིན་ཆེན་དང༌། མ་སངས་དར་པོ་བའང། སྔོན་མོ་ལུང་དུ་འཁྲུངས་སོ། །བླ་མས་ཞལ་ཏས། ཡིག་མཁན་བཟང་པོ་དཔལ་གྱི་བུ་ཆུང་ཆེ་ཤོས་ཀྱང༌། ངའི་ཙར་ཞོག ཕ་རྗེས་ཀྱི་ལས་མཚན་ལ་འཇུག་དགོས་གསུངས་པས། འཕགས་པ་དཔལ་བཟང་པོ་བས། དགུང་ལོ་བདུན་བརྒྱད་ལས་མི་འགྲོ་ནའང༌། ས་སྐྱར་བླ་མའི་སྐུ་དྲུང་དུ་ཕུལ། ཡབ་ཀྱིས་བྲིས་ཀློག་ལེགས་པར་སླབས། མ་སངས་ཀྱི་སྤྲུལ་པར་སོང་བས། གཞན་ལས་འཁྲུངས་སྐྱེས་ཆེ་ཞིང༌། བྱ་བའི་རྣམ་དབྱེ་ཤིན་ཏུ་མཁས་པ་གཅིག་བྱུང་པས། དེ་དུས་ས་སྐྱ་པས། དབུས་གཙང་ཁམས་གསུམ་ཐམས་ཅད་མངའ་ཞབས་སུ་བཅུག་ནས། ལྷོ་མོན་གྱི་ས་ཆ་རྣམས། ཇི་མཞིན་རང་མ་ཆུག། ཤར་དུང༌། ལྷ་དུང་དུ་གྲགས་པའི་དུང་རེང་མང་པོས། འོ་ཡུག་གོས་སྔོན་དང༌། ཤངས་(༥༣.ན)སྡོང་པོ་ཐང་ཚུན། ལྷོར་རྒྱུད་ཕལ་ཆེ་བའི་ཡུལ་པ་རྣམས་བཅོམ། ཧོར་བོད་ཀྱི་གསེར་ཡིག ཁྲིམས་འདུལ་བ་ལ་འབྱོན་ལམ་དྭོགས་པོ་རང་བྱུང་བས་བླ་མས་ཞལ་ཏས། ཁམས་པ་དགེ་འདུན་རྒྱལ་མཚན་གྱ་མགོ་བྱས། ཁམས་གཙང་གི་དྲུང་བསྐོར་དཔའ་རྐྱེན་འཛོམ་པ་བདུན། དུང་རེང་གི་ཁ་མནོན་ལ། ཉང་སྟོད་དུ་སོང་ལས། སྤུང་མ་ལ་གང་དགོས་ཁྲི་སྟོང་སོ་སོས་ཐོང་གསུངས་བ་བྱུང་དུས། གཞན་མི་དྲུག་པོའི་དམིགས་ཚངས་ནས། ད་ངེད་རྣམས་ཀྱི་གྲོགས་ལ། ཡི་གེ་ཤེས་པ་གཅིག་གཏོང་བར་ཞུ་ཞུས་པས། འཕགས་པ་དཔལ་འདི། ན་འཕྲ་ནའང་ཁ་ཏ་བསླབ་བྱ་བྱས་པས། བྱ་བ་ཤེས་པ་གཅིག་ཡོང་བར་འདུག དེ་ཁྲིད་སོང་གསུངས་ནས། ཁོང་རྣམ་པའི་ཟླ་ལ་བྱོན། མི་བདུན་པོའི་བཞུགས་ས་འཐིལ། བཤོལ་ལུངས་བཟུངས་སུ་བྱས། དེའི་ཤར་ཐད་ཀྱི་སྟེངས། གོང་ལ་ཕྱ་གའ་ན་གཞུང་བྱ་བ་ཡོད་པ་དེར། དུང་(༥༣.བ)རེངས་ཡོང་བའི་སྐབས་སུ། དམག་སྒར་བཏབ་ནས་བསྒུག་ན་གཞུང་དེའི་བྱང་ནས། ས་དམར་གོང་ཁ། ལྷ་ན་ཕྲ་གོང་ཁ། ཤར་ན་དྷི་་ལུང་གོང་ཁ། དེ་གསུམ་གྱི་དཀྱིལ་ན། སྒར་པ་དེ་ཡོད་པས་ན། གོང་གསུམ་ཤར་ཁ་བར་གྲགས་པ་འདི། དེ་ནས་བྱུང་བར་འདུག ཁམས་པ་ཞུགས་རིང་ལའང། དུང་རེང་གི་ཁ་མནོན་རབ་ཏུ་བྱུང༌། མགོ་ཡུལ་སྟོད་གསུམ། འབྲི་འཚམས་གང་སང་པོ། ཕག་སྒང་ཚོ་དྲུག་རྣམས་ཀྱིས། མི་རྩི་དུས་འགྲང་(བགྲང)པ་དང༌། ཁྲིམས་འཆའ་བ་ལ་བྱོན་དུས། བོང་ནག་མདོ་ཆེན་དུ། ཁམས་པ་དགེ་འདུན་རྒྱལ་མཚན་སྐུ་གཤེགས། ཞལ་ཆེམས་ལ། ད་ཁྱེད་རྨས་ཁ་མ་རོང་འཚོགས་ཀྱི་རྣམ་པ་མ་བྱེད་པར། དཔོན་ཡིག་འཕགས་པ་དཔལ་འདིས། མགོ་དཔོན་ཕེར་བ་འདུག་པས། ངའི་ཚབ་ཏུ་ཁུར་ལས། དཔལ་ལྡན་ས་སྐྱ་པའི་ཞབས་ཏོག་གྲུབ་པ་ཅིག་གིས་གསུངས་(༥༤.ན)པའང་བཞག་ཅིང༌། དེ་རྲང་ལྷ་ཇོ་ཁྲིད་དང༌། ནམ་མཁའ་དཔལ་ལྡན་ཤྲིས་མགོ་བྱས། དཔོན་རྣམ་པ་དྲུག་འཚོགས་ནས། ཁམས་པའི་རྗེས་ཟིན་ཅིང། དུང་རེ་ཐུལ་བ་ཅིག་དགོས་ཙ་ན། རང་རེད་རྣམས། མོ་ཕྱྭ་སུ་བཟང་གཅིག་ལ། དཔོན་ཚབ་འཆོལ་ལོ་ཟེར་ནས། ཆུ་མག་རྒྱུད་གཉེར་ཆེན་ཨ་མོ། ཤེལ་མགོར། རི་ཆུ་ཐང་གསུམ་འཛོམ་སར། མོ་ཕྱྭ་བྱས་པས། འཕགས་པ་དཔལ་བའི་དགུང་ལོའི་སྟེང་དུ། བྱའུ་དང་ཚེ་དཀར་མོ་དང༌། བཅུ་གསུམ་ལ་དིང་དིང་ཁ་ལེ་དཀར་པོ་བབ་པས། ཁོང་དཔོན་ཐོག་ཏུ་སྟོན། གཞན་རྣམས་ཞབས་ལ་འཐུད་ནས། མདུན་མ་རྩེ་གཅིག་ཏུ་འདྲིལ་བའི་ཆ་དོན་འགག་དོམ་བྱས། དཔལ་ལྡན་ཤར་ཁ་བའི་བསྟན་པའི་འགོ་སྔན་མ་དེ་ཉིད་ནས་ཚུགས་པར་བྱེད་དོ། །དེ་འཚམས། དབུས་གཙང་གི་ཁྲི་བསྐོར་ཐམས་ཅད་བཅོམ་ནས།་དུང་རེང་འདུལ་པའི་བགྲོས་བསྡུར། དབུས་པ་ཁྲི་བསྐོར་གྱི་དམག་རྣམས་(༥༤.བ)ཡ་འབྲོག་ཕོ་མ་ན་ཁར་བསགས། འཕགས་པ་དཔལ་བའི་སྐོར་རྣམས། གོང་གསུམ་ཤར་ཁར་སྒར་བཅས། སྐུ་ཞང་ཀུན་དགའ་དོན་གྲུབ་པས་མགོ་བྱས། གཙང་པའི་ཁྲི་སྐོར་གྱི་དམག་རྣམས་ཀྱིས། འོ་ཡུག་གོས་སྔོན་ནས། དུང་རེངས་རྣམས་དེད། གཙང་བྱེ་མ་དཀར་ནག་གི་འགྲམ། ཤར་ར་གཙང་ཁ་ལ་བྱས། རོང་རི་ནང་གི་འཚམས། རི་དཔལ་ལྡན་ཟུར་གསུམ་ལ་འཆུར་འདུད། དུང་རེངས་དཔོན། དོན་གྲུབ་དར་རྒྱས་ནས། ང་བཞིན་གྱིས་ཤོག་ཟེར་ནས། ཕོལ་བས། ཞལ་ལུ་བའི་སྒར་ཐད་མཐོན་ནས།་གམ་བྱང་སྦུད་རི་ལ་བྱས།་གུར་གཞའ་རི་ཁུག་པ་ལ། དུང་རེངས་རྣམས་འཆུར་བ་ལ། གོང་གསུམ་གྱི། སྒར་པས། མཐར་འདེད་བྱེད་རྩིས་ལ། དོན་གྲུབ་དར་གྱི་ལབ་སྤྲད་ནས། དཔོན་འཕགས་པ་དཔལ་ཁྱོད་བསམ་པ་ཆེན་ན། ངེད་མི་ཆད། རྟ་ཆད་རྣམས་སྲོལ་ལས་མཐོང། ངས་ཟླ་བ(༥༥.ན)རྟིང་མའི་ནང་དུ། ཤར་དུང་གང་ཡོད། མི་ནོར་རྣམས་ངོ་ལྟ་བ་ལ་སླེབས་པ་བྱེད་ཟེར་བས། དེ་བཞིན་ཕུག་བྱུས་ཆེ་བར་འདུག་བསམ། བཟང་ཆད་བྱས་ནས། གཙང་མར་བཏང་བས། ཁྲི་བསྐོར་རྣམས།་ཁ་ཆག་ནན་ལྟར་ཆེ་ཞིང། ས་སྐྱ་ནས་ཀྱང། ཁྲིམས་ཕོག་པ་ཙམ་བྱུང་ནའང། ངེད་དུང་རེང་དང་བཟང་ཆད་བྱས་ཡོད་པས།་དུས་ཚེས་འདི་བར། རྟགས་པ་མཛད་དགོས། དེ་རྟིང༌། ཐོག་འཇོག་མ་བྱས་བྱུང་ན། ཉེས་པ་མི་འཁུར་ཁག་མེད་ཟེར་བ་ཞུས། ཟླ་དུས་ཀྱི་འཚམས་སུ། དོན་གྲུབ་དར་གྱིས། ཤར་དུང་ལ་གཏོགས་པའི་མི་སྣ་དྲག་བཏུས་རྣམས་ཁྲིད། འབུལ་སྣོད་བཟང་པོ་ཁྱེར་བྱུང་ནས། མི་ཁྱོད་ཀྱིས། བཟང་པོ་བྱས་ཕྱིན། ང་ཡང་བཟང་པོ་བྱེད་པ་ཡིན། ད་ཕྱིན་ཁྱེད་ཀྱི་ཞབས་ལ་འཐུད་ཟེར་ནས། ངེད་ལྟ་བྱས། ལྷོ་བྲག་ཤར་གྱི། ཆུ་སྐྱེད་ལུང་གསུམ། ལྷོ་བྲག་གྱ་བ་བཞི། ཕུ་འ་ལུངས་སྐྱོགས་མོ་ནས། མདའ་ཙག་ས་ཝ་བཞུགས་ཡན་གྱི(༥༥.བ)མཁར་བཙན་ས་ཕལ་ཆེ་བ་ཕབ། མི་ནོར་དབང་རིགས་ཐམས་ཅད་མངའ་འོག་ཏུ་བཅུག ཤར་དུང་གི་མ་དྲག་ངོ་ལྟས་པ་རྣམས། ལས་འཛིན་ལ་བཅུག་པས།་གཞི་ཆགས་ནས། དུང་རེང་གི་མི་བརྒྱུད། ཉང་སྟོད་ན་ད་ལྟའང་མང་རབ་ཡོད་དོ། །དེ་རྟིང་ལྷོ་དུང་འདུལ་བ་ལ་དགོངས་ནས། ཕག་རི་རིན་ཆེན་སྒང་དུ་ཕེབས། ལྷོ་སྤས་འགྲོ་བན་འཕྲང་པའི། སློབ་དཔོན་སྟག་འོད་ཟེར་བྱ་བ་འཇམ་བགྲོས་ཀྱི་ཀུག ཟས་ཆང་དང། ཞྭ་གོས་ལ་སོགས་པ་སྟེར་སྦྱིན་བཟང་པོ་རིམ་པར་བྱས་པ་ལ། གཞན་ཡང་འགྲན་འདུག་པས། ལྷ་དུང་གི་སློབ་དཔོན་དྲག་ཚད་མང་པོ་ཕག་རིར་བོས། ཟས་ཆང་གིས་ཁ་བྲིད་ནས། མི་དྲག་བཏུས་བརྒྱ་དྲུག་ཅུ་ཙམ་བསད།་མགོ་ལག་གནད་ཆེ་བ་རྣམས།་རིན་ཆེན་སྒང་གི་མགོན་ཁང་དང༌། སྒོ་རྣམས་ཀྱི་ཐེམ་འོག་ན་ཡོད། དེ་རྟིང༌། ཕག་ཡི་རྣམ་རྒྱལ་གྱི་རྫོང༌། བླ་མའི་བཀའ་(༥༦.ན)བཞིན་བརྩིགས། སྤ་འགྲོ། ཧད་སྟག་ལུང་ལ་སོགས། ལྷོ་དུང་གི་ས་ཆ་ཐམས་ཅད་འོག་ཏུ་བཅུག ཕག་རིའི་ལས་སྒོ་ཆེ་ཆུང་རྣམས་གཙུགས། རྫོང་དཔོན་སྔན་མ། གཙུང་པོ་ཕག་རིན་པ་བསྐོས། དེ་ལྟར་ཤར་དུང༌། ལྷོ་དུང་རྣམས་རིམ་པར་འཐུལ་བས། དཔལ་ལྡན་ས་སྐྱ་མན། ལྷོ་བྱང་གི་སོ་འཇམ། ཇི་སྡེ་རྣམས་བདེ་བ་ལ་བཀོད་ཅིང༌། བླ་མའི་ཞབས་ཏོག་དང༌། རང་བྱུང་ཀྱི་བྱ་བ། གྲུབ་ཤིན་ཏུ་ཆེ་བར་བྱུང་འདུག དེ་འཚམས་ས་སྐྱ་ནང་ཆེན་གྱི་གོག་སར་ཡང། ལོ་འགའ་བཞུགས་ཤིང། མིག་པ་དང་ཤྲི་དར་ར་ཁ་ཆེ། ཏི་ཤྲི་ཀུན་དགའ་རྒྱལ་མཚན་པའི་ཕྱག་ཕྱིར། གོང་དུ་རྫང༌། ཧོར་ཐོ་གོན་ཐེ་མུར་རྒྱལ་པོ་ལ་ཞུས་ནས། ཏའི་སི་ཏུའི་མཚན་དང༌། དམ་ཏག འཇའ་ས་བླངས། ཤམ་པོ་རྩེ་དགུའི་ལྡན་ལ། ལྷ་ཁང་དང། བདེ་ཡངས་ཆེན་པོ་བཞེངས། ཆོས་སྡེ་བཏབ།རྫོང་རྩེ་ཆེན་བྱ་བར་མིང་བཏགས། (༥༦.བ)རྒྱང་མཁར་གྱི་རི་བསྲུང་བའི་ཁང་པ་གཅིག་རྩིགས། མངའ་བདག་དཔལ་འཁོར་ཅན་(བཙན)གྱི་ཕོ་བྲང་གི་ས་ཡིན་པས། རྒྱལ་མཁར་རྩེ་ཟེར། ལྕང་ར་དང༌། རྒྱ་གྲོང་གི་ས་མཁར་རྩིགས། དེ་རྟིང༌། ཕག་མོ་གྲུབ་པ། སི་ཏུ་བྱང་རྒྱལ་བ་དང༌། ཐུགས་མཉེས་འབྲེལ་ཟབ་ཡོད་པས། སྣེ་གདོང་དུ་བྱོན་ཟེར་བྱང་པ་ལ། ཐུགས་བཀལ་ནས་བྱོན་པས། སི་ཏུ་བྱ་རྒྱལ་བ་གྲོངས་པ་དང་ཐུགས་གྲོས་པ་རྣམས་ཀྱིས། གསང་ཡགས་བྱས་འཚམས་སུ་ཕེབས།་གྲ་ཕྱི་ཚོང་འདུས་སུ་ཕྱག་ཕྱི་དགེ་སློང་ཤཀ་བཟང་དང། རྒྱུད་གཉེར་ཆོས་རྒྱལ)། དཔོན་གཡོག་གཉོས། བཟང་བཙོན་དུ་སྒོར་བའ་སྐབས་སུ། རྩེ་ཆེན་ནས། ཨ་པོ་བཀྲས་རྡོར་དང༌། ཡར་ལུངས་དགོན་ཆེན་(རྒྱུད་སྣང་བུ་བ་ཚང་)།ལ་སོགས་ཀྱིས། དཔོན་ཞེན་སེམས་ཁུར་བྱས་པས། དཔོན་གཡོག་རྣམས། ཙང་མར་ཡར་ལ་ཐོན། གནས(༥༧.ན)རྙིང་དུ་བཞུགས།་རྩེ་ཆེན༌། བཅང་ར།་རྒྱ་གྲོང་ན(རྒྱུད་དབེན་ཡིག་དཔོན་སེང)། འཕགས་རིན་པ། སྐུ་རིན་པ་སྐུ་མཆེད་བཞུགས་པ་ལ་སྣེ་གདོང་ནས།་ནག་པོ་ཚུལ་བཟང་དང༌། དཔག་ཤི་དཀོན་མཆོག་གི་མགོ་བྱས། དམག་དཔུང་སྟོབས་ཅན་འཁྱེར་ནས། ལྕང་ར་ལ་སྐོར་རྒྱག་བྱེད་གྲབས་ལ། དཔག་ཤི་དཀོན་མཆོག་ལ་མདའ་ཕོག་ནས་འདས་པས། དམག་དཔུང་གྲོས་སྟབས་ལ་ཕྱིར་ལོག་དགོས་བྱུང་བས། དཔལ་ལྡན་ཤར་ཁ་བའི་བསྟན་བྱུས་ཀྱ་གཞི་གཅིག་དེ་ནས་ཚུགས་པར་བྱེད་དོ། །ཏའི་སི་ཏུ་འཕགས་པ་དཔལ་མཟང་པོ་བའི་སྲས་ཆེ་བ་ནང་ཆེན་ཀུན་དགའ་འཕགས་པས། རྒྱལ་མཁར་རྩའི་རྫོང་དང༌། འདོལ་ཆུང་གི་ས་མཁར་བཞེངས། སྟག་རྩེ་རྫོང༌། ཕག་གྲུ་པའི་ལག་ནས་བླངས། གཞན་ཡང་རྫོང་གཞིས།་མངའ་ཞནས། བུ་རྟ་སར་དུ་ཆོད་པ་མང་བར་བྱུང། ས་སྐྱ་ནང་ཆེན་གྱི་གོག་སར་བཞུགས་ནས། སྡེ་སྲིད་ཆེན་པོའི་བསྟན(༥༧.བ)བྱུས་ཡར་འཕེལ་གྱི་མཛད་འཕྲིན་རྒྱས་པར་བྱས་སོ། །གཅུང་པོ་ཏའི་སི་ཏུ་བསོད་ནམས་དཔལ་བས།་རྫོང་རྩེ་ཆེན་བཟུང་ནས།་ཕྱི་ནང་དུ་དགྲ་ཟུན་གྱ་བླ་དོར། བདེ་ཟར་ཅི་རིགས་པ་དགོས་པ་བྱུང་ནས། མ་སངས་ཀྱི་སྤྲུལ་པ།ཐབས་ལ་མཁས་པའི་སྐྱེས་བུ། དཔའ་འཛངས་འཛོམ་པར་འདུག་པས།་ས་སྐྱ་པའི་ཞབས་ཏོག སྲིད་ལ་གཏོགས་པ་རྣམས་ཀྱི་མགོན། ཚུལ་བཞིན་དུ་མཛད་པས།་མ་ལས་བུ་དགའ་བའི་རྫོང་གཞིས། ཤབ་སེང་གེ་རྩེ། འཇད།་བོ་དོང་ལ་སོགས་པའ་མངའ་ཞབས་གསར་འཕེལ་རྒྱ་ཆེན་པོ་རིམ་པར་ཆོད་ཅིང༌། ཕས་རྒོལ་གྱི་དམག་དཔུང་ཇི་ཙམ་བྱུང་ཡང༌། འཇབ་རྩབ་གང་ལ་གང་འོས་ཀྱི་སྒོ་ནས།་ནད་ཐེག་པར་བྱུང་ཞིང༌། རྒྱ་རྟའི་མིང་རྒྱལ་པས། ཏའི་སི་ཏུའི་མཚན། དངུལ་(༥༨.ན)ཐམ། ལུང་བཟང་པོ་དང་བཅས་པ་གནང་ནས། དཔལ་ལྡན་ས་སྐྱ་པའི་ཐོག་དྲངས། གཙང་སྲིད་སྤྱི་སྒོས་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུར་བཞུགས་པ་འདི་ལགས། དེའི་སྲས་ཆེ་བ། དཔོན་པོ་རྒྱ་མཚོ་བ། སྐུ་ན་གཞོན་རབ་ལ་གཤེགས། གཅུང་པོ། དཔོན་པོ་རིན་ཆེན་འཕགས་པ་ལ། རྒྱ་ཏའི་མིང་རྒྱལ་པོས། དུ་ལསིའི་ལས་ཁ་གནང་ཞིང༌། རྒྱ་བོད་ཀྱི་བྱ་བའི་རྣམ་དབྱེ་མཁས་ལ།་སྡེ་སྲིད་འཛིན་སྐྱོང་གི་མཛད་འཕྲིན་རྣམས། ཡབ་ལསཀྱང་མི་ཞན་པ་འབྱུང་བའི་སྙན་གྲགས་ཡར་འཕེལ་དུ་གཞུགས་སོ། །འཕགས་པ་རིན་ཆེན་པའི་སྲས་པོ་ཆེ་བ། རྩེ་ཆེན་ཆོས་རྗེ་པ། མདོ་རྒྱུད་ཀྱ་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་ཆུད་དེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད། འགྲོ་བའི་འདྲེན་པ་ལ། སྐུ་བརྟན་པར་བཞུགས་སོ། །དེའི་གཅུང་པོ་དཔོན་པོ་གང་པ་བ་དང༌།་ཆེན་པོ་དབང་རྒྱལ་འཕགས་པ། རྒྱལ་ཆེན་པ། ཡང་དབོན(༥༨.བ)པོ་ཤཱཀྱ་དཔལ་བ་དང། དཔོན་པོ་བདེ་ལེགས་པ་རྣམས་བྱུང་བས། ཆེན་པོ་དབང་རྒྱལ་བས། ས་སྐྱའི་ནང་ཆེན་བཟུང༌། ནང་ལྟར་གྱི་མཐུན་སྦྱོར་མཛད། མི་མཐུན་ཕྱོགས་པ་གནམ་གྱི་ཐོག་ཏུ། རི་བོ་ལྟར་ལྗིད་ལྕི་བ་ཅིག་བྱོན་པར་གདའོ། །ཡང་མ་སངས་དར་པོའི་སྲས། ཨ་ཆེན་བཟང་པོ་དཔལ་བ་ཡིན་ཅིང། དེའི་སྲས་དཔོན་པོ་རྒྱལ་མཚན་དཔལ་བ་དང༌།་ནོར་བུ་འཕགས་པ་ཡིན་ནོ། །ནང་ཆེན་ཀུ་ན་དགའ་འཕགས་པའི་སྲས། མཆེད་གསུམ་བྱུང་པའི་ཆེན་བ། རབ་བརྟན་ཀུན་བཟང་འཕགས་པ།་མ་ཅིག་བཟང་མོ་དཔལ་བ་ལ། ཉང་སྟོད་རྒྱ་གྲོང་དུ། ས་མོ་སྦྲུལ་གྱི་ལོ་འབྱུང་བ་ལྔ་ལྡན་གྱི་ཐོག་ཏུ།་སྐུ་འཁྲུངས་པ།་འདི་ནི་ངེས་པར་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། ངོ་མཚར་བའི་རྣམ་ཐར་རག་པ་ཙམ་བརྗོད་པ། ཆོས་ཁྲིམས་དང༌། རྒྱལ་ཁྲིམས་གཉིས་ཀའི་སྒོ་ནས(༥༩.ན)བསྟན་པར་བྱ་བ་ལ། དང་པོར་སྐུ་གཞོན་ནུའི་དུས་ནས། ཟི་འདུལ་དང་ལྡན་པ་ལ་སོགས། ཆོས་མཐུན་གྱི་ཡོན་ཏན་དུ་མས་མཛེས་ཤིང༌། དགུང་ལོ་གསུམ་པ་ནས།་སེམས་དཔའ་ཆེན་པོ་ཆོས་ཀྱི་རན་ཆེན་པ། དེ་ཉིད་ཀཀྱི་རྗེས་སུ་བཟུང།་བཅུ་བཞི་པ་ནས། དམ་པ་དེའི་ཞབས་རྡུལ་སྤྱི་བོས་བླངས་ཏེ། སེམས་བསྐྱེད་སྔོན་དུ་འགྲོ་བའི་དགེ་བའི་ལས་སྒོ་དུ་མ་ནས་བསྒྲུབས་ཤིང༌། དགུང་ལོ་ཉི་ཤུ་པ་ལ། མེས་པོ་བདག་ཆེན། གཡུང་ལུ་ཏའི་ཧུ། ཏའ་སི་ཏུ་འཕགས་པ་དཔལ་བཟང་པོ་བ། སྐུ་མཆེད་ཀྱི་ཐུགས་རྒྱུད་ལ་ཚོགས་གཉིས་སྤེལ་བའི་ཕྱིར་དུ། ཕྱི་ནང་གི་དཀྱིལ་འཁོར་མང་པོ་ཞལ་ཕྱེ་བའི། སྒྲུབ་མཆོད་ཆེན་མོ་དང༌། བཤད་སྒྲུབ་ཀྱི་གཞི་བཙུགས། སྲོལ་གཏོད། ཉི་ཤུ་རྩ་བཞི་པ་ལ། ཡབ་རྗེ་དམ་པ། ནང་ཆེན་ཀུན་དགའ་འཕགས་པ་དང༌། མ་གཅིག་བཟང་མོ་དཔལ་བའི་སྐུ(༥༩.བ)དྲིན་བསབ་ཕྱིར་དུ། དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་སྒྲུབ་མཆོད་ཡུན་རིང་དང། སྨན་ལྷ། འཇམ་དཔལ། སྒྲོལ་མ་ལ་སོགས་འབུམ་གཏེར་ལྔ་ལྔ་དང༌། གཟུངས་སྔགས་བྱིན་བརླབས་ཅན་རྣམས་ཀྱི་བཟླས་བརྗོད།་སཡ། བྱེ་བ། དུང་ཕྱུར་བསྒྲུབས་ཤིང༌། བསྒྲུབ་པ་རྒྱུན་རིང་པའི་གཞི་རྟེན་བཟང་པོ་བཙུགས།་ཉི་ཤུ་རྩ་ལྔ་པ་ལ་མཁྱེན་རབ་ཀྱི་དབང་ཕྱུག་དགེ་ལེགས་དཔལ་བ་སྤྱན་དྲངས་ནས། བཅང་རར་ཆོས་གཞི་གཏིང། ལུང་རིགས་སྨྲ་བ་བརྒྱ་ཕྲག་བཞི་ལྷ་ག་རེས། ཆོས་ཀྱི་དགའ་སྟོན་སྤེལ། ཉི་ཤུ་རྩ་དྲུག་པ་ལ། ཆུ་བཔ་ཆེན་པོ་ཉང་ཆུ་ལ། བཀོད་པ་ཕུལ་དུ་ཕྱིན་པའི་ཟམ་པ་ཆེན་པོ་བཙུགས། དེའི་སྟེང་དུ་ཀག་ཌི་བཞེངས།་སུམ་ཅུ་པའི་དུས། ས་ག་ཟླ་བའི་ཚེས་བརྒྱད་རྒྱལཕུར་འཛོམས་པ་ནས་བརྩམས་ཏེ། གོས་སྐུ་ཆེན་མོ་མཐོང་བ་དོན་ལྡན་གྱི་དབུས་ན། སྟོན་པའི་སྐུ་ཁྲུ་བརྒྱས་ཅུ་པ། མཛོད་སྤུར(༦༠.ན)དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པ། ལྡེམ་ལ་མཆོག་གཉིས། གཡས་གཡོན་ན་མར་མེ་མཛ་དང་བྱམས་པལ།་ཁྲུ་ལྔ་བཅུ་པ། མཐའ་བསྐོར་གནས་བརྟན་བཅུ་དྲུག ཁྲིའི་དཀྱིལ་ན། མགོན་པོ་བེང་དང༌། ཟུར་གཉིས་དྷརྨ་ཏ་ལ་དང༌། རྣམ་སྲས་མཐའ་རང་ལ། ལན་ཚའི་གཟུངས་མང་པོས་བསྐོར་བ་བཞེངས། གང་གི་ལྷག་བསམ་རྣམ་པར་དཀར་བའི་མཐུས། གོས་བཟང་དུ་མ་ལསགྲུབ་སྟོན་པའ་སྐུ། བརྒྱ་ཕྲག་ཁྲུའི་མཐར་སོན་རྨད་བྱུང་འདི། །སྐྱེ་བོ་ཀུན་གྱི་མིག་གིས་བདུད་རྩིར་བསྒྲུབས། །དེ་རྟིང། གསེར་འཕན་ཆེན་མོའི་དབུས་ན། བྱམས་པའི་སྐུ་ཚད་ཁྲུ་བཅུ་ཕྲག་བཞི། ལྡེམ་ལ། འཇམ་དབྱངས་དང༌། སྤྱན་རས་གཟིགས་ཉན་ཐོས་མཆོག་གཉིས་ཁྲིའི་འོག་ལ། མགོན་པོ་གྲི་གུག་ཅན་བཞུགས་པའི། གསེར་འཕན་ཆེན་མོ་གཅིག་དང༌། གཞན་ཡང། གོས་དར་ལ་མཐོ(༦༠.བ)བཅུ་ཕྲག་བདུན་པའི་འཕན་བརྒྱད་ཀྱི་དབུས་ན། ཉེ་བའི་སྲས་བརྒྱད།་མཐོ་བཅུ་བཞི་དང་ལྡན་པ་བཞེངས།ངྔོན་ཆད་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ། །གང་གི་བཀོད་པ་ཙམ་ཡང་མཤར་བའི། །གོས་བཟང་དུ་མ་ལས་གྲུབ་མཛེས་པའི་སྐུ། །ཡིད་འཕྲོག་འཕན་གྱི་གཟུགས་ལ་བཞུགས་པ་རྣམས། །ལྷག་བསམ་རྣམ་པར་དག་པའི་ཐུགས་ལྡན་པ། །མི་དབང་ཆེན་པོའི་རྣམ་ཐར་འཕྲིན་ལས་ལས། །སྐལ་ལྡན་སྐྱེ་བོ་འབུམ་ཕྲག་དུ་མ་ཡི། །རྒྱུད་ལ་ཐར་བའི་ས་བོན་བསྒྲུབ་ཕྱིར་བཞེངས། །སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཕྱིར་དུ། །རྒྱ་མཚོའི་མཐའ་ཀ་ཙ་མའི་གྲོང་ཁྱེར་དུ་སྐུ་འཁྲུངས་ནས། དབུས་འགྱུར་རྡོ་རྗེ་གདན་གྱི་མཁན་པོ་མཛད་པཎ་ཆེན་ཤྲི་ཤ་རི་སུརྟྲ་མ་ཧཱ་ཡ་ནས་ཐོག་དྲངས། རྒྱ་གར་ནས་པཎྜི་ཏ་རིམ་པར་སྤྱན་དྲངས་བདག་རྐྱེན་བཟང་པོ་མཛད༌། དེ་རྟིང། བསྟན་པའི་བདག་པོ་(༦༡.ན)འདི་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ལ། འདི་ལྟར་བྱུང་སྟེ། སྐྱེ་འགྲོ་རྣམས་ཀྱི་ཕན་བདེ་ནི། སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་འདུག བསྟན་པའི་གསལ་བྱེད། ལུང་རྟོགས་ཐོས་བསམ་ལ་རག་ལས་འདུག་པས། བསྟན་པ་དར་ཞིང་ཡུན་རིང་དུ་གནས་པའི་ཆེད་དུ། དགེ་འདུན་གྱི་སྡེ་ཆེན་པོ། གཙུག་ལག་ཁང་གཅིག་ཅིས་ཀྱང་བཞེངས་དགོས་དགོངས་པ་ལ། ཡང་ཡང་དུ་བྱུང་ནས། མ་མ་ག་ཏ་རྡོ་རྗེ་གདན་གྱི་བྱང་ཕྱྱོགས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས། ཐེག་པ་ཆེནཔོའི་ཆོས་ཀྱི་དགའ་སྟོན་འགྱེད་པའི་གནས་མཚོག གངས་རིའི་འཕྲེང་བས་བསྐོར་བའི་ལྗོངས། བསྟནཔ་རིན་པོ་ཆེ་ཉི་མ་ལྟར་གསལ་བའི་ས་ཆེན། ཁ་བ་ཅན་ཞེས་གྲགས་པའི་ནང་ཚན། རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་དང་གསུམ་བགྲོད་པའི་ས། མཁས་གྲུབ་དུ་མས་བྱིན་གྱིས་བརླབས་ཤིང། སྐྱེ་བོ་རིག་པའི་ནོར་གྱིས་ཕྱུག་པ། མདོ་སྔགས་(༦༡.བ)བསྟན་པ་རིན་པོ་ཆེའི་འབྱུང་ཁུང། ཉང་སྟོད་རིག་པའི་འབྱུང་གནས། ཁྱད་པར་དུ་མང་པོས་བཀུར་བའི་གདུང་བརྒྱུད་དྲི་མ་མེད་པ། མངའ་བདག་དཔལ་འཁོར་བཙན་གྱི་ཕོ་བྲང༌།་རྒྱལ་མཁར་རྩེ་ཞེས་གྲགས་པ་འདིའི་ཉེ་ལོགས། ཆོས་ཀྱི་སྡེ་ཆེན་པོ། ཉིན་མོ་ལེགས་པར་བཤད་པའི་དགའ་སྟོན་གྱི་ཉི་མས། བློ་གྲོས་ཀྱི་པད་མོ་རྒྱས་པར་བྱེད་ཅིང༌། མཚན་མོ་ལུང་དང་རིག་པའི་ཆུ་རྒྱུན་གྱིས་ཐུབ་བསྟན་ཡིད་བཞིན་ནོར་བུའི་བྱི་དོར་ལེགས་པར་བྱེད་པའ། ལུང་རིགས་སྨྲ་བ་བརྒྱ་ཕྲག་བཅུ་དང༌། རྒྱུད་སྡེ་བཞིའི་དགོངས་དོན་ལེགས་པར་རྟོགས་ནས། རིམ་གཉིས་ཟབ་མོའི་ཚུལ་ལ་བརྩོན་པར་མཛད་པ། བརྒྱ་ཕྲག་ལྔ་དང། སྤོང་བ་བསམ་གཏན་གྱིས་སྒྲུབ་པ་ལ་བཞུགས་པ། བརྒྱ་ཕྲག་སོགས། དགེ་འདུན་འདུས་པ་རྒྱ་མཚོའི་བཞུགས་གནས། རི་མོ་རྩེ་ལྔ་དང་ལྡན་པའི་ངོས། པད་མོ་ཁ་བྱེ(༦༢.ན)བ་ལྟ་བུ་འདིར། ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་གཙུག་ལག་ཁང་བཅས་པ་བཞེངས་པའི་དུས་ནི། མཉམ་མེད་ཤཱཀྱའི་རྒྱལ་པོ། ཆོས་ཀྱི་དབྱིངས་སུ་མཛད་པ་བསྡུས་ནས། ལོ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་གསུམ་སོང་བའི་དུས། ས་ཕོ་ཁྱིའི་ལོ། ཆུ་སྟོད་ཟླ་བ་ཡར་ངོའི་ཚེས་གཉིས། རྒྱལ་ཕུར་འཛོམ་པ་ལ་འགྲམ་བཏིངས།་གཙང་ཁང་ཀ་ཆེན་བརྒྱད་འཕིགས་ཁྱད་ཆོས་དུ་མས་མཛེས་ཤིང༌། རྣམ་ཐར་སྒོ་གསུམ་དང་ལྡན་པ། ཁྱམས་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས། ཡོངས་སུ་ཀ་བ་བརྒྱ་དང་ལྔ་བཅུའི་ཁྱོན་ཕྱེ་འབུར་ཆེན་བཅུ་གཉིས། ཐོག་རིམ་པ་གཉིས། མདའ་ཡབ་ཀྱིས་འོར་ཡུག་ཏུ་མཛེས་པ།་གསེར་འཕྲུ། ཁྲུ་ཉི་ཤུ་རྩ་ལྔའི་ཚད་དང་ལྡན་པ། དེའི་དབུས་སུ་མ་གྷ་ཏ་རྡོ་རྗེ་གདན་གྱི་མ་ཧཱ་བྷོ་དྷིའི་སྐུ་ཚད་བཞིན་དུ།་བྱང་ཆུབ་ཆེན་པོའི་སྐུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་འདི། ལྕགས་ཕོ་བྱི་བའི་ལོ། ས་ག་ཟླ་བའི། ཚེས་བརྒྱད(༦༢.བ)ལ། རྒྱལ་ཕུར་འཛམ་པ་ལ། སྤྲུལ་པའི་བཟོ་བོ། དཔོན་མ་ཆེ་སྐྱབས་པས་བཞེངས་ཤིང༌།་དེའི་གཡས་གཡོན་དུ། མར་མེ་མཛད་དང་བྱམས་པ།་སེམས་དཔའ་བཅུ་དྲུག མགོན་ཁང་གི་གུར་མགོན་ལྕམ་བྲལ།་སྒོ་བསྲུངས།་རྒྱལ་ཆེན་སྡེ་བཞི་རྣམས་ལྡེར་སྐུ་བ།་དཔོན་མོ་ཆེ་རྡོར་རྒྱལ་གྱིས་བཞེངས། གཙོ་བོའི་ལྡེམ་གཉིས་དང་གནྡྷོ་ལིའི་དབས་སུ། བཀྲིས་སྒོ་ཡངས། བར་དུ། ཆོ་འཕྲུལ་དང༌། ལྷ་བས་(བབས)། མཐའ་གཉིསསུ།་དབེན་འདུམས་དང་རྣམ་རྒྱལ། རིགས་ལྔ་ལ་སོགས་སྐུ་གཟུགས་དུ་མ། ལན་ཚའི་ཡི་གེའི་རྒྱན་རྣམས། སྤྲུལ་པའི་ལྷ་བཟོ་བ། བལ་པོ་ཛའི་ཏེ་ཙ་དང༌།་ཟངས་མགར་བ་ཨ་ཝར་པ་རྣམས་ཀྱིས་བཞེངས། རྒྱ་ཆེན་ཕུལ་དུ་བྱུང་བའི་གཙུག་ལག་ཁང།་ཕུན་ཚོགས་ལྷའི་བཀོད་པས་མཛེས་པ་ཅན། །རབ་དཀར་གྲགས་པའི་བ་དན་གཡོ་བ་འདི། (༦༣.ན)ལྷག་བསམ་དག་པའི་མཐུ་ལས་མྱུར་དུ་གྲུབ། །ཁྱད་པར་དུ། བྱང་ཆུབ་ཆེན་པོའི་སྐུ་འདི་ཉིད། །ལྕགས་མོ་གླང་གི་ལོ། ནག་པཟླ་བའི་ཚེས་བརྒྱད། རྒྱལ་ཕཔུར་འཛོམ་པ་ལ། ཞབས་སུ་བྱོན་ནས། གཟུངས་བཞུགས་ལ། དབུའི་གཙུག་ཏོར་ན། མཉམ་མེད་ཤཱཀྱའི་རྒྱལ་པོའི་རིང་སྲེལ། བཅུ་ཕྲག་གསུམ་ལ་སོགས་པས་ཐོག་དྲངས་པའི། སྐུའི་སྟོད་སྨད། པད་གདན་དང་བཅས་པའི་ཆ་ལ། བྱིན་བརླབས་ཆེ་བའི་རྟེན། བཀྲ་ཤིས་པའི་རྫས་བསམ་ལས་འདས་པ་བཞུགས་ཚུལ། མདོར་བསྡུས་ནི། འཛམ་གླིང་ཡངས་པའི་སྐྱེད་ཚལ་འདིར། །མཁས་གྲུབ་པད་མོའི་གེ་སར་ལས། །སྐུ་གདུང་རིང་སྲེལ་སྦྲང་རྩིའི་བཅུད། །དད་ལྡན་བུང་བས།་བསྡུས་པ་དང༌། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་རྣམས། །ཡིད་འཕྲོག་རི་མོར་བཞེངས་པ་དང༌། །མདོ་སྡེའི་གསུང་རབས་ཡོངས་རྫོགས་རྣམས། །རྣམ་དག་ཐུགས་ཁའི་ཁྱོན་ལ་བཞུགས། །(༦༢.བ)སྐུ་ལྷའི་སྐྱེད་ཚལ་དུ། །གཟུངས་བཞུགས་པད་མོ་རྣམས་མཛེས་པ། །བྱིན་རླབས་བུང་བ་འཁྲིགས་པའདི། །སྐྱེ་དགུའི་བསོད་ནམས་ཞིང་དུ་བསྒྲུབས། །རྟེན་གྱི་རྣམ་གྲངས་བཅུ་ཕྲག་ནི། །སྐུ་སྨད་ཙམ་ལའང་བཞུགས་གྱུར་པས། །འདི་ལས་ཕུལ་དུ་བྱུང་བའི་རྟེན། །འཇིག་རྟེན་འདི་ན་ཅི་ཞིག་མཆིས། །གཞན་གྱི་བརྒྱ་ཕྲག་དཀའ་བས་སྒྲུབས་གྱུར་ཀྱང། །གཟུངས་བཞུགས་ཙམ་ཡང་མི་འགྲུབ་པ། །རྨད་བྱུང་འདི་འདྲ་སྒྲུབ་པའི་མི་དབང་མཆོག །དམ་པའི་རྗེས་སུ། བཟུང་བའི་རྣམ་འཕྲུལ་ཡིན། །བློ་གྲོས་ཉི་མའི་དཀྱིལ་འཁོར་རྒྱས་པའི་ཁྱོན། །བསོད་ནམས་རྟ་ལྗང་ཤུགས་ཀྱིས་རབ་དྲངས་ནས། །གཙུག་ལག་ཁང་གི་སྐྱེད་ཚལ་ཡངས་པ་འདིར། །ཕུལ་བྱུང་ལྷའི་པད་མོ་རྒྱས་པར་མཛད། །འདི་དག་གི་རབ་གནས་མཛད་པའི་ཚེ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་པ་དང༌། །སྐུ་ཞང་ནམ་མཁའ(༦༤.ན)མཆོག་གྲུབ་དཔལ་མཟང་པོ་བས་གཙོ་མཛད་པའི། བླ་མ་དགེ་བའི་བཞེས་གནེན། རྡོ་རྗེ་འཛིན་པ་ལྔ་བརྒྱ་ཙམ་འཀོར་དགེ་འདུན་བརྒྱ་ཕྲག་མང་པོ་དང་བཅས་ནས། རབ་གནས་མངའ་དབུལ་རྒྱ་ཆེན་པོ་མཛད་པའི་སྦས་སུ། ངོ་མཚར་བའི་ལྟས་རྣམ་པསྣ་ཚོགས་པ། སྐྱེ་བོ་ཀུན་ཀྱི་མཐན་སྣང་དུ་གྲུབ་པ་བྱུང་པས་ན། བརྒྱ་ཕྲག་ལྔ་སྡན་རྡོ་རྗེ་འཛིན་པི་ཚོགས། །གཙུག་ལག་ཁང་ཆན་འདིར་ནི་མངོན་ཁྲིག་སྟེ། །ཕྱི་ནང་དཀྱིལ་འཁོར་བརྒྱ་ཕྲག་ཞལ་ཕྱེ་ནས། །རབ་གནས་རྒྱུད་སྡེའི་དགོངས་པ་ཇི་བཞིན་སྒྲུབས། །རྒྱལ་བ་སྲས་བཅས་དངོས་སུ་བཞུགས་པའི་སྐུ། །འདི་མི་འཛམ་གླིང་འདི་ན་རྣམ་མཛེས་ཞེས། །ལྷ་དབང་ཤིན་ཏུ་དད་པའི་སྟོབས་ཀྱི་ནི། །སྣ་ཚོགས་མེ་ཏོག་འཆརཎ་རྒྱུན་འབབ་པར་གྱུར། །གཙང་ཁང་ཆེན་པོ་དང༌། སྟེང་གི་གཞལ་ཡས་ཁང༌། ཁྱམས་སྐོར་ཁང་སྟེང་འོག་བར་གསུམ། སྟེང་གི་འཁོར་གཡབ། བློ་འབུར་ཤར་ནུབ་སྟེང་(༦༤.བ)འོག མགོན་ཁང་ལ་སོགས་རྣམས་ན། གསེར་སྐུ ལྡེ་སྐུ། གཞལ་ཡས་ཁང་བློ་ལོངས་ལོགས་བྲིས། ངོ་མཚར་ཅན་རྣམས་ཀྱིས་ཡོངས་སུ་ཁང་བར་བཞུགས་ཤིང། རྟེན་གཙོ་བོའི་སྤྱན་སྔ་ན། གསེར་རྐོང། དངུལ་རྐོང༌། དངུལ་གྱི་ལྷུང་བཟེད་དང༌། མཎྜལ་ཆེན་པོས་ཐོག་དྲངས། ལྷ་ཁང་སྤྱི་སྒོས་ཀུན་ན། མར་མེ་ཁོར་ཡུག་དང༌། མཆོད་པའི་རྒྱུན་ཕུན་སུམ་ཚོགས་པ་གཙུགས་གདའ། དགུང་ལོ་སུམ་ཅུ་ལོ་བདུན་པ། ཤིང་མོ་སྦྲུལ་གྱི་ལོ་ལ། ལྕགས་རི་ཆེན་མོ། ཕྱོགས་རེ་ལ་གཞུ་འདོམ་ཉིས་བརྒྱ་བརྒྱད་ཅུ་རེ་ཡོད་པ། ལྕོག་བཅུ་ཕྲག་གཉིས་ཀྱིས་སྤས་ཞིང། སྒོ་ཆེན་དྲུག་དང་ལྡན་པ། ལྗོན་ཤིང་གི་ར་བས་ཡོངས་སུ་བསྐོར་བ་བཞེངས། སོ་དགུ་པ། ལུག་གི་ལོ་ལ། སྐུ་འབུམ་ཆེན་མོ་བཀྲིས་སྒོ་མང་གི་འགྲམ་གཏིང་ནས། ལོ་མང་མ་འགྱངས་པར་ཞབས་སུ་ཕྱུག་ཅིང། འདིའི་འཚམས་སུ། སྐུ་འབུམ་དང༌། གོས་སྐུ་གརིང་མའི་དཀར་(༦༥.ན)ཆག རི་ཁྲོད་དགའ་ལྡན་བཏབ་ལུགས་རྣམས་མདོན་བསྡུས་འཇུག་ཅིང། དེའང། དགེ་འདུན་གྱི་སྡེ་ཆེན་པོ། གཙུག་ལག་ཁང༌། རྟེན་དང་བཅས་པ་དང༌། ངོ་མཚར་ཅན་འདི་རྣམས་བཞེངས་པའི་སྦྱོར་བ་བརྩམས་པ་ནས། ས་ཕྱོགས་དེར་མཐའ་དམག་དང༌། རྒྱ་ནད་ལ་སོགས་པའི་ཡམས་ནད་ངན་པ། མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་མཚན་མ་ཙམ་ཡང་མེད་ཅིང། ཆབ་སྲིད་དར་ལ། དཀར་ཕྱོགས་འཕེལ་བ། དགེ་བ་བཅུ་ལ་ལོངས་སྤྱོད་པ་ལ་སོགས། དགེ་ཞིང་བཀྲ་ཤིས་པའི་ཡོན་ཏན་མཐའ་ཡས་པས་བརྒྱན་པར་གྱུར་ཏོ། །ཀུན་གྱིས་མངོན་སུམ་དུ་མཐོང་བའི། །ཕུན་སུམ་ཚོགས་པ་ཆེན་པོ་བཅོ་བརྒྱད་དང༌། ཉེ་བའི་ཕུན་ཚོགས་བཅོ་བརྒྱད་དང་ལྡན་པར་གྲགས་སོ། །གཞན་ཡང་འདིའི་དམིགས་རྐྱེན་བཟང་པོ་ལ་བརྟེན་ནས། གངས་རིའི་ཁྲོད་འདིར་གསེར་སྐུ། གོས་སྐུ། རྡོ་སྐུ། ལྡེ་སྐུ། གཙུག་ལག་ཁང་བཞེངས་པ། གསུང་རབ་བྲི་བ། ཆོས་སྡེ་བཙུགས་པ། རི་རྒྱ(༦༥.བ)སྲུངས་རྒྱ་སྡོམས་པ་ལ་སོགས། དགེ་བའི་ལས་ལ་ལོངས་སྤྱོད་པ་དུ་མའི་རྩ་བའི་རྒྱུར་ཏོ། །ཕུན་ཚོགས་དགེ་ལ་བརྩོན་པའི་མཐུ་ལྡན་པ། །མི་དབང་མཆོག་གི་མཛད་པའི་དམིགས་རྐྱེན་ལས། །གངས་རིའི་འཕྲེང་བས་བསྐོར་བའི་འཛིན་མ་འདིར། །རྒྱ་ཆེན་དགེ་བའི་འབྲས་བུ་ཕྱོགས་བཅུར་རྒྱས། ། དྲི་ཞིམ་མེ་ཏོག་རྒྱས་པའི་སྐྱེལ་ཚལ་ནས། བུང་བའི་ན་ཆུང་འཕུར་ལྡིང་གཡོ་བའི་སྒྲས། རྣ་བའི་དགའ་སྟོན་དགྱེས་པ་ཇི་བཞིན་དུ། གང་གི་གྲགས་པའི་རྔ་སྒྲ་ཕྱོགས་བཅུར་ཁྱབ། ས་སྐྱོང་གང་དེའི་ལྷག་བསམ་དཀར་བའི་མཐུས། འཁོར་འབངས་ཐམས་ཅད་དགེ་བའི་གོས་གྱོན་ཞིང༌། ཁྲེལ་ཡོད་རིན་ཆེན་རྒྱན་གྱིས་ལེགས་སྤྲས་ཏེ། སེམས་ཅན་ཐམས་ཅད་བདེ་བའི་ལམ་ལ་བཀོད། མི་དབང་དེའི་རྣམ་དཀར་ཐུགས་རྒྱུད་ལས། འཁྲུངས་པའི་དགེ་ལས་བྱས་དང་བྱེད་འགྱུར་དང༌། འགྲོ་ཀུན(༦༦.ན)ཕན་བདེ་བསྒྲུབས་པ་འདི་ལྟས་ན། བྱམས་མགོན་སྤྲུལ་པར་ཀུན་གྱིས་བསྔགས། ཅེས་པ་རྣམས་ཆོས་ཁྲིམས་དར་བར་མཛད་པའི་ཚུལ་ཟུར་ཙམ་བཀོད་པའོ། དཔལ་ལྡན་ས་སྐྱ་པའི་བློ་ཆེན་གྱི་ཐུ་བོ། བསྟན་པ་འཛིན་པའི་སྲོག་ཤིང་ལྟ་བུ། སྡེ་དཔོན་ཆེན་པོ་འདི་ཉིད་ཀྱི། རྒྱལ་ཁྲིམས་བདེ་བར་བསྐྱངས་པས། ཆབ་སྲིད་མངའ་ཐང་ཡར་འཕེལ་དུ་བྱུང་བའི་ཚུལ་ནི། སྐུ་གཞོན་ནུའི་དུས་ནས། རྩ་བའི་དཔོན་ས། མཁོན་གྱི་གདུང་བརྒྱུད་རིན་པོ་ཆེ་རྣམས་ལ། དད་གུས་དང་ལྡན་ཞིང༌། ཞབས་ལ་ཐུག གཅུང་པོ། ས་སྐྱ་ནང་ཆེན་གྱི་གོག་སར་སྐྱལ། ཡབ། ཁུ་བོ་བགྲེས་རིམ་རྣམས་གཙུག་ཕུད་དུ་འཁུར། སྔ་སོར། མངའ་ཞབས་བདེ་ཐབས་ལ་དགོངས་ནས། ཡར་ལུངས་སྣེ་གདོང་ལ། བསྐོར་གཅིག་བྱོན་དགོས་པ་བྱུང་དུས་ཀྱང༌། ཆོས་འཇིག་རྟེན་གང་གི་ཕྱོགས་ལའང་ཀུན་གྱི་མཐུན་སྣང་དུ་གྲུབ་ཅིང་སྨོན་པར་བྱུང༌། འདི་ཉིད་ཀྱི(༦༦.བ)ཐུགས་རྒྱུད་དགེ་བའི་ཤུགས་ཀྱིས། ནང་ལྟར་གྱི་སྡེ་གཟར་ལའང༌། གཏིང་འཇགས་གཙང་མ་ཐོན། སྡེ་སྲིད་ཆེན་མོ་འཛིན་པའི་གོག་སར་ཕེབས་ནས་ཀྱང༌། རྒྱ་ཏའི་མིང་རྒྱལ་པོས། རྟའི་སི་ཏུའི་མཚན་དང༌། ཐམ་ཁ། ལུང༌། གནང་སྦྱིན་བཟང་པོ་དང་བཅས་པ། ཞུ་མ་དགོས་པར་གནང༌། སྟག་ཚང་རྫོང་པ་དང༌། དཔོན་སློབ་སྲིད་ཇུས། སྔར་ལས་ཀྱང༌། ཉེ་བར་འབྲེལ་ནས་བདག་པོ་མི་དབང་ཆེན་པོ་ནམ་མཁའ་ལེགས་པའི་ཐུགས་སྲས་དམ་པར་གྱུར། དཔལ་ལྡན་ལྷ་རྩེ་རྫོང་གི་གཉེར་ལས་བཟུང་ནས། ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས། གཞི་ཐོག གདུང་བརྒྱུད་པའི་སྐུ་ཕྲ་མོ་ནས་དབུ་འདོན་ཞབས་ཏོག་གང་དགོས། ཉེ་གནས་ཆེན་པོའི་བྱ་བ་རྣམས། དོན་དང་མཐུན་པར་མཛད། མངའ་ཞབས་སྤྱི་མཐུན་དུ་ལུས་སེམས་དགེ་བ་ལ་བསྐུལ་བའི་ངང་ནས། དྲག་ཞན་གོ་མ་འཛོལ་ཞིང༌། སྤྱི་སྙོམས(༦༧.ན)ཆེ་བའི་སྐྱོང་ཐར་མཛད་པས། ཀུན་གྱིས་ཆོས་རྒྱལ་ཆེན་པོར་མཚན་གསོལ། སྐུ་ཉེ་འབྲེལ་ཆབ་བསྲི་དུ་གཏོགས་པ་ཐམས་ཅད་ལའང༌། ལེགས་ཉེས་བྱུང་དུས། སྐུ་ལུས་ཀྱིས་སྐྱོད་པལའང༌། མི་གོ་ཆོས་ཀྱི་བསྡུས་པའི་སྤུང་མི་ལགས། རྒྱུ་ཟས་ནོར། གསེར་ཡིག་བྲན་ཐག་གང་དགོས་པ་བྱུང་ཡང༌། ངལ་དུབ་དང༌། ཕང་སེམས་མེད་པའི་ཐུགས་འཁུར་བཞེས་ནས། སྲིད་པ་མཐའ་ནས་མ་བཟེགས་པའི་ལྟོས་ཐུབ་བློ་འཁེལ་བར་མཛད་ནས། སྲིད་རྟོགས་ཡར་འཕེལ་དུ་བྱུང༌། མི་མཐུན་ཕྱོགས་པ་རྣམས་ཀྱི་ཐད་དུའང༌། སྔ་སོར་དཔའ་དཔུང་འཛོམ་པའི་རྒྱལ་གྱིས། ཡར་མར་གང་དུ། སུ་དང་ཐུག་ཀྱང༌། བྱུས་ཀྱིས་རྒྱལ་ཁླ་ལོན་ཅིང་ནོར་བུ་ཁྱུང་ཙེས་འགོ་བྱས་པའི། ས་སྨད་ཀྱི་རྫོང་གཞིས་མང་པོ་འབྲེལ་ཆགས་སུ་ཆོད་ཅིང༌། གཡུལ་རྒྱལ་ལྷ་རྩིའི་འོག་གི ས་གདན་ཁོར་ཆོད། སྟོད་དུ། ལྡན་མཁར་རྫོང༌། སྨད་དུ་ཡ་འབྲོག ལྷོ་བྲག་སྐོར་ལ་སོགས། ཉག་ཉེ་རིང(༦༧.བ)ཀུན་ནས། རྫོང་གཞིས་ས་གདན། བུརྟ་གསར་འཕེལ་མང་དུ་ཆོད་ཅིང༌། ཕྱི་སྐོར། གཏན་རླིངས་གཙོ་བོར་སྟོན་པས། ཆེན་པོས་དགྲ་ལ་བྱམས་བྱས་ན། ཐ་མར་དགྲ་བོའང་དབང་དུ་བསྡུས། མང་པོས་བཀུར་བས་ཀུན་བསྐྱངས་པས། ཀུན་གྱི་རྒྱལ་པོར་དབང་བསྐུར་རོ། ཞེས་པ་དང་མཐུན་པར། སྲིད་པ་མི་གཅིག་པ་རྣམས་ཀྱང༌། དམ་པ་འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་མཐོང་བས། སྡེ་པ་ཕྲ་རག་ཐམས་ཅད་རིམ་པ་བཞིན་དུ། དེའི་ཞབས་ལ་འཐུད་པར་བྱེད་ལ། རང་སྲིད་ལ་གཏོགས་པ་རྣམས་ཀྱི་ནི། ཕུད་དུ་འཁུར་བར་བྱེད་པ་ལྟ་སྨོས་ཀྱང་ཅི་འཚལ། འདིའི་སྐུ་བསོད་དང༌། སྐུར་སྐྱོངས། འགྲོག་ལམ། དགྲ་ཟུར་གྱི་བླང་དོར་ལ་སོགས་འཇིག་རྟེན་ལུགས་ཀྱི་མཛད་འཕྲིན་རྣམས། མ་ནོར་ཞིང༌། ལེགས་པར་མཁྱེན་པའི་སྟོབས་ཀྱིས། སྔར་གྱི་མངའ་ཞབས། བུརྟ་གང་ལའང༌། བོ་ཟག་མེད་ཀྱི་སྟེང་དུ། (༦༨.ན)གཙང་སྲིད་བྱིན་པོའི། དཔལ་ལྡན་ལྷ་རྩེ། ལྡོག་ཕོ་བྲང་པ། ཆུ་འདུས་དཀར་པོ་མན། འབྲོག་གོང་དཀར། འཕྱོང་རྒྱས་སྟག་རྩེ་ཡན། འབྲེལ་ཆགས་སུ་ཟིན། བྱང་ཕྱོགས་ཀྱི་སྲིད་རྣམས་ཀྱང༌། དེ་ཉིད་ཀྱི་བཀའ་ལུང་དང་དུ་ལེན་ཅིང༌། དེ་དག་ཐམས་ཅད་ཀྱི། རྒྱལ་ཁྲིམས་ཀྱིས་བདག་པོར་གྱུར་པས་ན། སྐུའི་གཟི་འོད། གསུང་གི་ང་རོ་དང༌། ཐུགས་ཀྱི་སྟོབས་ཀྱིས་རྒྱལ་ཁྲིམས་མནོན་པ་དང༌། ཕས་རྒོལ་འཇོམས་ཚེ་ཕྱག་ན་རྡོ་རྗེ་ཡི། སྤྲུལ་པ་ཡིན་ཞེས་ཚིག་དོན་མཐུན་པར་གྲགས། གཅུང་པོ་ཆེ་བ། ནང་ཆེན། རབ་འབྱོར་འཕགས་པས་ཀྱང༌། ས་སྐྱ་ནང་སོར་ཕེབས་ནས། ཏི་ཤྲི་ཆེན་པོ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་ཐོག་དྲངས། གདུང་བརྒྱུད་ཁུ་དབོན་པའི་ཞབས་ལ་གཏུགས། གང་ལ་གང་དགོས་ཀྱི་ཞབས་ཏོག་དང༌། ནང་སོའི་འཛིན་ལུགས་ལུགས་མཐུན་མཛད། གཅེན་གྱི་བཀའ(༦༨.བ)ཞལ་དགོངས་པ་དང་མཐུན་པའི། ཆོས་ཕྱོགས་ཀྱི་ཞལ་བཀོལ་དང༌། སྡེ་སྲིད་ཆེན་མོ་འཛིན་སྐྱོང་སྤེལ་པའི་ཐབས་ལ། གཞི་ཐུབ་བྱེས་ཐུབ་ཀྱི་ཐུགས་འཁུར་ཆེན་པོ་བཞེས་པ། རང་ཕྱོགས་ལ། བྱང་སེམས་དང་ལྡན་ཞིང༌། གཞན་ཕྱོགས་སུ་ནོན་བརྗིད་ཤིན་ཏུ་ཆེའོ་ཞེས། ཕྱི་ནང་ཀུན་གྱིས། སྟོད་ཅིང་སྨོན་པའི་གནས་སུ་གྱུར་ཏོ། གཅུང་པོ། དམག་དཔོན་བཀྲ་ཤིས་འཕགས་པ་ནི། སྐུ་གཞོན་ནུ་ཉིད་ནས། ཡབ་མེས་གོང་མ་རྣམས་ཀྱི་མཛད་སྲོལ་དང་མཐུན་པར། དགྲ་རི་དྭགས་ཀྱི་ཕྱོགས་ལ། ཞལ་བསྟན་པ་ཙམ་གྱིས། ཕ་རོལ་ཕམ་ཕར་ནུས་ཤིང༌། གཅེན་དམ་པ་ཉིད་ཀྱིས་བཀའ་སྒོ་ཇི་ལྟར་མཛད་པ་བཞིན། དམག་ཁྱེར་སྔ་རྟིང་གང་ལའང༌། བྱུས་དང༌། དགྲ་འཐབ་ལ་ཤིན་ཏུ་མཁས་པས། དུས་ཀུན་ཏུ། གཡུལ་ལས་རྒྱལ་བ་ཁོ་ན་བྱུང་པས་ན། དམག་དཔོན་རིན་པོ་ཆེ་དང་མཚུངས་ལ། དེའི་དོན་གྱིས།(༦༩.ན)གནད་གང་ཆེའི་རྫོང་ས་ཟུར་དུ་བཞུགས་པས། མངའ་ཞབས་ཡར་འཕེལ་དུ་ཆོད་པ། ཀུན་གྱིས་མཐུན་གནང་དུ་གྲུབ་པ་འདིའོ། མིའི་དབང་པོ། སྐུ་མཆེད་རྣམས་ཀྱི་དབོན་སྲས། དྲུང་བཀྲ་ཤིས་རབ་བརྟན་དཔལ་བཟང་པོ་འདི་ཉིད་ཀྱང༌། རིགས་རུས་ཁུངས་ནས་བྱུང་བའི། ཆོས་འཇིག་རྟེན་གཉིས་ཀའི་ཕྱོགས་ལ་མཁྱེན་རབས་ཆེ་ཞིང༌། ཆེ་བཙུན་གྱི་ཡོན་ཏན་ཐམས་ཅད་ཚངང་བས། ཅོས་རྒྱལ་ཆེན་པོའི་ཞལ་ནས། འདིས་ནི། སྡེ་སྲིད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུར་འགྱུར་རོ་གསུངས་ཤིང༌། མཛད་འཕྲིན་མཐོང་ཐོས་ཀྱི་སྐྱེ་བོ་ཐམས་ཅད་ཀྱང༌། མགྲིན་གཅིག་ཏུ། སྟོད་ཅིང་བསྔགས་པ་བརྗོད་པའི་ངང་ལ་བཞུགས་པ་ལགས་སོ། ཆོས་རྒྱལ་སྐུ་མཆེད་ཡབ་སྲས་མངའ་ཐང་དང༌། ཆབ་སྲིད་སྤྱི་མཐུན་བསོད་ནམས་ལས་བྱུང་བའི། བློ་ཆེན་སྡེ་བྱུས་ཁུར་གྱིས་མི་ངལ་ཞིང༌། ཞི་དྲག་ཐབས་ལ་བློ་གྲོས་བང་མཛོད་རྒྱས། སྡུག་བསྔལ་ནད་གསོ་སྨན་པའི་རྒྱལ་པོ་དང༌། ཤེས་རབ་སྤྱན་ལྡན་འཇམ་དབྱངས་དཔོན(༦༩.བ)བཙུན་དང༌། འཇིག་རྟེན་བྱ་བ་མཁས་པ་པད་རྒྱལ་གསུམ། འདི་འདྲའི་བློན་ཆེན་ན་རིམ་གཞན་མ་ཡིས། སྡེ་པ་སུ་ལའང་འདུག་པ་ཐོས་མ་མྱོང༌། དེས་ན་དེ་ཡང་ཆོས་རྒྱལ་ཆེན་པོ་ཡིས། ཁྲིམས་གཉིས་དར་བའི་ཆེད་དུ་སྤྲུལ་བར་གོ སླར་ཡང་རྗེ་དཔོན་སྐུ་མཆེད་བརྟན་པ་དང༌། ཞལ་ངོ་འཕེལ་ཞིང་བློན་ཆེན་སྔ་མ་ལྟར། རིམ་པར་བྱོན་ནས་དཔལ་འབྱོར་རྒྱས་པ་དང༌། ཆབ་སྲིད་ཐམས་ཅད་ཡར་འཕེལ་འབྱུང་བར་ཤོག །མངྒ་ལཾ། བྷཝནྟུ། སསྟུ་ཤྲི་ཧོ།།
སྟག་སྣ་རྫོང་པའི་ལོ་རྒྱུས།
མ་སང་སྤྲུལ་པ་སྟག་སྣ་རྫོང་པའི་བྱོན་ཚུལ་ཡོད། སྭསྟི། འགྲོ་བའི་གཙུག་རྒྱན་དཔལ་ལྡན་ས་སྐྱ་པ། ཆོལ་ཁ་གསུམ་ལ་ཁ་ལོ་བསྒྱུར་བའི་དུས། དེའི་ཕྲིན་ལས་བསྒྲུབས་པའི་དཔོན་ཆེན་དང༌། སློབ་དཔོན་དགེ་བཤེས་བློན་ཆེན་རིམ་པ་རྣམས། མཁས་མཆོག་སྟོབས་ལྡན་གྲངས་ལས་འདས་མོས(མོད)ཀྱིས། ཐོག་མར་ཡུས(༧༠.ན)པོ་ཆེའི་མི་གསུམ་བོ། གྲོམ་པ་ས་སྐྱའི་དཔོན་ཆེན་ཤག་བཟང༌། ཤར་སྨད་ཙོང་ཁའི་དགེ་བཤེས་རིན་བརྩོན་དང༌། མདོ་སྟོད་གྱོན་ནི་ཧོར་ཆེན་སྟོན་ཚུལ་ཡིན། དེ་གསུམ་ནང་ནས་རིགས་མཐོ་བློ་གསལ་བ། དགེ་བཤེས་ཆེན་པོ་ནས་རྒྱུད་དེང་སང་བར། བླ་མའི་ཞབས་ཏོག་དབུས་གཙང་བྱ་བ་དང༌། བཀུར་སྐྱོངས་ཕྱོགས་ལ་བློ་གྲོས་སྤྱན་ལྡན་ཞིང༌། མི་མཐུན་དཔུང་འཇོམས་མ་སངས་བཀའ་བབས་ཞེས། སྙན་པའི་གྲགས་པས་ཕྱོགས་བཅུ་ཀུན་ཁྱབ་པ། བློ་ཆེན་འདི་པའི་བྱོན་ཚུལ་འདི་ལྟར་རོ། དེའང༌། འདི་ལྟར་ཐོས་ཏེ། སྔོན་བོད་དུ། ཆོས་སྐྱོངས་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། དེའི་སྲས་བཞི་པ། ཁྲི་ལྡེ་སྲོང་བཙན་རྒྱལ་པོའི་སྐུ་རིང་ལ། མཐའི་དམག་འགྱེད་པའི། བོད་ཡུལ་གྱི་ཕྱོགས་བཞིར། སྒོ་བ་བསྲུང་མ་བསྐོས། ཁྱད་པར་དུ། བོད་དམག་ཁྲི་ཚོ་མང་པོ་ཁྱེར་ནས། བྷ་རྟ་ཧོར་གྱི་སྒོམ་གྲྭ་བཅོམ། གཡུལ་རྒྱལ། སྣང་བཅད་ནས། (༧༠.བ)ཕྱིར་བྱོན་དུས། དེ་ཕྱོགས་ཀྱི་སྒོ་བསྲུང་ལ། བོད་དམག་སེབ(གསེབ)ནས། སྐྱེམ་བཏུས་པའི་དཔའ་བོ་མི་དགུ། དམག་བརྒྱ་ཕྲག་དགུ་དང་བཅས་པ། ཧོར་བོད་ཀྱི་སོ་མཚམས་སུ་བཞག དེ་དུས། རྒྱལ་པོའི་ཞལ་ནས། དཔུང་གྱི་མནོན་ཁ་འཇོགས་པ་ཡིན་གསུངས་པས་དེད་དགུ་རྒྱལ་པོས། བསྲུང་ཐུབ་པ་བྱེད་ཞུས་ནས་སྡད་པས། དགུ་ཐུབ་ཀྱི་ཡུལ་ཟེར་བའང་བྱུང་འདུག་པ་ལ། ད་ལྟ་མགོ་ཐོམ་གྱི་ཡུལ་ཟེར་བའང་སྣང༌། ཁོང་རྣམས་ཀྱིས། ངེས་རྣམས་ཇི་ཙམ་ལ་ལོག་ཡོང་རྒྱུ་ཡིན་ཟེར་བ་ཞུས་པས། རྒྱལ་པོའི་ལུང་གིས། ངེད་ཀྱི་བཀའ་མ་བྱུང་བར་ལ། བཟློགས་རྒྱུ་མན་གསུངས་པས། དེ་ཕྱིན་ནས། དཔའ་བོ་མི་དགུ་པོའི་རུས་མིང༌། བཀའ་མ་ལོག་ཟེར་བ་ཆགས་ཏེ། དེར་ཡུན་རིང་པས། བཀའ་མ་ལོག་གི་བོད་འབྲོག སྡེ་ཚན་མང(༧༡.ན)པོ་ཡོད། སེ་ཆེན་རྒྱལ་པོའི་བློན་ཆེན་སང་གྷ་ཆིང་ཟེར་བ་དེ་ཡང༌། རུས་པ་བཀའ་མ་ལོག་ཚང་ཡིན་ཟེར་བ་དེ་ཡང༌། རུས་པ་བཀའ་མ་ལོག་ཚང་ཡིན་ཟེར་བར་འདུག དེ་རྣམས་ཀྱི་ཆེ་བརྒྱུད་ལས་ཆད་པ། ཤར་ཙོང་ཁ་མཚོ་སྔོན་གྱི་མཐིལ་ན། སྐད་གསར་པ་བྱ་བ་དང༌། བྱག་རོང་པ། ཅུ་ཀུ་མེར་བྱ་བ། ཡུལ་ཁམས་ཆེན་པོ་གསུམ་གྱི་བདག་པོ། སྐྱ་མིང༌། དབོན་པོ་རིན་ཆེན་རྒྱལ་མཚན་ཞེས་པ། བློ་གསལ་ཞིང༌། སྐྱེ་མཆེད་དངས་པ་གཅིག་བྱུང་བ། དེ་ཉིད་གཞོན་ནུ་ནས། དཀར་པོའི་ཕྱོགས་ལ་མོས་པ་གཅིག་ཡོད་པས། ཡུལ་ཁམས་རྣམས། མཆེད་ཟླ་ཀུན་འཛིན་དུ་བཅུག་ནས། གཙང་ས་སྐྱ་བླ་མའི་སྙན་གྲགས་ཚོར། མོས་གུས་ཁུག་སྟེ། ཞབས་ལ་གཏུགས་པར་འདོད་ནས། ཡར་བྱོན་པས། མདོ་སྟོད་ཀྱི། ཧོར་ཆེ་སྟོན་ཚུལ་ཡང༌། ཆོས་དོན་གཉེར་བ་ལ། སྔོན་ལ་འབྲི་ཁུང་དུ་བྱོན། དེར་མ་བསྟེན། ས་སྐྱར་ཆས་པ་དང༌། ཁོང་རྣམ་གཉིས་ཀྱི(༧༡.བ)བ་ལུང་པར་མཇལ། མདོ་སྟོད་སྨད་ཀྱི་ཕྱོགས་སྲིད་དང༌། སྐུ་ཚེ་སྔོན་མའི་འབྲེལ་ཤུགས་ཀྱིས། སྤུན་ཕོ་ནུ་ལྟར། ཐུགས་ཤིན་ཏུ་མཐུན་པར་བྱུང་ནས། དེའི་དབྱར་ངོ༌། གྱ་བ་འབྲོང་དུ་དགོན་པར་སྡོད། སྟོན་དེ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། གོང་ནས་ཡར་ཕེབས་དུས། འབྲོང་དུ་དགོན་པ་བས་གདན་དྲངས། བསྙེན་བཀུར་ཞུས། དབོན་པོའི་མཚན། རིན་ཆེན་བརྩོན་འགྲུས་བྱ་བར་བཏགས། བདག་སློབ་གཉེར་མཐར་ཕྱིན་པ་གཅིག་བྱེད་འདོད་པས། རྗེས་སུ་བཟུང་དུ་གསོལ། ཞུས་པས། དེ་བཞིན་ལེགས། སློབ་དཔོན་ཤར་པ་ཡེ་ཤེས་རིན་ཆེན་གྱི། སློབ་གཉེར་གྱི་མགོན་གྱིས་ལ། དགེ་བཤེས་ཆེན་པོ་གཅིག་མགྱོགས་པར་ཡོང་བྱེད་དོ་གསུངས་པས། དགེ་བཤེས་སྔ་བ་རིན་ཆེན་བརྩོན་འགྲུས་ཟེར་བ་ཡང(༧༢.ན)དེ་དུས་རང་ནས་བྱུང་བར་གདའོ། དེར་གཉིས་ཁས་ཕྱག་ཕྱིར་བྱོན། ས་སྐྱར་ཕེབས། སློབ་གཉེར་མཛད་པས། ཤེས་རབ་དང༌། ཐུགས་རུས་ཆེ་བའི་ཚད་ཐུབ་པར་བྱུང་ནས། རིང་པོ་མ་ལོན་བར། ས་སྐྱ་པའི་དགེ་བཤེས་རྣམས་ཀྱི་ནང་ནས། མཁས་པའི་གྲགས་ཐོན་པར་བྱུང༌། བར་སྐབས་ནས། བླ་མ་འཕགས་པའི་ཕྱག་ཕྱི་ཞབས་ཏོག་མཐིལ་ཞུགས་ཡུན་རིང་དུ་མཛད། བྱ་བའི་བརྗིད་ཁུར་ཆེན་མོ་མང་དུ་གལ། དེ་འཚམས་ས་འབྲི་འཁྲུགས་པའི་འགོ་ཚུགས། གོང་དུ། ཁྲིམས་ཀྱི་བརྟུགས་གཤེར་ལ། ཕྱོགས་ཕྱོགས་ནས། མི་དྲག་པ་འགྲོ་དགོས་བྱུང་དུས། དཔོན་ཆེན་ཤཱཀྱ་བཟང་པོ་དང༌། དགེ་བཤེས་རིན་ཆེན་བརྩོན་འགྲུས། རིན་པོ་ཆེ་སྟོན་ཚུལ་གསུམ་མོ། བླ་མ་དང༌། བསྟན་པ། གདན་ས་ཆེན་པོའི་ཕྱིས་ལ་བསམ་སྟེ། བློས་བླངས་ནས་བྱོན། ཁྲིམས་ལུགས་སུ་སོང་པས། ཚལ་གུང་ཐང་ནས། ཕོ་བྲང་ཤར་ཐོའི་བར་ལ། ཨན(༧༢.བ)ཁུར་ནས། རྐང་ཐང་ལ་བྱོན། གོང་དུ་ཐུགས་ཤེར་ལེགས། ས་སྐྱ་པའི་བྱ་བ་རྣམས། གང་འདོད་ལེགས་པར་གྲུབ་ནས། ཡར་འཁོར་དུས། ཁོང་རྣམས་ས་སྐྱ་ལ་ཡུས་ཆེ་བའི་མི་གསུམ་དུ་གྲགས་པ་བྱུང་ཞིང༌། ཆེན་པོར་གྱུར། སྤྱི་སྒོས་སུ། བླ་མའི་གནང་སྦྱིན། བརྒྱ་སྟོང་སོ་སོས་བྱ་དགའ་ཆེན་པོ་བྱས། ཁྱད་པར་དགེ་བཤེས་ཆེན་པོ་ལ། ཇ་རིན་དུ། ས་སྐྱའི་དྲུག་ཆ་མའི་འདབ་སྒོ་དང༌། ཚོང་འདུས་ཁང་ལེབ་ཀྱི་འགོ་བྱས། གྲང་ཁང༌། ག་ར་ཕུའི་གྱོག་གཞིས་ཁ་རྣམས་གཙང་མར་གནང༌། སྐྱ་བཙུན་ཐམས་ཅད་ཀྱིས། བཀུར་སྟི་ཞབས་ཏོག་ཆེ་བར་བྱུང༌། དེའི་སྐབས་སུ། མཆེད་གྲོགས། སྟོན་ཚུལ་བའི་གྲོས་ལ། སློབ་གཉེར་གྱི་དཀའ་སྤྱད། དགེ་བཤེས་ཀྱི་སྙན་གྲགས་ནི་ཐོན། ས་སྐྱ་པ་གསང་སྔགས་ཟབ་མོའི་བདག་པོ་ཡིན་པས། ད་གསང་སྔགས་དང་མཐུན་པར་མཛད་ན། སྐུ་ཁམས་ཀྱི་འཚོ་སྐྱོངས་(༧༣.ན)སུའང་འགྱུར་ལ། མ་འོངས་པའི་དུས་སུ། བུ་སློབ་རྗེས་འཛིན་སོགས་ལའང༌། ཁྱད་ཆེ་བར་ཡོང་ཟེར་བ་ལ་གསན་ནས། ཉང་སྟོད་བྱེད་མའང་བའི། མ་ཅིག་མཁའ་འགྲོ་འབུམ་མངོན་ཆུང་དུས། གྱོག་གཞིས་ཁར་བཞག ཕྱག་རྒྱ་བསྟེན་པ་ལ། སྲས་གསུམ་བྱོན་པའི། ཆེ་བ། བན་རྒན་བློ་གྲོས་རིན་ཆེན། བར་པ་དྷརྨ་དཀོན་མཆོག ཆུང་པ་དཔོན་དགའ་རྡོ་རྗེ་རྣམས་འཁྲུངས། བར་པ་འདི། འགྲོ་མགོན་ཕྱག་ནའི་སྲས། དྷརྨ་ཕ་ལ་རཀྵི་ཏ་དང༌། ལོ་ཟླ་ཞག་དུས་མཉམ་དུ་འཁྲུངས་པས་ན། མཚན་འདི་འགྲོ་མགོན་འཕགས་པ་ཡང་བཏགས་པར་བྱེད་དོ། འདིའི་དུས་ན། ཧོར་རྒྱལ་བུ་ཆོས་དཔལ། བོད་འཆོས་པ་ལ་བྱོན་པའི། བསུ་སྐྱེལ་ཞབས་ཏོག་དགོས་ལ། དགེ་བཤེས་ཆེན་པོ་དེ་བས། འབད་རྩོལ་བསྐྱེད་པས། ཉི་མ་ནུབ་ཕྱོགས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་ནས། ཕྱིར་བྱོན་དུས། སོག་ས་མདོ་བར། སྐྱེལ་ཐུང་ལ་བྱོན་པར། (༧༣.བ)རྒྱལ་བུ་མཉེས་ནས། བྱང་རེ་ཐག་ཕྱིར་འཐེན་གང་འདུག རིན་ཆེན་བརྩོན་འགྲུས་མི་རྒྱུད་དང་བཅས་པ་ཤེས་སུ་ཆུག་ཅིང༌། ཁྱོད་ཀྱིས་གཤེ་མོང་འདབ་པ་བཞིན། བུ་ཚ་རྣམས་ཀྱིས་ཀྱང༌། གོང་མ་ཡོན་མཆོད་ཆེན་པོ་ལ་གཤེ་མོང་འདབ་ཆུག་ཟེར་བའི་ལུང་ཇི་བཟང་པོ་གནང༌། དེ་ནས་དགེ་བཤེས་ཆེན་པོ། ས་སྐྱ་བའི་ཚོང་འདུས་ཁང་ལེབ་ཏུ་བདེ་བར་གཤེགས་རྟིང༌། སྲས་ཆེ་བ། བན་རྒན་པས། ཡབ་ཀྱི་རྗེས་སུ་ཞུགས་ནས། ཁྲིམས་གཉིས་ཀྱི་བྱ་བ་དང༌། ས་སྐྱ་པའི་ཞབས་ཏོག ནང་སོའི་མཐིལ་ལེན། སྒོས་སུ་བླ་མ་བདག་ཉིད་ཆེན་པོའི་ཞབས་ལ་གཏུགས། གཤེ་མོང་འདབས། རྟའི་ཏུའི་ཕོ་བྲང་དུ་བྱོན་ནས། བླ་མའི་སྐུ་དྲིན་ལ། ཨོལ་ཇ་དུ་རྒྱལ་པོས། ལྷ་རྒོད་མདུང་རྩེ་ཡན། དང་ར་གཡུ་མཚོ་མན་འདི། བློ་གྲོས་རིན་ཆེན་རྒྱུད་པ་དང་བཅས་པ་ཤེས་སུ་ཆུག་གསུངས་པའི། འཇའ་ས་གཙང་མ་(༧༤.ན) གནང༌། གཅུང་གཉིས་པོ། ཕྱོགས་རིས་མེད་པར་བསྐྱངས། གཅེན་ལ་བྱང་གི་ཁྲི་དཔོན་དང༌། གཅུང་ལ་དུ་དབེན་ཤའི་མཚན་ཞུས་ནས་བསྐོས། དྷརྨ་དཀོན་མཆོག་གི་གཞི་བ་ལ། མ་གཅིག་ཆེན་མོ་མཁའ་འགྲོ་འབུམ་གྱི་གནས་མ་གཅིག་དང༌། དཔོན་ཀུན་རྡོར་ལ། མ་གཅིག་འོད་འབུམ་གྱི་ཚ་མོ་གཅིག་བླངས་ནའང༌། གཉིས་ཀ་ལ་སྲས་མ་བྱུང༌། བན་རྒན་པས་ཞལ་ཏ་མཛད། ཞལ་ཏ་མ་རེ་རེ་འོག་ཏུ་ཞག་པས། ཁྲི་དབོན་དྷརྨ་དཀོན་མཆོག་ལ་སྲས། ཁྲི་དཔོན་ཆོས་རྒྱལ་དང༌། དཔོན་ཆེན་རྒྱལ་བ་བཟང་པོ་བྱུང༌། དུ་དབེན་ཤ་ཀུན་རྡོར་ལ། སྲས་ཁྲི་དཔོན་དཀོན་མཆོག་རྒྱལ་མཚན་བྱུང༌། ཁྲི་དཔོན་ཆོས་རྒྱལ་གྱིས། ཡབ་ཀྱི་ཤུལ་དུ། བྱང་རེ་ཐག་འཐེན་པའི་ཁྲི་དཔོན་ཐོག་གཅིག་བྱས། སྐུ་གཤེགས། སྲས་མེད་པས། དཀོན་མཆོག་རྒྱལ་མཚན་ཁྲི་དཔོན་ལ་བསྐོས། བླ་ཆེན་ཀུན་བློའི་ཕྱག་ཕྱིར། གོང་དུ་བྱོན། ཡར་ཕེབས། ཇོ་མོར(༧༤.བ)སྲེག་ཞིང་མ་བླང་ནས། མཐོང་སྨོན་ས་ཆ། ལྷ་ཁང༌། སྤང་གྲོང་གི་ཁ་འཛིན་བྱེད་པ། སྲས་བཞི་བྱུང་བའི་ཆེ་བ་དབོན་པོ་དཀོན་མཆོག་འོད་ཟེར་དང༌། དཀོན་མཆོག་རིན་ཆེན། མཁན་པོ་བསོད་ནམས་བློ་གྲོས། ཆུང་པ་རྒོད་པོ་རིན་ཆེན་རྣམས་བྱུང་ངོ༌། གཅུང་པོ་འདི། མ་སངས་ཀྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ནི། འདིའི་སྐབས་སུ། དཔོན་ཆེན་རྒྱལ་བ་བཟང་པོ་བ་དེ་ཉིད། འབྲོག་ཁྲི་སྐོར་གྱི་རུ་ཐོག མཚོ་མོ་རུ་ཁྱུང་གི་བསྐོར་ན། སྒར་ཆེན་བཞུགས་པའི་དུས། ནང་གཅིག ཆིབས་སྒར་བ་སྟོབས་ཆེན་བྱ་བ་བོར་ནས། ལྷ་འདྲེ་མི་གསུམ་ལ། བཅའ་ཧུ་སྐྲམ། རྩད་གཅོད་མི་ཕྱོགས་བཞིར་བཏང་བའི། ཤར་ཕྱོགས་བའི་མི་གཉིས་ཀྱིས། ཁ་བ་སྐྱ་རི་བ་བབ་པའི་སྟེང་ལ། རྟ་རྗེས་འདུག་པ་མཐར་དེད་པས། ཞག་གསུམ་ལ། སོག་ལ་སྐྱོའི་ཞོལ་ན། སྒར་ཆེན་གཅིག་འདུག་པར་སླེབས། དེའི་ཁྲོད་ན(༧༥.ན)ཆིབས་པ་ཡང་འདུག་ནས། མགྲོན་གཉེར་ལ་རྒྱུ་མཚན་སྙད། སྒར་འདི་སུའི་ཡིན་དྲིས་པས། མ་སངས་ཀྱི་སྒར་ཡིན། གེ་སར་དང༌། ལྒུ་ལྡི་ལ་སོགས་ཡོད་ཟེར། གུར་ནང་དུ་ཁྲིད། བཟའ་བཏུང་སྣ་ཚོགས་བྱིན། ལྒུ་ལྡི་ཡིན་ཟེར་བ་དེ་ན་རེ། ངེད་ཀྱིས་ཁར་སྲིང་ནས། བྱང་སྟོད་ལ་ཡོང༌། དཔོན་ཆེན་པ་དང་མཇལ་རྩིས། ད་ལན་མ་འཕྲོད། རྟ་འདི། འདི་བར་གཡེར་བ་ཡིན། ད་གཟོད་ཁྱོད་ཀྱི་དཔོན་པོ་གཅིག་ཡོད་པ། དེ་དང་ཡང་ཡང་འཕྲད་ཟེར་བ་གྱིས་ལ། རྟ་དང་མདའ་རྒོད་སྒྲོ་མ་འདི་ཕུལ་ཟེར་ནས། ཁྱེར་ཡོང༌། དཔོན་ཆེན་པ་ལ་ཕུལ་བས། དེ་རྟིང༌། དབོན་པོ་རྒོད་པོ་རིན་ཆེན་པ་འཁྲུངས་པའོ། དཔོན་ཆེན་རྒྱལ་བ་བཟང་པོ་བ་དེ་ཉིད་ཀྱིས། ཏི་ཤྲི་ཀུན་རྒྱལ་བའི་ཞབས་ལ་གཏུགས། ཡིག་ཚངས་བཟུང༌། གོང་ལ་ཕྱག་ཕྱིར་བྱོན། བླ་མའི་སྐུ་དྲིན་དང༌། ཁྲིམས་ཀྱི་བྱ་བ་མཁས་པས། སྔོན་ལ། དབོན་ཤྲིའི(༧༥.བ)མིང་དང༌། དེ་རྟིང༌། དབུས་གཙང་གི་དཔོན་ཆེན་སྔ་མ་ཐོབ། ཡར་ཕེབས་ནས། བན་རྒན་པས་ཞལ་ཏ་མཛད། ཇོ་མོར། བླ་མ་མུས་ཆེན་པའི་དབོན་མོ་དང༌། དཔོན་མོ་ཇོ་རོ་རིམ་པར་བླངས་ནའང༌། སྲས་མ་བྱུང་པར། ཞ་ལ་ཏ་མ་འབུམ་རྒྱན་བྱ་བ་ལ། སྲས་ཆེ་བ་གྲགས་པ་རྒྱལ་མཚན་བྱུང་ཞིང༌། བར་སྐབས་སུ་ཟུར་དུ་སྲས་དབོན་པོ་ཧོར་ཚ་བྱ་བ་གཅིག་ཀྱང་བྱུང༌། དཔོན་ཆེན་པས། དབོན་པོ་དཀོན་མཆོག་འོད་ཟེར། བྱང་ཁྲི་དཔོན་དུ་བསྐོས། སྲས་པོ་གྲགས་པ་རྒྱལ་མཚན་པ། ས་སྐྱ་ནང་སོར་བཞག དབུས་བདེ་བ་ལ་བཀོལ་ནས། དབོན་པོ་དཀོན་མཆོག་རིན་ཆེན་པ་ཕྱག་ཕྱིར་ཁྲིད་དེ། ཡང༌། གོང་མ་ཡོན་མཆོད་ཀྱི་ཞབས་དྲུང་དུ་བྱོན། སོན་ཇིང་དབེན་གྱི་རྩ་བའི་དཔོན་ཆེན་ལི་ཤང་ལན་གསུམ་མཛད། ལུང་གུ་ཏྲ་ཧུའི་ཟོན་གནང༌། སྔ་རྟིང་སྒྲིལ་བས་བཅོ་བརྒྱད་ཙམ་གོང་དུ་བཞུགས། ཡར(༧༦.ན)འབྱོན་ཁར་ངའི་སྦྲ་བེར་ཁྱུང་གསུམ་གྱི་ཚོང་པ། བོད་ལ་ལོ་ངོ་བཞིན་ཡོང་པ་རྣམས། འབབ་པའི་གནས་གཞི་རྩིག་པ་གཅིག་དགོས་ཞུས་པས། གང་འོས་ཚོལ་གསུངས་པ་ལ། ཤངས་ནང༌། གཡེ་དམར་སྒང་རྒྱུད། གནས་ས་ཆེ་བར་འདུག་པས། འདི་དགོས་ཞུས་པས། གྱེར་རེ་བབ་ལ་གདོང་ཡན། ཐག་མ་ངལ་གདོང༌། ཉ་ངར་ཤིང་གཅིག་མན་གྱི་ས་ཆ་རྒྱལ་བ་བཟང་པོའི་རྟ་སྒ་འབོགས་ས་ལ་བྱིན་ཅིང༌། དེ་ཁོངས་གང་འོས་སུ། གནས་གཞི་རྩིག་ཏུ་བཅུག་གསུངས་པའི་ལུང་བཟང་པོ་གནང་བས། ཡར་ཕེབས་ནས། ཤངས་མཐོང་སྨོན་གྱི་ས་འདི་ན། ཆུ་གནས་པའི་རྫིང་གཅིག་འདུག་པས། མིང་དང༌། གང་ས་ནས་རྟེན་འབྲེལ་ལེགས་པས། འདི་ཁོངས་སུ་ཆུག་པ་གྱིས་གསུངས། ལྕགས་རི། སྦེལ་ཅོག་རྣམས། དཀྱིལ་དུ་ཁང་ལེབ་ཆེན་མོ་དང་བཅས་པ་བཏབ། དེ་རྟིང༌། གོང་ས་ཡོན་མཆོད་ཀྱི་སྐུ་རིམ་སྨོན་ལམ་འདེབས་ཤིང༌། སྤོས(༧༦.བ)སྲེག་པའི་མཆོད་ཁང་ཞིག་བཞེངས་སུ་འཇུག་དགོས་ཟེར་བའི་ཞུ་བ། གོང་དུ་བཏང་པས། དེ་བཞིན་ཡིན་ཆུག་གསུངས་པའི་ལུང་ཕེབས་ནས། ཉུག་རྒྱལ་ཁང༌། རྒྱལ་པོའི་ཕོ་བྲང་ལ་དཔེ་བླང་པ་བཞེངས། འདི། སྔོན་བོད་རྒྱལ་བློན་དུས་ཀྱི་ཀ་ཙ་རྙིང་པ་གཅིག་དང༌། རམ་སྡིང་མ་བའི་དགོན་ལག་རྙིང་པ། དར་ཆ་མེད་པ་ཞིག་འདུག་པའང༌། དཔོན་ཆེན་པས། རྒྱལ་ཁམས་བཞེངས་པ་དང་མཉམ་དུ། སོ་པཎྜིཏ་འཇིགས་མེད་གྲགས་པ་ཆོས་དཔོན་ལ་གདན་དྲངས། སྒོས་ཀྱི་མངའ་ཞབས་ལ་བཙུན་ཁྲལ་ཐེངས་གཉིས་སུ་བརྒྱ་ནས། བཤད་གྲྭ་བཙུགས། ཆོས་སྡེའི་གཤེ་མོང་བསྐྱེད། ཆོས་ཁྲིམས་དར་ཞིང་རྒྱས་པར་མཛད་ཅིང༌། ཡབ་ཡུམ་གྱི་ཕྱི་རྟེན་ལ་གཡེ་དམག་སྒང་སྟོད་དུ་སྐུ་འབུམ་ཆེན་མོ་བཞེངས། ཞལ་ལུ་བུ་སྟོན་རིན་པོ་ཆེ་གདན་དྲངས་ནས། རབ་གནས་དབུས་གཙང(༧༧.ན)དུ་རྒྱས་པའི་དཔེ་ཐུབ་པ་མཛད། ལུང་གིས་བཀོད་པའི་དཔོན་ཆེན་གཉིས། བྱང་པའི་ཆག་ཚད་གཅིག་དང་བཅས་པས། དེའི་བར་དུ། གདན་ས་ཆེན་པོའི་ཞབས་ཏོག བླ་མ་ལ་བཀུར་སྟི། མངའ་འབངས་ཀྱི་སྐྱོང་དར། ཕག་གྲུ་ཁྲི་དཔོན་དང་ཁམས་པ་ལ་སོགས་ཁྲིམས་འགལ་མུ་མེད་བྱེད་མི་རྣམས་ལ། དྲག་ལས་འཛུན་འདུར། གཞན་ཡང༌། རྒྱལ་ཁམས་ཆེན་པོའི་བྱ་བ་གང་ལངས་ཉེ་རིང་མེད་ཅིང༌། བླང་དོར་མི་འཛོལ་བར་བྱུང་བས། ཀུན་གྱི་བྱང་ཆུབ་སེམས་དཔའི་དཔོན་ཆེན་དུ་གྲགས་ཤིང༌། གྲོང་ནས་རྟིང་མ་ཕེབས་རྗེས་ལ། སྲས་གཅིག་བྱུང་བ། སི་ཏུ་བློ་གྲོས་རྒྱལ་མཚན་པ་ཡིན་ཅིང༌། གཅེན་དཔོན་ཆེན་གྲགས་རྒྱལ་བ། དགུང་ལོ་ནཅུ་བདུན་བཅོ་བརྒྱད་པ་ལོན་དུས་འཁྲུངས་པས་ན། ཁོང་གི་སྲས་ཡིན་པའང་བྱེད་པ་ཡོད་ལ། ཁོང་རྣམ་གཉིས་ཀྱི་བར་དུ། (༧༧.བ)དཔོན་པོ་ཧོར་ཚས་དཔོན་ཐོག་ཏུ་ལོ་གཅིག་གཉིས་བཞུགས་ཟེར་བའང་འདུག དཔོན་ཆེན་རྒྱལ་བ་བཟང་པོས། ཁྲིམས་ལས་ཀྱི་བྱ་བ། དཔོན་ཆེན་དབང་བརྩོན་ལ་འཕྲོད་པའི་སྐབས་སུ། ལྷ་རྩེའི་གཟིམ་ཁ་ལྷོ་མར་བདེ་བར་གཤེགས་ནས། སྤུར་ཞུ་དུས། ཐུགས་ཐག་དང་བཅས་ཏེ་བྱོན་པ་དེ། གཟིམ་ཁང་གུང་རིས་ལ། ཆོས་རྒྱལ་འཕགས་པའི་སྐུ་འདྲ་བཞུགས་པ། དེའི་ཐུགས་ཁར་ཐིམ་པ། ཀུན་གྱི་མཐུན་སྣང་དུ་གྲུབ་བོ། ཕྱི་སྐོར་གྱི་དཔོན་ཆེན་ལ། འདི་ཉིད། བླ་མ་ལ་གུས་ཤིང༌། ཁྲིམས་གཉིས་ཀྱི་བྱ་བ་མཁས་པར་བྱེད་དོ། དཔོན་ཆེན་པའི་སྲས་པོ། གྲགས་པ་རྒྱལ་མཚན་པས། སྔ་སོར་ས་སྐྱ་ནང་ཆེན་བཟུང༌། རྟིང་ལ། དཔོན་ཆེན་གྱི་མིང་ཐོབ། ཤངས་མཐོང་སྨོན་བཟུང་བའི་སྐབས་སུ་སྐུ་གཤེགས་སོ། གཅུང་པོ། དཔོན་པོ་ཧོར་ཚའི་སྲས། སྣ་དཀར་བ་དཔོན་ཀུན་དགའ(༧༨.ན)རྒྱལ་པོ་རྒྱུད་ཆད། བློ་གྲོས་རྒྱལ་མཚན་པས། སི་ཏུའི་མིང་དང༌། ལས་ཁ་ཐོབ། དཔོན་ཆེན་པས། དབོན་པོ་འདི་དང༌། མཐོང་སྨོན་སྦྲགས་ནས། དའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་སྤྲད། གཙང་ཕྱོགས་ཀྱི་སྡེ་པ་དར་ལྕོགས་དཀར་པོ་འཛུགས་པའི་སྔོན་མ་བྱེད་ཟེར་བའང་འདུག འདིའི་རིང་ལ་མཐོང་སྨོན་སྤེལ་ཆེན་བཞེངས། སྒོ་དཔེ། ཟུར་ལྕོགས་རྣམས་ཁ་སྒྲོན། འབོས། ལྕགས་ཆུང་བཟོས། དེའི་སྲས་བཞིའི་ཆེ་བ། དུ་དབེན་ཤ་བྱང་ཆུབ་རྒྱལ་བ་དཔལ་བཟང་པོ། ལྷོག་ཐུང་དུ་གྲགས་པ། ཐུགས་རྒོད་ཅིང༌། རྩོམ་རྐྱེན་པས། དེའི་རིང་ལ། རྫོང་ཤངས་དང༌། ཕྱི་ནང་གི་སྡེའཁྲུགས་མང༌། དེ་འོག་མཁན་པོ་ཀུན་དགའ་བློ་གྲོས་པས། ཉུག་ཆོས་སྡེའི་མཁན་པོ་མཛད། དེ་འོག་དུ་དབེན་ཤ་ཀུན་དགའ་རྒྱལ་མཚན་པས། རྒྱལ་མཐོང་བཟུང༌། ཀུན་དང་མཐུན་པའི་ལུགས་ཤས་ཆེ་བར་བྱུང༌། གཅུང(༧༨.བ)པོ་ཆུང་ཤོས། དཔོན་པོ་ཀུན་རྡོར་བའོ། དུ་དབེན་ཤ་ཀུན་རྒྱལ་བས། གདུང་རྒྱུད་ལྕང་མོ། ཁབ་ཏུ་བླངས་པའི་སྲས་གཅིག་བྱུང་བ་ནི། དུ་དབེན་ཤ་རིན་ཆེན་རྒྱལ་པོ་བ་སྐུ་བརྟན་པར་བཞུགས་པའོ། ཁྲི་དཔོན་དཀོན་མཆོག་འོད་ཟེར་གྱིས་བྱང་རུ་ཐོགས་ཀྱི་ཁྲི་དཔོན་བྱེད་ཅིང༌། དབོན་པོ་དཀོན་མཆོག་རིན་ཆེན་དང༌། རྒོད་པོ་རིན་ཆེན་པས། ཉུག་རྒྱལ་ཁང་གི་མགོ་བྱས་འཛིན། མཁན་པོ་བསོད་ནམས་བློ་གྲོས་ཀྱིས་སྲེག་ཞིང་མཁན་པོ་བྱེད་པའི་སྐབས་སུ། མཐོང་སྨོན་ན། དཔོན་ཆེན་གྲགས་པ་རྒྱལ་བ་ཡོད་པ། དཔོན་སྐྱ་གཡོག་རིགས་ཀྱི་དབང་དུ་སོང་ནས། ཤངས་པ་ནང་མ་བདེ། དབོན་པོ་སྐུ་མཆེད་ཆེ་བ་གཉིས། སྐུ་གཤེགས་རྟིང༌། དབོན་པོ་རྒོད་པོ་རིན་ཆེན་པས། སྟག་ཚང་རྫོང་ཁར་བླ་ཆེན་བསོད་བློ་བ་སྐུ་མཆེད་པའི་ཞབས་ལ་གཏུགས། རྒྱབ་བཅོལ་ནས། རྫོང་བཤང་སྡེ(༧༩.ན)གཡར་ཡུན་རིང༌། དགུང་ལོ་བཅོ་བརྒྱད་པ་ལ། བླ་ཆེན་པའི་ཕྱག་ཕྱིར་གོང་ལ་བྱོན། གཡས་རུའི་ལས་ཆེན་མཛད། བླ་མའི་སྐུ་དྲིན་ལ། ཐོ་གོན་ཐེ་མུར་རྒྱལ་པོས། ཕིང་གཅིག་པའི་མི་དཔོན། ཧོང་སོན་ཇིང་དབེན་གྱི་ཧུ་ཤྲིའི་མཚན་དང༌། དམ་རྟགས། བན་རྒན་བློ་གྲོས་རིན་ཆེན་པའི་དུས། ཇི་ལྟར་གནང་བ་བཞིན་གྱི་བོད་འབྲོག་དབང་རིགས་རྣམས། རྒོད་པོ་རིན་ཆེན་ཧུ་ཤྲིའི་མི་རྒྱུད་དང་བཅས་པ་ཤེས་སུ་ཆུག་གསུངས་པའི་ལུང་བཟང་པོ་དང་བཅས་པ་གནང༌། ཡར་ཕེབས། བླ་མ་སྐུ་མཆེད་པའི་ཞབས་ཏོག སྡེ་པ་སྟག་ཚང་རྫོང་པའི་ཕྱིའི་དགྲ་འདུལ། དམག་དཔོན་གྱི་བྱ་བ་གང་ལའང་སྡེ་པའི་མཚན་ཇུས་གཙོ་བོར་སྟོན་པས། དཔོན་ས་ནས་ཀྱང༌། ཐག་རྟ་ནག་གི་གཉེར་ཁ་གནང༌། སྣ་དམར་རྫོང་རྩིག བཤང་པ་ནང་ལྟར་གྱི་སྡེ་གཟར་གྱི་འཕོ་འཆུག་མང་ན་དང༌། ཕྱི་ནང་སུས་ཀྱང་རྒོལ་བར་མ་ནུས(༧༩.བ)པས་རྒོད་པའི་སྙན་གྲགས་ཤིན་ཏུ་ཆེ་ཞིང༌། མེ་ཕོ་སྟག་ལོ་ནས་རྫོང་སྟག་སྣ་དོན་གྲུབ་རྩེ་བཟུང་སྟེ། དེའི་ཆར་གཏོགས་པའི་མངའ་ཞབས་བོད་འབྲོག་མང་དུ་ཆོད་ནས་ད་ལྟའི་བར་ལ་བརྟན་ཅིང་འཕེལ་བ་དང་བཅས་པའོ། དེ་ལ་ཡུམ་མི་གཅིག་པའི་སྲས་པོ་གསུམ་བྱུང་བའི་ཆེ་བ། རྟ་ནག་པ་དཔོན་པོ་ཤཱ་ཀྱ་རིན་ཆེན། བར་པ་བྱང་ངམ་རིངས་པ། རྒྱལ་བ་རིན་ཆེན། ཆུང་བ་སྐྱོར་མོ་བ་སོག་པོ་རིན་་ཆེན་རྣམས་ཏེ། ཤཱ་ཀྱ་རིན་ཆེན་པས་ཡབ་ཀྱི་གཉེར་ལས་ཀྱི་རྗེས་རྟ་ནག་བཟུང༌། དེ་ལ་སྲས། དུག་ཚེར་རིན་ཆེན་དང༌། ནམ་མཁའ་རིན་ཆེན། དགེ་སྦྱོང་དཀར་པོར་གྲགས་པ་རྣམས་སོ། རྒྱལ་བ་རིན་ཆེན་པ་ལ། སྲས་དཔལ་ལྡན་རིན་ཆེན་དང༌། རྣམ་རྒྱལ་རིན་ཆེན་བྱུང་བ་གཉིས་ཀ་ཡབ་ཀྱི་སྔོན་ལ་སྐུ་གཤེགས། སོག་པོ་རིན་ཆེན་པས། ལྷ་བུ་ཁོང་ལམ་རྫོང་གསར་རྩིག སྲས་རྒྱལ་པོ(༨༠.ན)རིན་ཆེན་དང༌། དགེ་སྦྱོང་བསོད་ནམས་རིན་ཆེན་པ་དང༌། གྲགས་པ་རིན་ཆེན་པ་དང་གསུམ་བྱུང་ངོ། ཁྲི་དཔོན་དཀོན་མཆོག་འོད་ཟེར་བ་སྐུ་མཆེད། ཕྱོགས་གཅིག་པའི་དུས་ཀྱི་སྲས་པོ་གཅིག་བྱུང་བ། དྲུང་ཆེན་གླང་པོ་རིན་ཆེན་པ། དེ་ཉིད། ཡབ་གྲོང་པའི་རྗེས་ལ། ཁུ་བོ་རྒོད་པོ་རིན་ཆེན་པས། འཚོ་སྐྱོང་མགོ་འདོན་ཡང་དག་མཛད། ཆེར་བསྐྱེད་ནས། ད་བར་གྲགས་པ་རྒྱལ་མཚན་པའི་ཞལ་གཟིགས་དབང་རྣམ་སྲས་པའི་ཞབས་ལ་གཏུགས། གཟིམ་དཔོན་མཛད། ཁུ་དབོན་པོ་ཕྱོགས་ཏུ་དྲིལ་ནས། དགྲ་འདུལ། གཉེན་སྐྱོངས། དཔོན་སའི་ཞབས་ཏོག བུདྷའི་སོག་རུམ། སྐྱོང་ཐར། འཇིག་རྟེན་གྱི་བྱ་བ་གང་ལའང༌། ཤིན་ཏུ་མཁས་ཤིང༌། ཐུགས་རྩོལ་ཆེ་བར་གྲགས་པས། ཕྱོགས་ཀུན་ཏུ་ཁྱབ་བོ། ཁྱད་པར། དབུས་པ། བདག་པོ་གྲགས་པ(༨༠.བ)རྒྱལ་མཚན་པས། ཕག་མོ་གྲུ་པ་སྲིད་ལ་གཏོགས་པའི། དབུས་གཙང་གི་དམག་དཔུང་སྟོབས་ཆེ་བ་བསྡུས་ནས།་མེ་ཕོ་ཁྱི་ལོ་སྟོན་སྟག་སྣ་རྫོང་ལ་བསྐོར་རྒྱག་ཡུན་རིང་བ་བྱས། ནང་ཡན།་འཚག་སྐྱེལ། བྲོད་སྡིགས་ཇི་སྙེད་ཅིག་བྱུང་ནའང། ཡབ་སྲས་དཔོན་གཡོག་རྣམས་ཀྱི་ལེགས་པར་བསྲ་བཅས། ཕུར་བཙུགས། འཐབ་རོལ་སྤྲད་པས། དབུས་གཙང་དུ་མཁྲེགས་པའི་ཚད་ཐུབ་པ་བྱུང་ཞིང༌། སྟག་ཤར། གཙང་སྲིད་དུ་གྲགས་པའི་འགོ་དེ་ནས་ཚུགས་པས། ས་སྐྱ་པའི་བསྟན་བྱུས་ཡར་འཕེལ་དུ་བྱུང་བ།་བློན་ཆེན་འདི་ཉིད་ཀྱི་ཐུགས་ཞེན་དང༌། འཕྲིན་སལ་ལ་བརྟེན་པའོ། །དེའི་སྲས་ལྔའི་ཆེ་བ། དྲུང་ཆེན་ནམ་མཁའ་རིན་ཆེན་པ་ནི། སྐུ་གཞོན་ནུས། ཀློག་ཡུག་ལ་སོགས་བསླབ་ཤེས་ཀྱི་ཅེ་བའི་ཡོན་ཏན་མཐའ་དག སྔོན་དུ་ཕྱོགས་ནས། མི་དབང(༨༡.ན)རྣམ་སྲས་རྒྱལ་མཚན་པོ་དང༌། མེས་པོ་ཧུ་ཤྲི་ཆན་པོའི་ཞབས་ལ་གཏུགས། གསོལོ་ཇ་བཟུང༌། ཕོ་རྩལ་སྣ་དགུ། བཀུར་སྐྱོང༌། འགྲོགས་ལམ་སྡེ་སྲིད་འཛིན་པའི་བྱ་བ་ལ།་ཡོན་ཏན་སྒོར་མོར་འཛོམས་པས།་ཀུ་གྱི་མ་སངས་ཀྱི་སྤྲུལ་པར་འཛིན་ཅིང༌། ཁྱད་པར་ཁྱི་ལོ་དམག་ཆེན་གྱི་དུས།་རྫཽང་གི་རྩེ་ཞོལ་བསྲུང་བ་གང་ཁག་པ་ཐམས་ཅད་དུ་ཕེབས་ནས། གྱོག་དང༌། མདའ་རྡོའི་ནད་སྤྲད་པས།་གཤིན་རྗེ་ངོ་དམར་དུ་གྲགས་ཤིང༌། ཕྱི་ནང། གདོང་ལེན་མི་སུ་ཡང་མེད་པ་བྱུང་ངོ། གཞན་ཡང། དམག་ཆེ་ཆུང༌། འཐབ་རོལ་སྔ་ཕྱི་མང་པོའི་མགོན་ལ་བྱོན་པ། དུས་ནམ་ཡང༌། གདོང་འབུད། ངོར་ལངས་ཁོ་ན་མཛད་ཅིང༌། ཕྱི་སྐོར་བྱ་བ་གང་ལའང། གཏན་རླིངས་གཙོ་བོར་སྟོན་པས། ཕྱི་ནང་ཀུན་གྱིས་འདི་ནི་དཔའ་མཛངས་འངའཛོམས་པའི་སྐྱིས་བུ་ཆེནཔོ་ཡིན་ཞེས་གྲགས་སོ། །དེའི་གཅུང་པོ།་(༨༡.བ)རྒྱལ་བཟང་རིན་ཆེན་པ། རྒྱ་མཚོ་རིན་ཆེན། ནོར་བུ་རིན་ཆེན། གྲུབ་པ་རིན་ཆེན་རྣམས་ཡིན་ལ། གཅུང་ཆུང་བ་འདིས། རྡོང་རབ་འབྱོར་རྩེས་མགོ་བྱས་མཚར་བཤན་མངའ་ཞབས། གསར་འཕེལ་དུ་འཛིན་པོ། །གཅེན་གྱི་ཁབ་ཏུ། གདུང་རྒྱད་ལྕམམོ། སྤོབ་དཔན་མ་ནམ་མཁའ་རྒྱལ་མོ་བ་བླངས་པའི་སྲས་ཆེ་བ། ཆོས་རྒྱལ་རིན་ཆེན་པ་མཆེད་གསུམ་སྟེ། སྐུ་མཆེད་ཁུ་དབོན་ཞལ་ངོ་མང་ལ་ཧྲགས་པ། སྐུ་བརྟན་པར་བཞུགས་པལགས་སོ། །བློན་ཆེན་ཆེ་བརྒྱུད་མ་སངས་སྤྲུལ་པའི་རིགས། ཁ་དྲགས་མི་དཔུང་འཇོམས་པ་འཁོར་བཅས་འདི། ཕལ་(ཕས)རྒོལ་མི་མཐུན་ཕྱོགས་ལས་རྒྱལ་བ་དང༌།་དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག ཕོ་རྩལ་སྣ་དགུའི་རྣམ་གྲངས་ནི། །དཔའ་གཤེད་ལུས་ཀྱ་རྩལ་གསུམ་དང། །སྨྲ་བ་ངག་གི་རྩལ་གསུམ། །བློ་གྲོས་སེམས་ཀྱི་རྩལ་གསུམ། །(༨༢.ན)དང་དགུ་ལ། དཔའ་གཤེད་ལུས་ཀྱི་རྩལ་གསུམ་ནི། འཐེབ་ཀྱི་ཤ་ནོན་པ་དང་གཅིག རྐྱལ་གྱིས་ཆུ་ཆོད་པ་དང་གཉིས། ཡང་སོར་བྱ་ལྟ་བུ་དང་གསུམ་མོ། །སྨྲ་བ་ངག་གི་རྩལ་གསུམ་ནི། ལོ་རྒྱུས་ཀྱི་དགྱེས་ཐོན་པ་དང་གཅིག འགྲན་བཤགས་ཀྱི་ལྕེ་ནོན་པ་དང་གཉིས།་ཁྱོམ་ཚོད་བཞད་གད་ཐོན་པ་དང་གསུམ་མོལ། བློ་གྲོས་སེམས་ཀྱི་རྩལ་གསུམ་ནི། དཔའ་ལ་སྲན་བཟོད་པ་དང༌། མཛངས་ལ་བློ་མྱུར་བ་དང་གཉིས།་གོང་གསལ་ལ་གཏིང་སུས་ཀྱང་མི་རྟོགས་པ་དང་གསུམ་མོ། །དེ་ལྟ་བུའི་ཕོ་རྩལ་སྣ་དགུ་འོམས་པ་དེ་ནི། མ་སངས་ཀྱི་ྤྲུལ་ཕར་འཛིན་པའོ། །ཕོ་རྩེད་སྣ་དགུ་བྱ་བ་ནི། མདའ་རྡོ། འཕོྱངས་(མཆོང)གསུམ། ཤོ་ཁྲས་རྩིས་གསུམ། བང་ཞགས།རྐྱལ་གསུམ་རྣམས་ཡིན་པར་བྱེད་དོ།༌།ཕྱི་འབྲོག་བྱང་ཁའི་རི་དྭགས་ལ། ཞིབ་ཏུ་བརྟགས་ན་རིགས་དགུ་ལས་མེད་པར་བྱས་ཏེ། ཕོ་ར་མ་ར་གསུམ་ནི། འབྲོང་(༨༢.བ)དང་གཉན་དང༌། སྣ་བ་གསུམ༌། ཕོ་ཡུ་མོ་ཡུ་གསུམ་ནི རྐྱང་དང༌། གླ་བ། རི་བོང་གསུམ ཕོ་ར་མོ་ཡུ་གསུམ་ནི། ཤ་བ༌། རྒོ་བལ།་གཙོད་གསུམ། དེ་རྣམ་མ་ཡིན་པའི་རི་དྭགས། བྱང་ཁ་ན་མེད་ཟེར་བར་གདའོ། །རི་དྭགས་དང་གཅན་གཟན་གྱི་དབྱེ་བ་ནི། ཆུ་འཐུང་ལུགས་ལ་འཛེད་དེ། རི་དྭགས་རྣམས་ཆུ་ལ་མཆུ་གཙུགས་ནས་ངོར་འཐུས་བྱེད་ལ། གཅན་གཟན་གྱི་རིགས་གང་ཡིན་པ་རྣམས། རྕེས་འདགས་ནས་འཐུང་བའོ། །ཡང་ལྕི་ཐག་མེད་པའི་ལེབ་གསུམ་སྟེ། འཕྱི་བ། གྲུམ་པ། སྦལ་པ་གསུམ། འཁྲིས་པ་མེད་པའི་རྒུར་གསུམ་སྟེ། རྟ་དང༌། རྐྱང་དང༌། ཤ་བགསུམ། བཤུན་ནེ་མེད་པའི་སྐྲོང་གསུམསྟེ། བྱི་ལ། རི་བོང༌། སྲེག་པ་གསུམ། མཁལ་མ་མེད་པའི་སྡིང་གསུམ་སྟེ། འཁྱུང་དང༌། རྒོད་དང༌། བྱ་རླག་གསུམ། དེ་བཞིན༌། ཚིག་དོན(༨༣.ན)མཐུན་པར་ཡོད་བྱ་བ་གདའ། བྱ་ཆེན་དང༌། བྱིའུའི་དབྱེ་བ། མིག་ལ་བྱེད་དེ། ཆེ་བྱ་གང་ཡིན་པ་རྣམས་མིག་མས་འགེབས་ལ། མིག་ཟུར་ནས་འགེབས་པ་ཐམས་ཅད་བྱིའུ་ཆུང་ལ་གཏོགས་པར་བྱེད་དོ། །བྱ་དང་རི་དྭགས་དབྱེ་བ་རྣམས། བྱང་པ་མཁས་པས་མཤད་པ་ཙམ། ཕྲ་མོའོ་ཚིག་ལ་མཁས་པ་རྣམས། །མི་འདོད་བྱིས་པ་དགའ་ཕྱིར་བྲིས། །ཕོ་རབ་བློའི་གྲ་གྲུ་ན། བྱང་མའི་མདུང་སྐོར་བྱེད་པ་གདའ། །ཕོ་འབྲིང་བློ་གྲ་གྲུ་ན། །ལུག་མཐོང་པ་གཅིག་གི་ཉལ་ས་གདའ། །ཕོ་ཐ་མ་བློ་གྲ་གྲུ་ན། །རྩིད་སྐྱ་ཉག་གཅིག་གི་ཤིངས་ས་མེད། །ཕོ་རབ་ལ་གཏང་མ་དགུ་འགྱུར་གདའ། །ཕོ་འབྲིང་ལ་རང་མཐོང་སྣ་ལྔ་འདུག །ཕོ་ཐ་མ་ལ་འགྱོད་པ་རྣམ་གསུམ་ཡོད། །སྐྱེས་ཕོ་ལ་དགོས་པ་མངའ་ལ་ཚངས། །
རྣམ་རྒྱལ་གླིང་པའི་ལོ་རྒྱུས།
གནོད་སྦྱིན་སྤྲུལ་པ་རྣམ་རྒྱལ་གླིང་པའི་བྱོན་ཚུལ་བདོག སྭསྟི། འགྲོ་བའི་གཙུག་རྒྱན་དཔལ་ལྡན་ས་སྐྱ་པའི། །སྐུ་དྲིན་ལས་བྱུང་དཔོན་ཆེན་ཉེ་གནས་སོགས། (༨༣།བ)རབ་དང་རིམ་པར་བྱོན་པ་མང་མོད་ཀྱི། །ཕྱི་བསྐོར་བླ་བྲང་ཁོ་ནའི་བྱ་བ་རྣམས། །ཆེས་ལྷག་ཕུལ་ཕྱིན་བསྒྲུབ་པའི་ཉེ་གནས་མཆོག །དམ་ཚིག་གཙང་ཞིང་མསོད་ནམས་དཔལ་གྱིས་མཐོང། །ཟས་ནོར་དབང་འབྱོར་གནཽད་སྦྱིན་སྤྲུལ་པར་གྲགས། །བྱས་པ་ལག་རྗེས་ཆེ་བ་འདི་ལྟར་བྱུང། །དེའང་སྔོན་སྤུར་རྒྱལ་བོད་ཀྱི་ཡུལ་འདིར། ཆོས་སྐྱོངས་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་ཡིང་ལ། ཟ་ཧོར་གྱི་ཡུལ་ནས། མཁན་པོ་ཚི་བ་ཚོ་གདན་དྲངས་ནས། བླའི་མཆོད་གདས་སུ་བཀུར། བོད་དུ་བཙུན་པ་ལ་སྔ་བ། སད་མི་མི་བདུན་བྱ་བ་རབ་ཏུ་བྱུང་ནས། འཁོར་མང་པོ་དང་བཅས་ཏེ་སངས་རྒྱས་ཀྱ་བསྟན་པ་དར་བར་མཛད། དེ་དང་དུས་མཉམ་དུ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས།་སྦལོབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས༌། བོད་ཀྱ་ལྷ་ཀླུ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། རྒྱ་གར་ཨ་ཏན་ཏ་པུ་རིའི་གཙུག་ལག(༨༤.ན)ཁང་ལ་དའེ་སླངས་ནས། རི་རབ། གླིང་བཞི། གླིང་ཕན།ཉི་ཟླ་ལྕགས་རི་མུ་ཁྱུད་དང་བཅསཔ༌། དཔལ་བསམ་ཡས་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཞེངས། བོད་རྒྱལ་པོའི་བླ་མར་མངའ་གསོལ་བ། དེའི་དུས་སུ། ཨོ་རྒྱན་པདྨའི་དངོས་སློབ། སྙགས་དང༌། ས་ཟུར་སྣུབས་གསུམ་ལ་སོགས།་དཀྱིལ་འཁོར་གཙོ་བརྒྱད་དུ་གྲགས་པ་བྱུང། དེ་རྣམས་ཀྱི་ནང་ནས། ད་ཝས་ཀྱི་སྟོན༌། ཨ་མེས་བླ་ཆེན་རྡོ་རྗོ་རྒྱལ་མཚན་བྱ་བ། བདུད་རྩི་ཡོན་ཏན་ཀྱི་ལྷ་ཚོགས་ལ། ཐུགས་དམ་གྱི་གཙོ་བོར་མཛད་ཅིང༌། ཆོས་སྐྱོངས་ཚོགས་བདག་དཀར་དམར་བྲན་དུ་བཀོལ་ནུས་པའི། གསང་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་གཅིག་སྦུ་རུ་སྐྱི་ཤོད་ཀྱི་ལུང་པར༌། ཟུར་ཕུ་གནས་གསར་གྱི་དགོན་པ་བཏབ། སྔགས་པའི་གྲྭ་བུ་སློབ་བརྒྱ་ཕྲག་མང་པོ་བསྐྱངས་ནས། གསང་སྔགས་ཀྱི་བསྟན་པ་དར་བར་མཛད། དེ་ནས་བཟུང་སྟེ། བརྒྱུད་པ་བཅུ(༨༤.བ)ཙམ་གྱི་བར་དུ། གནམ་ལ་རྡོ་རྗེའི་གུར་མ་ཞིག་པ། ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཡལ་བ། བར་དུ་རཀྴིའ་མཚོ་མ་སྐམ་པའི་སྔགས་འཆང་གྲུབ་པ་ཐོབ་པ་ཁོ་ན་བྱུང་ངོ། །དེ་སྐབས་ཧོར། ས་སྐྱ་པ་ཡོན་མཆོད་དུ་འབྲེལ། བོད་འཆོལ་ཁ་གསུམ་པོ་ལ། ས་སྐྱ་པས་ཁ་ལོ་བསྒྱུར་བའི་དུས་སུ། གནས་གསར་སྔགས་པའི་དབོན་རྒྱུད། དབོན་པོ་མགོན་པོ་སྐྱབས་ཟེར་བ་གཅིག་བྱུང་བ་དེས། དཔལ་ས་སྐྱར། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་ཡབ་སྲས་པའི་ཞབས་ལ་གཏུགས། ས་སྐྱ་ནང་དང༌། ཆུ་མིག་ཁྲི་ཁང་ལོ་འགའ་བཟུང༌། ཉེ་གནས་ཆེན་པོ་མགོན་པོ་སྐྱབས་ཞེས་པར་གྲགས། དེའི་རིང་ལ། གཙང་སྟོད་ལྷ་ལུང་གི་ས་ཆ་དང༌། སྤ་རྣམ་ཕྱོགས་ཀྱི་གཞིས་ཕྲན་འདྲ་བདག་ཏུ་བཟུང་བར་འདུག འདི་ཡན་ལ་སོ་སོར་གྱེར་པའི་རུས་ཚན་ནི། རྟ་ནག་ཕུ་བོ། དཔོན་དགོས་པ་རིན(༨༥.ན)ཆེན་པ་སྐོར་ཡང་ཡིན་པར་བྱེད་ཅིང༌། ཟུལ(ཟུར)ཕུ་ཕྱོགས་ནའང་ད་ལྟ་འང་སྒས་རུས་འཛིན་པ་མང་རབ་ཡོད་པར་སྣང༌། ཉེ་གནས་ཆེན་པོ་མགོན་པོ་སྐྱབས་ལ། སྲས་པོ་མཆེད་གསུམ་བྱུང་བའི་ཆེ་བ། ཆེན་པོ་དོན་གྲུབ་རྒྱལ་མཚན་དེས། བསྟན་པའི་མངའ་བདག་ཏི་ཤྲི་ཀུན་བློའི་ཞབས་ལ་གཏུགས། མདོ་ཁམས་སུ། གདན་ས་བར་པ། གཙོ་མདོ་བསམ་གྲུབ་ཀྱི་ཉེ་གནས་ཆེན་པོ་དང༌། ཤོ་ཐམ་ཁ་སྣ་བཤན་བཟུངས། འཕགས་པ་ཀུན་བློ་གཤེགས་ནས། ཏི་ཤྲི་ཀུན་རྒྱལ་བའི་ཕྱག་ཕྱི་མཐིལ་བྱས། གོང་ལ་བྱོན། བླ་མས་ཐུགས་ལ་བཏགས་ནས་ཕོ་བྲང་ཏའི་ཏུར། རྫོང་ཁང་ཧུའི་ཁྲིམས་ར་དང༌། དཔལ་བོ་དོང་ཨེའི་ཆོས་གྲྭ་ཆེན་པོར། སྤང་ལོ་ཙཱ་བློ་གྲོས་བསྟན་པའི་དྲུང་དུ། རབ་ཏུ་བྱུང་ནས། མངོན་པ་མཛོད་ལ་སློབ་གཉེར་མཛོདཔའི་དགེ་བཤེས་སུ་གྲགས། དེའི་སྐབས་སུ། བླ་ཆེན་བསོད་བློ་བ་སྐུ་མཆེད། དུས་མཆོད(༨༥.བ)བླ་བྲང་ནས། སྟག་ཚང་རྫོང་ཁར་ཕེབས་པའི་ཕྱག་ཕྱུར་བྱོན། གསོལ་གཟིབ། མཛོད་པ་གང་ལའང་འཇུག་པི་ལས་ཚན་གྱི་མཐིན་གཟུང། ཞབས་ཐོག་ལ་བརྩོན་ཅིང། ཕྱི་ནང་གི་བྱ་བ་ལ་ཁས་པས། བླ་ཆེན་པ་ཤིན་ཏུ་མཉེས་ནས། གོང་ལ་བྱོན་པའི་ཕྱག་ཕྱིར་ཁྲིད། བླ་མའི་སྐུ་དྲིན་ལ་གོང་མ་ཐོ་གོན་ཐེ་མུར་རྒྱལ་པས། རི་ཙིང་དབ་ངགི་ལས་འདིན། ཁྲིམས་ར་བརྒྱད་ཡིད་པའི་ཆེ་ཤོས། གཡས་ཕྱོགས་ཀྱི་དབང་ཧུའི་མཚན་དང༌། ཐམ་ཁ། སྟག་མགོ། ལུང་ལག་རྟགས་བཟང་པོ་དང་བཅས་པ་གནས། ཡར་ཕེབས་ནས།་པའི་ལེན་དབང་གྲགས་པ་རྒྱལ་མཚན་པའི་བཀའ་ལུང་ཇི་ལྟར་གནང་བ་བཞིན་ལས་སྟོད་མངའ་རིས་ཀྱི་ཕྱོགས་ལ། ལམ་ཕྲང་དགྲ་གཉེན་གང་ལའང་མ་བསམས་པར་བྱོན་ནས། དགྲ་ཕྱོགས་འདུལ་བ་དང༌། རང་ཕྱོགས་སྲོད་པ་ལ་སོགས།་བྱ་བ་ཆེན་པོ་རྣམས་དཔོན(༨༦.ན)སའི་དགོངས་པ་དང་མཐུན་པར་བསྒྲུབས་ནས། ཕྱིར་ཕེབས་དུས། དཔོན་ས་ནས་ཀྱང་མདའ་རལ་གསུམ་གྱི་གདན་ས། ལྷ་སྡེ་མི་སྡེ། ཡ་མི་སྙན་གྱི་རུས་སྡེ་དང་བཅས་པ། ཞེས་དཔའ་ཚལ་ལ་གནང། སྟག་ཚང་རྫོང་གོང་འོག་གི་གཉེར་ལས། ཉེ་གཉས་ཆེན་པོར་བསྐོས། མི་དབང་ཆེན་པོ་རང་གི་སྲས་མོ་བྱྱམས་སེམས་བསོད་ནམས་རྒྱལ་མོ་བ་ཁབ་ཏུ་གནང་བ་སོགས། གདུས་རུས་ལས་ཆད་པའི་དཔོན་སྲས་ངོ་བོ་དང་འདྲ་བར་འཇོགས་སོ། །ཐུགས་འདོགས་ཤིན་ཏུ་ཆེ་བར་མཛད་ཅིང༌། དཔོན་སའི་ཐུགས་རྗེ་དང༌།་ཁོང་རང་ཡང་རྒྱལ་ཁྲིམས་ཀྱི་བྱ་བ་ལ་མཁས་ཤིང༌། སྐུ་བསོད་ཀྱི་དཔལ་གྱིས་མངོན་པར་མཐོ་བས། དགྲ་འདུལ། གཉེན་སྐྱོངས་སྡེ་སྲིད་ཀྱི་མཛད་འཕྲིན་མཐའ་དག་ལྷུན་གྱིས་གྲུབ་ནས། ཆུ་མོ་ཕག་གི་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ། གཟའ་སྐར་དུས་ཚེས་འཕྲོད་སྦྱོར་ཀུན་བཟང་པོའི་ཉིན(༨༦.ན)ནས། རྫོང་རྣམ་རྒྱལ་གླིང་ཆེན་གྱི་འགྲམ་གཏིང༌། རིང་པོར་མ་ཏོག་པར་ཞབས་སུ་ཆུག་པ་བཞེངས། མཉམ་མེད་རྒྱལ་བ་བཟང་པོ་བས་ཐག་དྲངས། བླ་མ་དགེ་བའི་བཤེས་གཉེན་བཟང་ཧྲགས་མང་པོས་རྫོང་ལ་རབ་གནས་གསོལ། སྦྱིན་བདག་རང་གིས་ཡི་དམ་གྱི་མཚན་དང་མཐུན་པ་བྱིད་གསུངས་ནས། རྣམ་རྒྱལ་གླིང་ཆེན་ཞེས་པར་མིང་བཏགས། སོན་ཝིའི་མི་དཔོན་ཆེན་པོ་དེ་ཉིད་ནི། བཟང་ཞིང་དཔའ་བ། མཐུ་སྟོབས། ཟས་ནོར་ལ་དབང་འབྱོར་བས། རང་གཞན་གྱི་མངའ་ཞབས་ཐམས་ཅད་བདེ་བ་ལ་བཀོད་པའི་སྣན་གྲགས་ཀྱིས་དབབུས་གཙང་ཐམས་ཅད་ཁྱབ་པར་གྱུར་ཅིང༌། གནོད་སྦྱིན་ཚོགས་ཀྱི་བདག་པོའི་སྤྲུལ་པར་གྲགས་སོ། །དབང་ཧུ་ཆེན་པོའི་ཇོ་མོ་སྔོན་ལ། འབྲི་ཁུང་དགུང་མཁར་དབོན་མོ་ལ། སྲས་གཅིག་བྱུང་བ་ནི། དྲུང་ཆེན་ཆོས་རྒྱལ་དཔལ་བཟང་པོ་བ་ཡིན་ཞིང༌། གདུང་བརྒྱུད་(༨༧.ན)ལྕམ་མོ་ལ། ཐག་མར་སྲས་མཆེད་གཉིས་བྱུང་པ། གྲུབ་ཆེན་གོང་མ་འདྲའི་སྐུ་སྐྱེ་བཞེས་པར་འདུག་ནའང། གཞོན་ནུ་བ་སྐ་གཤེགས། དྲུང་ཆེན་ཆོས་རྒྱལ་དཔལ་བཟང་པོ་འདི་ཉིད། དགུང་ལོ་བརྒྱད་པ་ལ་ནུབ་ཆོས་ལུང་དགོན་པར། མཁན་ཆེན་རིན་པོ་ཆེ་མཉམ་མེད་རྒྱལ་བ་བཟང་པོ་བའི་སྐུ་དྲུང་དུ་བཞུགས་ནས། ཆབ་ཀློག ཡིག་རྩིས་ལ་སོགས་པ་སྐུ་མཆེད་པའི་ཡོན་ཏན་མཐའ་དག་ལ། ཐུགས་གོམ་པར་མཛད། བཅུ་གཉིས་པ་ནས། རི་རྩིང་དབང་རྣམ་སྲས་རྻལ་མཚན་པའི་ཞབས་དྲུང་དུ་བྱོན། གསོལ་དཔོན་གྱི་མཐིལ་ཡུན་རིང་དུ་མཛད། སྐུ་ལུས་དང་གྲིབ་མ་བཞིན་ཏུ་འབྲལ་་བ་མེད་པར། ཕྱིག་ཕྱི་ཞབས་ཏོག་ལ་བརྩཽན་ཞིང༌། རྫོང་གོང་འོག་གི་གཉེར་ལས་ཀྱང༌། ཡབ་སྲས་གནིས་པོས་ལོ་སུམ་ཅུ་རྩ་བདུན་ཙམ་མཛད་པའི་རིང་ལ། བླ་བྲང་གི་ནང་དུ་གསོལ་བཟ་ཞིང༌། ཕྱི་ནས། དགྲ་ཐོ་སྐད་ཅིག་ཀྱང་མ་ཕག་(༨༧.བ)པས། བུ་རྟ་འདབས་རྒྱས་པ་དང༌། མི་སྡེ་མངའ་ཞབས་བདེ་སྐྱིད་ལ་ལོངས་སྤྱོད་པ་བྱུང༌། ཡབ་བདེ་བར་གསེགས་པའི་དགོངས་པ་རྫོག་སཀྱི་རིམ་པ་དང༌། ཕྱི་རྟེན་ནང་རྟེན་བཞེངས་པ་ལ་སོགས། བསྒྲུབ་བྱ་གང་དང་གང་ལ། གཙང་གཡས་རུའི་ཕྱོགས་སུ་བཟང་ཞིང༌། ངོ་མཚར་ཆེ་བའི་ཚང་བའི་ཚང་ཐུབ་པ་བསྒྲུབས། རང་རེའི་རྫོང་མངའ་ཞབས་ལ། ཕ་རོལ་པའི་དམག་དཔུང་སྟོབས་ཆེན་གྱིས་བསྐོར་ྒྱག་ཡུན་རིང་དང༌།གནོད་འཚེ་བྱུང་བའི་དུས་སུའང། དཔོན་པོས་བུ་རྟ་སྐྱོང་ལུགས་དང༌།་གཡོག་གིས་དཔོན་ཞེན་འཁུར་ཎཎལུགས་ལ།་ཕྱི་ནང་ཏམས་ཅད་སྨོན་ཅིང། མ་ཁྲེལ་བའི་སྲ་ཕུར་ལེགས་པར་བཅས་པས། གཞན་ཕྱོགས་པའི་བློ་བྲིད་བསྐོར་མགོ་དཔའ་དཔུང་གང་གིས་ཀྱང༌། རང་སྡེ་གཞོམ་པར་མ་ནུས་ཀྱི་སྟེང་དུ། སྟག་ཚང་རྫོང་པའི་བསྟན་ཇུས་ཟིན་པ་དང༌། གཙང་སྲིད་ཀྱི(༨༨.ན)འགོ་ཚུགས་པའི་སྐྱེས་བུ་སྡེ་དཔོན་ཆེན་པོར་གྱུར་ཅིང༌།་དེ་རྟཏིང་ནས།སུ་ཟུགས་ཀྱི་རྫོང་ས་གདན།མངའ་ཞབས་བུ་རྟ་གསར་དུ་ཆོད་པ་ཤིན་ཏུ་མང་ལ། འདི་པ་ཡབ་ཡུམ་དཀར་ཕྱོགས་ལ་མོས་ཤིང༌། ཐུགས་དགྱེས་དཔའ་མཛངས་ལྡན་པས། དཔོན་རིགས་ལ་བཀུར་སྟི་ཞབས་ཏོག སྡ་སྲིད། སྐུ་ཉེ།་འབྲེལ་ཆགས་རྣམས་དང་འབྲོག་ལམ་འཁོར་འབངས། ལྟོས་བཅས་ཀྱི་སྐྱོང་ཐར།ཟས་ནོར་གྱི་འཛིན་ཚུགས་ལ་སོགས་པ།་སུས་ཀྱང་འགྲན་དུ་མེད་ཅིང༌། སྣན་གྲགས་ཀྱིས་ཀུན་ཏུ་ཁྱབ་ལ།མཚན་དང་དོན་དུ་ལྡན་པའི་ཆོས་རྒྱལ་ཆེན་པོར་གདའོ། །དྲུང་ཆེན་པ་དེ་ཉིད་དང༌།་གདུང་རྒྱུད་ལྕམམོ། བྱང་སེམས་བསོད་ནམས་རྒྱལ་མོ་བ་ལ། སྲས་པོ་སྐུ་མཆེད་གཉིས་བྱུང་བའི་གཅེན་པོ། དྲུང་རྒྱལ་བ་དཔལ་བཟང་པོ་བི་ན་ཞིང། གཅུང་པོ་ནང་སོ་ཆོས་སྐྱོང་རྒྱལ་མཚན་དཔལ་བཟང་པོ་བ། འདི་པས(༨༨.བ)མི་དབང་ནམ་མཁའ་ལེགས་པའི་གསོལ་དཔོན་བཟུང༌། བཀུར་སྐྱོངས། འགྲོགས་ལམ་སྡེ་སྲིད་ཆེན་པོ་ཡལ་(ཡར)འཔེལ་དུ་བྱུང་བའི་མཛད་འཕྲིན་ལ་གཡེལ་མི་མངའ་བར། སྐུ་བརྟན་པར་གཞུགས་པ་ལགས་སོ། སྔོན་ཆད་སྐུ་བསོད་རྣམ་དཀར་འཕྲིན་ལས་ཀུན། །རྒྱུ་རྐྱེན་འཛོམས་པས་ཡར་འཕེལ་བྱུང་བ་བཞིན། ཕྱི་ཡབས་རྒྱུད་འཛིན་སྐུ་ཚེ་བརྟན་པ་དང༌། །དཔལ་འབྱོར་མངའ་ཐང་ཆེ་ཆེར་དར་རྒྱས་ཤོག།། །།མངྒ་ལཾ། བྷཝནྟུ།
རྒྱ་བོད་གསང་སྔགས་བླ་མེད་ཀྱི་ཆོས་ལུགས་དར་ཚུལ། རྒྱ་བོད་དུ་གསང་སྔགས་བླ་མེད་ཀྱི་ཆོས་ལུགས་དར་ཚུལ་བཞུགས་སོ། །ཧཱོུཾ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང༌། །སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ་སོགས་པའི། །རྒྱལ་བ་དགོངས་བརྒྱུད་རྣམས་ལ་ཕྱག་འཚལ་ལོ།༌།ལྷ་ཀླུ་གནོད་སྦྱིན་སྲིན་པོ་མི་རྣམས་ཀྱི། །རིག་པ་འཛིན་པའི་མཆོག་གྱུར་རྣམ་ལྔ་སོགས། །རིག་འཛིན་བརྡའ་བརྒྱུད་(༨༩.ན)རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་རྒྱལ་པོ་ར་ཛ་རྣམ་གསུམ་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱི། །གང་ཟག་སྙན་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་བརྒྱུད་པ་གསུམ་སྡན་བྱིན་རླབས་ལས། །དབང་གི་ཆུ་བོ་བཞི་ལྡན་གསང་སྔགས་རྒྱུད། །ལྷ་ཡུལ་རྒྱ་བོད་དར་ཚུལ་ཟུར་ཙམ་བསྟན། །དེའང་གསང་སྔགས་ཀྱི་ཆོས་བྱུང་གསལ་བྱེད་མུན་སེལ་ལས། གསང་སྒས་ཟབ་མོའི་བབས་ཚུལ་དངོས་ནི། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བཀའ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ། རྡོ་རྗེ་ཐེག་པ། ལྷ་བའི་ཞེ་ཕུགས། རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་བྱུང་ཚུལ་དངོས། དང་པོ། རྒྱལ་བ་དགོངས་པས་བརྒྱུད་ཚུལ་ནི། སྟོན་པ་ངོ་བོ་ཉིད་ཀྱི་སྐུས། འོག་མིན་དུ། རང་གསལ་ངོ་བོ་ཉིད་ཀྱི་ཆོས་གསུང་པ་ནི། སྐྱེ་འགག་མེད་པའ་སྟན་པས།་དོན་གྱི་འོག་མིན་དུ། (༨༩.བ)འགག་མེད་ཀྱི་རིག་པ་དེ། མཚན་མའི་སྐུ་གསུམ་མི་མངའ་བར། ཀུན་བཟང་ཉིད་དུ་བྱིན་རླབས་ནས། །བརྗོད་པ་མེ་དཔའི་རང་སྒྲ་རུ། །བཟང་ངན་བླངས་དོར་མེད་པར་བཤད། །ཅེས་སོ། །སྟོན་པ་ཆོས་ཀྱི་སྐུས་བྱིན་གྱ་རླབས་ཀྱི། རང་གྲོལ་མངོན་ལུམ་དུ་གསུངས་པ་ནི། །ཆོས་སྐུ་ཅིར་ཡང་མ་གྲུག་པས། ཉི་མ་ལྟ་བུའི་ངང་ནས། རང་ཤེས་རིགས་ཀྱི་ྲགྱལ་པོ། ཀུན་ཏུ་བཟང་པོའི་ཞལ་ཕྱག་གི་རྣམ་ཐར་བཞེངས་ནས། དཔལ་རྡོ་རྗེ་སེམས་པ་དང་དགོངས་པ་མི་བྲལ་བར་བཤད། ཅེས་པ་ནི། ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། །བཟང་ངན་བླང་དོར་མེད་པ་རུ། །རྡོ་རྗེ་སེམས་དཔའི་ཐུགས་ལ་རྒྱུད། །ཇི་ལྟར་ཆོས་རྣམས་ཀུན་ཤེས་ཀྱང། །ངོ་བོ་ཉིད་ཀྱིས་གསུངས་པ་མེད། །བྱིན་གྱིས་བརླབས་ཀྱིས་བཤད་པའོ། །ཅེས་སོ། །སྟོན་པ་གསང་བའི་སྐུས།་བདེ་ཆེན་ཐབས་ཀྱི་གསུངས་པ་ནི། (༩༠.ན)ཐབས་གསུམ་ལ་བརྟེན་ནས། དགའ་བ་བཞིའི་རང་བཞིན། ལྷན་ཅིག་སྐྱེས་པའི་དགའ་བ་དེས། ཀུན་ལ་ཁྱབ་པར་གསུངས་པའོ། །སྟོན་ལོངས་སྤྱོད་རྫོགས་པའི་སྐུས། །རང་གི་ངོ་བོས་གསུངས་པ་དེ་རྣམས།་སྟོན་པ་གསང་བའི་བདག་པོས། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། བསྟན་པའི་བདག་པོར་དབང་བསྐུར་ནས།་ལྷ་ཀང་མིའི་ཡུལ་དུ་གྲགས་པ་ཡིན་ཏེ། དེའང་དང་པོ། གསང་སྔགས་བྱུང་བའི་དུས་དྲུག་ལ་བབ་པའ་ཆེ། རྩོལ་མེད་ཨ་ཏི་ཡོ་གའི་བསྟན་པ་འདི། ལྷ་ཡུལ་དུ་བྱུང་བ་ཡིན་ལ། དུས་དྲུག་ནི། ཉོན་མོངས་སམ་རྒྱུད་དྲག་པས་མཏུ་ཞན། ལས་ཀྱི་ཚེ་ཐུང་བཀའ་དོན་སྟོན། བསྟན་སྙིགས་གྲུབ་མཐའ་ངམ་པས་བསྒྱུར། །གཉེན་པོས་མི་ནོན་བསྒྲུབ་རྩོལ་ཞན། །དེ་ཚེ་རིག་པའི་རྣམ་རྟོགས་ཤར། །ཟེར་བ་ཡིན་ནོ། །དེའི་དུས་སུ་སུམ་ཅུ་རྩ་གསུམ་ན། ལྷ་བདེ་བ་བཟང་པོ་ལ། བུ་ལྔ་བཅུ་རྩ་གཅུག་ཡོད་པ། གཞན་རྣམས་རྩེ་འཔྱོ་ལ་དགའ་བ་ལ། ཆེ་བ་ཀུན(༩༠.བ)དགའ་སྙིང་པོ་ནི། གཅིག་པོར་དོན་སེམས་ཤིང༌། །རྡོ་རྗེའི་བཟླས་པ་ཁོ་ན་ལ་བརྩོན་པས།་བརྒྱ་བྱིན་གྱི་སེམས་ལྷག་ཅན་ཞེས་པར་མིང་བཏགས་སོ། །དེ་ལ་ཆུ་མོ་གླང་ལོ། ཆོ་འཕྲུལ་ཆེན་པོའི་ཟླ་བལ། སངས་རྒྱས་ཏམས་ཅད་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་ནས།་ཏུབ་པ་དྲུག་གིས་བསྐོར་བ་བྱས། རང་གི་སྤྱི་བོར་ཏིམ་པའི་རྨི་ལྟས་བྱུང་བ། བརྒྱ་བྱིན་ལ་བཟླས་པས། དགྱེས་ནས། སེམས་ལྷག་ཅན༌། ཨེ་མ་སྙིང་པོ་རྣམསི་་དུས། འཇིག་རྟེན་མུན་སེལ་དུས་མཐའི་ས་ནོན་པའི། ཐུགས་སྲས་འཛམ་གླིང་དཔལ་གྱུར་ངོ་མཚར་ལང། །ཞེས་པས་བསྟོད་ཅིང༌། དང་པོའི་རྨི་ལྟས་དེ། སངས་རྒྱས་ཀྱི་ཐུགས་སུ་ལིན་ནས། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན། གདུལ་བྱའི་མུན་པ་སེལ་བ་བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་ཡིན། རྩོལ་མེད་ཀྱི་འབྲས་བུ་ལྷུན་གྱི(༩༡.ན)གྲུབ་པའི་རྟགས་ཡིན། གསུངས་ནས། བརྒྱ་བྱིན་གྱིས། ཕྱོགས་བཞིར་ཞལ་གཟིགས་ཏེ། དུས་གསུམ་གྱི་སངས་རྒྱས་ཏམས་ལ་བསྐུལ་ཞིང༌། གསོལ་བ་བཏབ། སངས་རྒྱས་ནམ་མཁའ་གང་བ་འདུས་ནས། མགྲིན་གཅིག་ཏུ། རྡོ་རྗེ་སེམས་པ་ལ་འདི་སྐད་ཅེས་བསྐུལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པ་ཤར། །ཚིག་གཅིག་དོན་དུ་རྫོགས་པའི་བདག །རིན་ཆེན་འཔྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །ཅེས་བསྐུལ་བས། རྡོ་རྗེ་སེམས་དཔའི་ཐུགས་ཁ་ཕྱག་ན་རྡོ་རྗེ་ཉིད་བྱུང་ནས། རིན་ཆེན་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་ནས། འདི་སྐད་ཅེས་བསྐུལ་ཏོ། །དྲི་མེད་ཡེ་ཤེས་གསང་བའི་དོན། །བྱར་མེ་ད་རྩོལ་མེ་དཡེ་སངས་རྒྱས། །དབུ་མ་ཆེན་པོ་དྲངས་པའི་ལམ། །འདུས་པའི་ཚོགས་ལ་བསྟན་པར་གྱི། །ཅེས་བསྐུལ་བས། རྡོ(༩༡.བ)རྗེ་སེམས་དཔས། འདི་སྐད་ཅེས་ཞུས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གིས་སྤྱོད་ཡུལ་མ་ཡིན་པས། །བདག་གིས་སྒྲོལ་མ་ཤིན་ཏུ་དཀའ། །མ་རྟོགས་བ་ལ་ཚིག་སྒོ་ནས། །དུས་གསུམ་སངས་རྒྱས་ཏམས་ཅད་ཀྱི་དགོངས་པ་དང་མི་འགལ་བའི་ཕྱིར། དུས་གསུམ་སངས་རྒྱས་ཐམས་ཅད། རིགས་ལྔའི་ངོ་བོར་བཞུགས་པ་ལ། གཞི་འབྲས་ཀྱི་དོན་འདི། ཐེ་ཚོམ་ཕྱེད་ཞུས་པ་ནི། ཤར་ཕྱོགས་རྡོ་རྗེ་འབར་བའི་ཞིང་ཁམས་ན།་དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ། རྡོ་རྗེའི་རང་བཞིན་ཀྱི་གདན་ལ་བཞུགས་ཏེ། དེ་ཉིད་འདུས་པའི་འཁོར་ལ། གསང་སྔགས་ཀྱི་སྡེ་ཁོ་ན་ཉིད་ཀྱ་ཆོས་སྟོན་པའི་དྲུང་དུ་བྱོན་ནས། སེམས་ཉིད་རྡོ་རྗེ་ལྟ་བུ་ལ། སྐྱེ་འགག་(༩༢.ན)འབྱུང་བ་ཇི་ལྟར་ལགས། །ཞེས་ཞུས་པས། སེམས་ཉིད་མི་འགྱུར་རྡོ་རྗེ་ལ།༌།སྐྱེ་དང་འགག་པ་ཡོད་མ་ཡིན། །རྣམ་རྟོགས་བློའི་སྐྱེ་འགགས་བྱུང། །གསུས་སོ། །ལྷ་ཕྱོགས་རཏྣ་སྣང་བའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་རཏྣ་ཞབས། །རང་འབར་སྣང་བའི་གདན་ལས། །འཁོར་ལ་ཆོས་སྟོན་ཞིང་བཞུགས་པ་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབས་པར།༌།ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་ཞུས་པས། དག་ཤ་ཀའི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་ཡེ་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསང་བ་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་གསུངས། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ན།༌།དེ་བཞིན་གཤེགས་པ་པདྨའི་འོད།༌།དྲི་མ་མེད་པའི་གདན་ལས། འཁོར་ལ་ཆོས་སྟོན་གྱིན་བཞུགས་པ་ལ། སེམས་ཉིད་པདྨ་ལྟར་དག་ལ། གཟུང་འཛིན་དྲི་མ(༩༢.བ)ཇི་ལྟར་འབྱུང། །ཞེས་ཞུས་པས། པད་མ་འདམ་ལ་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །ཞེས་གསུངས། བྱང་ཕྱོགས་རྣམ་དག་གྲུབ་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་གྲུབ་པར་གནང་བ། །རང་བཞིན་གནང་བའི་གདན་ལས། འཁོར་ལ་ཆོས་སྟོན་གྱིན་བཞུགས་པ་ལ། སྩོལ་མེ་དསེམས་ཀྱི་རང་བཞིན་ལ། འགྲོ་དོན་མཛད་པ་ཇི་ལྟར་བྱུང༌། ཞེས་ཞུས་པས། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པའི་བྱིན་བརླབས་རང་ལ་ཆར། །ཞེས་གསུངས་པ། མཐར་དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མདད། མཁའ་ལྟར་གནང་བའི་གདན་ལས། འདུས་པའ་འཁོར་རྣམས་ལ། གསང་སྔགས་ཀྱི་ཟབ་དོན་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་གྱིན་བཞུགས་པའ་དྲུང་དུ་བྱོན་མ་ཐག་ཏུ། སྟོན་པས། མདུན་བསུས་ནས། འདུས་པའི་འཁོར་ཚོགས་ཁྱེད་ཀྱིས(༩༣.ན)ནི། རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་གྱིས།༌།ཞེས་གསུངས་པ་དང༌། ཕྱག་ན་རྡོ་རྗེས། ཉིད་རང་གི་གདན་ལས་ལངས་ཏེ། ཁྱེད་ཀྱི་གསུང་གི་སེང་གེ་དེས། ཡེ་ཤེས་གསང་དོན་གསུང་དུ་གསོལ། །ཞེས་ཞུས་པས། སེམས་དཔའ་རྡོ་རྗེ་ད་ཉོན་ཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་མཞིན་དུ་ཀུན་ལ་ཁྱབ། །མ་རིགས་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའ་ལམ་དུ་གཅུག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །སངས་རྒྱས་སེམས་ཅན། རང་རིག་འོད་གསལ་རྣམ་པར་དག །རྣམརྟོགས་ཡེ་ཤེས་ཉིད་དུ་གནས། །གཞི་བཞག་རང་ལུགས་རིན་ཆེན་མཛོད།༌།རང་བྱུང་མ་རྩལ་གདོད་ནས་དག །ཡེ་ཤེས་གསང་བའི་རྣམ་པ་ནི། །སྣ་ཚོགས་སྣང་ལ་ངོས་བཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་ཏུ་གསལ་ན་ལྟ་བ་ཡིན། །ཞེས་གསུངས་སོ། །རྨད་དུ་བྱུང་བའི་བསྟན་པའི(༩༣.བ)སྙིང་པོ། །རྒྱུ་འབྲས་ལས་འདས་པའི་ཆོས། ཨ་ཏི་ཡོ་གའི་དོན་རྣམས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་བཅུད། ཕྱག་ན་རྡོ་རྗེས། དེ་ལྟར་དུ་བླངས་ནས། ལྷ་གནས་སུམ་ཅུ་རྩ་གསུམ་དུ། ལྷའི་བུ། སེམས་ལྷག་ཅན་ཡོད་པར་བྱོན་ཏེ། དངོས་ཀྱིས་གསུངས་སོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ་སྐུ་དངོས་སུ་བཞུགས་དུས། འཛམ་བུ་གླིང་གི་མི་རྣམས་ལ། ཐེག་ཆེན་གསང་སྔགས་ཀྱི་ཆོས་རྣམས་གསལ་བར་སྟོན་པའི་སྐབས་ལ་མ་སླེབས་པར་དགོངས་ནས། སྤྲུལ་པས་གསུངས་པ་ནི། འཁོར་ལོས་བསྒྱུར་རྒྱལ་དུ་སྤྲུལ་ཏེ། དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས། དཔལ་བོ་མཁའ་འགྲོ་རྣམས་ལ་བྱ་བའི་རྒྱུད་གསུངས། གཞན་་དབང་བྱེད་དུ་བྱོན་ནས། སྤྱོད་པའི་རྒྱུད་གསུངས། འོག་མིན་དུ་བྱོན་ནས། རྣལ་འབྱོར་རྒྱུད་གསུངས། རྒྱ་གར་ལྷོ་ཕྱོགས་ཀྲིདྷ་ཕ་ལ་ཆོས་ཀྱི་འབྱུང་གནས་སུ་བྱོན་ཏེ། རྡོ་གྲུ་གསུམ(༩༤.ན)བསྣོལ་བའི་སྟེང་དུ་བཞུགས་ནས། མི་མ་ཡིན་པའི་རིག་བ་འཛིན་པ་རྣམས་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། ཐེག་ཆེན་བླ་མེད་ཀྱི་ཆོས་འདི་མི་ཡུལ། འཛམ་གླིང་དུ་བྱུང་ཚུལ་ནི། ཐུབ་པའི་དབང་པོ་དགུང་ལོ་བརྒྱད་ཅུ་བཞེས་ནས། མྱ་ངན་ལས། འདའ་བར་དགོངས་པའི་ཟླ་བ་གསུམ་གྱི་གོང་ན། ད་ནི་ང་མྱ་ངན་ལས་འདའ་བས། ཁམས་གསུམ་གྱི་ལྷ་མི་ཐམས་ཅད་ཆོས་ཀྱི་ཐ་མ་ཉན་པ་དང༌། བློ་ཐེ་ཚོམ་གྱི་སྒྲོ་འདོགས་སྤྱོད་པ་ལ། བོས་ཤིག་གསུངས་པ་ལྟར། མོའུ་འགལ་གྱི་བུས་བསྐུལ་ནས། འཁོར་ཐམས་ཅད་འདུས་པ་ལ། སྟོན་པའི་ཞལ་ནས། ངས་འགྲོ་བའི་དོན་ཐམས་ཅད་བྱས་ཟིན་གྱི། ད་མྱུར་དུ་མྱ་ངན་ལས་འདའ་བས། ཐེ་ཚོམ་ཡོད་པ་ཀུན་ཆོད་ཅིག དེ་རྟིང༌། མྱ་ངན་མ་བྱེད་ཅིག་གསུངས་པའི་དུས་སུ། འཁོར་གྱི་ནང་ནས། རིག་འཛིན་གྱི་རྒྱལ་བོ་ཀུན་ཛ་རས། སྟན་ལས་ལངས་ནས། སྟོན་པའི་དྲུང་དུ། སེང(༩༤.བ)གེའི་ལྟ་སྟངས་ཀྱིས། མིག་མི་འཚུམ་པར་ལྟས་ཏེ། སྟོན་པ་ཁྱེད་ཀྱིས་གཞན་མཛད་པ་ཐམས་ཅད་རྫོགས་པས་བསྟན་ནའང༌། བསྟན་པའི་སྙིང་པོ་ཟབ་མོའི་ལམ། གསང་བ་བླ་ན་མེད་པ། ཐེག་ཆེན་གྱི་ཆོས་མ་གསུངས་པ། ཞུས་པའི་ལན་དུ། ང་ནི་འདི་ནས་མི་གནང་ནས། ལོ་ནི་བརྒྱ་དང་བཅུ་གཉིས་ན། ལྷ་གནས་གསུམ(འོག་མིན་དང༌། རི་རབ་རྩེ་ཟུར་བཞིའི་ལྕོག་དང་)དུ་གྲགས་པ་ཡི། བསྟན་པའི་སྙིང་པོ་དམ་པ་ཞིག འཛམ་གླིང་ཤར་གྱི་ཕྱོགས་སུ། མི་ལས་སྐལ་ལྡན་གྲ་མ་ཆེ། རྒྱལ་པོ་ཛ་ཞེས་བྱ་བ་ལ། སྔོན་དུ་ལྟས་རྣམས་འབྱུང་འགྱུར་ཏེ། དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། གྲོགས་ཀྱི་སེམས་དཔའ་དམན་བའི་ལུས། ལང་ཀའི་བདག་པོ་ལ་སོགས་ལ། ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། ཞེས་པ། མདོ་གདམས་ངག་འབོགས་པའི་རྒྱལ་པོར་གསུངས་ཤིང༌། གསང་བ་ལུང་བསྟན་པ་ལས་ཀྱང༌། (༩༥.ན)རྒྱུ་ལ་སྦྱོར་བ་རྒྱུའི་ཆོས། འཁོར་ལོ་བཞིན་དུ་བསྐོར་བྱས་ནས། འབྲས་བུའི་ཐེག་པ་ཉེ་ལམ་ཞིག མ་འོངས་པ་ན་འབྱུང་བར་འགྱུར། ཞེས་པ་དང༌། དཔལ་བསྡོམ་པ་བྱུང་བའི་རྒྱུད་ཕྱི་མ་ནས་ཀྱང༌། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བརྒྱ་དང་བཅུ་གཉིས་ནས། དག་པའི་སྙིང་པོ་དམ་པ་ཞིག ལྷ་གནས་གསུམ་དུ་གྲགས་པ་སྟེ། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། དཔའ་ཞེས་བྱ་བའི་རི་བོ་ལ། ཕྱག་ན་རྡོ་རྗེ་མཐུ་ལྡན་འགྱུར། མི་ལས་སྐལ་ལྡན་དམ་པ་ཞིག ཐེག་ཆེན་གསང་སྔགས་རྒྱས་པར་བྱེད། དེ་རིང་རིམ་འགྲོ་རྟག་ཏུ་གྱིས། ཅེས་ལུང་བསྟན་མཛད་པའོ། གཉིས་པ་རིག་འཛིན་རིག་པའི་བརྒྱུད་ཚུལ་ནི། རྒྱལ་བ་གཡུང་སྟོན་རྡོ་རྗེ་དཔལ་བས་མཛད་པའི་རྒྱུད་སྡེའི་ཁོག་དབུབ་ལས། མི་མ་ཡིན་པ་ལ་བརྒྱུད་པ་དང༌། མི་དང༌། མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། དང་པོ་ནི། ཐུབ་པའི་དབང་པོ་མྱ(༩༥.བ)ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་ལ། རྒྱལ་རིགས་གསུམ་གྱི་བརྒྱུད་པ། འཇམ་དཔལ་གྱི་ལྟ་བ། སྤྱན་རས་གཟིགས་ཀྱི་བསྒྲུབས་པ། ཕྱག་ན་རྡོ་རྗེས་སྤྱོད་པ་བསྟན་ཟེར་ཡང༌། གསང་སྔགས་ཀྱི་ལྟ་སྤྱོད། བསྒྲུབས་པ་གསུམ་ཀའི་དོན་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས། ལྷ་རྣམས་ལུས་དང་བསམ་པ་དང༌། མཐུན་པར་ཆོས་བསྟན་ཏེ། འཇམ་དཔལ་རྣོན་པོས། ལྷ་གྲགས་ལྡན་ཆོས་སྐྱོང་ལ་བཤད། དེ་ནས་རིམ་པ་བཞིན་དུ། རིན་ཆེན་འོད་འབར། སྐྱེ་དགུའི་བདག་པོ་ཚངས་པ། ཚངས་པ་ཀུན་གྲོལ། ཚངས་པ་གཙུག་ཕུད་འཛིན། དབང་པོ་བརྒྱ་བྱིན། དེས། ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་དེ། དེ་ཐམས་ཅད་ཀྱང༌། བྱང་ཆུབ་ཀྱི་སེམས་དཔའི་རིག་འཛིན་ཞིང༌། རྒྱལ་བ་རྣམས་ཀྱི་གདུབ་འཚོབ་པར་འགྱུར་ཏོ། སྤྱན་རས་གཟིགས་བདུད་རྩིའི་སྐུ་དང་ལྡན་པ་དེས། ཀླུ་གདུག་ཅན་རྣམས་ཀྱི་ལུས་དང༌། བསམ་པ་དང་མཐུན་པར། ཀླུ(༩༦.ན)རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པ་བཞིན་དུ། ཀླུ་མོ་ཁ་འདུལ་མ། ཀླུ་མོ་ཚངས་འདུལ་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ། དེས། ཀླུ་ཚོམ་བུ་འབུམ་སྡེ་ལ་བཤད་དེ། དེ་ཐམས་ཅད་གོང་ལྟར་དུ་གྱུར་ཏོ། ཕྱག་ན་རྡོ་རྗེ་འཇིགས་ཚུལ་སྡིག་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང༌། བསམ་པ་དང་མཐུན་པར། གནོད་སྦྱིན་གྲགས་ལྡན་ཕྱོགས་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་ཀུན་ཏུ་བཟང་པོ། གནོད་སྦྱིན་ལག་ན་རྡོ་རྗེ། གནོད་སྦྱིན་སྐར་མདའ་གདོང༌། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད་དེ། དེ་ཐམས་ཅད་ཀྱང་གོང་ལྟར་གྱུར་ཏོ། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། གསང་བའི་བདག་པོས། ལྷ་གྲགས་ལྡན་མཆོག་སྐྱོང༌། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པོ་ལང་ཀ་མགྲིན་བཅུ། མི་ལས་སྐལ་ལྡན་ལི་ཙ་དྲི་མ་མེད་པར་གྲགས་པ་ལ་སོགས་པ། རིག་འཛིན་འདུས་པའི་འཁོར་རྣམས་ལ། རི་མ་ལ(༩༦.བ)ཡའི་རྩེར་གསུངས་ཤིང་བརྒྱུད་པའོ། ཡང་ཆོས་འབྱུང་གསལ་བྱེད་མུན་སེལ་ལས། གསང་སྔགས་ཟབ་མོའི་ཆོས་ལ་བཀའ་བབས་ཚུལ་གཉིས་ནི། ཕྱི་དང༌། ནང་ངོ༌། དེ་དང༌། ཕྱི་པ། ཐུབ་པ་རྒྱུད་ལ་གསུམ་སྟེ། ཀྲི་ཡ་དང༌། ཨུ་པ། ཡོ་གའོ། ཀྲི་ཡ། བདར་ན་སེར། བྲམ་ཟེའི་རིགས་ལ་བབས་པ། གཙང་སྦྲ་ལ་སྤྱོད་དོ། ཨུ་པ་ཡོ་གའོ། ཨུ་པ་རི་རབ་ཀྱི་ཁོང་སེང་འདུས་པའི་རྩེར། བློན་རིགས་ལ་བབས་ཏེ། ཆོས་ཀྱང་དེ་ལྟ་བུ་སྤྱོད་དོ། ཡོ་ག་མེ་རི་འབར་བའི་རྩེར། རྗེ་རིགས་ལ་བབས་ཏེ། ཆོས་ཀྱང་དེ་མཐུན་དུ་སྤྱོད་དོ། དེ་ལ་ཕྱི་ཟེར་བའི་རྒྱུ་མཚན། ལྟ་བས་ཕྱིར་གྱུར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དབྱེར་མེད་རང་བྱུང་ཡེ་ཤེས་སུ་སྨྲ་མི་ནུས། སྒོམ་པས་ཕྱིར་གྱུར་ཏེ། དམ་ཚིག་པ་དང༌། ཡེ་ཤེས་བཟང་ངན་དབྱེར་མེད་དུ་སྒོམ་མི་ནུས། དབང་གིས་ཕྱིར་གྱུར་ཏེ། ཟབ་མོའི་དབང་གསུམ་པ་ཡན(༩༧.ན)སྟོན་མི་ནུས་པས་ན། ཕྱི་པའོ། ཐུབ་པས། ཞལ་ནས་གསུངས་པ་དང༌། རིགས་གསུམ་མགོན་པོ་ལ་སོགས་ལ། བྱིན་གྱིས་བརླབས་ནས། གནས་བདར་ན་སེར། ཕྱག་རྡོར་གྱིས་བྱ་བའི་རྒྱུད་ཀྱི་ཆོས་འཁོར་བསྐོར། གནས་མེ་རི་འབར་བའི་སྟེང་དུ། རྣལ་འབྱོར་རྒྱུད་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་རྣམས། ཕྱི་པ་ཐུབ་པ་རྒྱུད་ཡིན་ནོ། ནང་པ་ཐབས་ཀྱི་རྒྱུད་ལའང་གསུམ་སྟེ། སྐྱེད་པ་མཧཱ་ཡོ་ག རྫོགས་པ་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། ནང་པ་ཟེར་བའི་རྒྱུ་མཚན་ནི། ལྟ་བའི་ཁྱད་པར་ཆེ་བས། ཕྱི་པས། བདེན་པ་དབྱེར་མེད་དུ་མ་རྟོགས། དོན་དམ་པའི་བདེན་པ། སྟོང་ཉིད་དག་པའི་མཐའ་གཅིག་པའམ། སྤྲོས་པའི་མཐའ་བརྒྱད་བྲལ་བར་འདོད་ལ། ཀུན་སློབ་རིགས་གསུམ། རིགས་བཞིའམ། རིགས་ལྔར་འདོད་དེ། ནང་པ་ནི། དོན་དམ་རང་རིག་སྤྲོས་པའི་མཐའ་དང་བྲལ་བ། ཀུན་རྫོབ་ཀྱི་བདེན་པ་རྟོགས(༩༧.བ)ཚད་ཐམས་ཅད་སྐུ་དང་ཡེ་ཤེས་སྣང་བ། དེ་ཉིད་ཀྱང༌། སེམས་ཀྱི་སྟེང་ན་དབྱེར་མེད་པར་འདོད་དེ། དོན་དམ་ཀུན་རྫོབ་དབྱེར་མེད་པས་ཅེས་སོ། འབྲས་བུའི་ཁྱད་པར་ནི། ཕྱི་པ་མི་ཚེ་བདུན་ནམ། ལྔའམ། རིགས་གསུམ། རིགས་བཞིའམ། རིགས་ལྔ་རྡོ་རྗེ་འཛིན་བའི་ས་ཐོབ་པར་འདོད་དེ། ནང་པ་ནི། དབང་བསྐུར། གདམ་ངག་བསྟན་པ་ཙམ་གྱིས། ས་དང་པོའི་བདེན་པ་མཐོང༌། བསྐྱེད་རིམ་བསྒོམས་པས། ས་བརྒྱད་པ་ནོན། རྫོགས་རིམ་གྱིས་ས་དགུ་པ་ནོན། འོད་གསལ་གྱིས་ས་བཅུ་པ་ནོན། ཟུང་འཇུག་གིས་ས་བཅུ་གསུམ་པ། རྡོ་རྗེ་འཛིན་པའི་ས་ནོན་པས་སོ། མཐར་ཐུག་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉི་ཤུ་རྩ་ལྔར་ཤར་ནས། སེམས་ཅན་མཐའ་ཡས་པའི་དོན་མཛད་པའོ། ནང་རྒྱུད། ལྷ་གནས་གསུམ་དུ་རྒྱས། སྤྲུལ་པས་ཕྱིས་འབྱུང་ལུང་བསྟན་ཏེ། (༩༨.ན)འདས་ནས་ལོ་བརྒྱ་བཅུ་གཉིས་ན། ནང་རྒྱུད་ཐེག་པ་སྔགས་ཀྱིས་འཆར། འཛམ་གླིང་ཨུ་རྒྱན་གླིང་སོགས(སུ)བབས། ཛ་དང་འཇམ་དཔལ་གཤིན་རྗེ་སོགས། རིག་པ་འཛིན་པ་དཔག་མེད་བྱུང༌། དེ་ནས་རྒྱ་གར་ཡུལ་དུ་རྒྱས། གྲུབ་པ་བརྙེས་པ་ཚད་ལས་འདས། ཞེས་པའི་ལྷ་གནས་གསུམ་ནི། གཙང་རིས་དང༌། དགའ་ལྡན་དང༌། སུམ་ཅུ་རྩ་གསུམ་མོ། སྤྲུལ་སྐུ་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ན། ཨུ་རྒྱན་མཁའ་འགྲོའི་གནས་དེར། རྫོགས་ཆེན་རྒྱུད་སྡེ་ཕལ་ཆེར་བབས་སོ། དེ་རྣམས་ནང་པ་ཐབས་ཀྱི་རྒྱུད་ཡིན་ནོ། གསུམ་པ་གང་ཟག་སྙན་དུ་རྒྱུད་པའི་ཚུལ་ནི། ཁོག་དབུབས་ལས། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས། ལོ་བརྚགྱ་དང་བཅུ་གཉིས་ལོན་པའི་ཚེ། རི་མ་ལ་ཡའི་ཤར་ལྷོ། ཏྲི་ཤམ་ཨ་སུ་རའི་བྲག་ཕུག རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ངོ་མཚར་ཅན་དེ་ན། སྐལ་ལྡན་རྒྱལ་པོ་ཛ་ཞེས་བྱ་བ་དེ། གསང་སྔགས་ཕྱི་(༩༨.བ)རྒྱུད་ལ་བསྒྲུབ་པ་མཛད་ཀྱིན་བཞུགས་པའི་ནང་གཅིག གསང་བདག་གིས། རི་མ་ལ་ཡའི་རྩེར། གསང་སྔགས་ནང་གི་ཆོས་འཁོར་བསྐོར་བའི་བྱིན་རླབས་ལས། ངོ་མཚར་བའི་རྨི་ལྟས་བདུན་བྱུང་བའི་རྟིང་མ་དེ་ལ། ནམ་མཁའི་མཐོངས་ནས། གཟུགས་སུ་མ་གྲུབ་པའི་སྒྲ་སྐད་ལ། ལས་དང་སྐལ་བར་རབ་ལྡན་པའི། བསོད་ནམས་ཆེན་པོའི་གྲ་མ་ཁྱོད། སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། རྒྱལ་བ་འབྱུང་བར་ལུང་བསྟན་པའི། བསྟན་པའི་སྙིང་པོ་དམ་པ་ཞིག བསྐལ་ལྡན་ཁྱོད་ལ་བསྒྲོགས་པར་བྱའོ། ཅེས་པ་རྨིས་ནས། རྒྱལ་པོ་མནལ་སད་འཕྲལ་ལ། ཡང་ཐོག་ཏུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ། ཁྲུ་གང་པ་གཅིག་བཞུགས་ཀྱི་འདུག་པ་ལ། ཕྱག་བཙལ། བསྐོར་བ་བྱས། ཞབས་སྤྱི་བོར་བླངས་ནས། ཨེ་མ་ངོ་མཚར་མཆོག་གི་སྐུ། འདྲེན་པ་མཆོག་གི་དཔལ(༩༩.ན)ལེགས་གང༌། མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱེད། སྔོན་ཚེ་གོང་ནས་བསྒྲུབས་པ་ཡིས། ལས་ཀྱིས་འབྲེལ་པའི་ལྷ་མཆོག་ཁྱོད། བསྐལ་པ་བརྒྱར་ཡང་མི་བཏང་ངོ༌། གསུངས་ཏེ། ཡི་དམ་གྱི་ལྷར་བཟུང་ནས། ཟླ་བ་བདུན་བསྒྲུབ་པ་མཛད་པས། པོ་སྟི་གླེགས་བམ་རྨི་ལམ་དུ་བྱུང་པ་དེ་རྣམས། མངོན་སུམ་དུ་ཡང་ཐོག་རྩེར་བབས་ཤིང༌། དེའི་བྱིན་རླབས་ཀྱིས་སྣང་བ་ཐམས་ཅད་དཔེ་ཆར་ཤར་བ་ཡིན་སྐད། དེར་རྒྱལ་པོས། པོ་སྟི་གླེགས་བམ་རྣམས་མ་བརྟགས་པས། རྟོགས་པར་འདུག་ན་དང༌། གདུལ་བྱ་ཟུ་ལུམ་ར་ཆོད་ཅན་རྣམས༌༌༌དག་པར་བྱ་བའི་ཕྱིར་དུ། མ་རྟོགས་པ་སྐད་མཛད་ནས། འཇིག་རྟེན་གྱི་ཁམས་ན། མཁྱེན་པ་སུ་ཆེ་དྲིས་པས། ཟ་ཧོར་གྱི་ཡུལ་ན། རྒྱལ་པོ་ཨུ་པ་ར་ཛ་མཁྱེན་པ་ཆེ་ཟེར་བ། དེའི་དྲུང་དུ། པོ་ཏི་གླེགས་བམ་རྣམས་བསྐུར་ནས། རྟོགས་པར་ཞུས་པས། ཡིག་འབྲུ་གཅིག་ཀྱང་བརྡའ་མ(༩༩.བ)ཁྲོལ། སྔར་གྱི་ལུང་བསྟན་དང་སྦྱར་ན། རྒྱལ་པོ་ཁྱེད་རང་གིས་རྟོགས་པར་འགྱུར་རོ། གསུངས་ནས། ཕྱིར་ཕུལ། ཡང༌། མཁྱེན་པ་ཆེ་བར་གྲགས་པ། སངས་རྒྱས་རིན་ཆེན་མང་གི་སྤྲུལ་པ། དགེ་སློང་ཀུ་ཀུ་ར་ཛ་བཞུགས་སར་བཏང་ནས། རྟོགས་པར་ཞུས་པས། དེས་སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བའི་ནང་ནས། རྡོ་རྗེ་སེམས་དཔའི་ཐུགས་བསྒྲུབ་པའི་ལེའུ་འམ། རྡོ་རྗེ་སེམས་པའི་ཞལ་མཐོང་གི་རྟོགས་ཏེ། ཟླ་བ་བདུན་བསྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱི་ངོས་ལས་བྱོན་ཏེ། རིགས་ཀྱི་བུ། སི་ཏི་ཅི་འདོད་གསུངས་པ་ལ། བསྟན་པ་དང༌། ཐེག་པ་མཐའ་དག་རྟོགས་པའི་དངོས་གྲུབ་ཞུ། ཞུས་པས། ཕྱག་ན་རྡོ་རྗེས་ལུང་བསྟན་པར་འགྱུར་གྱི་གསུངས་ནས། མི་སྣང་བར་སོང་སྐད་ཡང༌། ཟླ་བ་བདུན་བསྒྲུབ་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། རྡོ་རྗེ་ལན་གསུམ་སྤར་ཏེ། སྤོང(༡༠༠།ན)ལེན་བརྟུལ་བཞུགས་སྤྱོད་པའི་དབང༌། དགེ་བས་བསྐུལ་ན་སྡིག་པ་མེད། རྩོལ་བ་དང་བཅས་པ། མཚན་ཉིད་ཀྱི་ཐེག་པ་སྤངས་ནས། རྩོལ་བ་མེད་པ། གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ། དོན་གྱི་བསྟན་པ་དང༌། ཐེག་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། ཚིག་གིས་བསྟན་པ་དེ་དབང༌། དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བསྟན་ཏོ། དེའི་བཀའ་བཞིན་བསྒྲུབས་ཤིང༌། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ལ། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེ་ནས། དགེ་སློང་ཀུ་ཀུ་ར་ཛས། བསྐལ་ལྡན་རྒྱལ་པོ་ཛ་ལ་གསུངས། ཏནྟྲ་སྡེ་ཆེན་བཅོ་བརྒྱད་ལ། སྐུའི་རྒྱུད་གསུམ་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་ཆེ་རབ་འབོག གླང་པོ་ཆེ་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ། ཐུགས་རྒྱུད་གསུམ་ནི། གསང་བ་འདུས་པ། རི་བོ(༡༠༠.བ)བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩིའི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། འཕྲིན་ལས་ཀྱི་རྒྱུད་གསུམ་ནི། སྐར་མ་མ་ལེ། སྒྲོན་མེ་འབར་བ། ཀི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་རྒྱུད། སྒྱུ་འཕྲུལ་དྲ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞབས་པའི་རྒྱུད་དོ། དེ་རྣམས་རྒྱལ་པོ་ཛས། སིདྷ་ར་ཛ་ལ། དེས་སྲས་མོ་མགོ་མ་ས་ལ། དེ་ནས་རིམ་པ་བཞིན། ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་ཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་ཏི། སློབ་དཔོན་སངས་རྒྱས་གསང་བ། དེས་སློབ་དཔོན་བི་མ་ལ་མི་ཏྲ་ལ་སོགས་པ། རྒྱ་གར་གྱི་པཎྜིཏ་ལྔ་རྒྱལ་ལ་གསུངས་པའོ། རྒྱ་གར་དུ། གསང་སྔགས་ཕྱི་རྒྱུད་དང༌། ནང་རྒྱུད(༡༠༡.ན)གཉིས་ཀ།།ཡོངས་སུ་རྫོགས་པར་མཁྱེན་ཞིང༌། གྲུབ་པ་བརྙེས་པ། གྲགས་ཐོན་པ་བྱོན་ཚུལ་ནི། ཆོས་མཛོད་རྣམ་བཤད་ཉི་མའི་འོད་ཟེར་ལས། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་བཅུ་གཉིས་ན། སྐལ་ལྡན་རྒྱལ་པོ་ཇ་བྱོན། ལོ་ལྔ་བརྻ་ན། འཇམ་དཔལ་བཤེས་གཉེན་ལོ་སྟོང་ན། འཇམ་དཔལ་བཤེས་གཉེན་ཕྱི་མ་ལོ་བྱེད་དང་ཉིས་སྟོང་ན། སློབ་དཔོན་པདྨ་འབྱུང་གནས་ལོ་ཉིས་སྟོང་ལྷག་ནས་ཤྲཱིསིདྷི་རྣམས་བྱོན། དེ་རྣམས་ཀྱི་རིང་ལ། གསང་སྔགས་ཕྱི་ནང་ཆོས་གྲྭའི་མཁས་པ་ལྔ་བརྒྱ། མཁས་མཆོག་ཉི་ཤུ་རྩ་གཅིག གྲུབ་པ་ཐོབ་པ་བཅོ་བརྒྱད་ལ་སོགས་པ། མང་དུ་བྱོན་པའི། དེ་རྟིང། བོད་དུ་གསང་སྔགས་རྩོ་རྗེ་ཐེག་པའི་བསྟན་པ་འབྱུང་ཚུལ་ནི། ཆོས་མཛོད་རྣམ་བཤད་ལས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་རིང་ལ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་ས་འདུལ་ལ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ(༡༠༡.བ)ནས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ཏེ། དེས་བཀའ་བརྒྱད་ཡོངས་རྫོགས་ལ་སོགས་གསུངས་པ་རྣམས་ལ། བོད་དུ་གསང་སྔགས་ཀྱི་བབས་དང་པོའོ། །དེ་རྟིང༌། རབ་གནས་ཀྱི་དུས་སུ། ཤནྟིང་གར་པབྱོན་ནས། ཀྲི་ཡའི་རྒྱུད་གསུངས་པ་ལ་སོགས་ལ། བབས་གཉིས་པའོ། །དེ་ནས་ལོ་ཙཱ་བ་གཙང་ཐིག་ལེནྟ་དང༌། བྲན་ཀ་མུརྟིང། འཇམ་དཔལ་གོ་ཆ་གསུམ་པོས།་གངས་ཏི་སི། སློབ་དཔོན་སངས་རྒྱས་གསང་བ་ལ། རྣམ་སྣང་བྱང་ཆུབ་པའི་རྒྱུད་ལ་སོགས་ཞུས་ནས་སྤེལ་བ་ལས་གསུངས་པ་ལ། བབས་གསུམ་པའོ། །དེ་རྟིང༌། རྔོགས་ཀྱི་ལོ་ཙཱ་བ་དང༌།་སད་མི། མི་དྲུག་བྱུང་བ་ནི། སྣུབས་ནམ་མཁའི་སྙིང་པོ།་འབྲེ་རྒྱུས་བའི་བློ་གྲོས།་ཏུ་གོང་བཏྱི་ར་ད། གྲུ་གུ་ཨུ་པེ་ཤ གླང་དཔལ་གྱི་སེང་གེ ལང་འགྲོ་དཀོན་མཆོག་འབྱུང་གནས་རྣམས་ཀྱིས།་རྒྱ་གར་དུ། སློབ་དཔོན་ཧཱུཾ་མཛད་གྲགས་པ་ལ། ཡང་དག་གི་རྒྱུད་པ(༡༠༢.ན)སོགས་ཞུས་ནས། དར་བར་བྱས་པ་ལ། བབས་བཞི་པའོ། །དེ་ནས་མཁས་པ་བཻ་རོ་ཙཱནས། འཇམ་དཔལ་རྒྱུད་སྡེ་དཔག་མེད་བསྒྱུར་བ་ལ་སོགས་རྣམས་ལ། བབས་ལྔ་པོའོ།༌།རྒྱལ་པོ་ཁྲིལྡེ་སྲོང་བཙན།་ལད་ན་སེགས་འཇིང་ཡོན་གྱི་སྐུ་རིང་ལ། ཁ་ཆེ་ཛི་ན་མི་ཏྲ་དང༌།་དྷརྨ་ཀ་ར་དང༌། ཤི་ལེན་ཏྲའོ་དེ་ལ་སོགས་པ་རྣམས་སྤྱན་དྲངས་ནས། ཞུ་ཆེན་གྱི་ལོ་ཙཱ་བ། ཀ་ཅོག་ཞང་གསུམ་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ལྡན་མ་རྩེ་མངས་ལ་སོགས་པ་མང་པོས། གསང་སྔགས་སྐུ་གསུང་ཏུགས་ཀྱི། རྒྱུད་ཕལ་ཆེར་བསྒྱུར་པ་ནི། བབས་དྲུག་པའོ། །ཆོས་རྒྱལ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐུ་ཏིང་ལ། དྲི་མེད་གཤེས་གཉེན་སྤྱན་དྲངས་ནས།་ལོ་ཙཱ་བ་མཁས་པ་མི་དྲུག་བྱ་བ་ནི། གཡུ་སྒྲ་སྙིང་པོ་ཀུ་མདར།་དྲན་པ་ནམ་མཁའ་རིན་ཆེན་མཆོག དྲན་ཡེ་ཤེས་རྒྱལ་བྱང་རྣམས།་དེ་བས་སྔར་ཕན་གྱི་འགྱུར་སྣ་ཚོགས་པཐམས་ཅད། རྒྱ་གར་གྱི་སྐད་ཞེ་གཅིག(༡༠༢.བ)ཏུ་བསྒྱུར། གཞུགས་མ་ཚང་པ་རྣམས་ཚང་པར་བྱས།་སྐད་གསར་བཅོས་ཀྱིས་གཏན་ལ་ཕབ་སྟེ།་སེམས་ཀློང་དང༌། སྒྱུ་འཕྲུལ། མདོ་ལུང་ལ་སོགས།་རྒྱུད་ཕྲ་རགས་མང་པོ་བསྒྱུར་བ་ནི།་བབས་བདུན་པོ། །མཐར་བོད་རྒྱལ་གླང་དར་མས། བསྟན་པ་སྣུབས་རྗེས་ལ། ཕྱི་དར་གྱི་སྐབས་སུ། རྨ་སྙེགས་ཀྱ་སློབ་མའི་སློབ་མ། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནས།་ལོ་ལྔ་བཅུ་རྩ་བཞི་ལོན་ནས་ཀྱང། བོད་ན། སྔར་ཡོད་པའི་གསང་སྔགས་ཀྱིས་ཐུགས་མ་ཚིམ་པར། བལ་པོར་བྱོན།རྒྱལ་པོ་བྷ་སུ་དྷ་ར་ྡང༌།རྒྱ་གར་དུ་ཨརྱ་གསལ་རྒྱན་དང༌། རོམ་པོ་ཛུ་ཡ་ཙནྟྲ་ལ་སོགས་དང་མཇལ། གསང་སྔགས་བསྟན་བསྲུངས་ཕྱི་ནང་གསང་གསུམ་བསྒྱུར་བ་ནི། བབས་བརྒྱད་པའོ། །སངས་རྒྱས་ཡེ་ཤེས་ཡིན་པོ་ཆེས། རྒྱ་གར་ནས་བྲུ་ཞའི་ཡུལ་ཏུའང་བྱོན། དེའི་པཎྜིཏ་དྷ་ན་ར་ཀྵིཏ་དང༌། ལོ་ཙཱ་བ་མེ་བཙན(༡༠༣.ན)སྐྱེས། འཁམས་པ་དར་མཁར་དང་བཅས་པ་ལ། དགོངས་འདུས། བྲུ་ཞའི་སྐད་དུ་བསྒྱུར་ཅིང༌།དེ་རྒྱ་གར་སྐད།་མཐར་བོད་སྐད་དུ་བསྒྱུར་བའོ། །སྤྱིར་ཁོང་གིས། རྒྱ་བལ་གྱི་ཡུལ་དུ་ལན་བདུན་གྱི་རིང་ལ་བྱོན། གསང་སྔགས་ཕྱི་ནང་གི་རྒྱུད་མཐའ་དག་བླངས་ནས། དར་བར་མདད་པས། སྐུ་དྲིན་ཤིན་ཏུ་ཆེའོ། །སྤྱི་ཁྱབ་ཏུ། བོད་དུ། གསང་སྔགས་ཕལ་ཆེ་བའི་བབས་ནི་གསུམ་དུ་བཤད་དེ། དང་པོ། སློབ་དཔོན་པདྨ་བར་དུ་བཱཻ་རོ་ཙཱ་ན། མཐར། གནུབས་སང་རྒྱས་ཡེ་ཤེས་རིན་པོ་ཆེ་རྣམས་ལ་ཟེར་བ་མང་ངོ། །ཡང་གསལ་བྱེད་མུན་ལེལ་ལས། གསང་སྔགས་གསར་རྙིང་གི་གོ་དོན་ནི། ཁ་ཅིག་ནེ་རེ། རྡོ་རྗེ་གདན་ནས་བསྒྱུར་བ། གསར་མ་ཡིན་ལ། ཨུ་རྒྱན་ནས་བསྒྱུར་བ་རྙིང་མ། མཁའ་འགྲོ་ནས་བསྒྱུར་བ་གསརཎ་མ། རིག་འཛིན་བསྒྱུར་བ་རྙིང་མ་ཡིན་ཟེར། ཁ་ཅིག་ཚད་མེད་པ་བཞི་དང༌།་བདུན་རྣམ་དག་བཀོད་པས།་རྒྱུའི་རྡོ་རྗེ་འཆང(༡༠༣.བ)ལས། འབྲས་བུའི་རྡོ་རྗེ་འཆང་དུ་བསྒྱུར་བ་འདུག་ན། དེ་གསརཎ་མ་ཡིན་ལ། འབྲས་བུའི་རྡོ་རྗེ་འཆང་དེ།་ཕལ་ཆེར་ཡོངས་རྫོགས་སུ་གྲུབ་པའི་གུ་གཞུང་དེ། རྙིང་མ་ཡིན་ཟེར། རྡོ་རྗེ་འཆང་གིས་གསུངས་པ་གསར་མ་ཡིན་ལ། ཀུ་ཏུ་བཟང་པོས་གསུངས་པ་རྣིང་མ་ཡིན་ཟེར་ཏེ།་དེ་རྣམས་ཐམས་ཅད་ལ་རྒྱུ་མཚན་དང་ངེས་པ་བཞག་ཏུ་མེད་ལ། ཁྱད་པར་ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་ངོ་གཅིག་ཡིན་པ་ལ། གཉིས་སུ་འབྱེད་པ་ཤིན་ཏུ་མི་འཐད་དོ།༌།དེ་ཡང༌། གནས་ལུགས་ལ་མཚན་གསོལ་བས། ཇོ་བོ་ཉིད་ཀྱི་སྐུ་ཞེས་བྱ། སྤྱོད་ཡུལ་ཡོངས་སུ་དག་པ་ལ། མཚན་གསོལ་བས། ཀུན་ཏུ་བཟང་པོ་ཟེར། ཏིགས་ལ་མཚན་གསོལ་པས། རྡོ་་རྗེ་འཆད་ཟེར། ཡེ་ཤེས་ཀྱི་གྲངས་ལ་མཚན་གསོལ་བས། རྒྱལ་བ་དྲུག་པའ་བདག་ཉི་ཟེར་རོ། །མདོར་ན། རྙིང་མའི་རྒྱུད་སྡེ་མང་པོ་ནའང། རྡོ་རྗེ་འཆང་གིས་གསུངས(༡༠༤.ན)ཟེར་བ་ནང་པོ་ཡོད་ཅིང། གསར་མའི་རྒྱད་སྡེ་མང་པོ་ནའང། ཀུན་ཏུ་བཟང་པོས་གསུངས་བྱ་བ་མང་པོ་ཡོད་པས་ན། བོད་དུ། འགྱུར་སྔ་ཕྱི་ལ། གསང་སྔགས་གསར་རྙིང་གི་མང་བཏགས་པ་ཙམ་མོ། །བོད་དུ་ལྷ་བླ་མ་ཡེ་ཤེས་འོད་ཡན་གྱི་འགྱུར་རྣམས་ལ། སྔ་འགྱུར་རྙིང་མ་ཟེར། ལོ་ཆེན་རིན་བཟང་མན་གྱི་འགྱུར་རྣམས་ལ། ཕྱི་འགྱུར་གསར་མ་ཟེར་བའོ། །རྒྱ་གར་ན་གསང་སྔགས་གསར་རྙིང་བྱ་བ་མེད།འདི་བཅོས་མ་ཡིན་ཟེར་ཏེ། རྒྱ་གར་ན། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཟེར་བ་མ་གཏོགས། གསང་སྔགས་གསར་རྙིང་གི་དབྱེ་བ་མེད་དེ། ཚིག་དོན་ལ་བཅོས་མེད་པ་ཡིན་ནོ། ཏྙིང་མ་སྔ་འགྱུར་དུ་གྲགས་པ་འདིའི་བསྟན་པ་རྒྱུད་ཚུལ་ཆེན་པོ་གསུམ་ལ་བརྟེན་ནས།་ད་ལྟ་ཡན་ཆད་དུ་དར་ཞིང་རྒྱས་པའི་ཚུལ་ནི། དང་པོར་སྙེགས་ཛྙ་ན་ཀུ་མ་ར་ལ། བཀའ་སྐྱེད་རྫོགས་གསུམ་ཀའི་ཆུ་བོ་བཞི་དུས་ལ་བབས། གཉིས་པ། གནུབས་(༡༠༤.བ)སངས་རྒྱས་ཡེ་ཤེས་ཡིན་པོ་ཆེ་དང༌། གསུམ་པ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། བཀའི་ཆུ་བོ་ཆེན་པོ་བཞི་བབས་པ་ཡིན་པས། རང་གི་ཆོས་ལུགས་ད་ལྟའང་ཟམ་མི་ཆད་པའོ། བོད་ཡུལ་ལ། ཐུབ་པའི་བསྟན་པ་སྤྱི་གང་ལ་འཕེལ་འགྲིབ་བྱུང་བར་བྱེད་ནའང༌། གསང་སྔགས་ཀྱི་ཆོས་འདི། བོད་རྒྱལ་གླང་དར་མས། བསྟན་པ་བསྣུབས་པའི་རང་བཞིན་ལའང༌། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་སོགས་གྲུབ་པ་ཐོབ་པ་དངོས་སུ་བཞུགས་པས་ན། བསྟན་པ་རྒྱུན་མ་ཆད་པར་གནས་པར་སེམས་སོ། ཡང་རྒྱུད་སྡེའི་ཁོག་དབུབ་ལས། མངའ་བདག་ཁྲི་རལ་གྱིས་མཁན་པོ་ཀླུའི་དབང་པོ་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཉང་སོ་ཀླུའི་དབང་ཕྱུག་རྣམས་རྒྱ་གར་ལ་བརྫངས། སློབ་དཔོན་བྷི་མ་ལ་མི་ཏྲ་སྤྱན་དྲངས་ནས། བསམ་ཡས་སུ་ལོ་ཙཱ་བ་སྙེགས་ཀུ་མ་རས། མདོ་དང་སེམས་ཕྱོགས་བསྒྱུར། ཨཙརྱ་སྨ་རིན་ཆེན་མཆོག་གིས། (༡༠༥.ན)མཚན་ཉིད་དང༌། སྒྱུ་འཕྲུལ་བསྒྱུར། དེའང་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱུད་པ། འཕྲིན་ལས་རྫོགས་པར་སྟོན་པ། སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ། སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ། སྒྱུ་འཕྲུལ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ། འཛམ་དཔལ་སྒྱུ་འཕྲུལ་དྲ་བ་ཆེ་པོ། །དམ་ཚིག་མཆོག་ཏུ་སྟོན་པ། སྒྱུ་འཕྲུལ་ལེ་ལག་དང་བརྒྱུད་དོ། །བཤད་རྒྱུད་སྡེ་བཞི་ལ། གྲོལ་ལམ་རིམ་དང༌། གྲོལ་ལམ་རིམ་དང༌། གཅིག་ཆར་སྟོན་པ། ཡེ་ཤེས་སྙིང་པོ་དང༌། རྡོ་རྗེ་མེ་ལོང་གཉིས། ཐབས་ལམ་རིམ་དང༌། གཅིག་ཆར་སྟིན་པ། སྒྱུ་འཕྲུལ་ཐལ་མ་དང་རྒྱ་མཚོ་གཉིས། བཞིའོ། །དེ་རྣམས་ལས།་བཤད་རྒྱུད་སྡེ་བཞི་མ་གཏོགས་པ་རྣམས། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས(༡༠༥.བ)གཙུག་ཏུ་རིན་ཆེན་གཞོན་ནུ་དང༌། གྱེ་རེ་མཆོག་སྐྱོངས་ལ་བཤད། དེ་ཉིད་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང༌། ཞང་རྒྱལ་བའི་ཡོན་ཏན་ལ་བཤད། དེ་གཉིས་མཁས་ནི་དར་རྒྱས་མཁས། བླ་མ་ཡང་གང་ཟག་ཡིན་པས། བརྟགས་ལ་བྱ་གསུངས་ནས། བླ་མའི་བཀའ་ཇི་ལྟ་བ་བཞིན་མཛད་པས། བཀའ་ཡོངས་གྲགས་པར་གྲགས། འགྲོ་ཕན་ཆེར་མ་བྱུང༌། ཞང་རྒྱལ་བས་ནི། བླ་མའི་བཀའ་བཞིན་མཛད་པས། བཀའ་མཆིམ་ཕུ་བར་གྲགས། འགྲོ་ཕན་ཤིན་ཏུ་ཆེ་བར་བྱུང་བར་སྐད། འཆིམས་ཕུ་བའི་ལུས་ནི། ཞང་ལ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། སྒྱུ་འཕྲུལ་སྡེ་བརྒྱད་གསན་ནས། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་མ་གཏོགས་པ་རྣམས། སོ་ཡེ་ཤེས་དབང་ཕྱུག་ལ་གསུངས། དེས་ངབ་ཐུང་བྱང་ཆུབ་རྒྱལ་མཚན་ལ། དེས་རྐོང་བཙུན་ཤེས་རབ་ཡེ་ཤེས་ལ། དེས་གཙང་གི་ར་ངཐུང་པ་ཤེས་རབ་ཚུལ་ཁྲིམས་ལ། དེས(༡༠༦.ན)ཉང་ཤེས་རབ་མཆོག་ལ།་དེས་ཉང་ཡེ་ཤེས་འབྱུང་ལ། དེས་ལྷ་རྗེ་འུག་པལ་གསུངས་པའོ། །ཡང་ལུགས་གཅིག་ལ། གནུབས་སངས་རྒྱས་ཡེ་ཤེ་ཡིན་པོ་ཆེས།་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ། དེས་སྲས་ཡེ་ཤེས་རྒྱ་མཚོ་ལ། དེས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ།་དེས་འབངས་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་ལ་གསུངས། རྩེ་མོ་བཞི་ནི། ར་སའི་ཞང་མགོས་ཆུང་བ། མཁྱེན་རྒྱའི་རྩེ་མོ། ཤངས་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ། བསྒོམ་བསྒྲུབ་ཀྱི་རྩ་མོ། སྤན་གྱི་མི་ཉག་འབྱུང་གྲགས། བཤད་པའི་རྩེ་མོ། ཐག་གི་བདེ་གཤེགས་རྒྱལ་པོ་བ། ལྟ་དགོངས་ཀྱི་རྩེ་མོའོ། །རྩེ་ཁོག་གཅིག་ནི། ཟུར་ཆུང་ཤེས་རབ་གྲགས་སོ༌།བདེ་གཤེགས་ཟུར་པོ་ཆེས། ཐུགས་དམ་དུ་སྲམ་པ་བསྒྲུབ་ཁང་བརྩིགས། རྒྱུའི་ཧེ་ཏུ་ཀ་ཞལ་གཅུག་ཕྱག་གཉིས་པ་གཚོ་འཁོར་རྣམས་བཞེངས། བླ(༡༠༦.བ)མ་དེའི་ཡོན་ཏན་ཐུགས་ལ་མངའ་བ་ཐམས་ཅད། ཟུར་ཆུང་ཤེས་ཏབ་གྲགས་པ་ལ། བུམ་པ་གང་བྱོའི་ཚུལ་དུ་གནང་ཞུང་ གྲུབ་པ་ཐོབ་པའི་གང་ཟག་ཆེན་པོར་གྲགས་སོ། །དེ་ལ་སློབ་མ་ཀ་བ་བཞི་གདུང་མ་བརྒྱད། གདུང་བྲན་སུམ་ཅུ་རྩ་གཉིས། ཡུས་པོ་ཆེ་མི་གཉིས་ལ་སོགས་མང་དུ་བྱུང་ངོ། །ེའི་ཀ་བ་བཞི་ནི། གོང་བུའི་སྐྱོ་སྟོན་ཤེར་ཡེ་ཤེས་རྫོགས་ཆེན་གྱི་ཀ་བ། ནག་མོ་རི་སེབ་ཀྱི་བརྡ་རིག་ཆོས་ཤག་འཕྲིན་བསྒྲུབ་ཀྱི་ཀ་བ། སྐྱེད་ལུང་གི་ཡང་གྱེད་བླ་མ་མདོའི་ཀ་བ། ཆུ་བར་གྱི་རླན་ཤཱཀྱ་བཟང་པོ་སྒྱུ་འཕྲུལ་གྱི་ཀ་བའོ། །གདུང་མ་བརྒྱད་ནི། སྣ་ནམ་གྱི་གནུབས་སྟོན་བག་མ། ཆུ་སྒོའི་ལ་ཐོག་བྱང་འབར། ནེ་སེར་གྱི་སྐྱ་ཆོས་སེང། དབུས་པ་ས་འཐོར་ར། རྩེ་འབྲོམ་བྱང་དཔལ། བྱང་པ་ཟླ་གྲགས། བཙག་བླ་མ། རླན་ཉ་ཚལ་བ་རྣམས་སོ། །ཡུས་སོ་ཆེའི་མི་འདྲ་གཉིས་ནི། བྷ་སྒོམ་དིག་མ་དང༌།་བོན་བསྒོམ་དོ་པོའོ། ལྷ་རྗེ་ཟུར(༡༠༧.ན)ཆུང་གི་སྲས། ཤཱཀྱ་རྡོ་རྗེ་རྒྱལ་མཚན་དང༌། ཤཱཀྱ་སེང་གེ་གཉིས་ལས། ཤཱཀྱ་སེང་གེས། ཡབ་ཀྱ་སློབ་མ། ཀ་བཞི་གདུང་བརྒྱད་ཀུན་ལ་གསན་ཀྱང། གཞུག་བྲ་རླན་ཉ་ཚལ་བ་ལ་གཏུགས་སྐད། ལྷ་རྗེ་ཤཱཀྱ་སེང་གེས། སྒྲོ་ཕུག་བཟུང་བའི་དུས་སུ། སློབ་མ་མང་དུ་བྱོན་ཡང༌། དེ་རྣམས་ཀྱི་ནང་ནས། བུ་ཆེན་ནག་པོ་བཞི། སྟོན་པ་བཞི། མེས་བཞི་བྱ་བ་བྱུང་བ་ལས། ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། བརྒྱ་ནག་སྐྱི་མཁར་བ། ཉང་ནག་རྡོ་པོ། ལྕེ་ནག་དཔལ་ཡོང་ངོ། སྟོན་པ་བཞི་ནི། ཉེ་སསྟོན། ཞང་སྟོན། གྱབས་སྟོན། རྒྱས་སྟོན་ནོ། །མེའམ་ མེས་བཞི་ནི།་གཙང་པ་བྱིས་སྟོན། གཡང་སྟོན་ཧོར་པོ། སྤོང་སྟན་ལྕགས་དཀྱུ། དབུས་པ་ཆོས་སེང་རྣམས་སོ། གཙང་པ་བྱིས་སྟོན་དང༌། སློབ་དཔོན་ཉེས་སྟོན་གཉིས་ཀྱིས་སློབ་དཔོན་གཙང་ནག་འོད་འབར་ལ་གསུངས། དེས་བླ་མ་གཡང་སྟོན་སངས་རྒྱས་དཔལ་ལ།་དེས་(༡༠༧།བ)རྒྱ་གབ་གོང་པ་ལ། དེས་བླ་མ་དཔའི་ཤག་འོད་དང༌། བླ་མ་སྣ་བཞི་པའི་སྲས་གཡུང་སྟོན་ཆོས་མགོན་ལ། དེས་བླ་མ་བྷ་སྟོན་གཟི་བརྗིད་ལ། དེས་བདག་གཡུང་སྟོན་རྡོ་རྗེ་དཔལ་ལ། དབང་བཀའ།་བཤད་བཀའ། ལུང་བཀའ་རྣམས།་གདམས་ངག་ཕྱག་ལེན་དང་བཅས་པ་གནང་བ་ལགས་སོ། །ཡང་ལུགས་གཅིག་ལ། གཙང་ནག་གི་མེས་སྟོན་མགོན་པོ་ལ་བཤད། དེས་བླ་མ་དཔག་ཤི་བ་དང༌། བླ་མ་རྟ་ནག་པ་བདུད་འདུལ་ལ། དེས་མདའ་ཤཱཀྱ་འཕེལ་ལ། དེས་ཟེར་བྱམས་པ་སེང་གེ་ལ་གསུངས། དེ་གཉིས་ཀ་ལས། བདག་གཡུང་སྟོན་རྡོ་རྗེ་དཔལ་གྱིས་ཚར་མང་དུ་ཐོས་པ་ལགས་སོ། །རྡོ་རྗེ་ཐེག་པའི་བྱོན་ཚུལ་འདི་བྲིས་པས། །གསང་སྔགས་དར་ཞིང་རིགས་སྔགས་རྒྱས་པ་དང༌། །གཟུངས་སྔགས་མཐུ་དང་རབ་ལྡན་འགྲོ་དྲུག་ཀུན། །སྙིང་པོ་ཀུན་བཟང་ཡབ་ཡུམ་མྱུར་ཐོབ་ཤོག།། །(༡༠༨.ན)བོད་ཀྱི་བསྟན་པ་ཕྱི་དར་ལ་མཁས་སྒྲུབ་དང་དགོན་སྡེ་བྱུང་ཚུལ། བོད་དུ་བསྟན་པ་ཕྱི་དར་ལ།་མཁས་གྲུབ་དང༌། སྡེ་དགོན་བྱུང་ཚུལ་བཞུགས་སོ། ཨེ་མ་ཧོ། ཆོས་རྒྱལ་ཆེས་དབོན་མཁྱེན་བརྩེའི་ནམ་མཁའ་ལས། །ཐུབ་བསྟན་ཉི་མས་བོད་ཡུལ་གསལ་བའི་དུས། །སྡིག་རྒྱལ་དར་མའི་སྒྲ་གཅན་གདོང་པ་ཡིས། །ཆུ་མོ་ཕག་ནས་དྲུག་ཅུ་རྩ་བརྒྱད་བར། །མུན་པའི་རྒྱལ་ཁམས་བཞིན་དུ་ནག་པོར་སྒྲིབ།་བོད་ཁམས་ཕལ་ཆེར་བསྟན་པའི་སྒྲ་མི་གྲགས། །བསྟན་འཛིན་ཐམས་ཅད་གབ་དང་འབྲོས་དགོས་བཅོམ། །དབུས་གཙང་མཐིལ་དུ་ཆོས་མིན་སྣ་ཚོགས་དར། །རྒྱལ་ཁྲིམས་ཆེན་པོའང་རང་ཁ་བསོལ་བུར་ཐལ། །དེ་ལ་རྒྱལ་བ་རྣམས་ཀྱིས་མ་བཟོད་པར། །མངའ་བདག་ཚྭ་ལ་ན་ཡི་ཐུགས་རྒྱུད་བསྐུལ། །བླ་ཆེན་སྤྱན་སྔར་ཆོས་ཞུ་རིམ་པར་བརྫངས། །བསྟན་པའི་མེ་རོ་སྨད་ནས་བླངས་ཚུལ་དང༌། །ཕྱི་དར་བྱུང་བར་འབྱུང་ལུགས་འདི་ལྟར་སྣང། །ཞལ་ལུ་མུ་སྟོན་ཆེན་པོའི་ཆོས་འབྱུང་ལས། །བོད་ཡུལ་ཁ་བ་ཅན་གྱི་ལྗོངས་འདིར། སངས་རྒྱས་ཀྱི་བསྟན་པ་ཕྱི་དར་བྱུང་ཚུལ་ནི། (༡༠༨.བ)སྡིག་རྒྱལ་གླང་དར་མ་འདི་ཉིད། ཆུ་མོ་ལུག་ལོ་པ་ཡིན་ལ། སུམ་ཅུ་སོ་དགུ་ལོན་པའི་དུས་སུ། མངའ་བདག་ཁྲི་རལ་གྲོངས་ནས། ཁོང་གིས་རྒྱལ་སྲིད་བཟུང། ལོ་གཉིས་རྒྱལ་པོ་ཚུལ་བཞིན་བྱས། ཆུ་མོ་ཕག་གི་ལོ་གཞུག་ནས། ཐུགས་ལ་གདོནགསོལ་བ་དང།་བློན་པོ་རྒྱལ་ཏོ་རེ་སྟག་རྣ་ཅན་ལ་སོགས། སྡིག་ལ་དགའ་བ་རྣམས་ཀྱི་བསྒྱུར་ནས། སྔར་ནུ་བོ་ལ་རྒྱལ་སྲིད་བསྐོས་པའི་སྙིང་ནད་བྱས། བོད་དུ་སངས་རྒྱས་ཀྱ་བསྟན་པ་བསྣུབས་ལོ་ཕྱེད་དང་བཞིར། སྡིག་རྒྱལ་ཁོ་ན་བྱས། ཞེ་བཞི་ལོན་པ། མེ་ཕོ་སྟག་ལོའི་དུས་ལྷ་ལུང་དཔལ་གྱི་རྡོ་རྗེས། ལྷ་སའི་རྡོ་རིང་རྩ་རུ་རྒྱལ་པོ་གླང་དར་མ་དཀྲོངས་སོ། །དེའི་དུས་སུ། འཇད་ཀྱི་གྱེལ་མི་གཙང་རབ་གསལ་དང༌། བོ་དོང་པ། གཡོར་དགེ་འབྱུང༌། སྡོད་ལུང་པ། དམར་ཤཱཀྱ་མུ་ནེ་དང་གསུམ་པོ། དཔལ་ཆུ་བོ་རི་ལ། སྒོམ་ཞིང་ཡོད་པ་ལ། བཙུན་པས་ཁྱི་ར་བྱེད་པ་མཐོང་སྟེ། དྲིས་པས། (༡༠༩.ན)རྒྱལ་པོས་བསྟན་པ་སྣུབས་པར་ཤེས་ཏེ། འདུལ་བའི་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས། མངའ་རིས་སྟོད་དུ་བྲོས། གར་ལོག་མ་བྱས། ཧོར་ཡུལ་དུ་ཕྱིན་ནས། སྐད་རིགས་མ་གཅིག་པའི་ས་ཆར་བསྟན་པ་་དར་བྱ་སྙམ་པ་ལ། ལོ་ཙཱ་མེད་པས་དར་བར་མ་ནུས་ཏེ། མདོ་སྨད་ལྷོ་ངོས་ཀྱི་བེ་ར་ཚ་མཚོ་ན་ཚུར་བྱུང་ནས། རྨ་ལུང་རྡོ་རྗེ་བྲག་ར། ཨན་ཆུང་གནམ་རྫོངས། དན་ཏིག་ཤེལ་གྱི་ཡང་དགོན་དུ་སླེབས། སྒོམ་ཞིང་ཡོད་པ་ལ། སྨ་ཆུ་ཁའི་ཕྱུགས་བརྫིས་མཐོང་ནས། ཡུལ་མི་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ། མོས་པར་སྤྱོད་པའི་ས། དཔལ་མུ་ཟུ་གསལ་འབར་བྱ་བས་ལྟར་ཕྱིན་པས། དད་ནས། རབ་ཏུ་བྱུང་བར་ཞུས་པ་ལ། འདུལ་བའི་པོ་ཏི་བསྟན་ནས་འདི་ལ་ལྟོས། དད་ན་རབ་ཏུ་བྱུང་གསུངས། ལྟས་པས་ཤིན་ཏུ་ནས་དད་དེ། མཆི་མ་བྱུང་ངོ༌། དེར་གཙང་གིས་མཁན་པོ། གཡོས་སློབ་དཔོན་བྱས་ནས། དགེ་ཚུལ་གྱི་མིང༌། མཁན་སློབ་ལ(༡༠༩.བ)སྦྱར་ནས། དགེ་བ་གསལ་དུ་བཏགས་སོ། ཕྱིས་ཐུགས་རབ་ཆེ་བས། དགོངས་པ་རབ་གསལ་དུ་གྲགས། དེ་ནས་ལོ་གཅིག་སོང་བ་དང༌། བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་པའི་མི་ཡོང་གསུངས་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། ངས་རྒྱལ་པོ་བསད་པས་བྱར་མི་རུང༌། གཞན་ནས་རྩལ་གྱིས་གསུངས་ཏེ། རྒྱ་ནག་ཧ་ཤང་ཀྱི་ཝང་དང༌། གྱི་ཝན་བྱེ་བ་བཏང་བྱུང་པ་དང༌། སྔར་གྱི་མཁན་སློབ་ཀྱི་མཁན་པོ་དང༌། དམར་གྱིས་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་པོས་ཁ་སྐོངས་བྱས་ཏེ། ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱས་སོ། དེ་ནས་ལོ་ལྔ་ལོན་པ་དང་བསམ་ཡས་ནས། རྒྱལ་རྒྱུད་མངའ་བདག་ཚྭ་ལ་ན་ཡབ་ཀྱིས་མདོ་སྨད་ན་རབ་བྱུང་ཡོད་པའི་རྒྱུ་མཚན་ཚོར་ནས། དབུས་གཙང་གི་མི་ཤེས་རབ་དང༌། སྙིང་སུ་ཆེ་བ་རྣམས་ཆོས་འཚོལ་བ་ལ། ངེས་པར་གཏོང་དགོས་དགོངས་པར་ཤར་ཏེ(༡༡༠.ན)དབུས་ནས་གླགས་བ་ལམ་པ། ཀླུ་མེས་ཤེས་རབ་ཚུལ་ཁྲིམས། འབྲིང༌། ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔ། གཙང་ནས་གྱུར་མོ་རབ་ཁ་བ། ལོ་སྟོན་རྡོ་རྗེ་དབང་ཕྱུག་ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེངྒེ། མངའ་རིས་འོ་བརྒྱད་སྤུན་གཉིས། བོ་དོང་པོ། ཨུ་པ་དེ་དཀར་བ་དང་ལྔ་སྟེ། མི་བཅུ་ཁམས་ལ་བརྫངས་ནས། གཙང་གཡོ་དམར་གསུམ་ལ་བཀའ་དྲི་ཞུས་པས། གཙང་ན་རེ། ད་ང་རྒས་པས་མཁན་པོ་མི་སྐྱོངས། བླ་ཆེན་པོ་ལ་ཞུས་གསུངས་ནས། ཞུས་པས། ངས་བསྙེན་རྫོགས་བྱས་ནས་ལོ་ལྔ་ལས་མ་ལོན་པས། མཁན་པོ་མི་བཏུབ་བམ་གསུངས་པ་ལ། གཙང་ན་རེ། དམིགས་བསལ་ལ། བཏུབ་པར་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་དང༌། གཙང༌། གཡོས། ལས་སློབ་དང༌། གསང་སྟོན་བྱས། དམར་དང༌། ཧ་ཤང་གིས་ཁ་སྐོངས་བྱས་ཏེ། (༡༡༠.བ)ཐམས་ཅད་ཚིག་རྫོགས་བྱས་སོ། བླ་ཆེན་གྱི་ཞལ་ནས། ད་ཁྱེད་རྣམས་ཡར་སོང་ལ། དབུས་གཙང་དུ་བསྟན་པ་དར་བ་གཅིག་གསལ་ཆེ་བས། ལོ་སྟོན། མཐུ་ཆེ་བས་བསྙེན་བསྲུངས་གྱིས། ཀླུ་མེས། བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས། སྟོན་པ་གྱིས། འབྲིང་ཁ་བཀོད་མཁས་པས། གནས་གཞི་བཟུང༌། གསུངས་ནས། བྱིན་པོས་ཡར་ཡོང༌། ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཞིང་སྡད་དོ། དེའི་དུས་སུ། རག་ཤི་དང༌། སྦའི་གཅུང་གཉིས། ཕོ་བོ་གཉིས་པོ་བསུ་བ་ལ་ཡོང༌། ལྡན་སློང་ཐང་དུ་མཇལ་བ་དང༌། གཅུང་གཉིས་དང་དོང༌། ལོས་མཁན་པོ་དང༌། ཕོ་བོ་གཉིས་ཀྱིས་སློབ་དཔོན་བྱས་ནས། རབ་ཏུ་བྱུང་སྟེ། ད་ལྟ། སྦ་རག་གཉིས་གཅིག་ཏུ་སྡེབས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། དེ་ནས། ལོ་སྟོན་ན་རེ་ཁྱོད་ཚོ་འདི་ཀར་སྡོད་ཅིག ངས་དབུས་གཙང་དུ་ཕྱིན་ལ། བསྟན་པ་དར་ནུས་མི་ནུས(༡༡༡.ན)བརྟགས་པས། ནུས་ན་བསྡད་ཀྱི། ཁྱོད་རྣམས་ཡར་བྱོན། མི་ནུས་ན་ང་ཡང་མར་ལ་ལོག་ཡོང་གིས་གསུངས་ནས། ལྡན་མའི་ཚོང་དང་འགྲོགས་ཏེ་བྱོན་པས། ཚོང་པ་རྣམས། གསུམ་འཕྲང་དུ་ཚོང་སྤྲད་ནས། ཕྱིར་བཟློག་པར་འདོད་འདུག་པ་ལ། ཁྱོད་རྣམས་འདིར་ཚོང་མ་སྤྲད་པ། གཙང་དུ་སོང་ལས། འགུར་མོ་རབ་ཁ་བྱ་བ་ན། ལོ་ནག་གཙུག་སན་བྱ་བ་ཡོད་ཀྱི། དེ་ལ་ཁྱོད་ཀྱི་བུ་རབ་བྱུང་ནས། དབུས་ན་ཡོད་གྱིས་ཤིག་བྱས་ནས་བཏང་པས། འཕྲིན་འཕྲོད། ཚོང་ཡང་ལེགས་སུ་བྱུང་བས། དེང་སང་བར་དུ་འགུར་མོའི་ཚོང་འདུས་བྱུང་བ་འདིའང་ལོ་སྟོན་གྱི་དྲིན་ཡིན་ནོ། དེའི་ཕྱིས(ཕྱི)ལོ། ཀླུ་མེས་ཀྱིས་མཁན་པོ་ལ། ཁོ་བོ་དབུས་གཙང་དུ་འགྲོ་བས། མཆོད་པའི་རྟེན་གཅིག་ཞུ་བྱས་པས། བོན་པོའི་ཞྭ་འབོས་ཕོག་ནས། ས་སེར་པོ་བཏབ་པ་གཅིག གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལས། རྗེས་སུ་དྲན་པར་གྱིས་གསུངས། ཡར་བྱོན་བྱོན་ཏེ། ཐམས་ཅད་དབུས་སུ་འདུས་པ་དང༌།(༡༡༡.བ)སྔོན་མཁས་བཙུན་རྣམས་ཀྱི་གདན་ས་ལྷ་ས་ཡིན་ཡང༌། ཆད་པས་གཅོད་པའི་ས་ཡིན་པས། འགྲོ་མ་ནུས་པར་བསམ་ཡས་སུ་བྱོན། མངའ་བདག་ཚྭ་ལ་ན་ཡབ་སྲས་དང་མཇལ། སྡིག་རྒྱལ་གླང་དར་མས། ཆུ་མོ་ཕག་ནས་བསྟན་པ་སྣུབས། ཁོ་རང་གི་ལོ་མང་མ་ཐུབ་ནའང༌།དེའི་སྨོན་ལམ་ལོག་པ་དང༌། ལས་ངན་ཤུགས་ཆེ་བས། ལོ་དྲུག་ཅུ་རྩ་བརྒྱད་ཀྱི་བར་ལ་དབུས་གཙང་དུ་བཤད་བསྒྲུབ་དགེ་ལས་གང་གིའང་སྒྲ་མི་གྲགས་པ་བྱུང་སྟེ། ལྕགས་ཕོ་རྟ་ལོ་ལ། དབུས་གཙང་གི་མི་བཅུ་པོ་བསམ་ཡས་སུ་སླེབས། རྒྱལ་པོས་བཀུར་སྟི་དང༌། བྱ་དགའ་ཆེན་པོ་མཛད། བསྟན་པའི་མེ་རོ་སྨད་ནས་བླངས་ཏེ། ཉིན་མོ་ལྟར་གསལ་ཞིང་དར་རྒྱས་འཕེལ་བར་བྱས་པའོ། དེ་དུས་ཀླུ་མེས་ཀྱིས་ཀ་ཆུ་བཟུང༌། སྦ་མཆེད་ཀྱིས་སྦུ་ཚལ་དང་དབུ་རྩེ་བཟུང༌། རག་ཤི་མཆེད་ཀྱིས་དགེ་རྒྱས་བཟུང༌། འབྲིང་གིས་ཟངས་ཁ(༡༡༢.ན)བཟུང་ངོ༌། དེ་ནས་དབུས་པ་ལྔ་པོ་རང་ཅག་རྣམས་གནས་གཞི་བརྩིག་དགོས་གསུངས་ནས། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་བརྩིགས། དེ་ལ་མཁན་བུ་བཞི་བྱུང་བའི་གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་ཆེན་བརྩིགས། དེ་ལ(ལས)མཆེད་པ་ལ་ཐང་བསྐོར་ཟེར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས། ར་ཚག་དང༌། རྒྱལ་བརྩིགས། དེ་ལས་མཆེད་པ་ལ་ཞང་སྐོར་ཟེར། བརྡོག་བྱང་ཆུབ་འབྱུང་གནས་ཀྱིས། ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ། བཟང་གི་ལྡིང་བ་དང༌། ཆུ་ཤུལ་གྱི་ན་བོ་ཆེ་དང༌། སྦུས་སྡེ་ལྟོ་གོང་དང༌། ཡོལ་ཐང་དང༌། ལས་སོ་དང༌། གྲལ་མ་ཐང་དང༌། མཁའ་སྟག་པོ་གཉིས་རྣམས་བརྩིགས། དེ་ནས་གཙང་དུ། གཞུའི་ཀུན་དགའ་ར་བ་དང༌། ཚྭ་མིག་རྩིགས་ཀྱི་གཤོད་དུ། རྡོག་དང༌། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་གཡུས་སྒྲོ་ཁང་དམར་བརྩིགས་ཏེ། དེ་ལས་མཆེད་པ་ལས། རྡོག་ཚེ་སྐོར་ཟེར། རླན(༡༡༢.བ)ཡེ་ཤེས་ཤེས་རབ་ཀྱིས་རྒྱལ་གསར་སྒང་དང་གླགས་མདའ་ལྷ་ཁང་དང་མཚལ་ཆུ་གཉིས་བཟུང༌། དེ་ལས་མཆེད་པ་ལ(ལས)། རླན་ཚོ་སྐོར་ཟེར་རོ། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲེ་ས་ཐང་དུ་རྨེ་རུ་བརྩིགས་ཏེ། ཞིག་ནས་མཆེད་པའང་མེད་དོ། རག་ཤིས་ར་ཤི་འཕྲེང་འོག་གི་ལྷ་ཁང་བརྩིགས། སྦས། གཞུང་ཉ་མོ་འགྱུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང༌། དེའི་མཁན་བུ་མལ་སེམས་པ་ཤེས་རབ་ཀྱིས་སྟོད་ལུང་ཚ་ཐེག་བཞེངས། དེ་ནས་ཐག་མ་ལྷ་ཁང་དང༌། མོན་གྲ་བཟུང་སྟེ། དེ་ཚོ་ལ་སྦ་ཚོ་ཟེར་རོ། སྦའི་གཅུང་གིས་གྱེ་རེ་འཚར་སྣའི་མདའ་གྲོང་ལྷ་ཁང་བརྩིགས། དེ་ནས་བཞེའི་ཆང་ཁང་བཟུང༌། རག་ཤིས། ཀ་ཚལ་དང༌། ཞ་བཟུང༌། དེ་ལས་མཆེད་པ་ལ་རག་ཚོ་ཟེར་རོ། རག་ཤིའི་གཅུང་གིས་དགེ་རྒྱས་བཟུང༌། དེའི་མཁན་བུ་མཐའ་འརྒྱལ་འཕགས་ཀྱིས་ཀྱང་དེ་ཀ་བཟུང༌། (༡༡༣.ན)དེའི་མཁན་བུ་ཞང་བཙུན་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བརྩིགས། དེ་ལས་མཆེད་པ་ལས། རག་ཤིའི་གཅུང་གི་རྒྱུད་ཟེར་རོ། འབྲིང་གིས་ངན་ལམ་སྤྱི་མོ་བརྩིགས། དེ་ནས་སྐར་ཆུང་བཟུང༌། དེ་ནས་སྙེ་ཐང་བྲག་སྣ་བཟུང༌། དེའི་ལམ་བཏེགས་ལ། བྲང་ར་མོ་ཆེ་བརྩིགས། དེ་ལས་མཆེད་པ་ལས་འབྲིང་ཚོ་སྨད་པ་ཟེར་རོ། ངན་ལམ་པའི་ཚོ་ལ། འབྲིང་ཚོ་སྟོད་པ་ཟེར། ཀླུ་གོང་ནས་མཆེད་པ་ལ་འབྲིང་ཚོ་བར་པ་ཟེར་རོ། གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས་པ་དེ་ལ། མཁན་བུ་ཉི་ཤུ་རྩ་བཞི་བྱུང་བའི་རྒྱ་ཤཱཀྱ་གཞོན་ནུས། ལས་སྟོད་མར་ལ་ཐང་བརྩིགས། དེ་ལ་འབྲིང་འཚམས་ཀྱི་བུལ་རྡོག་ལྷག་ལྷ་ཁང་ལ་སོགས་གྱེས་པ་ལ། རྒྱ་མཚོ(ཚོ)ཟེར། སྐྱེ་ཤེས་རབ་རྡོ་རྗེས་དོན་མེ་རི་བརྩིགས་སྟོད་ཀྱི་དེ་ནས་མཆེད། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་བརྩིགས། དེ་ནས་མཆེད་པ་ལ་སྟག་ཚོ་ཟེར། ཨ(༡༡༣.བ)མེས་ཞུ་གཅིག་མས་འཕྲང་དང༌། བྲག་དམར་བཟུང༌། དེ་ནས་མཆེད་པ་ལ་ཞུ་ཚོ་ཟེར་རོ། འདར་ཤཱཀྱ་ཡོན་ཏན་གྱིས་གཟུགས་པོ་བཟུང༌། དེ་ནས་མཆེད་པ་ལ་འདར་ཚོ་ཟེར། ལོ་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས། དེ་ནས་མཆེད་པ་ལ་ལི་ཚོ་ཟེར་རོ། སྨད་ཀྱི་ལྔ་ལ། རྒྱན་གོང་མའི་སྐོར་དང༌། གླགས་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་ནས་མཆེད་པ་ལ་གླགས་ཚོ་ཟེར། ཆགས་པའི་གྷ་ཤེས་རབ་བླ་མས་སྙེམས་བརྩིགས། རྡོ་རྗེ་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས་ཏེ། དེ་གཉིས་ཀྱིས་སྐྱ་མ་ཐུབ་པས་གླགས་ཆོ་ལས་གཞན་མེད་དོ། གླང་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང༌། དེ་ནས་བུམ་ཐང་ཆགས་མགོ་སྟོན་ཁྲོལ་མ་ལ་སོགས་པ་ལ་ཚོ་སྟོད་སྨད་ཟེར་རོ། མགོ་མ་གཡུང་དྲུང་གིས་སྦྲེ་ལྷ་ཁང་བཟུང་ངོ༌། དེའི་མཁན་བུ། ལྕེ(༡༡༤.ན)བཙུན་ཤེར་འབྱུང་གིས་ཞལ(ཞ)ལུ་འ་མོ་བརྩིགས་ཏེ། རྒྱ་གར་དུ་བྱོན་ནས་སྡོམ་པ་བསྐྱར་ནས་བླངས། ཤུལ་དུ། མགོ་མ་གཡུང་དྲུང་གིས་ཞལ་ལུ་བཟུང༌། དེ་ལ་བུ་ཆེན་ཀ་བཞི་གདུང་དྲུག དེ་ལས་མཆེད་པ་ལ་ཞལ་ལུ་རྒྱ་སྐོར་ཟེར་རོ། ཀྱི་ཡེ་ཤེས་དབང་པོས་ཤངས་ཕུའི་མཁར་ལུངས་དང༌། གྱེ་རེ་གླང་ར། དེ་གཉིས་ཀྱི་ལམ་བཏེགས་ལ། མུ་ཤངས་ཀྱི་རོ་སྐམས་བརྩིགས། གླང་ར་ནས་མཆེད་པ་ལ་གླང་ར་སྐོར་ཟེར། ཉུག་གི་ཨུ་ལུང་ནས་གྱེས་པ་ལ་ཨུ་ཚོ་ཟེར། དེ་གཉིས་གཉིས་ལ། ཀྱི་ཚོ་སྨད་པ་ཟེར་རོ། གླང་ར་ནས་འཁྲིས་ཀྱི་ཁ་ཆད་དགོན་པ་བཟུང༌། ཨ་མེས་ཀྱི་མཁན་བུ་ཞང་སྟོན་ཚུལ་འཕགས་ཀྱིས་བྱ་ཀྱུས་བཟུང༌། ཨ་མེས་ཀྱི་མཁན་བུ། རྐོང་པོ་ཐར་པ་རིན་མཁན་བུ་བཞི་བྱུང་སྟེ། གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང༌། རྒྱལ་མཁར་སྟག་ལུང་བཟུང༌། དེ་ལས་མཆེད་པ་ལ་གཟུ་ཚོ་ཟེར། གཅེབཙུན་དཀར(༡༡༤.བ)མོས་ཨང་ཡིག་བཟུང༌། གཡུ་སྟོན་ཛ་ཀ་རི་པས་འོར་བཟུང༌། དེ་གཉིས་གཅིག་མོའི་སྐོར་དུ་སོང་ནས་མཆེད་པ་མེད། ཤབ་རྩེས། ཤབ་རྩེ་ལྷ་ཁང་བརྩིགས་ཏེ། དེ་ཚོ་ལ་རྐོང་ཚོ་ཟེར་ཞིང༌། ཀྱི་ཚོ་བར་པ་ཡང་ཟེར་རོ། ཨ་མེས་ཀྱིས་ཁ་ཆད་དགོན་པ་ནས། སད་ཀྱི་ལ་གཏེར་ར་བཟུང༌། དེར་སྟོད་ཀྱི་མཁན་བུ། ཞང་དབོན་པོ་རྣམ་གསུམ་པ་བྱུང་བའོ། ཁྲི་སྟོན་བརྩོན་འབར་གྱིས་ཤེ་སྣ་ར་བཟུང༌། དེ་ནས་མཆེད་པ་ལ་ཁྲི་ཚོ་ཟེར། ས་རྦད་བཙུན་ཆུང་གིས་བྲང་ཆུང་ཟེར། དེ་ནས་མཆེད་པ་ལ་བྲང་ཆུང་སྐོར་ཟེར། རྒྱ་སྟོན་ཨརྱ་ངྷེ་ཝས་སྒོ་རུ་རུ་སྣ་བཟུང༌། དེ་ནས་མཆེད་པ་ལ་རྒྱ་ཚོ་ཟེར། མཁན་པོ་གཞོན་ནུ་ཤཱཀྱ་སེ་ཕུག་བཟུང༌། དེ་ནས་མཆེད་པ་ལ་སར་ཚོ་ཟེར། དེ་རྣམས་ལ་སྟོད་ཀྱི་ཁྲལ་ཚོ་བཞི་སྟེ། ཀྱི་ཚོ་སྟོད་པའོ། ཨ་མེའི་མཁན་བུ་སྤངས་ཀྱིས་འཁྲིས་བསྐྱངས། ཞང(༡༡༥.ན)བཙུན་བསོད་ནམས་གྲགས་ཀྱིས་བྱ་ཀྱུས་བཟུང་སྟེ། དེ་གཉིས་ལ་ཀྱི་ཚོ་བར་པ་ཟེར་རོ། ཀྱི་ཚོ་སྟོད་ནས་མཆེད་པས་མཁན་བུ་གཞོན་ནུ་འབྱུང་གནས་ཀྱིས་རྒྱང་མཁར་ཐུར་ལ་བཟུང༌། དེ་ནས་གྱེས་པ་ལ་ཐུར་ཚོ་ཟེར་རོ། །ཀྱི་བཙུན་དཔལ་གྱི་ཡེ་ཤེས་ཀྱིས་འགྲུང་ཀུན་དགའ་ར་བ་བཟུང༌། དེ་ཚོ་ཀྱི་ཚོ་སྟོད་ནས་གྱེས་པ་ཡིན་ནོ། ཚོང་ཚོ་ལ་ཁྲལ་ཚོ་དགུ་བྱུང་སྟེ། ཚོང་ཚོ་སྟོད་པ་ལ་སྐལ་སྐོར་དང༌། རྒྱན་སྐོར་གཉིས་བྱུང༌། སྨད་ཚོ་ལ་ཁྲལ་ཚོ་ལྔ་ཡོད་དེ། ཨ་མེས་ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་བའི་ཡོན་ཏན་ལ་གཏད། དེས་མཁན་པོ་བྱས་ནས་བསྐྱངས་པ་ཚོ་ལ་སྦ་ཚོ་ཟེར་ཏེ། དེའི་མཁན་བུ་ཡོལ་ཆོས་དབང་གིས་སྐེགས་གནས་སྙིང་བཟུང༌། དེ་ནས་མཆེད་པ་ལ་སྦ་ཚོ་སྟོད་པ་ཟེར། རྩིས་ནས(༡༡༥.བ)མཆེད་པ་ལ་སྦ་ཚོ་སྨད་པ་ཟེར། དེ་ནས་ཨ་མེས་ལ་ཉན་ཚོ་ཕུལ་ནས་མཁན་བུ་ར་བློ་གྲོས་བཟང་པོ་དང༌། ཁམ་པ་གཉིས་ལ་ཉང་ཚོ་གཏད་རས་དུར་སྨིག་བཟུང༌། ཁམ་པས་ལྕགས་མཁར་བཟུང་སྟེ། དེ་གཉིས་ལ་ར་ཚོ་དང༌། ཁམ་པ་ཚོ་ཟེར་ཞིང༌། གཉིས་ཀ་ཉང་ཚོ་སྐོར་དུ་གྲགས་སོ། ཨ་མེས་ལ་སྟག་ཚལ་གྱི་བྱ་ཆོས་མཁར་པོ་ཆེ་ཕུལ་ནས། མཁན་བུ་རྒྱལ་ཚུལ་སེང་ལ་གཏད། རྒྱས། རྐོང་པོ་ཡེ་ཤེས་འབྱུང་ལ་གཏད། རྐོང་པོས་རྨུའི་གནས་མོ་ཆེ་དང་བྱ་ཆོས་གཉིས་ལ་བསྐྱངས་ཏེ། རྒྱས་བྲང་ཐང་བརྩིགས། དེ་རྣམས་བྱ་ཆོས་སྐོར་ཟེར་རོ། དེ་ནས་ཨ་མེས་ལ། མར་ཤུལ་མ་ཡོན་བདག་མོས་ཉོས་མོས། སྨོན་ཁྲོ་ཕུལ། དེས་མཁན་བུ་མར་པ་རྡོ་རྗེ་ཡེ་ཤེས་ལ་གཏད། དེའི་མཁན་བུ་སྣོ་ཕོ་གྲགས་པ་རྒྱལ་མཚན་གྱིས་རོང་སྟོད་མཁར་ཕུ་བཟུང་བ་དང༌། ཕྱིས། ཨ་མེས་ཕྱུགས་འཚམས་ཀྱིས(༡༡༦.ན)སྟག་ཚལ་ཀྱུས་ཐང་བཞེངས་ནས་ཕུལ་བ་དང༌། མར་པས་བྲན་མོ་རྐང་པོ་བརྩིགས། ལང་འགྲོ། སྟག་ཚང་གནས་དང་བཞི་པོ་ལ། སྨོན་ཁྲོའི་མ་དང་མཉམ་པའི་བུ་བཞིན་གྲགས་ཏེ། དེ་རྣམས་ལ་སྨོན་ཁྲོ་སྐོར་ཟེར་རོ། དེ་ནས་ཡང་ཨ་མེས་ཀྱིས་གསེར་གྱི་གོང་ཁྲོ་བཟུང་ནས། དེ་མཁན་བུ་ཞང་པ་རྩེར་ཁྲོད་པ་ལ་གཏད། དེས་གསེར་གྱི་བྲགས་གཤོངས་བརྩིགས། དེ་ནས་བཙན་མོ་སྡིང་བཟུང༌། རྩིས་ཀྱི་ཡང་དབེན་དང༌། ར་སོགས་འཚར་ལ་དང༌། སྟག་ཚལ་མཁར་པོ་ཆེ་རྣམས་བཟུང་ནས། མཁན་བུ་སྦ་དགེ་མཐོང་ལ་གཏད། དེས་རོང་གི་བ་དེ་བཟུང༌། དེས་མཁན་བུ། འབྲེ་བཙུན་སྔོན་མོ་ལ་གཏད། དེ་རྣམས་ལ་ད་ཚོ་ཟེར་རོ། ཁྲལ་ཚོ་འདུས་ནས་མདུན་མ་བྱེད་པའི་དུས་སུ། དེའི་པའི་བཙུན་ཆུང་གསུམ་བྱུང་པ་ལ། ཁྱོད་ཀྱི་དཔོན་གར་སོང་བྱས་པས། ཤི་ཟེར། འོ་ན་ཁྱེད་དོ་ཕྲུག་ཏུ་འདུག་པ་བྱས་པས་མིང་དོ་ཚོར་ཆགས་སོ། གཞན་ཡང༌། འ་ཞ་མགོ་བོ་ཆེའི(༡༡༦.བ)བུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་པ་ལ་འགྲོ་བར་འདོད་ནས། ལྷ་སར་ཕྱིན་པས། ལྷ་སའི་སྟེང་ཁང་ལ་འགྲོ་བའི་སྐས་གཅིག་གི་མར་ཟུར། དཔལ་མགོན་པོའི་གཟུགས་རི་མོར་བྲིས་ནས་ཡོད་པ་ལ། ཡར་འགྲོ་ཙ་ན། རི་མོར་འདུག་པ་ལ། མར་འོང་ཙ་ན། དཔལ་མགོན་པོ་དངོས་ཐོད་པའི་ནང་ན་མིའི་སྙིང་དང་ཁྲག་བསྲེས་ནས། མིའི་རྩིབ་མས་ཐུར་མ་བྱས་ཏེ་གསོལ་ཞིང་འདུག་པ་ལ། གསོལ་བ་བཏབ་པས། ངས་ཁྱོད་ཀྱི་ཆོས་སྐྱོང་བྱའི་ཟླ་བ་གཅཅིག་ལ་འཁོར་བར་ཤོག་ཟེར་ཏོ། །མཚོ་མཐུ་ཆེ་བའི་རྒྱུ་མཚནཙ་ཡང་དེ་ཡིན་ནོ །དེ་ནས་འ་ཞུས། ཁམས་ཀྱི་གྲྭར་ནས་བླ་ཆེན་པའི་མཁན་བུ་ཀྲི་བོའི་མཆོག་བླ་བྱ་བ་ལ། བཀྲིན་ཞུས་པས། ངས་ཆུབ་གཏོར་བཏང་མ་འོངས་ཀྱ་ཟེར་ནས་ནང་དུ་སོང། ཕྱིལ་ཡོང་ལོང་མེད་པ་ལ་འདས་ནའང་འོང་གི་ཟེར་བ་དེ་ཙམ་ལ།་སྡོམ་པ་ཐོབ་པར་བྱས་ནས། དེ་ལ་དགེ་(༡༡༧.ན)ཚུལ་ཆུ་གཏོར་མ་ཞེས་པར་གྲགས་སོ། །དེས་མཁན་པོ་བྱས་ནས། སྣ་ནམ་འདྲེ་བརྡས་དང༌། འོ་ཡུག་མདའི་ར་ཤ དེ་གཉིས་ཀྱི་ལམ་སྟེགས་སུ་སྟག་གི་གནས་པོ་ཆེ་བཟུང་ངོ། དེའི་མཁན་བུ་ཤིའུ་སྙེ་ནམ་པས། ལྷན་གྱི་བ་སོ་ཐང་དང༌། འཁོར་རེ་སྐྱིད་ཁང༌། ཉང་རོ་བུང་མདོ། དེའི་མཁན་བུ་སོག་ཚུལ་ཁྲིམས་བླ་མས་བ་སོ་ཐང་བཟུང། དེའི་མཁན་བུ་སྤངས་འདུལ་འཛིན་གྱིས་སྟག་གི་སྤེན་ཅན་བཟུང།་དེའི་མཁན་བུ་སྦུབས་རིན་ཆེན་གྲགས་ཀྱིས་ཁུ་ལུང་ལྷ་དྲལ་བཟུང། ར་ཤ་ནས་འོ་ཡུག་གསལ་སྒང་བཟུང་སྟེ། དེ་རྣམས་ལ་འ་ཚོ་ཟེར་རོ། །ཡང་འབྲེང་གཞོན་ཚུལ་གྱིས་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པས། ཁམས་ཀྱི་ཁྲི་མཁར་སྣར་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་བྱ་བ་དང་མཇལ་ནས་བཀའ་དྲིས་ཞུས་པས། དེ་བས་ཟེར་ནས་སྦྱིན་ལོང་མེད་པར(༡༡༧.བ)འདས་པ་དང༌། ངས་བསྙེན་རྫོགས་ཀྱི་སྡོམ་པ་ཡིན་ཏེ་མཁན་པོ་ན་ཏེ་དེར་བས་ཟེར་བའི་ཕྱིར་རོ།་ཞེས་ཟེར་བས། དེར་བས་ཀྱི་བསྙེན་རྫོགསུ་་གྲགས་སོ། །དེས་རྟ་ནག་ཕུའི་བྱ་ཚང་བཟུང༌། དེ་ནས་ཤངས་ཀྱི་བྱེ་ཕུག་བཟུང། བྱ་ཚང་ནས་མཆེད་པ་ལ། འཇད་ཀྱི་གནས་བརྒྱད་བྱུང་སྟེ། དེ་ཚོ་ལ་འབྲེ་ཚོ་ཟེར་རོ། དེ་ལྟར་ཁམས་སུ་དབུས་གཙང་གི་མི་བཅུས་ཕྱིན་ཀྱང། དབུས་ཀྱི་སུམ་པ་དང༌། གཙང་ནས་བོད་བརྒྱད་སྤུན་ལ་མཆེད་པ་མེད་པས། མི་དྲུག་ཏ་གྲགས་ཞིང༌། འ་འབྲེ་གཉིས་དེ་རྣམས་ལ་མར་གཏོགས་སོ། །ཨེས་བླ་ཆེན་དགོངས་པ་རབ་གསལ་དང༌། བོད་རྒྱལ་ཡམ་བརྟན་རྒྱུད་ཀྱི་མངའ་བདག་ཚྭ་ལ་ན་ཡབ་སྲས། དབུས་གཙང་གི་མི་བཅུ་དང་བཅས་པ་དེ་རྣམས་ཀྱི་ཐུགས་རྗེ་དང་མཛད་འཕྲིན་ལ་བརྟེན་ནས། བསྟན་པའི་མེ་ཏོ་སྨད་ནས་བླངས། བོད་ཡུལ་མུན་པའི་སྨག་རུམ་གསལ་ཏེ་དགོན་མང་པོ་བཏབ།་བཤད་ཉན་གྱི་བསྟན(༡༡༨.ན)པ་དར་ཞིང་རྒྱས་པར་མཛད་པས་ན། བཀྲིན་དུ་ཆེའོ། །དེ་རྟིང་ཡ་ངབོད་རྻལ་འོད་བསྲུང་རྒྱུད། ལྷ་བླ་མ་ཡེ་ཤེས་འོད། ཁུ་དབོན་རིམ་པ་སྟོད་ན་བཞུགས་པ་རྣམས་ཀྱིས། རྗེ་བཙུན་གྷ་ཡ་དྷ་ཏ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ པ་དམ་པ། ཁ་ཚེ་པན་ཆེན་ཤཱཀྱ་ཤྲཱི་ལ་སོགས། རྒྱ་གར་ཁ་ཆེའི་གྲུབ་ཐོབ་མང་པོ་སྤྱན་དྲངས་པ་དང༌། བོད་དུ་འཁྲུངས་པའི་བླ་མ་ས་སྐྱ་པ་ཁུ་དབོན། ལོ་ཆེན་རིན་ཆེན་བཟང་པོ། ཁུ་རྔོག་འབྲོམ་གསུམ། གཞན་ཡང་དྭགས་པོ་དང༌། ཤངས་པ་བཀའ་བརྒྱུད་ལ་སོགས། ལོ་ཕན་མཁས་གྲུབ་བཟང་ལ་མང་པོ་རིམ་པར་བྱོན་པ་རྣམས་ཀྱིས་མདོ་རྒྱུད་མན་ངག་དང་བཅས་པའི་འཆད་ཉན་བསྒོམ་བསྒྲུབ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པས་ན། དམ་པའི་ཆོས་ཡར་འླེས་དུ་རྻས་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། གངས་ལ་ཉི་མ་ཤར་བ་བཞིན་དུ་གསལལ་ཞིང་དྭངས་བར་བཞུགས་པ་འདི་ལགས་སོ། །བསྟན་པ་ཕྱི་དར་དར་ཚུལ་འདི་བྲིས་པས། །(༡༡༨.བ)བསྟན་པའི་ཆུ་རྒྱུན་རྒྱུན་རིང་གནས་པ་དང༌། །བསྟན་འཛིན་སྐྱེས་མཆོག་མཆོག་ཏུ་རབ་འཕེལ་ནས། །བསྟན་བཞུགས་འགྲོ་ཀུན་ཀུན་མཁྱེན་མྱུར་ཐོབ་ཤོག །། །།
འདུལ་བ་སྨད་འདུལ་གྱི་བཤད་རྒྱུན་བྱུང་ཚུལ། འདུལ་བ་སྨད་འདུལ་དུ་གྲགས་པ་འདིའི་བཤད་རྒྱུན་ནི། སྟོན་པ་སངས་རྒྱས། ཉེ་བར་འཁོར།་ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷིར་ཏི་ཀ ནག་པོ་ལེགས་མཐོང། བློས་མི་འབེབས།་ཡོན་ཏན་འོད། ཤཱཀྱ་འོད། ཆོས་ཀྱི་བཤེས་གཉིན་ཆེན་ཆུང་གཉིས། དེ་གཉིས་ཀ སེང་གེའི་གདོང་ཅན། དེས་དྷ་ན་ཤི་ལ་དང༌། ཛི་ན་མི་ཏྲ། དེས་ཅོག་རོ་ཀླུའི་རྒྱལ་མཚན། དེས་གཡོ། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ། གསུམ་ལ་བཤད་དོ། །དེ་མཚམས་བོད་རྒྱལགླང་དར་མས། བསྟན་པ་སྣུབས་པའི་སྐབས་སུ། གཡོ་གཙང་དམར་གསུམ་གྱིས་དཔལ་ཆུ་བོ་རི་ནས། འདུལལ་བ་དྲེལ་ཁལ་གཅིག་བཀལ་ནས། སྟོད་ཕྱོགས་ལ་བྲོས།་ཧོར་ཡུལ(༡༡༩.ན)བསྐོར་ནས། མདོ་སྨད། ཨན་ཆུང་གནམ་རྫོང། དན་ཏིག་ཤེལ་གྱི་ལྷ་ཁང་དུ་ཕེབས་དུས། བོན་རྒན་མུ་གཟི་གསལ་བཟང་གི་བུ། མུ་གཟི་འབར་བྱ་བ་ལོ་བཅོ་ལྔ་ལོན་པ་ཞིག་དང་མཇལ། དེ་ཤིན་ཏུ་དད་ནས་རབ་ཏུ་བྱུང་བར་ཞུས་པས། འདུལ་བའི་ལས་ཆོག་ཀར་མ་ཤ་ཏམ་གྱིས་དཔེ་བསྟན་ནས། འདི་ལྟར་ནུས་ན། རབ་ཏུ་བྱུང་ངོ་གསུངས་པ་ལ། འདི་བཞིན་ཅིས་ཀྱང་ནུས་པས། རྗེས་སུ་བཟུང་དུ་གསོལ་ཞུས་པས། གཡོས་མཁན་པོ་དང༌། དམར་གྱིས་སློབ་དཔོན། གཙང་གིས། ལས་སློབ་བྱས་ནས། རབ་ཏུ་བྱུང་སྟེ། མིང་དགེ་བ་གསལ་བྱ་བར་བཏགས། དེ་ལོ་ལྔ་སོང་བ་དང༌། བསྙེན་པར་རྫོགས་པའི་མཚན་དགོངས་པ་རབ་གསལ་དུ་གྲགས་ཤིང༌། དེ་རྟིང་མཁན་སློབ་གཉིས་ལ། འདུལ་བ་མདོ་རྩ་མན་ཆད་ཀྱི་འཕྲན་རྣམས་ཞུས། ལས་སློབ་གཙང་རབ་གསལ་ལ། བྲ་ཀ་ར་སྡེ་བརྒྱད་ཞུས། དེ་ནས་བླ་ཆེན་དགོངས་པ་རབ་གསལ(༡༡༩.བ)གྱི་སློབ་མ་ལ་སྔ་བ་ཁམས་ཀྱི་ཟོག་པོ་མི་དྲུག་ཏུ་བྱ་བ་བྱུང་སྟེ། ཡ་གོང་ཡེ་ཤེས་གཡུ་(གཡུང)དྲུང་དང༌། པར་རིན་ཆེན་གསལ། འལ་བ་རྡོ་རྗེ་དབང་ཕྱུག གནུབས་ཕག་ཤི་ཏ། ཇོ་བོ་ཡེ་ཤེས་སེང་གེ། ཅོག་རོ་ཤེས་རབ་བྱང་ཆུབ་རྣམས་ཡིན། དང་པོ་མཁན་སློབ་ཆ་མ་ཚང་བས། གཟུགས་བཙུན་བྱས། འདུལ་བ་ལ་སོགས་པའི་ཆོས་རྣམས་ནི་གནང༌། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་བ། ཞྭ་ཐེབ་ཀྱི་མུ་ཐུམས་ས་དང༌། བླ་གོས་ཀྱི་མཐའ་ཚེམས། གཏོར་བུ། ཀ་ལིའི་ནང་རྣམས་སྔོན་པོར་བྱས་པ་ཡང༌། ཁོང་དྲུག་པོ་ལ་གནང་བར་བྱེད་ཅིང༌། དེ་ནི་བླ་ཆེན། དང་པོ་བོན་པོའི་བརྒྱུད་པར་སོང་བའི་ཐུགས་ཞེན་བརྡའ་མཚོན་དུ་བྱས་པའོ། ཡང་པར་གཉིས་ཀྱི་སློབ་མ། དྲུམ་ཡེ་ཤེས་རྒྱལ་མཚན། དེས་དྲུམ་གཡུང་དྲུང་རྒྱལ་མཚན་ཤིང་ལག་ཅན་ལ་བཤད་དོ། དེ་རྣམས་ཀྱི་རྒྱུ་མཚན། བསམ་ཡས་སུ་ཡུམ་བརྟན་བརྒྱུད་ཀྱི་(༡༢༠.ན)རྒྱལ་པོ་མངའ་བདག་ཚྭ་ལ་ན་ཡབ་སྲས་ཀྱིས་ཚོར་ནས། དབུས་གཙང་གི་མི་དྲུག་གམ་བཅུ་བླ་ཆེན་དཔོན་སློབ་ལ་རབ་བྱུང་དང༌། ཆོས་ཞུས་པ་ལ་གཏོང་དུས། ཤིང་ལག་ཅན་ལ་ལོས་སྟོན་རྡོ་རྗེ་དབང་ཕྱུག་དང༌། ཚོང་བཙུན་ཤེས་རབ་སེང་གེས་འདུལ་བ་ཞུས། གཙང་དར་བར་བྱའོ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་ཞུས་ནས། དབུས་སྟོད་དུ་དར་བར་བྱའོ། ཡང་འ་བཙུན་ཤཱཀྱ་རྒྱལ་མཚན་གྱིས་ཞུས། དབུས་སྟོད་སྨད་དུ་དར་བར་བྱའོ། ཡང་འ་བཙུན་ཤཱཀྱ་རྒྱལ་མཚན་གྱིས་ཞུས། དབུས་སུ་དར་ཞིང༌། འབྲེ་སྟོན་ཚུལ་ཁྲིམས་གཞོན་ནུས། གཙང་དུ་འདུལ་བ་དར་བར་བྱས་པའོ། རྨ་བྱང་ཆུབ་འོད་ཀྱིས་ཀྱང༌། ཁམས་སུ་ཐུག་ནས། སྨད་ཚོ་དར་བར་བྱས་པ་ལ་སོགས་པ་དེ་ཕྱིན། འདུལ་བའི་བཤད་རྒྱུད་སོ་སོར་གྱེས་པ་མང་ངོ༌། ཆོས་མཛད་རྣམ་བཤད་ཀྱི་ལུགས་ལ་ཀླུ་མེས་ཀྱིས་གཟུ་པ་རྡོ་རྗེ་རྒྱལ་མཚན་ལ་བཤད། དེས་སྣོ་ཕོ་གྲགས་པ་རྒྱལ་མཚན་ལ་སོགས། གཙང་པ(༡༡༩.བ)མི་བཞི་ལ་བཤད། དེ་རྣམས་ལ། རྒྱ་དབང་རྡོར་དང༌། འཇག་རྡོར་དགས་ཞུས། དེ་གཉིས་ལ་བྱ་བརྩོན་འགྲུས་འབར་གྱིས་ཞུས། དེ་ལ་རྩིས་པ་གཞོན་སང་གིས་ཞུས། དེ་ལ་གཉེར་ཆུང་བཟང་སྟོན་གྱིས་ཞུས། དེ་ལ་ཤཱཀྱའི་དགེ་སློང་ཐུབ་པ་ཤེས་རབ་བདག་གིས་འདུལ་བའི་སྐོར་ཚང་མར་ཞུས་པ་ལགས་སོ། སྨད་འདུལ་བཤད་རྒྱུད་འདི་བྲིས་དགེ་བ་ཡིས། འདུལ་ཁྲིམས་གཙང་ཞིང་འཆད་ཉན་དར་རྒྱས་ཤོག དགེའོ། བཀྲིས།
བོད་དུ་བཀའ་གདམ་པའི་བརྒྱུད་པ་བྱུང་ཚུལ།
ན་མོ་རཏྣ་གུ་རུ་བྷྱ། གངས་ཅན་ལྗོངས་འདིར་ཐུབ་བསྟན་གསལ་བ་དང༌། སྙིགས་དུས་འགྲོ་རྣམས་སྨིན་གྲོལ་འགོད་པའི་ཕྱིར། ཇོ་བོ་ཡབ་སྲས་བཀའ་གདམ་བརྒྱུད་པ་རྣམས། བྱོན་པའི་རྣམ་ཐར་ངོ་མཚར་འདི་ལྟར་སྣང། །བོད་དུ་བཀའ་གདམས་པའི་བརྒྱུད་པ་བྱོན་ཚུལ་ནི། དང་པོར། རྒྱ་གར་མཁན་པོ། ཞི་བ་ཚོ་རབ་ཏུ་བཟང་(༡༢༡.ན)པོའི་གདུང་བརྒྱུད་ཡིན་པ། དཔལ་རྡོ་རྗེ་གདན་་གྱི་ཤར་ཕྱོགས། ཡུལ་ཆེན་པོ་བྷ་གྷ་ལ། ཟ་ཧོར་ཞེས་བྱ་བའི་གྲོང་ཁྱེར། མི་ཁྱིམ་འབུམ་ཕྲག་ཉི་ཤུ་རྩ་བདུན་ཡོད་པའི་དབུས་ན། ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་བྱ་བ། ལོངས་སྤྱོད་རྒྱ་ནག་སྟོང་ཀུན་རྒྱལ་པོ་དང་མཉམ་པ། དེའི་རྒྱལ་པོ་དགེ་བའི་དཔལ་གྱི་སྲལ་གསུམ་གྱི་འབྲིང་པོ། ཟླ་བའི་སྙིང་པོ་ཞེས་བྱ་བར་ཆུ་ཕོ་རྟ་ལོ་ལ་སྐུ་འཁྲུངས་ཏེ། གཞོན་ནུ་ནས། རྡོ་རྗེ་གདན།་མ་ཏིའི་གཙུག་ལག་ཛ་དུ། སངས་རྒྱས་ཡེ་ཤེས་གྱི་བཀའ་རྒྱུད། མཁན་པོ་རྒྱུན་དུ་ཞུགས་པ་གཅིག་ལ། དགེ་འདུན་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་ལས་རབ་ཏུ་བྱུང་བ། ཤྲཱི་ཀ་མ་ལའི་གནས་བརྟན། ཇོ་བཽ་དཱི་པམ་ཀ་ར་ཤྲཱི་ཛྙ་ན། དཔལ་ལྡན་ཨ་ཏི་ཤ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཐོག་མར་རྒཀྱ་གར་ཤར་ནུབ་ཐམས་ཅད་དུ། མདོ་རགྱུད་ཀྱི་ཆོས་ལ་མཁས་པར་སྦྱངས་ཤིང།་འཇམ་(༡༢༡.བ)དཔལ་མཚན་བརྗོད་ན་སྒྲའི་ག་ནས། ཀ་མ་དྲུག་ལ་འཇུག་པ་པཎྜིཏ་ཕལ་ཆེ་བས་མ་ཤེས་པ། ཇོ་བོས་མཚན་པ་ལོ་སོགས། གནས་ལྔ་རིག་པའི་པཎྜིཏ་ཆེན་པོར་གྱུར་ཏེ། དགུང་ལོ་དྲུག་ཅུ་རྩ་གཉིས་བཞེས་པ་ལ། བོད་རྒྱལ་པོ་འོད་སྲུང་གི་བརྒྱུད།་ལྷ་བླ་མ་ཡེ་ཤེས་ཁུ་དབོན་གྱིས་རྒྱ་བརྩོན་སེང་དང༌། ནག་ཚོ་ལོ་ཙཱ་བ་གདན་འདྲེན་ཡིམ་པར་བྱུང་བ་དང༌། ཡི་དམ་ལྷ་དང༌། མཁའ་འགྲོས་ལུང་བསྟན་པ་བཞིན། བོད་ལ་བྱོན་ནས། བལ་ཡུལ་དུ་ལོ་གཅིག མངའ་རིས་སྟོད་དུ་ལོ་གཉིས། གཙང་དུ་ལོ་གཅིག དབུས་ཕྱོགས་སུ་ལོ་བདུན་ཟླ་བ་ལྔའི་བར་ལ་བཞུགས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས། དགུང་ལོ་བདུན་ཅུ་རྩ་གསུམ་པ། ཤིང་ཕོ་རྟ་ལོ་བྱུགས་པ་ཟླ་བའི་ཚེས་བཅོ་བརྒྱད་ལ། སྟེ་ཐང་འོར་དུ་བདེ་གཤེགས་པའི་ཚུལ་བསྟན་ཏེ། དགའ་ལྡན་དུ་གཤེགས་སོ། །དེའི་སློབ་མ(༡༢༢.ན)རྒྱ་བོད་དུ་མང་དུ་བྱོན་པའི་ནང་ནས། ཐུགས་སྲས་ཀྱི་ཐུ་བོ། ཁུ་རྔོག་འབྲོམ་གསུམ་བོད་དུ་བྱོན། དེའི་ནང་ནས་ཀྱང། བཀའ་གདམས་ཀྱི་མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྟོད་ལུང་གནམ་བྱེ་མ་ལུང་པ། རྟེན་དགེ་བསྙེན་ཡི། ཇོ་བོ་རྗེ་དང༌། མངའ་རིས་ཐོལ་ལྡིང་གསེར་གྱི་ལྷ་ཁང་དུ་མཇལ་ནས། བདེ་བར་མ་གཤེགས་བར་ལ། ལུས་སྐུ་ལུས་ད་གྲིབ་མ་བཞིན་དུ་བྲལ་བ་མེད་པར་བཞུགས་ནས། ཇོ་བོའི་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང། བཀའ་གདམས་པའི་བསྟན་པའ་བདག་པོར་བསྐོས་སོ། །དེས་ར་སྒྲེང་དགོན་པ་བཏབ། དེ་ལ་སློབ་མ་མང་དུ་བྱོན་ཀྱང། སྲས་ཀྱི་ཐུ་བོ་སྐུ་མཆེད་གསུམ་ནི། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་དང༌། པོ་ཏོ་བ་རིན་ཆེན་གསལ། སྤྱན་མངའ་(སྔ)ཚུལ་ཁྲིམས་འབར་ཏེ། ཁམས་པ་ལུང་པ་དང༌། བཞིར་གྲགས་པའང་ཡོད་དོ།༌།ཕུ་ཆུང་པས། སློབ་མ་མ་བསྟེན། པོ་ཏོ་བ་ལ། སློབ་མ་ཉིས་སྟོང་བརྒྱད(༡༢༢.བ)བརྒྱ་ཙམ་འདུས། ར་སྒྲེང་གི་གདན་ས་ལོ་གསུམ་མཛད། ཐགས་སྲས་བུ་ཆེན་བརྒྱད་དུ་གྲགས། གཙང་དུ། རམ་སྡིང་མ་བ་འབྱུང། གནས་རྡོ་རྗེ་སྣང་དྲེ་ལྷས་པ་གཉིས། སྙམ་དུ་གླང་གཉོས་གཉིས་སུ་གྲགས་པའི་གཉལ་པ་ཆོས་འབར་བ་ད༌། བུན་པ་ལྷ་རྗེ་གཉིས། དོན་ལས། བྷོ་མོན་བུ་ཆུང་པ་དང། རོག་དམར་ཞུར་བ་གཉིས། ཨུར་སྟོད་ནས། ཞང་ཤ་ར་བ་ཡོན་ཏན་རྒྱ་མཚོ་དང༌། གླིང་རི་ཐང་པ་རྡོ་རྗེ་སེང་་གེ དེ་གཉིས་ལ་ཉི་ཟཎ་ཟུང་གཅིག་ཏུའང་གྲགས་སོ། གླང་རི་ཐང་པི་སློབ་པ། ཤ་འོ་སྒང་པ་ནས། གླང་ཐང་ཞང། དགེ་བཤེས་གཅང་པ་རྣམས་སོ། །གླང་ཐང་ཞང་གི་སློབ་མ། ཆོས་རྗེ་ཕག་མོ་གྲུ་པའང་ཡིན། དེ་ནས་སངས་རྒྱས་དབོན་པོས། གླང་ཐང༌། རྒྱ་མ་བ་་ལ་ཕུལ། ཞང་ཤངས་ར་བ་ལ་གྲྭ་པ་སུམ་སྟོང་དྲུག་བརྒྱ་ཁ་ཡངས་ཙམ་བྱུང་བའི་ནང་ནས། བཀའ(༡༢༣.ན)བབས་བཞིར་གྲགས་པའི་བྱང་སེམས་ཀྱི་བཀའ་བབས། ཇ་འཆད་ཁ་བ། རྣམ་ཐར་གྱི་བཀའ་བབས། ཉི་མ་ལ་འདུལ་འཛིན་ལོངས་སྤྱོད་ཀྱི་བཀའ་བབས། རྣལ་འབྱོར་ཤེས་རྡོར། འདིས་གདན་ས་ལོ་གསུམ་མཛད། གཞུང་བཤད་ཀྱི་བཀའ་བབས། དམ་པ་སྟབས་ཁ་བ་དང་བཞིའོ། །སྣར་ཐང་པ༌། ཆོས་ལུང་སྐུ་གཤེགས་པ་དང་ལྔ་ཟེར་བའང་ཡོད་དོ། །སྔར་གྱི་སྟབས་ཁ་བས། འོད་འཇོ། དར་དགོན། ཁྲ་ཕུ། སྟབས་ཁ་བ་དང་དགོན་པ་བཞི་བཏབ་བོ། ཇ་འཆད་ཕ་བའི་སློབ་མ། སེ་སྤྱིལ་བུ་བ་དང༌། རྣལ་འབྱོར་བྱང་སེང་གན་པ་ད(རེ)ལ་སོགས་པ་རྣམས་ཡིན་སེམས་སྤྱིལ་བུ་བཏབ། དེའི་སློབ་མ།་ལྷ་རིན་པོ་ཆེ།་དེས་ལྷ་འགྲོ་བའི་མགོན་པོ། དེས་ལྷ་ལུང་གི་དབང་ཕྱུག ཇོ་བོ་གྲགས་རིན་གྱི་ཁུ་བོ། སྐྱོ་མོ་དར་རྒྱན་གྱི་བུ་ཡིན། དེས་ལྷ་ཟུར་ཁང་པ། དེས་ཇོ་བོ་གྲགས་གྱི་སྲས། རྣལ་འབྱོར་བྱང་སེང་གེས་གྲོ་ས་དགོན་པ་བཏབ་བོ། །(༡༢༣.བ)སངས་རྒྱས་དར་རེས་མཁར་རུ་དགོན་པ་བཏབ་བོ། །པོ་ཏོ་བའི་སློབ་མ་སྟུམས་སྟོན་བློ་གྲོས་གྲགས་ཀྱིས། སྣང་ཐང་བཏབ་སྟེ། གཏིང་དཀར་སྐུ་གཤེགས་ཤེས་རབ་གྲགས་ཀྱིས་སྣར་ཐང་ཞེས་པའི་མིང་བཏགས། དེའི་གདན་ས་ཞང་བཙུན་རྡོ་རྗེ་འོད། དེ་རྣམས་ཀྱི་སློབ་མ་དཔལ་ལྡན་གྲོ་བདུད་རྩི་གྲགས། དེས་སངས་རྒྱས་སུམ་ཅུ་སོ་ལྔ་དང༌། རྗེ་བཙུན་སྒྲོལ་མ་དང༌། གནས་བརྟན་བཅུ་དྲུག་གྲུབ་ཐོབ་ཉ་རི་ཁྲོད་པ་རྣམས་ཀྱི་ཞལགཟིགས། སངས་རྒྱས་སྟོང་གི་ཡ་གྱལ་དུ་གྲགས། དེའི་སློབ་མ་ཞང་སྟོན་ཆོས་ཆོས་ཀྱི་བླ་མ། དེའི་རྗེས་སུ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། འགྲཽ་མགོན་ཞང་དང་དུས་མཚུངས་ཡིན། དེའི་རིང་ལ་དྷ་ན་ཤི་ལའི་སློབ་མ། སྐྱེས་ནག་གྲགས་སེང་གེས་མཚན་ཉིད་ཀྱི་གྲྭ་པ་བཙུགས།་བཅོམ་སྡན་རལ་གྲི་ལ་སོགས་བྱུང༌། བྱང་ཆེན་བཏབ།་(༡༢༤.ན)དེའི་གདན་ས། མཁན་ཆེན་འཆིམས་ནམ་མཁའ་གྲགས་ཆོས་རྒྱལ་འཕགས་པའི་བླ་མ་ཡིན། ལྷ་ཁང་རྙིང་མ་བཞེངས། ཆུ་མིག་ཆོས་འཁོར་ཆེན་མོའི་གྲལ་དཔོན་མཛད། དེའི་སློབ་མ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། དེས་སྣར་ཐང་གི་གཙུག་ལག་ཁང་ཆེན་མོ་དང་ལྕགས་རི་ཆེན་མོ་བཞེངས། དེའི་གདན་ས། ཆོས་རྗེ་ཉི་མ་རྒྱལ་མཚན། དེས་ཆོས་ཁྲིམས་སྟག་བརྒྱད་བསྐོས། ཆོས་ཁྲིམས་ཀྱི་དག་ཐེར་ཆེར་མཛད། དེ་རྟིང་མཁན་ཆེན་འདུལ་བ་འཛིན་པ། གྲགས་པ་བརྩོན་འགྲུས་ཟེར་བས། སེ་ཆེན་དང༌། ཨོལ་ཇ་དུ་རྒྱལ་པོའི་དུས་སུ། གོང་དུ་བཞུགས་ནས། བསྟན་པ་དང༌། གདན་ས་ལ་ཕན་པ་མཛད། དེའི་སློབ་མ། མཁན་ཆེན་གྲགས་པ་ཤེས་རབ། དེའི་གདན་ས། མཁན་ཆེན་འཆིམས་བློ་བཟང་གྲགས་པས། ཤ་ཁྲིམས་དང༌། ཁམས་པ་མི་བརྟེན་པའི་ཁྲིམས་མཛད། དེ་ལ་སོགས། གཞུང་འཆད་ཉན་བྱེད་པ་རྣམས། པོ་ཏོ་བའི(༡༢༤.བ)རྒྱུད་སྡེ་བཀའ་གདམས་གཞུང་པར་གྲགས་སོ། སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱིས། ལོ་པའི་གནས་གནས་བརྟན་བགྲེས་པོ་གཅིག་འདུག་པ་ལ། བྲིད་སྐོལ་བྱས། ཚོགས་པ། ནམ་ཚོགས་དུས་སྔན་པ་སྟེར་བའི་དམ་བཅས་ནས་ལོ་དགོན་པ་བཏབ། དེའི་སློབ་མ་སྟོད་ལུང་པ་རིན་ཆེན་སྙིང་པོས་བཙན་གྲོ་དགོན་པ་བཏབ། སྟོད་ལུང་པའི་དབོན་པོ་སྤྱན་སྔ་བའི་གསོལ་ཇ་བ་གཞོན་ནུ་འོད་ཀྱིས་ཇ་ཡུལ་བཏན་སྟེ། ཇ་ཡུལ་ཆེན་པོར་གྲགས་སྐད། དེའི་སློབ་མ་ཆེན་པོ་བཅུ་བཞིར་གྲགས་བའི་ནང་ནས་ཁམས་སུ། རབ་ཁ་བ་ཆེན་པོ། ངང་ཚང་པ་ཆེན་པོ། དྭགས་པོར་ཤར་པ་གླིང་པ་ཆེན་པོ་དང༌། བོ་ཐང་པ་ཆེན་པོ། གཡེར་རི་མོར་བ་ཆེན་ཆེན་པོ། རྒྱ་རི་བ་ཆེན་པོ། གཙང་དུ་བྲག་དམར་བ་ཆེན་པོ་དང༌། བྲག་ནག་པ་ཆེན་པོ། བུ་སྨན་པ་ཆེན་པོ། དེས་རྒྱལ་པོ་སྟེངས་བཏབ། ཁྲོམ་བཞེར་བ་ཆེན་པོས་རྐམ་(༡༢༥.ན)བཏབ། སྨད་དུ་དུམ་བུ་རི་པ་ཆེན་པོ། བྱང་ཆུབ་སེམས་དཔའ་ཟླ་རྒྱལ་གྱིས་དུམ་བུ་རི་བཏབ། སྒྱེར་བསྐོར་ཆེན་པོས་རྒྱ་མའི་མཆོད་ཁང་རྙིང་པ་དང༌། རིན་ཆེན་སྒང་བཏབ་བོ། ཇ་ཡུལ་དུ་གནུབས་མཆོད་གནས་དང༌། གཙང་པ་ཇོ་སྲས། རིན་ཆེན་ཀླང་ལུང་པ་ལོར། དགེ་བཤེས་གནས་བརྟན་གཙང་པ་རིན་པོ་ཆེ། གླང་ལུང་པ་ནས། ཇ་ཡུལ་དང༌། གཉིས་ཀ་བསྐྱངས། དེ་ནས་སློབ་རྒྱུད་རིམ་པ་བཞིན་དུ། སེ་རྣལ་འབྱོར། སངས་རྒྱས་བསྒོམ་པ། ཟེམ་ཚེ་རིང་མོ་བ། འཁམས་པ་ལུང་པ། སངས་རྒྱས་གཙང་སྟོན་དོ་འབྲི་ཁུང་པས་དཀྲོངས། དེ་རྟིང༌། སློབ་དཔོན་ཇོ་བོ་དེས་ལྷ་ཁང་གསོས། དེ་ནས་སངས་རྒྱས་སྟོན་པ། སློབ་དཔོན་སྒོམ་པ། སློབ་དཔོན་རྒྱལ་སྟེངས་པ། སློབ་དཔོན་བཙན་ཁྲོ་བ། སྤྱན་སྔ་ཚུལ་ཁྲིམས་མགོན་རྣམས་སོ། ཇ་ཡུལ་བ་འདི་པའི་གདན་ས། ཆོས་པ་གང་བཟང་རེས་འཛིན་པ་མིན་པ། དབོན་རྒྱུད་ཀྱི་འཛིན(༡༢༥.བ)པའི་སྲོལ་མེད་དོ། རྒྱལ་མའི་སྒྱེར་སྒོམ་ཆེན་པོས། རྒྱ་མ་རིན་ཆེན་སྒང་དང༌། མཆོད་ཁང་རྙིང་མ་བཏབ་པའི་རྗེས་སུ། བྱ་ཡུལ་བ་ཆེན་པོའི་སྐྱེ་བ་ཡིན་ཟེར་བ། སངས་རྒྱས་དབོན་སྟོན་གྱིས་རྒྱ་མའི་ལྷ་ཁང་གསར་མ་བཏབ། དེ་ནས་དབོན་རྒྱུད་རིམ་པ་བཞིན་དུ་སློབ་དཔོན་གསང་ཡོན། དབོན་པོ་གཞོན་ནུ་སེང་གེ སློབ་དཔོན་རྐམ་དགོན་པ་གཞོན་ནུ་འབུམ། སློབ་དཔོན་འོད་འབྱུང༌། སློབ་དཔོན་གཞོན་ནུ་འོད། སློབ་དཔོན་བཀྲིས་རྒྱལ་མཚན་རྣམས་སོ། འདི་པའི་གདན་ས་སྒྱེར་གྱི་གདུང་བརྒྱུད་ཀྱི་(ཀྱིས)འཛིན་པ་སྲོལ་ཡིན། ཡང་ཇོ་བོའི་སློབ་མའམ། བླ་མཆོད་བཞི་ལས་རྣལ་འབྱོར་པ་ཕྱག་ཁྲ་མཆོག རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། རྣལ་འབྱོར་པ་འཛིང་དབང་ཕྱུག་རྒྱལ་མཚན། དེས་སློབ་མ་མ་བསྐྱངས། རྣལ་འབྱོར་པ་ཆེན་པོ་ལུང༌། ཨ་མེས་བྱང་ཆུབ་དཔལ་ལྡན། དགོན་པ་བར་གྲགས་པ། དེའི་སློབ་མ་ཞང་ཀ་མ་བ། གཉན(༡༢༦.ན)སྣ་མོ་བ། འབྲེ་ཀོ་དེ་ལུང་པ། ཚོ་སྐོང་སྣེ་ཟུར་བ་དང་བཞི་ལ། དགོན་གྱི་བུ་བཞིར་གྲགས་ཤིང༌། ཁ་རག་སྒོམ་ཆུང་དང་ལྔ་སྟེ། འདི་རྣམས་སོ་སོའི་སློབ་བརྒྱུད་དང༌། ཁྱད་པར་སྣེ་ཟུར་བའི་བརྒྱུད་ལ། གཙང་ན་དྲང་པོ་ལུང་པ་དང༌། སྤྱི་བོ་ལྷས་པ་ལ་སོགས་དང༌། དབུས་ན། རྒྱ་མ་རིན(ཆེན)སྒང་པ་ཡིན་ཏེ། དེ་ལ་སོགས་པ་རྣམས། གདམས་ངག་གཙོ་བོར་སྟོན་པས། བཀའ་གདམས་ངག་པར་གྲགས་སོ། ཡང་ཇོ་བོའི་སློབ་མ་ནག་ཚོ་ལོ་ཙཱ་བ། དེའི་སློབ་མ་རོང་པ་ཕྱག་སོར་བ། སྐུ་ཚེ་ཧྲིལ་པོ་སྐུ་མཚམས་ལ་བཞུགས། ལན་གཅིག འཁྲུག་དུམས་ལ། སྟོན་པ་རྨ་ཚོ་བྱང་རྡོར་གྱིས་ཝུ་ཤང་རྡོར་སྤྱན་དྲངས་ཏེ། གྲྭ་པ་ལྔ་བརྒྱ་དང་བཅས་པས། ཆོས་ཞུས་པའི་ནང་ནས། ཟུར་ཆོས་པ་བཞིས། ཟིན་རིས་སོ་སོར་བྱས་པས། སྟན་རིམ་བཞི་བྱུང་པས། རོང་པའི་བུ་བཞིར་གྲགས་པ་ནི་ཟུལ་ཕུའི་ཇ་འདུལ་བ་འཛིན་པ་ཆེན་པོ། རོག་སྟག་ཅན་པ། གཙང་ན། ཞུ་ལྡན་པ་ཆེན་པོ། རྣམ(༡༢༦.བ)པར་བ་ཆེན་པོ། འདིས་རྣམ་པར་དང༌། རམ་པ་ལྷས་སྡིངས་བཏབ། གསང་ཕུ་ནེའུ་ཐོག་གི་གདན་སའང་ལོ་བདུན་མཛད། དེ་དག་ནི་རོང་པའི་བཀའ་བརྒྱུད་ལགས། རོང་པ་ཕྱག་རྡོར་བའི་དགོན་པ། བཅོམ་ཆུང་གི་ཕུ་ར་སྒྲེང་གི་འོག་ན་ཡོད་པས། བཀའ་གདམས་འོག་མ་བར་གྲགས། དེ་དང་ར་སྒྲེང་བཀའ་བརྒྱུད་གཉིས་ལ་བཀའ་གདམས་གོང་འོག་ཏུ་གྲགས་སོ། བཀའ་གདམས་རྒྱུད་པའི་བཀའ། བཀའི་ཟབ་དོན་གདམས་པས་བསྟན་པའི་རྒྱུན། རྒྱུན་མི་ཆད་ཅིང་འགྲོ་ཀུན་སྨིན་གྲོལ་ཤོག མངྒ་ལཾ། བྷ་ཝནྟུ།
རྔོག་ཁུ་དབོན་གྱིས་དྲངས་བཤད་གྲྭ་དར་ཚུལ།
རྔོག་ཁུ་དབོན་གྱིས་ཐོག་དྲངས་བཤད་གྲྭ་དར་ཚུལ་བཞུགས་སོ། ན་མོ་མཉྫུ་གྷོ་ཥ་ཡ། ཁ་བ་ཅན་ལྗོངས་དབུས་གཙང་གངས་རིའི་རྩར། འཆད་ཉན་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། མཚན་ཉིད་ལྡན་པའི་ལོ་ཆེན་ཁུ་དབོན(༡༢༧.ན)གྱིས། མཚན་ཉིད་སྡེ་བཙུན(བཙུགས)བསྟན་པ་ཇི་ལྟར་སྤེལ། དེའང་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་ཉིས་བརྒྱ་དང་བརྒྱད་ན། བོད་ཁ་བ་ཅན་གྱི་ལྗོངས་འབྲོག་ཚོ་དང་ཉེ་བའི་ཕྱོགས་སུ། གསང་སྔགས་རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ཞེས་པ་ལ། སྲས་ལྔ་བྱུང་བའི་ཆེ་ཤོས། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་རྗེ་ལ་སོགས་པའི་མཁས་གྲུབ་དུ་མ་བསྟེན་ཅིང༌། གངས་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས་ཏེ། བསྟན་པའི་བྱ་བ་རྒྱ་ཆེར་མཛད། དེའི་གཅུང་པོ་ཇོ་སྲས་ཀླུ་ཁྲི། ཀླུ་བྱང༌། ཆོས་སྐྱབས་ཐུབ་པ་དང་བཞིའི་ཆུང་བརྟགས། ཇོ་སྲས་ཆོས་སྐྱབས་ཀྱིས་དཔལ་མོ་ཞེས་པ་ཁབ་ཏུ་བཞེས་པ་ལ། སྲས་སེམས་དཔལ་ཆེན་པོ། ཐུགས་རྗེ་དང་སྨོན་ལམ་གྱི་སྟོབས་ཅན། བློ་ལྡན་ཤེས་རབ་ཞེས་པ་ལྕགས་མོ་ཕག་གི་ལོ་ལ། སྐུ་འཁྲུངས་སྟེ། དེ་ཉིད་གཞོན་ནུའི་དུས་ནས། བརྩོན་འགྲུས་དང་བློ་གྲོས་དང་བརྩེ་བ་རྨད་དུ་བྱུང་བས། ལོ་བཅུ་བདུན་གྱི་བར་དུ་ཁུ་བོ་དང༌། (༡༢༨.བ)ཀ་ཆུའི་སྦོ་ཆུང་ཚུལ་ཁྲིམས་ཤེས་རབ་ལ་སོགས་ཀྱི་དྲུང་དུ། ཀློག་ཡིག་སྐད་རི་གས། འདུལ་བ་ལ་སོགས་པའི་བསྟན་བཅོས་ལ་ལེགས་པར་སྦྱངས་ཤིང༌། ལུས་ངག་གི་ཞབས་ཏོག་གིས་ཀྱང་མཉེ་པར་མདད་དོ། །དེ་ནས་ཁུ་བོས་ཀྱང་བསྟན་འི་ཁུ་བཀུར་ཞིང།་ཐུགས་རྗེའི་དབང་གིས། བལ་པོ་ད༌། རྒྱ་གར་དབུས་ཕྱོགས་དང། ཁ་ཆེའི་ཡུལ་དུ་བྱོན་ཏེ།་པཎྜིཏ་ཛྙ་ན་དང༌། སུ་མ་ཀི་རྟི་དང༌། སྐལ་ལྡན་རྒྱལ་པོ།་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པ་དུ་མ་བསྟེན་ཏེ། ལོ་བཅུ་བདུན་གྱི་བར་དུ། ལུང་རིག་པ་བཀའ་མདོ་རྻུད་འགྲེལ་བ་མན་ངག་ལ་སོགས་པར་བྱངས་ཤིང་མངའ་བརྙེས་པར་མཛད། མཐར་བོད་དུ་བྱོན་ནས་དེ་དག་རྣམས་མ་ལུས་པར་བསྒྱུར་ཞིང། འཆད་རྩོད་རྩོམ་པ་གྲུབ་པ་ལ་སོགས་པའི་སྒོ་ནས། བསྟན་པ་ཉི་མ་ཤར་བ་ལྟར་གསལ་བར་མཛད། དབུས་གཙང(༡༢༨.ན)ལྷོ་བལ། མདོ་སྟོད་སྨད་ཤར་ཙོང་ཁ། རྒྱ།་མི་ཉག་ལ་སོགས་ཀྱི་གྲུབ་མཐའ་འཛིན་པ། སློབ་མ།་རིང་སློབ་ཏུ་མ་གྱུར་པ་མེད་ཅིང། དེས་དབུས་གཙང་དུ།་ལོ་བཅུ་བདུན་འགྲོ་དོན་མཛད་དོ།༌།དེའི་ཐུགས་སྲས་ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཞང་ཁྲོ་ལུས་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་ཏབ་འབར་རྣམས་ལ་སྲས་ཀྱི་ཐུ་བོ་བཞི་ཟེར།་གཞན་ཡང་གངས་པ་གཤེའི།་གུང་བུ་ཏ་ཅན་ཤམ་པོ་མི་དིག མོ་མོ་ལྷང་ཚེར།་དམར་སྒས་ལང། རྡོག་སྐྱ་བོ་ལ་སོགས་པ། བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་པའི་ནང་ནས། ཞང་ཚེ་སྤོང་བླ་མས་སྣེའུ་ཐག་གི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད། དེའི་རྗེས་ལ་དམྱས་བ་ཏི་ལུས་ལོ་གཉིས།་རྣམ་པར་བས་ལོ་བརྒྱད་མཛད་དོ། །བླ་མ་དེ་གསུམ་གྱི་སློབ་མ་ཕྱ་པ་ཆོས་ཀྱི་སེང་གེས།་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ་རྒྱ་དམར་བ།་སྟག་པ་ཁ་ཆེ་ལ་སོགས་ཉང་སྟོད་སྟག་ཚལ་བ། སྨོན་ཁྲོ་ས(༡༢༨.བ)སོགས་སུ་བཤད་པ་མཛད་པའི་སྲུང་དུ་བྱོན་ཏེ། སྟོད་ལུང་རྒྱ་དམར་དང༌། བླ་མ་ཟུར་དུ་བསྟེན་ཏེ། ལུང་ཏིག་གི་སྒྲོ་དོགས་དཔྱད་ནས། སྣེའུ་ཐག་གི་གདན་ས་ལོ་བཅོ་བརྒྱད་ཀྱི་བར་ལ་མཛད། དེ་མཐར་ཡང། གྲོ་ལུང་པའི་དྲུང་དུ་བྱོན་ནས། སྤྲོས་པ་བཅད་ནས། འཛམ་བུའི་གླིང་ཐམས་ཅད་སྙན་གྲགས་དང༌། བུ་སློབ་ཀྱིས་ཁྱབ་པར་མཛད། དེའི་སྲས་ཀྱི་གཙོ་བོ། གཙང་ནག་པ་བརྩོན་འགྲུས་སེང་གེ དན་བག་པ་སྨྲ་བའི་སེང་གེ། འབྲུ་ཞ།། བསོད་ནམས་སེང་གེ རྨ་བྱ་བརྩོན་པའི་སེང་གེ རྩགས་དབང་ཕྱུག་སེང་གེ ཉང་བྲན་ཆོས་ཀྱི་སེང་གེ ལྡན་མ་དཀོན་མཆོག་སེང་གེ ནེལ་པ་ཡོན་ཏན་སེང་གེ་སྟེ།་སེང་གེ་བརྒྱད་ཟེར་བ་ཁ་ཅིག་གཙང་པ་འཇམ་སེང་འདྲེན་པའང་འདུག་གོ མཁན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ་ཁུ་ཇོ་སྲས་ནེ་ཚོ། གཉོས་ཇོ་སྲས་དཔལ་ལེ་རྣམས་ལ་་ཇོ་སྲས་བཞི་ཟེར། གཞན་ཡང་འཇད་པའི་སྟོན་སྐྱབས། རྡོ་རྗེ(༡༢༩.ན)འོད་ཟེར་ལ་སོགས། སྡེ་སྣོད་འཛིན་པ་བསམགྱིས་མི་ཁྱབ་པ་དང་ཁམས་པ་རྣལ་འབྱོར་རྒྱལ་སོགས། གྲུབ་ཐོབ་དུ་མ། མདོར་ན་མདོ་སྟོད་སྨད། དབུས་གཙང། ལྷོ་དམྱལ་ཀྱི་ཆོས་རིས་བཙུན་ཞིང། བློ་གསལལ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དེ།་བསྟན་པ་ཅེས་གསལ་བར་མཛད་དོ། །དེའི་ཐུགས་ཀྱི་སྲས་རྩགས་དབང་ཕྱུག་སེང་གེས་གདན་ས་ལོ་ལྔ།་དེ་གཉིས་ཀྱི་སློབ་མ་སྐལ་པ་དད་པ་བཟང་པོས་ལོ་བདུན།་འཇམ་བཙན་ནེས་ལོ་བདུན། མཟད་པ་དར་མ་འོད་དང༌།་བཟད་པ་དོན་གྲུབ་གཉིས་ཀྱིས་ལོ་སུམ་ཅུ་མཛད་དོ། །ཡང་འབྲེ་ཤེས་རབ་འབར་གྱིས་ཉང་སྟོད་སྐྱེགས་གནས་རྙིང་ལ་ཆོས་བཤད་ཅིང༌། ཁྱད་པར་བསྟན་པའི་སྙིང་པོ། ཕར་ཕྱིན་དོན་དུ་གཉེར་བ་ཕལ་ཆེ་བ་འདུས་པའི་ནང་ནས། ལས་སྟོད་དཀོན་མཁར་གྱིས་གདན་ས་མཛད་ཅིང༌། དེང་སང་གིབར་དུ་འང། དེའི་མིར(མི)བརྒྱུད་ཀྱིས་འཛིན་ནོ། །གཙང་པ་འདྲེ་སྐུར་གྱིས་དགའ་བ་(༡༢༩.བ)གདོང་དང༌། བྱ་རོག་ཚང་ལ་སོགས་སུ་བཤད་པ་མཛད། ཁུ་ཤེར་བརྩོན་གྱིས་ཐང་ཕོ་ཆེར་བཤད་ཅིང༌། གྲྭ་པ་ཁྲི་ལྷག་འདུས། ཨར་བྱང་ཡེས་གནམ་རྩེ་ལྡེང་དང༌། གཞུ་ཀུན་དགའ་ར་བ། གནམ་རྫིང་ཁ་ལ་སོགས་སུ་བཤད་དོ། དཀར་ཆུང་རིང་མོ་དང༌། ཁུའི་སློབ་མ་ཞང་ཨེ་པས། མེན་འདྲ་དང༌། རྒྱ་གྲོང༌། འོར། སྐྱོ་རོག མེ་ཏོག ཝུ་ཤང་རྡོ་ལ་སོགས་སུ། མདོ་སྨད་ཚོ་བཞིའི་གྲྭ་པ་ལ་ཆོས་གསུངས་ཤིང༌། མཁས་པ་བསོད་རིན་དང༌། སྙལ་པ་ཞིག་པོ། རྒྱལ་བ་སོ་སྟོན་ལ་སོགས་དཔག་ཏུ་མེད་པ་སྨིན་པར་མཛད་ཅིང༌། གྲལ་གདན་ཟ་འོག་ལ་བྱེད་པ་དང༌། དུས་ཆེས་རེ་ལ་ཇ་སིགས་ཆེན་ལྔ་བཅུ་རེ་ཙམ་སྐོལ་བ་ལ་སོགས་ལོངས་སྤྱོད་ཀྱང་དེ་དུས་ཁོ་ན་ཆེ་བར་གྲགས། དེའི་རྗེས་སུ། མཁན་པོ་བསོད་རིན་གྱིསད་གདན་ས་བྱས། དེ་གྲུབ་ཐོབ་ལ་སྟོད་སྨད་པའི་སྲས་ཆེ་བ་ཡིན། ལས་ཀྱི་མེ་ལོང་ལ་སོགས། བསྟན(༡༣༠.ན)བཅོས་ཀྱང་དུ་མ་བྱས། ཆོས་བློ་བཤད་བྱེད་པའི་སྲོལ་བྱུང༌། རྗེས་སུ་འགྲལ་ཤེར་རྒྱལ་གྱིས་གདན་ས་མཛད། སྐུ་ཚེའི་སྨད་ལ། ཤབ་འདྲེ་སྒང་དུ་གྲྭ་པ་བཙུགས་དེའི་སློབ་མ་ར་གྲགས་ཤེ་ལ་སོགས་པ་ཡིན་ནོ། ཡང་ཞང་ཨེ་པ་དང༌། དན་བག་པའི་སློབ་མ་སྙལ་པ་ཞིག་པོས། ཝུ་ཤང་བརྔོ་ལ་སོགས་སུ་བཤད་པ་ལས་བུ་དགུར་གྲགས་པ་བྱུང་སྟེ། བཟད་རིངས། ཕུ་དུང་དར་དཀོན་གཙང་གྲུབ་གསུམ་ལ། སྔ་ཚར་གསུམ་ཟེར། འུ་ཡུག་པ་བསོད་ནམས་སེང་གེ བོ་དོང་རིན་པོ། སློབ་དཔོན་ཇོ་ནང་གསུམ་ལ་བར་ཚར་གསུམ་ཟེར། རྒྱ་འཕྱིང་རུ་བ། ཆོས་རྗེ་འཇམ་གསར། སྐྱེལ་ནག་གྲགས་སེང་གསུམ་ལ་ཕྱི་ཚར་གསུམ་ཟེར་བར་གྲགས་པ་ལས། དར་དཀོན་གྱུས་ཡར་ལུང་དང༌། མཚོ་སྨད་ལྷ་ཁང་ལ་སོགས་པར་བཤད་དེ། གཉན་དར་མ་སེང་གེ་དང༌། ཇ་ཡུལ་དཀར་མོ་ལ་སོགས་པའི་སློབ་མ་བྱུང་ངོ༌། གཙང་ཞལ་ལུར་བཤད་གྲྭ་བཚུགས་སོ། (༡༣༠.བ)འོ་ཡུག་པས་ས་སྐྱར་བྱོན། ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་བྱུང་ངོ། བོ་དོང་རིན་པོ་ཆེས་བྲག་རམ་གྱི་བཤད་གྲྭ་བཙུགས་སོ། སློབ་དཔོན་དར་འོད་དང༌། དབུས་པ་ཤེར་འབུམ། བུ་སྟོན་གྲགས་སེང་ལ་སོགས་པའི་སློབ་མ་བྱུང་ངོ༌། གཙང་པོ་ཇོ་ནམ་གྱིས་འགྲལ་གྱི་སློབ་མ་བྱས་ནས་དེའི་གདན་ས་མཛད་ཀྱིན་ཡོད་པས། སྣེའུ་ཐོག་ཏུ། བཟད་པ་དོན་གྲུབ་ཀྱིས་གདན་ས་གཏད་དེ། གཉིས་ཀའི་གདན་ས་མཛད་ནས། ཆོས་གཞི་རྣམས་དྲིལ་ནས། ལོ་བཅོ་ལྔའི་བར་དུ་གདན་ས་མཛད་ཅིང༌། རོག་དང༌། མདོ་སྡེ་མགོན་པོ་ལ་སོགས་པའི་སློབ་མ་བྱུང་ངོ༌། དེའི་རྗེས་སུ། རོག་གིས་ཟླ་བ་དྲུག་མཛད། དེ་ནས་སློབ་དཔོན་མདོ་སྡེ་མགོན་པོས་ལོ་སུམ་ཅུ་སོ་ལྔ་བྱས་ཤིང༌། སློབ་དཔོན་ཆེན་པོ་ཤག་གཞོན་དང༌། ཚད་མའི་སྐྱེས་བུ། སློབ་དཔོན་ཆེན་པོ་དོན་གྲུབ་དཔལ། ཁ རག་པ་བྱང་གཞོན། སྨ་ར་བརྩོན་རྙིང༌། ལོ་རེ་བ་དར་མ་འོད། (༡༣༡.ན)ཚལ་པ་ཤཱཀྱ་བཀྲིས་ལ་སོགས། དཔག་ཏུ་མེད་པར་མཛད། སློབ་དཔོན་ཆེན་པོ་ཤཱཀྱ་གཞོན་ནུས། ཚལ་གུང་ཐང་དུ་བཤད་གྲྭ་བཙུགས་ནས། ལོ་དྲུག་སོང་བ་ན། སྣེའུ་ཐོག་ཏུ་སྤྱན་དྲངས་ནས། གདན་ས་ལོ་ཉི་ཤུ་རྩ་བདུན་མཛད་ཅིང༌། བློ་གྲོས་མཚུངས་མེད་དང༌། ཕྱོགས་ལས་རྣམ་རྒྱལ། ཨེ་རྡོར་གཞོན། རྒྱལ་སྡེ་བ་གཞོན་ནུ་སེང་གེ་ལ་སོགས་མཁས་པའི་སྐྱེས་བུ་དུ་མ་དང༌། ཆོས་རྗེ་ཀརྨ་བ་དང༌། རྟོགས་ལྡན་གྲགས་སེང་ལ་སོགས། མཁས་གྲུབ་དུ་མ་སྨིན་པར་མཛད་དོ། དེའི་རྗེས་སུ་རྒྱ་མ་བས་ལོ་བརྒྱད་གདན་ས་བྱས། དེའི་རྗེས་སུ་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་བརྒྱད། ཡ་འབྲོག་པ་གཞོན་རྒྱའི་གྱིས་ཟླ་བ་གཅིག སློབ་དཔོན་གཞོན་སེང་གིས་ལོ་བརྒྱད། གཙང་དཀར་གྱིས་ལོ་གསུམ། སློབ་དཔོན་བློ་གྲོས་གསེང་གེས། སྤྲེའུ་ལོ་ལ་སློབ་དཔོན་ཤཱཀྱ་གཞོན་ནུ་དང༌། སློབ་དཔོན་དོན་གྲུབ་དཔལ་དཔོན་སློབ་ཀྱིས་གུང་ཐང་གི་བཤད་གྲྭ་བཙུགས་ནས། ལོ་དྲུག་དང༌། (༡༣༡.བ)སློབ་དཔོན་ཤག་གཞོན་སྣེའུ་ཐོག་ཏུ་བྱོན་ཞིང༌། གུང་ཐང་དུ་སློབ་དཔོན་དོན་གྲུབ་གྱིས་སྟག་ལོ་ནས་རྟ་ལོའི་བར་ལོ་བཞི་བཅུ་ཞེ་གཅིག་གི་རིང་ལ། མཁས་པའི་བྱ་བ་གསུམ་གྱིས་བཤད་གྲྭ་ལེགས་པར་བསྐྱངས་ཏེ། སློབ་དཔོན་ཆེན་པོ་དཀོན་མཆོག་སེང་གེ་དང༌། ཇོ་བོ་གཉིས་དང༌། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང༌། མཁས་བཙུན་བློ་གྲོས་བཟང་པོ་དང༌། སློབ་དཔོན་ཤེས་རབ་འཕེལ་དང༌། སྨྲ་བའི་སྐྱེས་མཆོག་བསོད་ནམས་དཔལ་ལ་སོགས་པ། ཉི་ཟླ་ལྟར་གྲགས་པ་རྣམས་དང༌། སློབ་དཔོན་བཀའ་བཞི་པ་དང༌། སློབ་དཔོན་ཆོས་མཆོག་ལ་སོགས་གསུང་རབས་སྡེ་སྣོད་ཀྱི་དོན་ལ་བློ་གྲོས་རྒྱས་པ་བསམ་གྱིས་མི་ཁྱབ་པ་དང༌། མཁས་བཙུན་རི་ཁྲོད་པ་ལ་སོགས། མཁས་གྲུབ་བསམ་གྱིས་མི་ཁྱབ་པ་རྣམས། སྨིན་ཅིང་གྲོལ་བར་མཛད། སྲས་ཀྱི་ཐུ་བོ་ཤེས་རབ་རྒྱལ་མཚན། རྟ་ལོ་ལ་རྒྱལ་ཚབ་ཏུ་དབང་བསྐུར་ནས། གདན་ས་ལོ་(༡༣༢.ན)བཅུ་བཞི་མཛད། ཡོས་ལོ་ནས། སློབ་དཔོན་བསོད་ནམས་དཔལ་བསྐོས་པའོ། ཡང་འཇམ་བཙན་ནེའུ་དུས། གཙང་པ་འཇམ་སེང་གིས་བཤད་པ་མཛད་པས། གླིང་སྟོད་ལ་གྱེས་ཏེ། དབོན་པོ་ཇོ་ཡུན་ཞེས་པས་བདག་རྐྱེན་བྱས་ནས། འཇམ་སྟོན་བློ་གྲོས་འབར་ཞེས་པ་གསུམ་གྱིས་རིམ་པར་བཤད། དེའི་རྗེས་སུ། སློབ་དཔོན་སྙལ་ཞིག ཝུ་ཤང་རྡོ་ནས་སྤྱན་དྲངས་ཏེ། ལོ་བརྒྱད་བཤད་པ་མཛད་དེ། དེ་ནས་རྒྱལ་བ་ལོ་སྟོན་གྱིས་བྱས། ཁོང་བྲོས་པའི་རྗེས་སུ། རྒྱ་འཕྱིང་རུ་བ་བདེ་བ་ཅན་ནས་བོས་ཏེ། གདན་ས་མཛད། དེའི་སློབ་མ་ཆུ་མིག་པ་སེང་གེ་དཔལ་གྱིས་ལོ་བཅོ་བརྒྱད། གདན་ས་མཛད་ཅིང༌། ལྡན་མ་གྲགས་རིན། ལ་སྟོང་པ་གྲགས་རྒྱལ། ལ་སྟོད་པ་འབུམ་མཛེས། འཕྱིང་རུ་བ་སངས་རྒྱས། ལྷོ་བྲག་པ་བློ་གྲོས་རྒྱལ་མཚན། སྙེགས་གྲགས་ཚུལ། ཡར་ལུང་པ་སྤྱན་རས་གཟིགས། (༡༣༢.བ)བཙན་ཐང་པ་བསོད་ནམས་དབང་ཕྱུག ཞང་ཐུགས་རྗེ་བརྩོན་འགྲུས་ལ་སོགས་པ་མང་དུ་བྱོན། ལྡན་མ་གྲགས་རིན་གྱིས། གདན་སོ་ལོ་བརྒྱད་མཛད། ལྷོ་བྲག་པས་སྔ་ཕྱི་གྲིལ་བས། ཉོལ་ལོ་ཉེར་གཉིས་མཛད་ཅི༌། ཐོག་སྟོན་དང༌། ཉང་སྟོད་པ་དང༌། བཙན་དགོན་པ་གཞོན་ནུ་བསམ་གཏན། དབེན་དགེ་བ་ཞང་ཤེས་རབ་ཡེ་ཤེས་ལ་སོགས་སྨིན་པར་མཛད། ཉང་སྟོད་ས་ཤེས་ཡེ་མགོན་གྱིས། ལོ་བདུན་བླ་མཆོད་མཛད། ཡང་ལྷོ་བྲག་པ་རང་གིས་བྱས། དེ་རྟིང༌། བཙན་དགོན་པས། ལོ་ཉི་ཤུའི་བར་ལ། གདན་ས་བྱས་ཤིང༌། ཆོས་གྲགས་གསར་མ་དང༌། བླ་བྲང་དབོན་པོ། ལྷ་ས་བ་རུ་འཚམས་པ་ཤེས་རྒྱལ་ལ་སོགས་པ། བཙན་དགོན་པའི་སློབ་མ་ཡིན། དེ་རྟིང༌། བླ་བྲང་བ་དང༌། ཆོས་གྲགས་གསར་མ། ལྷ་ས་བ། ཡང་རྩེ་བ། ལྷ་ཡུལ་བ། རིན་ཆེན་གྲགས་པ། ཡོན་ཏན་རྒྱ་མཚོ། ཡང་རྒྱ་འཕྱིང་གི་དུས་སུ། བདེ་བ་ཅན་དུ། སྙེགས(༡༣༣.ན)གྲགས་ཚུལ་གྱིས་བཤད་ཅིང༌། ལས་སྟོད་པ་འབུམ་མཛེས་དང༌། ལས་སྟོད་པ་གྲགས་རྒྱལ། རྒྱས་སྟོན་བསོད་རིན། མཛེས་རྟོགས་པ་སྨིན་པར་བྱས། རྗེས་སུ། རྒྱས་སྟོན་བསོད་རིན་གྱིས་བཤད་པ་བྱས་ཏེ། དགེ་གྲགས་པ་དང༌། དོན་གྲུབ་སེང་གེ རལ་དཀར་དབེན་དམར་ལ་སོགས་པ་རྣམས། སྨིན་པར་བྱས། དེ་རྗེས། དབེན་གྲགས་པས་གདན་ས་བྱས། དེ་རྟིང༌། སྙེ་ཐང་བ་བཀྲ་ཤིས་སེང་གིས་བྱས་སོ། ཡང་བཟད་རིངས་ཀྱིས། ཁྲོ་ཕུར་བཤད་གྲྭ་བཙུགས་ཏེ། མགས་པ་དང༌། སྟག་སྟོན་སྤྱིལ་བུ་བ་ལ་སོགས། སློབ་མ་མང་པོ་བྱོན། ལྡོང་གིས་གདན་ས་བྱས། དེ་གཉིས་ཀྱི་སློབ་མ། ལྷོ་པ་གྲུབ་སེང་གེས་བྱས་ཏེ། རོང་པ་དང༌། རིགས་ཀྱི་ཐིགས་པ་དང༌། གཞོན་མཛེས་དང༌། ཞལ་ལ་མ་དང༌། ཉག་གཅིག་ལ་སོགས། སློབ་མ་མང་དུ་བྱོན། རིགས་ཐིགས་པའི་སློབ་མ། ཞལ་ལུ་བུ་སྟོན་ཁ་ཆེ་ཡིན་ཡང༌། སྐྱེལ་ནག་གིས། སྣར་ཐང་དུ། ཚད་མ་བཤད་པའི་སློབ(༡༣༣.བ)མ། སྐྱེལ་ནག་གྲགས་འབུལ་དང༌། ཆུ་མིག་སེང་གེ་དཔལ་ལ་སོགས་བྱུང༌། ཀྱི་སྟོན་གྲགས་འབུམ་གྱི་སློབ་མ། བཅོམ་ལྡན་རལ་གྲི། དེའི་སློབ་མ་མཁན་པོ་ཐི་དབོན། དབུ་ཚད་པ་རིན་བཟང་གི་སྟོན་ཤག་འབུམ། གྲགས་རྒྱལ། གྲ་རིངས། གྲ་ཐུང༌། རྩེད་རིངས། རྩེད་ཐུང་ལ་སོགས་པ་ཡིན། རྗེས་སུ་དབོན་པོ་རིན་འབྱུང་གིས་བཤད། དེའི་སློབ་མ། ལྡོང་སྟོན་ཡིན་ནོ། བཤད་རྒྱུད་རིམ་པ་རིམ་པར་བྱོན་ཚུལ་འདི། འདི་ཕྱི་གཉིས་ཕན་ཕན་བདེ་འབྱུང་ཕྱིར་བྲིས། བྲིས་པའི་ནུས་མཐུ་མཐུ་ཆེན་བསྟན་པའི་རྒྱུན། རྒྱུན་ཆགས་རིང་དུ་རིང་དུ་གནས་པར་ཤོག།
བོད་དུ་དུས་འཁོར་གྱི་རྒྱུད་འགྲེལ་དར་ཚུལ།
བོད་དུ་དུས་འཁོར་གྱི་རྒྱུད་འགྲེལ་དར་ཚུལ་བཞུགས་སོ། ན་མ་ཤྲི་ཀ་ལ་ཙཀྲ་ཡ། སྐལ་ལྡན་སྟོན་དཔལ་ལྡན་དུས་འཁོར་གྱི། །རྩ་བའི་རྒྱུད་གསལ་དེའི་འགྲེལ་ཆེན་སོགས། །(༡༣༤.ན)རྒྱ་བོད་ཡུལ་དུ་དར་ཚུལ་མདོར་བསྡུས་བཤད། དེའང། ཐམས་ཅད་མཁྱེན་ཆོས་རྗེ་བུ་སྟོན་ཆེན་པོས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་བྱུང་ཚུལ། རིན་ཆེན་ཅེས་པའི་ལྡེ་མིག་ཞེས་བྱ་བ་ནས། མདོར་བསྡུས་པ་ནི། འགྲེལ་ཆུང་པད་མ་ཅན་ནས། གཉིས་སུ་མེད་པའི་རྒྱུད། དུས་ཀྱི་འཁོར་ལོ་འདི། སངས་རྒྱས་མྱ་ངན་ལས་འདས་ནས། ཤམྦྷ་ལར། རྩ་རྒྱུད་གསུངས་ཅེས་པ་ནི་མི་འཐད་དེ། འདིའི་རྒྱུ་མཚན་ངེས་པ་ཅན། རྒྱུད་འགྲེལ་གང་ནས་ཀྱང་བཤད་པ་མེད་དེ།་ཡང་ཁ་ཅིག་སྟོན་པ་མྱ་ངན་ལས་འདས་ཁའི་ལོ་འབྲས་སྤུངས་སུ་གསུངས་ཟེར་བའང་མི་འཐད་དེ། འགྲེལ་པ་ལས། ས་གའི་ཉའི་སྐྱ་རེངས་ཤར་བའི་ཚེ། སྟོན་པ་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། ཐེག་པ་གསུམ་བསྟན་པ་མཛད་ནས། ཟླ་བ་བཅུ་གཉིས་པའི་ནག་པའི་ཉ་ལ། ཤྲི་དྷ་ན་ཀ་ཊ་ཀར་ཞེས་པ།་སངས་རྒྱས་པའི་ཟླ་བ་བཅུ་གཉིས་པ་ལ་བཤད་པའི་ཕྱིར་རོ། །ཟླ་བ་བཅུ་གཉིས་པ།་(༡༣༤.བ)ལོ་རེ་བཞིན་ཡོང་པས། སྐྱོན་མེད་དོ་སཉམ་ན། དེ་ནི་མི་རུང་སྟེ།་ནག་ཟླ་ནི་དཔྱིད་ཟླ་དང་པོ་ཡིན་པའི་ཕྱིར་རོ། །འོ་ན་ལོ་འདི་ནས་ནི་དྲུག་བརྻའི་ལོས་ཞེས་པ་དང། ཡེ་ལེ་ལས་མྱ་ངན་ལས་འདས་ནས་ལོ་དྲུག་བརྻ་ན་ཤེས་བཤད་པ་དང། འགལ་ཞེས་ན། སྐྱོན་མེད་དེ། དེ་ནི་མྱ་ངན་ལས་འདས་ཡན་ཆོད༌།་ཆོས་བསྟན་པ་ཡིན་ལ་ཆོས་བསྟན་ཟིན་པའི་ལོ་ནས། དྲུག་བརྒྱ་དང། མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ། གནད་གཅིག་དུ་གསུངས་པའམ། ཡང་ན་འཕགས་པའི་ཡུལ་དུ། ཆོས་ཕྱི་མ་རྣམས་སྟོན་པའི་བར་ཐམས་ཅད་ཀྱི་ཆའ འབྲས་སྤུངས་སུ། རགྱུད་བསྟན་པའམ། ཡང་ན། ཚིག་འདི། མ་འོངས་པ་ལ་འཇུག་པས། མ་འོངས་པས། ཆོས་བསྟན་ཟིན་འི་ལོ་འདི་ནས་ཞེས། དགོངས་པ་ཡོད་པས་སྐྱོན་མེད་དོ། དེས་ན། རང་ལུགས་ནི། རྩ་བའི་རྒྱུད་ལས། དེ་ནས་ཤམྦྷ་ལར་གྲགས་ནས། ཕྱག་ན་རྡོ་རྗེའི་སྤྲུལ་བ་ནི། མི་བདག་ཟླ་(༡༣༥.ན)བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག །ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང༌། །སྟོན་པ་བསྡུད་པར་བྱེད་པ་པོ། །ཞེས་དང༌། སྟོན་པས་བྱ་རྒོད་ཕུང་པོ་རུ།༌།ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གང་གནས་བསྟན་པ་ནི། ལུ་ཡིས་རྒྱད་ཀྱང་ལུང་གཅིག་བསྟན། །གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་ལུ་ཡིས་རྒྱུ་ཅི་ཡིས། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ།་བསྟན།།དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་(༡༣༥.བ)དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས་ཀྱི། ཐབས་གཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམས་(བེམ)མིན་ཤིན་ཏུ་དྭངས། །གོ་སྐབས་མེད་པར་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པ་གསན། །ཆོས་ཀྱི་དབྱིངས་དང་ཡིད་འོང་འབར། །རྒྱུད་ལྡན་སྐྱེས་བུ་རྣམས་ཀྱྀས་ནི། །བསོད་ནམས་ཡེ་ཤེས་དགོངས་པའོ། །ཞེས་གསུངས་པ་དང༌། མཐུན་པར་སྟོན་པ་སངས་རྒྱས་ནས། ཟླ་བ་བཅུ་གཉིས་སོང་བ། ནག་ཟླའི་ཉ་ལ། གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ནང་དུ། སྟེང་འོག་ཏུ། རྒྱང་གྲགས་ལྷ་པའི་དཔག་ཚད་དྲུག་ཡོད་པར་འོག་ཆོས་དབྱིངས་གསུངས་དབང་གི་དཀྱིལ་འཁོར་དང། སྟེང་དུ་དཔལ་ལྡན་རྒྱུད་སྐར་གྱི་དཀྱིལ་འློར་སྤྲོས་ཏེ་བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པར། སྟོན་པ་ཤཱཀྱ་ཐུབ་པ། རྡོ་རྗེ་སེང་གེའི་ཁྲི་ལ་དུས་ཀྱི་འཁོར་ལོའི་རྟིང་ངེ་འཛིན་ལ་སྙོམས་པར་བཞུགས་་ནས། དཀྱིལ་(༡༣༦.ན)འཁོར་མ་བཀོད་པའི་འཁོར། སངས་རྒྱས་བྱང་སེམས་ཁྲོ་བོ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉན་པ་པོའི་འཁོར་རྒྱལ་པོ་དགུ་བཅུ་རྩ་དྲུག་ལ་སོགས་སྐལ་དང་ལྡན་པའི་གདུལ་བྱ་རྣམས་དང། ཞུ་བ་པོ་ཟླ་བཟང་པོས་གསོལ་བ་བཏབ་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ནས། ལྷ་དང་ལྷ་མིན་ལ་སོགས། སངས་རྒྱས་ཉིད་དུ་ལུང་བསྟན་ཏེ། ཆོས་རྩ་བའི་རྒྱུད། སྟོང་ཕྲག་བཅུ་གཉིས་པ་བཀའ་སྩལ་ཏོ། །མདོར་བསྡུས་དང་པོའི་འགྲེལ་པར་རྩ་བའི་རྒྱུད་ཀྱི་ལུང་གྲངས་པ་ལས། སྟོན་པ་གོའུ་ཏ་མ་སྟོན་པ་པོ། གནས་ནི་དཔལ་ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །མི་བདག་ཟླ་བཟང་ཞུ་བ་པོ། །རྒྱུད་བསྟན་པ་ནི་མི་རྣམས་ཀྱིས། །བསོད་ནམས་ཡེ་ཤེས་དགོངས་པ་ཅན། །ཞེས་སོ། །འདི་བསྡུས་ཚུལ་ནི་གསང་བ་སྒྲོལ་མའི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་འདི་ནི། ཤེས་པ་དང་ནི་བཤད་པ་སུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཕྱོགས་སུ་དཔལ་ཕྱག་ན་རྡོ་རྗེའི(༡༣༦.བ)གནས་སུ་དེའི་སྤྲུལ་པ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་ཏི་ཞེས་པ་ས་བཅུའི་དབང་ཕྱུག་དེས་ཤེས་པ་དང༌། བཤད་ས་དང་སེམས་ཅན་ལ་གསལ་བར་བྱེད་དོ། ཞེས་གསུངས་ལ། རྒྱུད་སྡེ་གཞན་གྱི་ལུགས་ཀྱི་འང༌། ཕྱག་ན་རྡོ་རྗེས། སྟོན་པ་བཞུགས་དུས་རང་བསྡུས་ནས། རྒྱལ་པོ་ཨིནྡྲ་བོ་ཏི་འཁོར་བཅས་ལ་བྱིན། གྲུབ་པ་ཐོབ། ཨོ་རྒྱན་སྟོངས་ནས་མཚོར་གྱུར་པའི་ཀླུ་རྣམས་ལ། ཕྱག་རྡོར་གྱིས་རྣམས་གླེགས་བམ་དུ་བཀོད་ནས་བྱིན་པས་དེ་དག་ཐམས་ཅད་ཀྱང༌། མིར་འགྱུར་ཏེ་ཆོས་འདི་ལ་སྤྱོད་ཅིང༌། དེ་ནས་རིམ་གྱིས་ཡུལ་དབུས་ལ་སོགས་པར་འཕེལ་ལོ། ཕྱག་རྡོར་གྱི་སྤྲུལ་པ་ཟླ་བཟང་གིས། དུས་འཁོར་རྩ་རྒྱུད་བསྡུས་ཤིང་དེའི་འགྲེལ་བཤད། སྟོང་ཕྲག་དྲུག་ཅུ་པ་མཛད་ནས། ཤ་མྦྷ་ལར། རིན་པོ་ཆེ་ལས། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས། ལྷའི་དབང་ཕྱུག་སྟོན་པ་པོར་བཀོད་ནས་མྱ་ངན་ལས་འདས་པར་གསུངས་སོ། སྟོན་པ་པོ་དང༌། སྡུད་པ་པོ་དེ་དག་ཐམས་ཅད་འདུལ་བྱའི་སྣང་ངོར་བསྟན་པ(༡༣༧.ན)ཙམ་ཡིན་གྱི། དོན་ལ་གསང་བ་གྲུབ་པ་ལས། འདི་ཡི་སྡུད་པར་བྱེད་པ་པོ། གཞན་དག་ཡོད་པ་མ་ཡིན་གྱི། བདག་ཉིད་འབའ་ཞིག་སྨྲ་བར་བྱེད། རྒྱུད་མཛད་པ་ནི་ཐུགས་རྗེའོ། ཅེས་གསུངས་སོ། འདིའི་ཆོས་ཡུན་ཇི་ཙམ་གནས་ཚུལ་ནི། དུས་འཁོར་བའི་ལུགས་ཀྱི་གླིང་བཅུ་གཉིས་པོ་འདི། གླིང་རེར་ལོ་སྟོང་བརྒྱད་བརྒྱ་རེ། གྲིལ་བས་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་པར་གསུངས་སོ། རིགས་ལྡན་རིམ་པར་རྒྱུད་ཚུལ་ནི། ལྷའི་དབང་ཕྱུག་ནས། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་པོ། སྣ་ཚོགས་གཟུགས། ལྷའི་དབང་ལྡན་འཇམ་དབྱངས་གྲགས་པ་རྣམས་ཀྱིས་བརྒྱད་བརྒྱར་ཆོས་བསྟན་ཅིང༌། འདི་ཡན་རྩ་རྒྱུད་རྩ་འགྲེལ་ལ་འཆད་ཉན་བྱེད་པ་ཡིན། རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ། ཞེས་པ་ལ། ཆོས་སྟོན་པའི་ལོ་སྟེ་ཞེས་པ་དང༌། ང་མྱ་ངན་ལས་འདས་ནས། ལོ་དྲུག་བརྒྱ་ན། ཞེས་གསུངས་པ་དང༌། ཟླ་བཟང་མྱ་ངན་ལས་འདས་ནས། ལོ་དྲུག་བརྒྱ་རྣམས། གནད་གཅིག་ཏུ་རྟོགས་དགོས་སོ། དེ་ནས་(༡༣༧.བ)གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན་པའི་རྗེ་སུ། དྲང་སྲོང་རྣམས་ཀྱི་ངོར། རྩ་རྒྱུད་ནས་བསྡུས་པའི་བསྡུས་རྒྱུད་མེ་ཏོག་འཕྲེང་འཛིན། ཚིག་བཅད་སྟོང་དང་སུམ་ཅུ་པ་མཛད་དོ། དེ་ནས་པད་དཀར་གྱིས་ལོ་བརྒྱར་ཆོས་བསྟན། འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་མཛད། དེ་ནས། བཟང་པོ་དང་རྣམ་རྒྱལ། བཤེས་གཉེན་བཟང་པོ་ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ་ཕ༑ག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ་རྣམས་ཀྱིས་ལོ་བརྒྱད་བརྒྱར་ཆོས་བསྟན་ཏེ། རིགས་ལྡན་ཀྱི་དབུས་སུ་ལས་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། དེའི་དུས་སུ་ངེས་པར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། ཞེས་གྲགས་པའི་བུ་ནས་བགྲངས་པའི་མི་རབས་བརྒྱད་འདས་པ་ན། ཀླ་ཀློའི་ཆོས་འཇུག་པར་གསུངས་ལ། རྒྱལ་དཀའ་ཡིས་ཀྱང༌། ལོ་བརྒྱ་བརྒྱར་ཆོས་སྟོན་པར་གསལ་ཏེ། ཀླ་ཀློ་བྱུང་ནས། ལོ(༡༣༨.ན)བརྒྱ་བརྒྱད་ཅུ་གཉིས་ན། རྒྱལ་ཀ་ཡིས། རྩིས་གཞི་བརྩམ་ལ། བརྒྱ་ནི། རྒྱ་མཚོ་རྣམ་རྒྱལ་གྱི་དུས་ཡིན་ལ། རྒྱལ་ཀའི་ཆོས་བསྟན་པ། བརྒྱད་ཅུ་གཉིས་ན། བསྡུས་རྒྱུད་ཀྱི་རྩིས་གཞི་མཛད་དམ་སེམས་སོ། དེ་ནས་ཉི་མ་དང༌། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང་སེང་གེ་རྣམ་སྣོན(གནོན)། སྟོབས་པོ་ཆེ། མ་འགགས་པ། མིའི་སེང་གེ་དབང་ཕྱུག་ཆེན་པོ། མཐའ་ཡས། རྣམ་རྒྱལ། དྲག་པོའི་འཁོར་ཅན་ཏེ། དེས་ཀླ་ཀློའི་སྟོབས་འཇོམས་པར་བྱེད་དོ། དེ་ལྟར་རིགས་ལྡན་ཉི་ཤུ་རྩ་ལྔའི་རྗེས་སུ། དྲག་པོ་འབྱུང་བར་བཤད་པའི་ཕྱིར། རིགས་ལྡན་ཉི་ཤུ་རྩ་དྲུག ཤཱཀྱའི་རིགས་ཀྱི་རྒྱལ་པོ་བདུན་ཏེ། སྤྲུལ་པའི་རྒྱལ་པོ་སུམ་ཅུ་རྩ་གསུམ་མོ། ཞེས་གོང་མ་དག་བཞེད་དོ། རིགས་ལྡན་ཕྱི་མ་རྣམས་ཀྱི་སྐུ་ཚེའི་ཚད་ཀྱང༌། ལོ་བརྒྱ་བརྒྱར། བླ་མ་མཁན་ཆེན་ལོ་ཙཱ་བའི་གསུང་ལས་བྱུང་ངོ༌། དེའི་ལུགས་ལྟར་ན། རྒྱལ་ཀས། རྩིས་གཞི་བརྩམས་ནས། ཆུ་ཕོ་སྟག་ལོ་ཡར་བཅད་ལ། (༡༣༨.བ)ལོ་ལྔ་བརྒྱ་དང་དྲུག་སོང་བའི་ཕྱིར། དཔལ་སྐྱོང་ཡོད་དགོས་པར་མངོན་ཏེ། སྔོན་གྱི་གཏམ་རྒྱུད་དང་མི་འཐུན་པར་སྣང་ངོ༌། རྒྱ་གར་དུ་ཇི་ཙམ་དར་ཚུལ་ནི། ལུགས་གཉིས་ལས། ར་ལུགས་ནི། དུས་འཁོར་ལ་སོགས་བྱང་ཆུབ་སེམས་དཔའི་སྐོར་དུ་གྲགས་པའི་ཆོས་འདི་རྣམས། རྒྱ་གར་ཤར་ཕྱོགས་པའི་རྒྱལ་པོ་དེ་ཧ་པ་ལ་དང༌། ལྷོ་ཕྱོགས་ན་ཛའུ་གང་གླཧ་པ། ནུབ་ཕྱོགས་ན། ཀ་ནའུ་ཛ་ཞེས་པ་དང༌། རྚགྱལ་པོ་གསུམ་ཡོད་པའི་རིང་ལ། ཤར་ཕྱོགས་ཀྱི་ཡུལ་སྡེ་ཆེན་པོ། ཨོར་བའི་སར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་མཁྱེན་པ་རྩི་ལུ་པཎྜིཏས། སངས་རྒྱས་ཚེ་གཅིག་ལ་འགྲུབ་པ་ལ་སྔགས་ཀྱི་ཐེག་པ། བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་སྟོན་པ་གཅིག་དགོས་པ། དེ་ཤམ་བྷ་ལ་ན་ཡོད་པ། འཚོལ་བར་དགོངས་ནས་བྱོན་པས། མི་དཀར་པོ་གཅིག་དང་མཇལ་བ། འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་གོ་ནས་ཞུས་པས། དེས་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང༌། (༡༣༩.ན)མ་ལུས་པ་ཁོང་དུ་ཆུད་པར་བྱིན་གྱིས་བརླབས་ནས། ཕྱིར་བྱོན་པས། རྒྱ་གར་ཤར་ཕྱོགས་སུ་འཕེལ་ལོ། ཡང་ལུགས་གཅིག་ལ། རྩི་ལུ་པཎྜིཏ་དེ། རྣལ་འབྱོར་པ་གཅིག་གི་བུ་ཡིན་པས། ཕས། ཤམ་བྷ་ལར་ཁྲིད། དགེ་སློང་གཅིག་དང་མཇལ། དེས་བྱིན་གྱིས་བརླབས། ཁོང་དུ་ཆུད་ནས་ཡུལ་དུ་བྱོན་ཏེ་རབ་ཏུ་བྱུང་པའི་མཚན། རྩི་ལུ་པ་ཞེས་གྲགས་སོ། སློབ་དཔོན་དེས། ཀ་ར་ཀའི་རྒྱལ་པོའི་གསར་བཞུགས་པས། སློབ་མ་གསུམ་བྱུང་བ། དེ་བས་རྒྱུད་འགྲེལ་རྣམས། གླེགས་བམ་དུ་འབྲི་བར་ཞུས་ནས་བྲིས་སོ། སློབ་མ་གསུམ་པོའི་ནང་ནས། ཤར་ཕྱོགས་བྷཾ་གྷ་ལར་སྐུ་འཁྲུངས་པའི། པཎྜིཏ་ཨ་ཙརྱ་ཞུས་ནས། མ་ལུས་པར་ཐུགས་སུ་ཆུད་ཅིང་ཉམས་སུ་བཞེས་སོ། དེའི་སྐབས་སུ། རྒྱལ་པོ་གཞན་གཅིག་གིས་དམག་བྱུང་ནས། རྒྱུད་འགྲེལ་གྱི་དཔེ་རྣམས་དངོས་སུ་སྦས། རྟིང་ལ་ལྟས་པས། བདེ་སྐྱིད་གཉིས་ཀྱི་འགྲེལ་པའི་བཤམ་མ་ཚང་འདུག་པ། འབྲི་བར་ཞུས་པས། མཁའ་འགྲོ་མས་སྦས་པ་ཡིན་པས། འབྲིར(༡༣༩.བ)མི་རུང་གསུངས་ནས་མ་གནང༌། རྩི་ལུང་པཎྜིཏ། སླར་རྒྱ་གར་དུ་གཤེགས་སོ། དེ་ནས་པཎྜིཏ་ཨ་ཙརྱས། ན་ལེན་དྲར་སྐུ་འཁྲུངས་པའི་དུས་ཞབས་པ་ཆེན་པོ་ལ་གསུངས་སོ། ཁ་ཅིག དུས་ཞབས་པ་དེ་ལ། སྒྲོལ་མས་ལུང་བསྟན། ཤམ་བྷ་ལར་བྱོན་པའི་ལམ་དུ། སྤྱན་རས་གཟིགས་ཀྱིས། མ་ལ་ཡའི་ཚལ་གྱི་དཀྱིལ་ནང་དུ་ཁྲིད་ནས། དབང་བསྐུར་རྒྱུད་འགྲེལ་རྣམས་བཤད་ནས། དཔེ་ཐམས་ཅད་ཀྱང་གནང་སྟེ་བྱོན་ནོ། དེ་ལ་སློབ་མ་མཆོག་བཞིའི་ནང་ནས། ཤར་ཕྱོགས་སུ་འཁྲུངས་པའི་དུས་ཞབས་པ་ཆུང་པ་མཚན་བོ་བྷི་པ་ཡང་ཟེར། ན་ལེན་དྲ་པའང་ཟེར་བ་དེས། ན་ལེན་དྲར། དུས་འཁོར་ལྷ་ཁང་བཞེངས། སྒོ་གོང་ལ། རྣམ་བཅུ་དབང་ལྡན་དང༌། དེའི་འོག་ཏུ། གང་ཞིག་དང་པོའི་སངས་རྒྱས་མི་ཤེས་པ་དེ་རྣམས་ཀྱིས། མཚན་ཡང་དག་པར་བརྗོད་པ་མི་ཤེས་ཅེས་པ་ནས། རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ། འཁོར་བའོ། ཞེས་པའི་བར་བྲིས་པས་གཙུག་ལག་ཁང་ན་བཞུགས་པའི་པཎྜིཏ་ལྔ་བརྒྱ་ཙམ་གྱི་རྒྱུད(༡༤༠.ན)མ་རེངས་པ་བཏུལ་ནས། ཐམས་ཅད་སློབ་མར་གྱུར་ཏོ། ཁྱད་པར་དུ་མཉྫུ་ཀིརྟི་དང༌། ཟླ་མགོན་དང༌། རྩ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང༌། ཤིན་ཏུ་དར་བར་བྱས་ཤིང༌། དེ་ནས་བལ་པོ་ཡེ་རང་དུ་འཁྲུངས་པའི་པཎྜིཏ་པ་མཧཱ་ཤྲཱི་བྷ་ཏྲས། མཁས་པ་ལྔ་ལ་གསན། ཁྱད་པར་དུ། མཉྫུ་ཀིརྟིའི་རྗེས་སུ་འབྲང་ངོ༌། འབྲིའི་ལུགས་ནི། རིགས་ལྡན་རྒྱལ་པོ་དཔལ་སྐྱོང་ཆོས་འཆད་དུས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས་དེའི་རྒྱུད་ལས་འབྱུང་པ། ཁྱེའུ་གཅིག་འཁྲུངས་པ་དེ་ཆེར་སྐྱེས་ནས། བྱང་ཆུབ་སེམས་དཔའི་ཆོས་བསྐོར་ཚོལ་བ་ལ། ཤམ་བྷ་ལར་བྱོན་པ། དཔལ་སྐྱོང་གིས་མཁྱེན་ནས། དེའི་གདོང་དུ་བྱོན་ནས། ཟླ་བ་བཞིའི་བར་ལ་ཆོས་གསུངས། དེའི་བུམ་པ་གང་བྱོ་ཐུགས་ལ་བཟུང་ནས། ཕྱིར་བྱོན་པས། འཇམ་དཔལ་གྱི་སྤྲུལ་པར་གྲགས་ཤིང༌། དེའི་མཚན་ཡང༌། དུས་ཞབས་པ་ཟེར་རོ། དེའི་སློབ་མ་མང་དུ་བྱུང་པའི་ནང་ནས། ཡོན་ཏན་བླ་མ་དང་མཚུངས་པ། སྲས་ན་ལེན་དྲ་པ། དུས(༡༤༠.བ)ཞབས་པ་ཆུང་བར་གྲགས་སོ། དེའི་དུས་སུ་ཁ་ཆེར། བྲམ་ཟེརའི་བུ་ཟླ་མགོན་ཟེར་བ་བློ་རྣོ་བ་གཅིག་བ་གཅིག་བྱུང་བས། སྔ་སོར། ཕྱི་རོལ་པའི་ཆོས་བསླབས། དེ་རྟིང་ཡུམ་གྱི་འདོད་བཞིན། ཁ་ཆེའི་པཎྜིཏ་བྲམ་ཟེ་ཞབས་ལ་ཞུས། དབང་མདོར་བསྟན་གྱི་དཔེ་གཟིགས་པས། ཤིན་ཏུ་དང་ནས། མ་ག་དྷ་ཏར་བྱོན། དུས་ཞབས་པ་ཡབ་སྲས་དང་མཇལ། བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པར་ཞུས་སོ། ཁ་ཆེ་རིན་ཆེན་རྡོ་རྗེ་ལ་གཙང་པས་ཟླ་མགོན་མ་ཐུབ་པ། རིན་ཆེན་རྡོ་རྗེ་ན་རེ། ང་ལ་སློབ་མ་མི་དད་པར་འོང་པས། ཁྱོད་བོད་དུ་བྱོན་གསུངས། དེ་ནས། ཆོས་འདི་བོད་དུ་སྤེལ་དགོངས་ནས། བོད་ཡུལ་དུ་བྱོན་ཏེ་དར་བར་མཛད་པའོ། དུས་ཀྱི་འཁོར་ལོ་བོད་དུ་དར་ཚུལ་ལའང༌། ལུགས་གཉིས་ཏེ། འབྲོའི་ལུགས་ལ། ཁ་ཆེ་ཟླ་མགོན། བོད་དུ་བྱོན། ཁ་རག་གཉོས་ལ་བབས། འགྲེལ་པ་དྲི་མེད་འོད་ཀྱི་ཕྱེད་བསྒྱུར། དེའི་འཕྲོ་ལ། འཕན་ཡུལ་གྲབ་ཏུ་བྱོན་ནོ། ཞང་ཕུ་ཆུང་པས། སྦྱིན(༡༤༡.ན)བདག་དང༌། འབྲོས་ལོ་ཙཱ་བྱས་ནས་ཚང་མར་བསྒྱུར། གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་བསྲུངས་ལ། གཞུང་མན་ངག་མ་ལུས་པར་གནང༌། དེས་སྣོར་བཟང་གི སྒྲོ་གནམ་ལ་བརྩེགས་ལ་གནང༌། འདི་ལ། རྟིང་མ་ཁ་ཆེ་ཟླ་མགོན་གྱིས་ཀྱང་གནང་བར་བྱེད་དོ། སྒྲོ་གནམ་ལ་རྩེགས་ཀྱིས། གངས་ཏི་སིར་སྐུ་འཁྲུངས་པའི་རྔམ་ཁྲོམ་པ་དད་པ་རྒྱལ་པོའི་སྲས་བཞིའི་ཆུང་པ། བླ་མ་ཡུ་མོ་བ་ལ་གནང༌། དེས། སྐུའི་སྲས་དྷརྨ་ཤ་ར་ལ། དེས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ལ། དེས་འཇམ་གསར་ལ། གཡས་རུ་སྨོན་མཁར་གྲོང་ཆུང་དགོན་པར་གནང༌། དེ་ལ་བླ་མ་རྒ་ལོས་གསན་པའོ། ར་ལུགས་ལ། སྙ་ནམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་ར་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ། ར་ལོ་ཙཱ་བ་ཆོས་རབ་ཀྱིས། དུས་འཁོར་གྱི་ཆོས་དོན་དུ་གཉེར་བ་ལ། བལ་ཡུལ་དུ་བྱོན། པཎྜིཏ་ས་མནྟ་ཤྲི་བྷ་ཏྲ་ལ། ལོ་ལྔ་ཟླ་བ་བཅུ་ཞག་ལྔར་སྦྲེལ(༡༤༡.བ)ནས་ཞུས་པས། རྒྱུད་འགྲེལ། བཤད་བཀའ། དབང་བཀའ། མན་ངག་དང་བཅས་པ་མ་ལུས་པར་གནང༌། པཎྜིཏ་བོད་དུ་སྤྱན་དྲངས་ནས། བཤད་བསྒྱུར་གཏན་ལ་ཕབ་སྟེ། ཆེས་དར་བར་མཛད་དོ། དེས་སྲས་བླ་མ་ཡེ་ཤེས་སེང་གེ་ལ་གནང༌། དེས་ར་འབུམ་སེང་ལ་གནང༌། དེ་ལ་སྔོན་གྱི་ཁམས་པ་རྒ་ལོ་ཆེན་པོའི་དབོན་རྒྱུད་དང༌། སྐྱེ་བ་བཞེས་པ། རྗེ་བཙུན་རྒ་ལོས་ཞུས་པ་ཡིན་ཏེ། ཡབ་མེས་ནི། མི་ཉག་གཞོན་ནུ་སྙིང་པོ་ལ། སྲས་གཞོན་ནུ་སེང་གེ དེའི་སྲས། རིགས་འཛིན་སྙིང་སྙིང་པོ། དེས་རོང་གི་རྒྱ་མ་བའི་ཡུལ་བཟུངས། དེའི་སྲས་རྡོ་རྗེ་སེང་གེས། རོང་མཁར་ཕུག་བཟུང༌། དེ་ལ་སྲས་བཞི་བྱུང་པའི་ཆེ་བ། ཡེ་ཤས་རྡོ་རྗེ། གདན་ས་གཡེན་དམར་བཟུང༌། གྲུབ་ཐོབ་དབང་ཕྱུག་རྒྱལ་པོ་ཡང་ཟེར་རོ། དེའི་སྲས་རྗེ་བཙུན་དགའ་ལོ་ཡིན་ཏེ། དགུང་ལ་གསུམ་པ་ལ། ཁ་ཆེ་པཎཆེན་ཤཱཀྱ་ཤྲིས། སཾསྐྲིཏ(༡༤༢.ན)ཏའི་སྐད་ཀྱིས་ཆོས་གསུངས། འོད་གསལ་ཆུང་དུ། སློབ་གཉེར་ལ་བཞུགས་དུས། བར་ཆད་བརྩམས་པས། ཐར་པར་དཔྱལ་ཆོས་བཟང་ལ་གཤེད་དམར་གྱི་དབང་ཞུ་རུ་བྱོན་པས། བར་ཆད་ཀྱིས་མ་ཚུགས། དེ་རྟིང༌། ར་འབུམ་སེང་ལ། དུས་འཁོར་གྱི་གཙོ་བྱས། ར་ལུགས་ཀྱི་ཆོས་ཐམས་ཅད་མ་ལུས་པར་ཞུས་ནས། འགྲོ་བའི་དོན་རྒྱ་ཆེན་མཛད་ནས། དགུང་ལོ་བརྒྱད་ཅུ་པ། ཆུ་ཕོ་རྟ་ལོ། ཆོ་འཕྲུལ་ཆེན་པོ་ཡར་ངོའི་ཚེས་བརྒྱད་ཀྱི་སྔ་དྲོ་གཤེགས་སོ། །དེའི་སྲས་ཆེ་བ། རྒྱ་གར་གྲགས། རབ་ཏུ་བྱུང་བའི་མཚན།་སློབ་དཔོན་ནམ་མཁའ་དཔལ་དེས།་གཡེན་དམར་གདན་ས་བཟུང༌། གཙུག་ལག་ཁང་བཞེངས། སྲས་གཉིས་པ། བླ་མ་ཤེས་ཏབ་སེང་གེས་ཀྱང། གདན་ས་བཟུང། དུས་འཁོར་ལ་སོགས་ཡབ་ཆོས་རྣམས་ཚང་མར་མཁྱེན། དགུང་ལོ་བཞི་བཅུ་པ་ལ།་དབོན་པོ་རྡོ་རྗེ་རྒྱལ་མཚན་ལ་གཏད་ནས།་རྨུའི་ཤ་ས་བར(༡༤༢.བ)བརབ། གཙུག་ལག་ཁང་བཞེངས། འགྲོ་དོན་རྒྱ་ཆེར་མཛད་ནས།་ཡོས་ལོ་ཟླ་བ་དགུ་པའི་ཚེས་བཅུ་ལ། ཤངས་བར་དུ་སྐུ་གཤེགས་སོ། །སྲས་གསུམ་པ། སློབ་དཔོན་རྣལ་འབྱོར་གྱི་སྲས། བླ་མ་དྷརྨ་ཀ་བ་སིདྡྷི་དེའི་སྲས། བླ་མ་རཎོ་རྗེ་རྒྱལ་མཚན་དཔལ་བཟང་པོ་བ། ཆུ་མོ་ལུག་ལོ་ལ་འཁྲུངས། འཇམ་དབྱངས་རིན་རྒྱལ་བ་དང། སློབ་དཔོན་ཤར་རྒྱལ་བ་ལ། དགེ་ཚུལ་གྱི་མཁན་སློབ་ཞུས། དགུང་ལོ་བཅུ་དྲུག་པ་ལ། དུས་འཁོར་གསུངས། གཡེན་དམར་གདན་ས་བསྐྱངས། མཁན་ཀ་བཞི་པ་དང༌། མཁན་པོ་ཞལ་སྔ་བ་ལ།་ མཁན་སློབ་ཞུ་པའི་བསྙེན་རྫོགས་མཛད། དུས་འཁོར་བཤད་གྲྭ་བསྐྱངས། བླ་མ་ཤེས་རབ་སེང་གེའི་དྲུང་དུ། དུས་འཁོར་གྱི་གཙོ་བྱས་པའི་མདོ་རྻུད་དབང་བཀའ། མན་ངག་ཐམས་ཅད་བུམ་པ་གང་བྱོ་ཞུས་པསགནང༌། ཤིན་ཏུ་མཁས་པའི་གྲགས་པ་ཆེ་བས། ཧོར་རྒྱལ་པོས། ཁྱི་ལོ་ལ(༡༤༣.ན)རྒྱ་ནག་ཏུ་གདན་དྲངས།་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས། གླང་ལོ་ཟླ་བ་བཅུ་པའི་ཚཻས་གཅིག་ལ་ཞི་བར་གཤེགས་སོ། །བླ་མ་དམ་པ་དེའི་དྲུང་དུ། བདག་གིས་ཟླ་བ་དགུའི་བར་ལ་འབྲེལ་ནས། དུས་འཁོར་རྒྱུད་འགྲེལ། ནམ་ངག་དང་བཅས་པ་གནས། གསུང་གི་བདུད་རྩི་བྱངས་པའོ། །གཞན་ཡང༌། དུས་འཁོར་ལ། རྩ་མིའི་ལུགས་ལ་སོགས་བསྒྱུར་མི་གཅིག་པ་བཅོ་ལྔ་བཅུ་དྲུག་ཙམ་ཡོད་ཀྱང། བཤད་པའི་བཀའ་མན་ངག་དང་ལྡན་པ་ནི། གཙོ་ཅེ་བ་གསུམ་གྱི་རྒྱུན་ལས་བྱུང་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་སྐོར་གསུམ་ནི། དུས་འཁོར་ལ། སྤྱན་རས་གཟིགས་ཀྱི་སྤྲུལ་པ། རྒྱལ་པོ་པད་མ་དཀར་པོས་མཛད་པའི་པད་མ་དཀར་འགྲེལ། ཀྱཻ་རྡོར་ལྷ་གཉིས་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པས་མཛད་པ། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་ལ། ཕྱག་ན་རྡོ་རྗེས་མཛད་པས། ཕྱག་རྡོར་སྟོད་འགྲེལ། དེ་རྣམས་ལ་སེམས་(༡༤༣.བ)འགྲེས་སྐོར་གསུམ་ཟེར་བའོ། །ཕ་རྒྱུད་གཉིས་སུ་མེད་པའི་རྒྱུད། །རྒྱུད་ཀུན་སྙིང་པོ་བྱང་ཆུབ་སེམས་དཔའི་ཆོས། །ཆོས་ཀྱི་གཏེར་མཛོད་དུས་འཁོར་བྱོན་ཚུལ་འདིས། །འདི་ཕྱིར་འགྲོ་ཀུན་དམ་ཆོས་སྤྱོད་པར་ཤོག།། །།
པཎ་ཆེན་ཤཱཀྱ་ཤྲིའི་མཁན་བརྒྱུད་བྱུང་ཚུལ། །པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་བརྒྱུད། ཚོགས་སྡེ་བཞིའི་མཁན་རབས་བཞུགས་སོ། །ན་མོ་བུདྷ་བོ་ཏེ་བྷྱཻ། ཚོགས་གཉིས་ཡོངས་རྫོགས་ཐུབ་པའི་རྒྱལ་ཚབ་མཆོག །ཚོགས་ཀྱི་ལམ་ཞུགས་དགེ་འདུན་འདུས་པའི་གཙོ། །ཚོགས་པ་སྡེ་བཞིའི་བསླབ་བརྒྱུད་མཁན་རབས་དང༌། །ཚོགས་སྡེ་བཞིའི་སྤྱི་དང་བྱེ་བྲག་འདི་ལྟར་སྣང། །དེའང་དམ་པའི་ཆོས་ཉི་མོ་ལྟར་གསལ་ཞིང༌། བསྟན་པའི་རྒྱུན། ཆུ་བོ་ལྟར་རིང་པར་མཛད་པའི་ཚོགས་སྡེ་བཞིར་གྲགས་པ་འདི་ཉིད་ཀྱི་བསློབ་བརྒྱུད་ནི། ཐོག་མར་ཐུབ་པའི་དབང་པོ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ། གུ་ན་མི་ཏི། རཏྣམི་ཏྲ། དྷརྨ་ཕ་ལ། (༡༤༤.ན)གུ་ན་པ་ཏི། ཆོས་ཀྱི་འཕྲེང་བ། འབྱུང་གནས་སྦས་པ། དེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་ཏྲ་ལའོ། །པཎ་ཆེན་འདི་ནི། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་སོང་བའི་ཆུ་ཕོ་སྟག་གི་ལོ། ཁ་ཆེ་གྲིབ་བརྟན་གྱི་གྲོང་ཁྱེར། བྲ་བར་སུ་ར་ཞེས་དབང་ཕྱུག་ཆེན་པོའི་གནས་སུ་ཡབ་ཚོང་དཔོན་སམ་ཡ་དང། ཡུམ་ལུ་བྷ་གའི་སྲས་སུ་སྐུ་འཁྲུངས། མཚན་ཆོས་ཀྱི་རྒྱལ་མཚན་ཞེས་བཏགས་ཏེ། གཞོན་ནུ་ཉིད་ནས། ནང་པའི་བསྟན་པ་ལ་རབ་ཏུ་མོས་ཤིང། དགུང་ལོ་བཅུ་ནས། ཚངས་སྤྱོད་ཀྱི་དགེ་བསྙེན་ནོད། སྒྲ་རིག་པ་ལ་སོགས་པ་དང། ཕྱི་ནང་གི་མདོ་རྒྱད་བསྟན་བཅོས་མཐའ་དག་ལ་སྦྱངས། ཉི་ཤུ་རྩ་གསུམ་པ་ལ། དགེ་འདུན་ཡོད་པར་སྨྲེ་བའི་སྡེ་ལ་རབ་ཏུ་བྱང། དམ་བཅའ་བཞི་མི་སྤོང་བའི་དམ་བཅས། སུམ་ཅུ་པ་ལ། མཁན་པོ་ཤནྟ་ཀ་ར་དང། ལས་སློབ། ད་ཤི་ན་ལ། གསང་སྟོན་ད་ན་ཀ་ར་ལ་སོགས།དགེ་འདུན་མང་པོའི་དབུས་སུ། (༡༤༤.བ)བསྙེན་པར་རྫོགས་པ་མཛད་དེ་གནས་ལྔ་མཁྱེར་པའི་པཎྜིཏ་ཆེནཔོར་གྱུར། ཡི་དམ་ལྷ་མང་པོའི་ཞལ་གཟིགས། ཨུ་རྒྱན་གྱི་ཞིང་སྐྱོང་མཁའ་འགྲོ་གྱི་ཞིང་སྐྱོང་མཁའ་འགྲོ་དང༌། སིང་གྷ་ལའི་དགེ་སློང་དགྲ་བཅོམ་གྱིས་མ་བྱོན། སངས་རྒྱས་གསུམ་པར་ལུང་བསྟན་ཐོབ། རྩ་བའི་བླ་མ་པཎཆེན་དྷེ་ཝ་པུནྱེ་དང༌། རྗེ་བཙུན་བྱམས་མགོན་གྱིས། བྱང་ཕྱོགས་སུ་འགྲོ་བའི་དོན་ཆེ་བར་ལུང་བསྟན་ཅིང༌། གཙུག་ཏོར་གས་དཀར་དང༌། གསེར་མདོག་ཅན་དང༌། རྣམ་ཐོས་ཀྱི་དབུ་ལ་སོགས་པས། བྱང་ཕྱོགས་སུ་སོང་ཅིག་པར་ཡང་དང་ཡང་དུ་བསྐུལ་བས། འཇིག་རྟེན་གྱི་ཉི་མ་ཤར་ནུབ་ཏུ་རྒྱུ་ཡང༌། འགྲོ་བའི་ཉི་མ་འདི་ནི། ལྷོ་ནས་བྱང་དུ་རྒྱུ་བར་ཆས་པའི་དུས་སུ། ཆོས་སྐྱོང་མགོན་པོ་དང༌། གཟའ་སྐར་ལ་སོགས་པས་ཀྱང་སྤྲུལ་པ་བསྟན་ནས། ལམ་དུ་སུ་སྐྱེལ་དང་གྲོགས་མཛད་ཅིང་བོད་རྒྱལ་འོད་བསྲུངས་ཀྱི་རྒྱུད་ཡང་ཚེ་བ་པྲི་ཏི་སྨལ་གྱི་བཀའ་དང༌། ཁྲོ་ཕུ་ལོ་ཙ་བ་བྱམས་པའི་དཔལ་གྱི་མོས་མཐུ་ལ་བརྟེན་ནས་པཎ(༡༤༥.ན)ཆེན་གྱིས། དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ། མེ་ཕོ་སྟག་ལོ་ལ་ཁྲོ་ཕུར་ཕྱག་ཕེབས། འཁོར་པཎཆུང་དགུ་དང་བཅས་པས། ལོ་བཅུ་གཉིས་ཀྱི་བར་ལ། བོད་དབུས་གཙང་དུ་བཞུགས་ནས། ཐུབ་བསྟན་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། ས་ཁྲོ་དཔྱལ་གསུམ། གཙང་པོ་བ་ཚུལ་ཁྲིམས་མཛེས་དང༌། རྡོར་བྱང་རྣམ་གཉིས་ལ་སོགས་འདུལ་བྱ་མང་པོ་སྨིན་པར་མཛད། གདན་གཅིག་བའི་སྲོལ་བཙུགས་ནས། དགུང་ལོ་དགུ་ཅུ་རྩ་བདུན་པ་ལ། རྒྱ་གར་ལ་བཞུད། ལམ་དང་རྒྱ་གར་བསྡོམས་པ་ལ་ལོ་གཉིས་སོང་རྟིང༌། དགུ་བཅུ་རྩ་དགུ་བཞེས་པ། ས་མོ་ཡོས་བུའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། ཁ་ཆེ་པཎཆེན་ཤཱཀྱ་ཤྲི་པ། བོད་དུ་བྱོན་པའི་དུས་ཕྱག་ཕྱིར་རྒྱ་གར་པའི་པཎ་ཆུང་དགུ་ཡོད་དེ། པཎྜིཏ་སུ་ཀ་ཏ་ཤྲི་བོད་སྐད་དུ་བདེ་གཤེགས་དཔལ་བྱ་བ་དེ། དབུ་མ་དང་ཕར་ཕྱིན་ལ་མཁས་སོ། པཎྜིཏ་བི་བྷུ་ཏ་ཙཀྲ། རྨ་པར་སྦྱོར་བའི་ཟླ་བ། སྒྲ་དང༌། (༡༤༥.བ)མངོན་པ་ལ་མཁས། པཎྜིཏ་དྷ་ན་ཤྲི་ལ། སྦྱིན་པ་ཚུལ་ཁྲིམས་དེ། ཚད་མ་དང་ཆོས་མཆོག་ལ་མཁས། པཎྜིཏ་སམ་གྷ་ཤྲི་དགེ་འདུན་དཔལ་དེ། སྒྲ་ཙནྡྲ་པ་དང་མངོན་པ་མཛོད་ལ་མཁས། པཎྜིཏསུ་མ་ཏི་ས་ག་ར། བློ་བཟང་རྒྱ་མཚོ་དེ། མངོན་པ་གང་འོག་ལ་མཁས། པཎྜིཏ་ཀ་ལ་ཙན་ཀྲི་དུས་འཁོར་ལ་མཁས། པཎྜིཏ་ཛི་ན་གུ་པ་ཏ་རྒྱལ་བས་སྦས་པ། བྱམས་ཆོས་ལ་མཁས། པཎྜིཏ་མཧཱ་བྷོ་ཏི་ཡ། བྱང་ཆུབ་ཆེན་པོ་བྱ་བ་དེ། ཕར་ཕྱིན་དང་སྤྱོད་ཕྱོགས་ལ་མཁས་པ་དེ་ཐམས་ཅད་ལ། ཁྲོ་ཕུ་ལོ་ཙཱ་བྱམས་པའི་དཔལ་གྱིས། རང་རང་གི་ཆོས་དེ་པ་ལ་དྲི་བ་བྱས་པས་དཔོན་སློབ་ཐམས་ཅད་ཐུགས་ཤིན་ཏུ་མཉེས་ནས། མང་ཉ་ལོ་ཙཱ་བར་མཚན་གསོལ་ལོ། པཎ་ཆེན་དབུས་སུ་ཕེབས་དུས། ཆུ་ཤུལ་སྤྲོག་མ་དགོན་པར། དགེ་བདུན་བཅུ་གཅིག་བསྙེན་རྫོགས་མཛད་པའི་ནང་ནས་གཙང་པོ་བ་ཚུལ་ཁྲིམས་མཛེས་ཀྱིས། བླ་མ་རྒྱ་གར་ལ་གཤེགས་རྟིང༌། ལོ་དགུའི་བར་ལ་གདན(༡༤༦.ན)གཅིག་པའི་མཚན(མཁན)པོ་ལོ་དགུ་མཛད། དེ་དུས་ཚོགས་པ་སྡེ་གཅིག་ཡིན། མཁོན(མཁན)པོ་རྡོ་རྗེ་དཔལ་དང༌། བྱང་ཆུབ་དཔལ་གཉིས་ཀྱི། པཎ་ཆེན་གྱི་ཕྱག་ཕྱིར་འགྲོ་བར་ཞུས་པས། ཟུལ་ཕུའི་ནམ་ཟ་འཕྲེད་གསོལ་ལ། འདུལ་བ་ཉོན་གཙང་པོ་པའི་བླ་མཆོད་གྱིས་ལ། དགེ་སློང་བཞི་སྡེ་དང་མ་བྲལ་བར་གྱིས་གསུངས་པ་བཞིན་མཛད། གཙང་པོ་མ་གཤེགས་ནས། སྙེ་མོ་མཚོ་མཐའ་བ། མཁན་པོ་རྡོ་རྗེ་དཔལ་བས་མཁན་པོ་དང། ལྷོ་བྲག་པ། བྱང་ཆུབ་དཔལ་བས་སློབ་དཔོན་བྱས་ནས། ལོ་་ཉི་ཤུ་རྩ་གཉིས་ཀྱི་བར་ལའང་ཚོགས་སྡེ་གཅིག་ཡིན། དེ་འཚམས་ལོགས་སུ་འཐེན་བཞེད་ནས། ལོ་ལོར་བྱེས་པས། ཚོགས་པ་སྡེ་གཉིས་བྱུང། མཁམ་པོ་རྡོ་རྗེ་དཔལ་བའི་རྗེས་ལ། སྙི་མོ་བ་མཁན་པོ་སངས་རྒྱས་དཔལ་བས། ལོ་ལུམ་ཅུ་རྩ་བདུན་མཛད་པའི་ལོ་བཞི་སོང་ནས། གཞུ་སྒྲ་པོ་བ། མཁན་པོ་དཀོན་མཆོག་རྒྱལ་མཚན་ཟུར་དུ་གྱེས་ནས་བྱེ་རྫིང་ཚོགས་པར་གྲགས། མཁན་པོ་ལོ་བཅུ་མཛད། དེ་ནས་ཡར་ལུངས་ཤེལ(༡༤༦.བ)ས། མཁན་པོ་ཐུགས་རྗེ་དཔལ་གྱི་ལོ་ཉི་ཤུ་རྩ་གསུམ། བཙན་ཐང་པ། མཁན་པོ་དར་མ་དཔལ་གཟང་གིས་ལོ་ལྔ། གན་པ་བ། མཁན་པོ་ཀུན་དགའ་དཔལ་གྱིས་ལོ་ལྔ། ཡར་ལུང་ཐང་པོ་ཆེ་པ། མཁན་པོ་གཞོན་ནུ་བཟང་པོས་ལོ་གཉིས༌། མལ་འགྲོ་བ། མཁན་པོ་ཚུལ་ཁྲིམས་དཔལ་གྱིས་ལོ་བཅོ་ལྔ། ཤེལ་སྒངས་པ། མཚན་པོ་སངས་རྒྱས་གཞོན་ནུས་ལོ་ཉི་ཤུ་རྩ་གཉིས། གྱེ་རེ་གླང་ར་བ། མཁན་པོ་དར་མ་བཟང་པོས་ལོ་བརྒྱད། སྦུ་སྡེ་བ། མཁན་པོ་ཚུལ་མགོན་གྱི་ལོ་བཅུ་གཉིས་སྲེག་ཞིང་པ། མཁན་པོ་བསོད་ནསམ་ཤེས་རབ་ཀྱིས་ལོ་དགུ མཐོན་པ་མཁན་པོ་ཤེས་རབ་མགོན་པས་ལོ་ཉི་ཤུ་རྩ་ལྔ། གཞུ་ངཀུན་དགའ་ར་བ། མཁན་པོ་གྲགས་བསོད་པས་ལོ་བདུན། གཞུང་ཀུན་དགའ་ར་བ། མཁན་པོ་གྲགས་བསོད་པས་ལོ་བདུན། གཞུང་དགེ་བ། མཁན་པོ་(༡༤༧.ན)ཤེས་རབ་འཕགས་པས་ལོ་བདུན། གནམ་ངང་ཚངས་པ་མཁན་པོ་ཤེས་རབ་ཚུལ་ཁྲིམས་ཀྱིས་ལོ་ལྔ། འཆད་དྲོད་པ། མཁན་པོ་རིན་ཆེན་ཤེས་རབ་ཀྱིས་ལོ་བདུན། དམག་ལམ་པ། མཁན་པོ་ཆོས་དཔལལ་བས་ལོ་ལྔ། མཐོན་པ་མཁན་པོ་ཤེས་རབ་འོད་པས་ལོ་ལྔ། གཞུ་ནེ་ཁ་བ། མཁན་པོ་ཀུན་དགའ་ཤེས་རབ་པས། ད་ལོ་ཡན་ལ་ལོ་གྲངས་བརྒྱད་ཙན་འགྲོ་བར་འདུག་ཅིང༌། བྱེ་རྫིང་ཚོགས་པའི་ཐོག་མ། མཁན་པོ་དཀོན་མཆོག་རྒྱལ་མཚན་པ་ད་ལྟའི་མཁན་པོ་ཀུན་དགའ་ཤེས་རབ་ཡན་ལ། མཁན་རབས་ཉི་ཤུ་ཐམ་པ་སོང་འདུག མཚལ་མིག་པའི་མཁན་པོའི་ཐོག་མ། གཡག་སྡེ་པ། མཁན་པོ་སངས་རྒྱས་དཔལ་བས་ལོ་ལྔ། ཚ་དམིག་པ། མཁན་པོ་འོད་ཟེར་དཔལ་གྱིས་ལོ་བཅུ་བཞི། གཡག་སྡེ་ཕུ་པ། མཁན་པོ་བསོད་ནམས་རྒྱལ་མཚན་གྱིས་ལོ་བཅུ་བཞི། གཡག་སྡེ་པ། མཁན་པོ་བསོད་ནམས་(༡༤༧.བ)དཔལ་གྱིས་ལོ་བཅུ་གསུམ། །རྒྱལ་གསར་སྒང་པ། མཁན་པོ་ཤེར་མགོན་གྱིས་ལོ་དྲུག སྙེ་མོ་བྱེ་བ་ཐང་པ་མཁན་པོ་སེང་གེ་རྒྱལ་མཚན་གྱིས་ལོ་བཅུ་གསུམ། ཡར་ལུངས་སྣེ་ཆུང་པ་མཁན་པོ་བསོད་ནམས་དབང་ཕྱུག་གིས་ལོ་གཉིས། ཡ་འགྲོག་པ། མཁན་པོ་བཀྲས་ཚུལ་གྱིས་ལོ་གཅིག དེ་རྟིང་ཞིག་པོ་ཚུལ་རིན་པ་སངས་རྒྱས་བློ་གྲོས་པ། རྒྱལ་དབང་པ། བཀྲིས་སེང་གེ་བ། ཡོན་ཏན་རིན་ཆེན་པ་མཁན་པོ་བྱང་ཆུབ་བཟང་པོ་བ། ད་ལྟ་བཞུགས་པ་འདི་ཡན་ལ། མཁན་རབས་བཅོ་ལྔ་སོང་འདུག འདི་པ་ལ། ད་ལྟ་ཚོགས་ཆེན་པར་གྲགས་འདུག་ཅིང། མཚལ་མིག་པ་དང་བྱེ་རྫིང་པ་གཉིས་པོ། མཁན་ཆེན་རྡོ་རྗེ་དཔལ་བའི་དངོས་སློབ། མཁན་པོ་སངས་རྒྱས་དཔལ་བའི་དུས་ནས། སྡེ་གཉིས་གྱེས་པ་ཡིན་ནོ། །ཆོས་ལུང་པའ་ཐག་མ་ནི། མཁན་ཆེན་བྱང་ཆུབ་དཔལ་བས་ལོ་བརྒྱད། སྙེ་མོ་དམག་ལམ་པ། མཁན་ཆེན་བྱང་ཆུབ་དཔལ་པས་ལོ་བརྒྱད། སྙེ་མོ་དམག་ལམ་པ། མཁན་ཆེན་བསོད་ནམས་སྟོབས(༡༤༨.ན)པས་ལོ་དྲུག གཡག་སྡེ་པ། མཁན་པོ་བདེ་བ་དཔལ་གྱི་ལོ་བདུན། ལྷན་མཛེས་པ། མཁན་པོ་གྲགས་པ་གཞོན་ནུས་ལོ་བརྒྱད། སྙེ་མོ་ཕུ་གསུམ་པ། མཁན་པོ་བསོད་ནམས་གྲགས་གྱིས་ལོ་བཞི། ཚོང་འདུས་པ། མཁན་པོ་བསོད་ནམས་བཟང་པོས་ལོ་གསུམ། སྙེ་མོ་རུ་མངས་པ། མཁན་པོ་གཞོན་ནུ་མགོན་པོས་ལོ་དྲུག ཉང་སྨར་བ། མཁན་པོ་གྲགས་པ་རྒྱལ་མཚན་པས་ལོ་བཅུ་བཞི། དེ་གྲགས་པ་ཚུལ་ཁྲིམས་པ། གྲགས་པ་བཤེས་གཉེན་པ། ནམ་མཁའ་རྒྱལ་མཚན་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་པ། བཀའ་བཞི་པ་བཤེས་གཉེན་རྒྱལ་མཆོག་པ། རྒྱལ་དབང་པ། ཟླ་བ་བློ་གྲོས་པ། རྒྱལ་བ་ཕྱག་སྣ་བ། ད་ལྟ་བཞུགས་པའོ། འདི་ཡན་ལ། བྱེས་པའི་མཁན་རབས་བཅུ་དྲུག་སོང་འདུག དགེ་འདུན་སྒང་པ་ནི། དང་པོར་ལྷོ་བྲག་པ། མཁན་ཆེན་བྱང་ཆུབ་དཔལ་བ་ལ། ཆོས་རྒྱལ་འཕགས་པ། རྒྱ་བོད་མཚམས་སུ། བསྙེན་རྫོགས་མཛད་པའི(༡༤༨.བ)མཁན་པོ་ལ། གདན་འདྲེན་བྱུང་ནས་འབྱོན་དུས། སྣང་ཐང་བ། མཁན་པོ་དབང་ཕྱུག་གྲགས་པ་གདན་ས་བསྐོས་བཞག བྱང་ཆུབ་དཔལ་བས་འདི་ཐུག་བྱོན། འཕགས་པའི་བསྙེན་རྫོགས་མཛད་ཚར་ཟེར་ནས། ཡར་ཕེབས། ཟུར་དུ་བཞུགས་པས། སྡེ་གཉིས་བྱུང་བ་ཡིན་ཅིང༌། དགེ་འདུན་སྒང་པའི་ཐོག་མ། མཁན་པོ་དབང་ཕྱུག་གྲགས་པས་ལོ་བརྒྱད། ཁོང་གི་དབོན་པོ། ཆུ་སྒོ་བ། མཁན་པོ་གཞོན་ནུ་བྱང་ཆུབ་ཀྱིས་ལོ་བཅུ་གསུམ། སྟག་སེ་བ། འདུལ་ཚད་པ་བྱང་ཆུབ་བཟང་པོས་ལོ་བཅུ་བཞི། ཡ་འབྲོག་པ། འདུལ་ཚད་པ་དོན་གྲུབ་དཔལ་གྱིས་ལོ་ཉི་ཤུ་རྩ་ལྔ། བོང་ར་བ། ཡོན་ཏན་རྒྱ་མཚོས་ལོ་བཅུ་བཞི། དེ་རྟིང༌། དཔལ་གྲུབ་པ། ཡོན་ཏན་བློ་གྲོས་པ་བརྩོན་འགྲུས་རྒྱལ་མཚན་པ། སེང་གེ་དཔལ་བ། མཁན་པོ་ཆོས་གྲུབ་པ། ད་ལྟ་བཞུགས་པའོ། འདི་ཡན་ལ། མཁན་རབས་བཅུ་གཉིས་སོང་འདུག པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ། (༡༤༩.ན)ཆུ་ཕོ་སྟག་ལ་སྐུ་བལྟམས་ནས། ད་ལན། ཤིང་ཕོ་སྟག་སྲོག་རྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་སུམ་བརྒྱ་སུམ་ཅུ་སོ་གཉིས་སོང་ཞིང༌། བོད་དུ་པཎ་ཆེན་མེ་ཕོ་སྟག་ལ་ཕེབས་ནས། གདན་གཅིག་པའི་སྲོལ་བཙུགས་པ་དང་ནས། ད་ལོ་ཕན་ལ་ལོ་ཉིས་བརྒྱ་བཞི་བཅུ་ཞེ་བདུན་སོང་འདུག ཁ་ཆེ་པཎ་ཆེན་བརྒྱུད་རབས་འདི་བྲིས་པས། ཁ་བ་ཅན་འདིར་ཐུབ་བསྟན་སེངྒེའི་སྒྲས། ཁ་ན་མ་ཐོའི་ཆོས་ཀུན་ཟིལ་གནོན་ནས། ཁ་ཏྲི་གྱིས་མཚོན་སྐུ་གསུམ་མྱུར་ཐོབ་ཤོག དགེའོ། ། བླ་མན་མཁན་བརྒྱུད་དང༌། སུ་ཚོ་མཁན་བརྒྱུད། པཎ་ཆེན་མཁན་བརྒྱུད་ནམ་བརྒྱུད་དང༌། སུ་ཚོ་མཁན་བརྒྱུད། པཎ་ཆེན་མཁན་བརྒྱུད་ནམ་མཁའ་བཏུགས། ན་མོ་བུ་ངྔྷ་ཡ། ཐུབ་བསྟན་གངས་རིའི་ཁྲོད་དུ་གསལ་མཛད་པའི། སྨད་འདུལ་བྱུང་ཁུངས་མཁན་བརྒྱུད་རིམ་པ་ནི། ཀུན་མཁྱེན་རྒྱལ་པོ་ཐུགས་སྲས་ཤཱ་རིའི་བུ། སྲས་མཆོག་སྒྲ་གཅན་བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ་སྐྱེས་མཆོག་ལེགས་ལྡན་དཔལ་སྦས་དང༌། ཡེ་ཤེས་སྙིང་པོ་ཞི་བ་མཆོག་ལ་འདུད། རྦ་སྟོན་རཏྣ་གཙང་སྟོན(༡༤༩.བ)རབ་གསལ་དང༌། །བླ་ཆེན་དགོངས་གསལ་ཤེས་རབ་སེང་གེ་དང༌། བྱང་ཆུབ་གཞོན་ནུ་བྱང་ཆུབ་རྒྱལ་མཚན་དང༌། མཛད་པ་སྟོན་སྐྱབས་བྱང་གཞོན་ཞབས་ལ་འདུད། རྩེ་འདུལ་ཆེན་པོ་མཁན་པོ་བདེ་བ་དཔལ། བྱང་སེམས་རིན་མགོན་ཐོགས་མེད་བཟང་པོ་དཔལ། ཡོན་ཏན་འོད་སོགས་བླ་ཆེན་མཁན་བརྒྱུད་ཀྱི། སྡོམ་བརྩོན་དམ་པ་རྣམས་ལ་གུས་པས་འདུད། བླ་ཆེན་མཁན་བརྒྱུད་ནི། རྒྱལ་སྲས་ཐོགས་མེད་པ་ལས་བརྒྱུད་པ་འདི་དག་པར་བྱེད་དོ། ན་མོ་དྷརྨ་ཡ། ཐུབ་བསྟན་གསལ་ཞིང་སྟོད་འདུལ་རྒྱས་མཛད་པའི། སུ་ཚོ་མཁན་བརྒྱུད་དམ་པའི་རིམ་པ་ནི། ཐུབ་དབང་ཤཱ་རིའི་བུ་དང་སྲས་སྒྲ་གཅན་འཛིན། ལེགས་འདོམས་ནག་པ་དང་དྷ་རི་ཀ། གྲགས་མགོན་ལེགས་སྐྱོང་རྒྱལ་བཤེས་རབ་སྟེ། མུ་དྲོ་འདུལ་འཛིན་ཆེན་པོའི་ཞབས་ལ་འདུད། བྱང་སེསམ་ཟླ་རྒྱལ་དར་མ་རྒྱལ་མཚན་དང༌། མངའ་རིས་སྒྲ་གཅན་མཁན་ཆེན་དབང་ཕྱུག་མཛེས། མཛེས་(༡༥༠.ན)པའི་འོད་ཟེར་མཛེས་བཟང་པོ་དང༌། སེར་དཔལ་ཀུན་མཁྱེན་མཛེས་པའི་ཞབས་ལ་འདུད། ནམ་མཁའ་དཔལ་བཟང་ཚུལ་ཁྲིམས་རྒྱལ་མཚན་དང༌། ཤཱཀྱ་རྒྱལ་མཚན་པུ་ཚོ་མཁན་བརྒྱུད་ཀྱི། བསླབ་གསུམ་རྒྱན་ལྡན་རྣམས་ལ་གུས་པས་འདུད། པུ་ཚོ་མཁན་བརྒྱུད། སྟོད་འདུལ་གྱི་ཁུངས་འདི། གཙང་གཡས་རུ་འོ་ཡུག་ཟམ་ཚེར་ལས་བརྒྱུད་པ་འདི་དག་པར་བྱེད་དོ། ན་མོ་སཾགྷ་ཡ། ཐུབ་བསྟན་རྩོད་ལྡན་དུས་འདིར་གསལ་མཛད་པའི། པཎ་ཆེན་མཁན་བརྒྱུད་ཚོགས་པ་སྡེ་བཞིའི་ཁུངས། སྟོན་པ་སངས་དངོས་སློབ་ཤཱ་རིའི་བུ། སྒྲ་གཅན་འཛིན་གཉིས་ཀླུ་སྒྲུབ་གྷུ་མ་ཏི། རཏྣ་མི་ཏྲ་དྷརྨ་ཕ་ལ་དང༌། གྷུ་ན་པ་ཏི་ཆོས་འཕྲེང་འབྱུང་གནས་སྦས། དེ་སློབ་པཎ་ཆེན་ཤཱཀྱ་ཤྲི་ཞེས་པ། སྟོན་པ་སྐུ་འདས་སུམ་སྟོང་ཉིས་བརྒྱ་དང༌། ལྔ་བཅུ་བརྒྱད་སོང་ཆུ་ཕོ་སྟག་ལ་བླཏམས་པ། བརྒྱད་ཅུ་ལྔ་ཞེས་མེ་སྟག་ཁྲོ་ཕུར་ཕེབས། ལོ་གྲངས་བཅུ་གཉིས་བོད་དུ་འགྲོ་དོན་མཛད། དགུ་བཅུ་བདུན(༡༥༠.བ)ལ་རྒྱ་གར་ཡུལ་དུ་བྱོན། གོ་དགུ་ལྕགས་ཕོ་འབྲུག་ལ་མྱ་ངན་འདས། པཎ་ཆེན་ཐེགས་ནས་ལོ་དགུར་གཙང་པོ་བས། གཏན་གཅིག་སྲོལ་བསྐྱངས་དེ་རྟིང་རྗེ་དཔལ། སངས་རྒྱས་དཔལ་ནས་གཞུ་པ་དཀོན་རྒྱལ་གྱིས། བྱེ་རྫིང་པར་གྲགས་དེ་ནས་ཐུགས་རྗེས་དཔལ། དར་མ་དཔལ་བཟང་ཀུན་བཟུང་གཞོན་ནུ་བཟུང༌། ཚུལ་དཔལ་སང་གཞོན་དར་བཟང་ཚུལ་ཁྲིམས་མགོན། བསོད་འོད་རིན་ཚུལ་བསོད་ཤེར་ཤེར་མགོན་དང༌། གྲགས་བསོད་ཤེར་འཕགས་ཤེར་ཚུལ་རིན་ཤེ་བ། ཆོས་དཔལ་ཤེར་འོད་ཀུན་དགའ་ཤེས་རབ་ཡན། རྡོར་དཔལ་མན་ལ་མཁན་རབས་ཉེར་གཉིས་བྱོན། པན་ཆེན་མེ་སྟག་ཕེབས་ནས་དིང་སང་ཡན། ཤིང་སྟག་བརྒྱད་དཀར་དབུས་གནས་ཡར་བཏབ་ལ། ལོ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་བདུན་སོང༌། མཚལ་མིག་པ་ལ་མཁན་པོ་སངས་རྒྱས་དཔལ། འོད་གསལ་ཆོས་ཀྱི་རྒྱལ་མཚན་སང་རིན་པ། བསོད་དཔལ་ཤེར་མགོན(༡༥༡.ན)སེང་རྒྱལ་བསོད་དབང་དང༌། བཀྲས་ཚུལ་ཚུལ་རིན་སང་བློ་རྒྱལ་དབང་དང༌། བཀྲས་སེང་ཡོན་རིན་བྱང་ཆུབ་བཟང་པོ་ཡན། བཅུ་ཕྲན་ཕྱེད་དང་གཉིས་པོ་དིང་སང་དུས། ཚོགས་ཆེན་པར་གྲགས་ཐུབ་བསྟན་དྲི་མེད་ཀྱི། སྲོག་ཤིང་མཁན་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། ཆོས་ལུང་ཐོག་མ་ལྷོ་བྲག་བྱང་ཆུབ་དཔལ། བསོད་སྟོབས་བདེ་དཔལ་གྲགས་གཞོན་བསོད་ནམས་གྲགས། བསོད་བཟང་གཞོན་ནུ་མགོན་མཁན་ཆེན་གྲགས་རྒྱལ་དང༌། གྲགས་ཚུལ་གྲགས་པ་བཤེས་གཉེན་རྣམ་རྒྱལ་བ། འཇམ་དབྱངས་རིན་རྒྱལ་རྒྱལ་མཆོག་རྒྱལ་དབང་གྲགས། ཟླ་བློ་རྒྱལ་བ་ཕྱག་སྣ་དིང་སང་ཡན། བཅུ་ཕྲག་གཅིག་དང་དྲུག་བཅས་བྱེས་པར་གྲགས། བསླབ་གསུམ་རྣགསུམ་རྣམ་དག་ཤཱཀྱའི་བསྟན་པ་ཡིས། གསལ་བྱེད་མཁན་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། དགེ་འདུན་སྒང་པ་བྱང་ཆུབ་དཔལ་ནས་གྱེས། ཆདབང་གྲགས་གཞོན་བྱང་འདུལ་གྲུབ་དཔལ། ཡོན་ཏན་རྒྱ་མཚོ་དཔལ(༡༥༡.བ)གྲུབ་ཡོན་བློ་དང༌། བརྩོན་རྒྱལ་སེང་གེ་དཔལ་དང་ཆོས་གྲུབ་ཡན། བཅུ་དང་གཅིག་གིས་འགྲོ་ཀུན་སྨིན་གྲོལ་ལ། འགོད་མཛད་མཁན་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། སྙིགས་མའི་དུས་འདིར་འགྲོ་མང་པད་མོའི་གཉེན། བོད་ཡུལ་མུན་པ་སེལ་བར་མཛད་པ་ཡིས། པཎ་ཆེན་མཁན་བརྒྱུད་རིམ་པས་སངས་རྒྱས་ཀྱིས། བསྟན་པ་དར་ཞིང་རྒྱས་པའི་འཕྲིན་ལས་མཛོད། །དགེའོ།
དྭགས་པོ་བཀའ་བརྒྱུད་ཀྱི་བྱུང་ཚུལ།
དྭགས་པོ་བཀའ་བརྒྱུད་ཀྱི་བྱོན་ཚུལ་བཞུགས། ན་མོ་རཏྣ་གུ་རུ། རྡོ་རྗེ་འཆང་གིས་བྱིན་རླབས་པ། ཏཻ་ལོ་ནཱ་རོའི་བརྒྱུད་འཛིན་ཅིང༌། གཏུམ་མོའི་ཆོས་ལ་དབང་འབྱོར་པ། དྭགས་པོ་བཀའ་བརྒྱུད་འདི་ལྟར་བྱོན། ཐུབ་བསྟན་ལྔ་བརྒྱ་ཐ་མའི་དུས། བོད་གངས་ཅན་གྱི་འཁྲོད་འདིར། ཐེག་ཆེན་གསང་སྔགས་ཟབ་མོ་འཛིན་སྐྱོངས་སྤེལ་བར་མཛད་པ། དྭགས་པོ་བཀའ་བརྒྱུད་གྲགས་པ་འདི་ལྟར་བྱུང་སྟེ། དེའང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས། དངོས་སུ་བྱིན་གྱིས་བརླབས་པའི། (༡༥༢.ན)གྲུབ་ཐོབ་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོའོ། དེ་ལ་སངས་རྒྱས་དངོས་ཀྱིས་མོས་གུས་ཐོབ་ནས། དུས་ཐབས་རྟེན་པས་ས་ལམ་བགྲོད་དེ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་ནི། ཇོ་བོ་ནཱ་རོ་པ་ཡེ་ཤེས་དངོས་གྲུབ་སྟེ། དྭགས་པོ་སྙན་བརྒྱུད་ཀྱིས་བསྟན་བསྲུངས། ཏེ་ལོ་པས་དམ་ལ་བཏགས་པའི་ཤ་ཟ་མ་བདུན་ནི། ཟ་བྱེད་ཆེན་མོ་རྔམས་པ་མོ། འབར་བ་ཆེན་མོ་ཁྲོ་གཉེར་ཅན། དྲག་པོ་ཆེན་མོ་གཏུམ་པ་མོ། འཇིགས་བྱེད་ཆེན་མོ་ཆང་འཐུང་མ། ཁ་འབར་ཆེན་མོ་རལ་གཅིག་མ། སྔོ་སང་ཆེན་མོ་མྱུར་འགྲོ་མ། མཁའ་འགྲོ་ཆེན་མོ་འཇིགས་པ་མོ། རྣམས་སོ། དཔལ་ན་ལེནྡྲའི་བྱང་སྒོ་བསྲུངས་བའི་པཎྜིཏ་ཆེན་པོའོ། དེས་སྨིན་ཅིང་གྲོལ་བར་མཛད་པའི་དངོས་སློབ། ལྷོ་བོད་པ། སྒྲ་བསྒྱུར་གྱི་རྒྱལ་པོ། མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲས་ཞེས། མཚན་ཡོངས་སུ་གྲགས་པ་དེ་ནི། དང་པོར་མར་ཡུལ་གྱི་མར་ཤེ་ལུགས་རྩེའི་སྲས། མར་པ་ཁྲི་འཇམ་པ། ལྷོ་ཕོ་ཆུས་སྐྱེར་གྱི། བྲབ་སྟེངས་(༡༥༢.བ)སུ་བྱོན། དེའི་སྲས་གསུམ་གསུམ་གྱི་འབྲིང་པོ། མར་སྟོན་དབང་ཕྱུག་འོད་ཟེར་དང༌། ཡུམ་རྒྱ་མོའོད། དེའི་སྲས་ལྔའི་མཐའ་ལྟག བྱ་ལོ་པ་སྐུ་འཁྲུངས། འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། ས་ལོ་ཙཱ་བ་ལ་ལོ་ཙཱ་བསླབས། རྒྱ་གར་དུ་ལན་གསུམ་བྱོན། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་དང༌། ཁྱད་པར་གྲུབ་ཐོབ་ཞལ་ལྔ། ཆོས་ཀྱིས་འབྲེལ་པའི་བླ་མ་བཅུ་གསུམ་རྣམས་བསྟེན་ཞིང༌། དེ་རྣམས་ཀྱིས་དབང་བསྐུར་བྱིན་གྱིས་བརླབས་པས། བཀའ་བསྟནབཅོས་ལུང་མན་ངག་དུ་མ་ཐོབ། ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ། མཐར། འཕོ་བ་གྲོང་འཇུག་གི་གདམས་ངག་ཞུ་རྒྱུ་བྱོན་དུས། བླ་མ་ན་རོ་པ་ཆེན་པོས་བུ་ཁྱོད་ལ། བོད་ན་གདུལ་བྱ་སྣོད་ལྡན་ཡོད་ཅིང༌། རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡལ་ཡང༌། ཆོས་བརྒྱུད་ཆུ་བོའི་གཞུང་ལྟར་རིང༌། ལོ་ཙཱ་བ་འདི་ཡི་འོག་རོལ་དུ། མཆོག་གི་དངོས་གྲུབ་ཐོབ་འགྱུར་ཞིང༌། ཁྱོད་ཀྱི་སློབ་བརྒྱུད(༡༥༣.ན)བདུན་ཡན་ལ། བླ་མ་ང་ཡིས་བྱིན་གྱིས་རློབས། །དེ་ལའང་མཆོག་གི་དངོས་གྲུབ་སྟེར། །ཅེས་ལུ་བསྟན། རྒྱལ་ཚབ་ཏུ་བསྐོར་ནས། བོད་དུ་ཕེབས༌། བསྒྲུབ་རྒྱུད་ཀྱི་བསྟན་པ། ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་དུ་གསལ་བར་མཛད། ལྷོ་བྲག་སྐུ་མཁར་སྐྱའོ་དགུ་ཐོག་ལ་རྩིགས་ནས་འགྲོ་དོན་བསྐྱངས། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པ་ལ་བྱི་བ་ལོ་རྟ་ཟླའི་ཚེས་བཅུ་བཞིའི་ཉི་མ་རྩེ་ཤར་ལ། མཁའ་སྤྱོད་དུ་གཤེགས་སོ། །དེའི་སྐུའི་སྲས་བདུན་གྱི་ཆེ་བ། དར་མ་མདོ་སྡེ་པ། སྐུ་ཡོན་ཏན་ཕུན་སུམ་ཚོགས་ནའང་བར་ཆད་བྱུང་ནས་གཞོན་ནུ་ལ་སྐུ་གཤེགས། ཕུག་རོན་གྱི་རོ་ལ། འཕོ་བ་གྲོང་འཇུག་བྱས་ཏེ། འཕུར་ནས་རྒྱ་གར་དུར་ཁྲོད་དུ། བྲམ་ཟེ་གཞོན་ནུའི་རོ་ལ་འཕོས་པས། ཏི་ཕུ་པར་གྱུར་པ་ཡིན་ཟེར། གཅུང་དར་མ་བསམ་གཏན་ལ་སོགས་པ་དྲུག་བྱུང༌། ཐུགས་ཀྱི་སྲས་ནི། བྱང་གི་མར་པ་མགོ་ཡགས་དང༌། སྒྱེར་ཕུའི་དགེ་བཤེས་ཀློག་སྐྱ་ཇོ་སྲས་ལ་སོགས་དང༌། ཁྱད་པར་ཀ་ཆེན་བཞིར་གྲགས་པ་གཞུང་གི་རྔོ་སྟོན(༡༥༣།བ)ཆོས་རྡོར་དང༌། དོལ་གྱི་འཚུར་སྟོན་དབང་ངེ། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་རྣམས་ཡིན་ཏེ། སྔ་མ་གསུམ་ནི། བཤད་རྒྱུད་གཙོ་ཆེ། ཕྱི་མ་གཅིག་པུ་སྒྲུབ་རྒྱུད་གཙོ་ཆེའོ། གཞན་ཡང་སྙལ་གྱི་ཤུལ་བསྒོམ་དཔལ་ལེ། སྐྱི་སྟོན་སྐྱ་རྒྱལ། བ་རང་སྦ་བ་ཅན་ལ་སོགས། སློབ་མ་མཁས་གྲུབ་བཟང་ལ་མང་པོ་བྱོན་ནོ། །གཞུང་གི་རྔོན་སྟན་ཆོས་རྡོར་ནི༌། གདུང་ཏུས་ལྡོང་གི་ནང་ཚན་རྔོག བོད་རྒྱལ་པོའི་བློན་བརྒྱུད་རྔོག་བན་ཆེན་བྱ། གསང་སྔགས་རྙིང་མ་དགེ་བཤེས་ཆེན་པོ་གཅིག་གི་སྲས་སུ། གཞུང་རི་བར་འཁྲུངས། རང་གི་ཡབ་དང༌། རྗེ་མར་པ་ལ་དབང་བཤད་བསྒྲུབ་མཐའ་དག་ཐོབ། རྗེས་ལ་འབུལ་ལོ་མོ་ཆེ་ཐེངས་གསུམ་ལ་སོགས་ཀྱིས་ཞབས་ཏོག་ཆེར་བྱས་ཤིང། ཐུགས་རབས་ཀྱིས་བླ་མའི་ཐུགས་ཟིན་པར་བྱེད། གཞན་ཡང་ར་རྡོ་རྗེ་གྲགས་པ་ལ་སོགས་མཁས་གྲུབ་དུ་མ་བསྟེན་རམ་ཙ་ཅན་དང༌། ཅན་དྲུག་མི་ལ་མཐུ་ཆེན་ལ་སོགས་པའི་སློབ་མ་མང(༡༥༤.ན)དུ་བསྐྱངས།་བཤད་བསྒྲུབ་མཐར་ཕྱིན་ནས་སྤེལ་ཚ་ཐེལ་དུ་བཞུགས་དུས་དགུང་ལོ་དྲུག་ཅུ་རྩ་བརྒྱད་ལ། སྐུ་དངོས་སུ་མཁའ་སྤྱོད་དུ་གཤེགས་སོ། །དེའི་སྲས་རྔོག་མདོ་སྟོན། ལས་སྟོད་པ་སྤྲུག་ཡེ་ཤེས་རྒྱལ་མཚན་གྱི་སྐྱེ་བ་ཡིན། ཆུང་ངུའི་དུས། རྗེ་མར་པ་དང་མཇལ་ཆག་ལོ་ལ་སོགས་ལོ་ཙཱ་བ་བརྒྱད་བསྟེན་ཐོས་བསམ་མཐར་ཕྱིན། ཡབ་ཀྱི་གདན་ས་མཛད། བདག་མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས། ཉ་མོ་གྱུར་དུ་རྗེ་མར་པའི་སྲས་མོ་གཅིག་ལ་གྲལ་དཔོན་ཞུས་ནས་བརྒྱ་འབུལ་བྱས། འཆིམས་ཆེན་པོ། དགེ་བཤེས་ལྔ་བརྒྱ་བསགས་ནས་ཟླ་བ་ཕྱེད་དང་གཉིས་ཆོས་འཁོར་མཛད། དེའི་སློབ་མ་ཙག་དྷརྨ་ར་ཛ། དྲན་སྟོན་མཐའ་འཕྲལ། ལྷོ་ནག་ལ་སོགས་མང་དུ་བྱོན་ནོ། །བླ(༡༥༤.བ)མའི་སྲས། ཇོ་སྲས་ཚུལ་ཁྲིམས་ཤེས་རབ་དང༌། ཐོགས་མེད་གྲགས་པ་སོགས་མཆེད་ལྔ་བྱུང་པ། ཐམས་ཅད་ཡོན་ཏན་དང་ལྡན་ཡང། ཡབ་བཞུགས་རིང་ལ་སྔ་རིམ་གྱིས་འདས་སོ། །ཐོགས་མེད་གྲགས་པའི་སྲས། རྒྱལ་ཚར་མོ་དང༌། རྡོར་སེང་ངོ་ངར་མོ་སྟོན་ཆུང་དབང་མོའི་སྐྱེ་བ་ཡིན། གདན་ས་ལོ་བརྒྱད་བསྐྱངས། མར་པ་ཡབ་སྲས་ཀྱི་སྐུ་གདུང་བཞེངས། རབ་གནས་ཞང་རིན་པོ་ཆེ་ལ་ཞུས། གཅེན་ཇོ་ཚུལ་གྱི་སྲས། བླ་མ་ཀུན་དགའ་རྡོ་རྗེའོ། །དེས་སྤེལ་ཞིང་གཟིམ་ཁང་ལྷོ་མ་བཏབ། གདན་ས་མཛད། ལོ་བདུན་ཅུ་རྩ་བདུན་ལ་འདས་སོ། །དེའི་སྲས་སློབ་དཔོན་དགེ་སློང་དང༌། བླ་མ་གཟི་བརྗིད། སློབ་དཔོན་རྒྱལ་པོ་དགའོ། །བླ་མ་གཟི་བརྗིད་ཀྱིས་གཟིམ་ཁང་བྱང་མ་དང༌། གཙུག་ལག་ཁང་བཞེངས། གདུང་ཁང་ཡང་དེར་སྤྱན་དྲངས། གདན་ས་མཛད། ལོ་བརྒྱད་ཅུ་ལགཤེགས།་སློབ་དཔོན་རྒྱལ་པོ་དགའི་སྲས། སེང་གེ་སྒྲ། རི་བོ་བ་རིན་ཆེན(༡༥༥.ན)བཟང་པོ། སློབ་དཔོན་ཆོས་རྡོ་རོ། །རི་བོ་བས། དགུང་ལོ་བཅུ་པ་ལ་བཤད་པ་མཛད། བཅོ་བརྒྱད་ལ་ཟུལ་ཕུལ། དགེ་ཚུལ་དང། སོ་གསུམ་ལ་བསྙེན་རྫོགས་མཛད། ཉི་ཤུ་རྩ་བདུན་པ་ལ། ཁུ་བོ་འདས་ནས་གདན་ས་མཛད། ལོ་ལྔ་པ་ལ།ཁམས་སུ་བྱོན། ལོ་གཉིས་ལ་འཁོར་ནས་འཚལ་པའི་ཡང་དགོན་སྒོམ་སྡེ་དང། དཔོན་བརྒྱུད་ཀྱི་བླ་མར་གྱུར། གསེར་གྱི་བཀའ་འགྱུར་བཞེངས། ལྷ་ཁང་དང་གདན་ས་རྒྱ་ཆེན་བསྐྱེད། སྤེལ་ཞིང་དང་ཟུལ་སྐྱོར་གྱི་ཐོག་དྲངས། དབུས་གཙང་གི་དགོན་སྡེ་འབྲེལ་ཡོད་ཀུན་ལ་ཚོགས་གསོག་རྒྱ་ཆེན་མཛད། ཇོ་བོ་ན་རོ་པ་དང་མར་པའི་སྤྲུལ་པར་གྲགས། འགྲོ་དོན་དཔག་མེད་མཛད་ནས། བདུན་ཅུ་རྩ་བདུན་ལགཤེགས་སོ། །སློབ་དཔོན་ཆོས་རྡོར་གྱི་སྲས་གསུམ་གྱི་ཆེ་བ། བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་གདན་ས་མཛད་དོ། །རྒྱལ་ཚ་ར་མོའི་བརྒྱུད། ལྷུམ་ཆུང་པ་རྣམས་སོ། །(༡༥༥.བ)དོལ་གྱི་འཚུར་སྟོན་དབང་ངེ་ནི། (ཆད)གཙང་རོང་གི་མེས་བསོད་ནམས་རྒྱལ་མཚན། རྗེ་མར་པ་བསྟེན། ཞབས་ཏོག་གིས་ཐུགས་ཟིན། རོང་བ་དོའི་གནས་བཞེངས། གདུང་བརྒྱུད་མེད། གདུང་བརྒྱུད་མེད། མར་པ་དང༌། མེས་སྟོན་གཉིས་ཀའི་སློབ་མ། ཞང་བསོད་ནསམ་འཁར་དེ་ནས་སྲས་བརྒྱུད་ལྔ་སོང་བའི་ཞང་སྟོན་གྲགས་འབྱོར་ཏེ། ཆོས་མི་ལུགས་བརྒྱུད་པའོ། །གུང་ཐང་གི་མི་ལ་རས་པ་ནི། སྔོན་ནཱ་རོ་པས། མར་པ་ལ་ལུང་བསྟན་པའི། བོད་ན་གདུལ་བྱ་སྣོད་ལྡན་ཡོད་གསུང་པ་དེ་ཡིན་ཅིང། མར་པའི་བུ་ཆེན་གྱི་མཆོག་གོ དེའི་གདུང་བརྒྱུད་ནི། ཁྱུང་པོ་ཡབ་མི་ལ་ཤེར་རྻལ་དང༌། ཡུམ་ཉང་བཟའ་དཀར་རྒྱན་གྱི་སྲས་སུ།་ལས་སྟོད་གུང་ཐང་སྨད་ཀྱི། སྐྱར་རྔ་རྩའི་ཀོ་རིན་དུ་འཁྲུངས། མཚན་ཐོས་པ་དགའ་ཕ་ཚན་གྱི་ཡུལ་དུ་སྡོད་མ་སྟེར་བར། རོང་སྟོན་ལྷ་དགའ་ལ་རྫོགས་ཆེན་ཞུས། དེ་རྗེས་བཙུན་མར་པའི་སྙན་གྲགས་ནས། སྔར་གྱི་སྡིག་སྦྱོངས་ལ་བླ་མས་གསས་མཁར་དགུ་ཐོག་མ་སྒྱེལ་གིན་བརྩིག་བཅུག་པས། རྒལ་རྨ་དྲུག་བྱུང་པ་བརྡོལ་བ་ལ། སྒལ་སྒོར་བྱས་ཀྱིན་བརྩིགས་པས། ལཽ་རེ་ལ་ཐག་རེ་ཟིན། གདམས་པ་སྣ་རེ་གནང། དབང་རེ་བསྐུར་ཐོག་ལྔ་པ་ལ་རྒྱུད་གསུངས། དྲུག་པ་ལ་ཡི་དམ་ཞལ་གཟིགས། སྐབས་དེར། རྔོག་སྟོན་ཆོས་རྡོར་གྱི་ཕྱག་ཕྱིར་བྱོན། མི་ལ་ཕུག་ཏུ་བསྒྲུབ་པ་མཛད། ཁོང་གི་དགྲ་དོལ་མལ་པོ་བཏུལ། མར་པ་ལ་ཡུམ་བདག་མེད་མས་ཞུ་གྲོགས་མཛད། མོས་གུས་ཀྱིས་ཐུགས་མཉེས་ནས། ཆོས་མ་ལུས་པར་གནང༌། བྱིན་གྱིས་བརླབས། མར་པ་རྒྱ་གར་ལ་རྟིང་མ་བྱོན་དུས། མི་ལ་སྲས་ཀྱི་མཐུ་བོར་མངའ་གསོལ། ལུང་བསྟན་ནས། ལ་སྟོད་ལ(༡༥༦.བ)བརྫངས། འཇིག་རྟེན་སྤངས་ཤིང༌། ལ་ཕྱི་གངས་རྫོངས་དྲུག་ལ་སོགས་སུ། དཀའ་སྤྱད་བསྒྲུབ་པ་རྩེ་གཅིག་མཛད། ལོ་དགུའི་བར་ལ། ཉམས་རྟོགས་ཅི་ཡང་མ་བྱུང་ཀྱང༌། འབད་པས་ཟླ་བ་ཕྱེད་ལ་ཉམས་རྟོགས་དུས་གཅིག་ལ་འབར་ཞིང༌། འཆོང་ལུང་དང༌། ལ་ཕྱི་ཆུ་བཟུང་སྲིན་བུ་དབར་རྣམས་སུ། འདྲེ་དམག་ཐེང་གསུམ་གྱིས་བར་ཆད་བརྩམས་ཀྱང༌། རྣལ་འབྱོར་སྤྲོས་བྲལ་རོ་གཅིག་རིམ་པར་རྫོགས། བར་ཆད་ཐེངས་རེ་གསོལ་བ་དང༌། བོགས་རེ་ཐོན། ཚེ་རིང་མ་སྤུན་ལྔ་དམ་ལ་ཐོགས།མི་ལས་དམ་ལ་བཏགས་པའི་ཤ་ཟ་མ་སྤུན་ལྔ་ནི། དབུས་སུ་བཀྲ་ཤིས་ཚེ་རིང་མ། གསང་མཚན་རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། ཤར་དུ་མཐིང་གི་ཞལ་བཟང་མ། རྡོ་རྗེ་ཁྲོས་མ། ནུབ་ཏུ་ཅོད་པཎ་མགྲིན་བཟང་མ། རྡོ་རྗེ་དཔལ་མོ། ལྷོར་མི་གཡོ་གླང་བཟང་མ། རྡོ་རྗེ་གཞད་མ། བྱང་དུ་རྟ་དཀར་འགྲོ་བཟང་མ། རྡོ་རྗེ་གར་མཁན་མ་རྣམས་སོ། བསྒོམ་མེད་ཀྱི་རྣམ(༡༥༧.ན)འབྱོར་ལ་མངོན་དུ་ཕྱོགས་ཤིང༌། རྫུ་འཕྲུལ་དུ་མས་གདུལ་བྱ་མི་དང་མི་མ་ཡིན་པ་ཐམས་ཅད་བཏུལ། རྒྱ་གར་དྷརྨཕ་ལ་དང༌། དམ་པ་རྒྱ་གར་ལ་སོགས་དང་རྫུ་འཕྲུལ་འགྲན། བོད་དུ་བྱོན་པའི་གྲུབ་ཐོབ་ལ་གྲུབ་རྟགས་བཟང་ཞིང༌། ངོ་མཚར་ཆེ་བར་གྲགས། དགུང་ལོ་བརྒྱད་ཅུ་ལ་ཞི་བར་མྱ་ངན་ལས་འདས་སོ། དེ་ལ་བུ་ཆེན་དཔག་ཏུ་མེད་པ་ཡོད་པའི་ནང་ནས། སྲས་ཀྱི་ཐུ་བོ་བརྒྱད་ནི། གུང་ཐང་གི་གཉན་ཆུང་རས་པ་དང༌། ལྕིམ་ལུང་གི་ངན་རྫོང་རས་པ། ཉ་མོའི་འབྲི་སྒོམ་རས་པ། མདོ་ཁྲའི་སེ་ར་རས་པ། སྣི(སྙི)ཤངས་ཀྱི་ཁྱི་ར་རས་པ། རས་པ་ཞི་བ་འོད། བདེ་བ་སྐྱོངས། མཉམ་མེད་དྭགས་པོ་ལྷ་རྗེ་རྣམས་སོ། དང་པོར་ཆེ་བའི་སྲས་བཞི། བར་དུ་ཉེ་བའི་སྲས་བརྒྱད། ཐ་མ་སྐུ་བགྲེས་ཁར་འཁྲུངས་པའི་ཇོ་བོ་བཀའ་གདམས་པ་གསུམ་མོད་ཅེས་གྲགས་སོ། གཉན་ཆུང་རས་པ་ནི། ཡུལ་གུང་ཐང་འཕྲང་ར་བ། མཚན་རྡོ་རྗེ་གྲགས། ཐོག་མར་མི་ལ་དང་མཇལ། ཐུགས་ཟིན། རྒྱ་གར་ལ་ལན་ལྔ་བྱོན། བ་ལ་ཙནྟྲ་བམ། ཕམ་ཐིང(༡༥༧.བ)པ། ཏི་ཕུ་པ། མ་གྲུབ་པའི་རྒྱལ་མོ་ལ་སོགས་མང་དུ་བསྟེན། ཆོས་འཁོར་ཚན་ཆེ་བ་ཐོབ། ཕྱག་རྡོར་སྒྲུབས་པས་མཛེ་ཐོན། ཕྱིས་བོད་དུ་བླ་མ་ལ་ཞུས་ནས། དབུས་སུ་བྱོན། བྱེ་ཆུང་རྩད་པོའི་མཛེ་བསོས། མག་པ་མཛད། ཕོ་བྲང་སྐྱེགས་ལྡན་དུ། ལྷ་ལྕམ་ལྡེམས་བུས་དམ་ཚིག་ཉམས་ནས་བྲལ་ཏེ། དཔྱལ་ལོ་རེ་ལ་སོགས་པར་བཞུགས། དགུང་ལོ་བརྒྱད་ཅུ་རྩ་ལྔ་ལ་སྐུ་གཤེགས་སོ། དེ་ལ་སློབ་མ་ཉེ་གནས་རིན་ཆེན་གྲགས། བུར་སྨོམ་ནག་པོ། སུམ་སྟོན་ཆོས་དར། དགེ་བཤེས་ཁྱུང་པོ་ལ་སོགས་མང་པོ་བྱོན། སྔོན་ཚོགས་བྲེ་ཆུང་དུ་རྗེ་མི་ལ་དང་མཇལ་བའི་བུ་མོ། དབུས་ན་མ་དེས། རས་ཆུང་པ་གཏད་ནས་བསྒོམས་པས། སེན་མོ་དོར་ལུས་མ་སྤང་པར་མཁའ་སྤྱོད་དུ་གཤེགས་པའི་གྲུབ་ཐོབ་མ་གཅིག་བྱུང་ངོ༌། རས་ཆུང་པ་དགུང་ལོ་གྱ་གཉིས་པ་ལ་གཤེགས་སོ། རས་པ་ཞི་བ་འོད་ནི། བྲག་སྒྱེ་ཆུར་བསྒྲུབ་པ(༡༥༨.ན)རྩེ་གཅིག་མཛད་པས། བྲག་ཕུག་སྤྱི་བོ་རྡོལ་ནས་མཁའ་སྤྱོད་ལ་གཤེགས། ཉ་མོ་གླིང་མཁའ་འབྲི་སྒོམ་རས་པ་ནི། གངས་ཤེད་འོ་དང༌། རྔོག་ལོ་དཔྱལ་ལོ་ལ་སོགས་བླ་མ་མང་དུ་བསྟེན། རྗེ་མི་ལ་རྩ་བའི་བླ་མར་གྱུར་ནས། མི་ལོ་སུམ་ཅུར་བསྒྲུབ་པ་མཛད། ཡི་དམ་ཞལ་གཟིགས། དངོས་གྲུབ་བརྙེས་མལ་ཡེར་པ་ལ་སོགས་སློབ་མ་ཡང་མང་དུ་བྱུང་གདའ། མཉམ་མེད་དྭགས་པོ་ལྷ་རྗེ་ནི། མདོ་ཏིང་འཛིན་རྒྱལ་པོ་དང༌། སྙིང་རྗེ་པད་དཀར་དུ། སངས་རྒྱས་ཀྱི། འདི་དགེ་སློང་འཚོ་བྱེད་དུ་གྱུར་ནས། བསྟན་པ་འཛིན་པ་ལ་བསྐོས་ཤིང༌། མཐར་རྒྱལ་བ་དྲི་མ་མེད་ཅེས་སུ་སངས་རྒྱས་པར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སྟོང་ལྔ་བརྒྱ་ཡང་འདིའི་འཁོར་དང༌། བརྒྱུད་འཛིན་པ་རྣམས་ཡིན་པར་མདོ་དེ་ཉིད་ལས་གསལ་བས། རྣམ་ཐར་བསམ་གྱིས་མི་ཁྱབ་མོད་ཀྱི། གདུལ་བྱའི་སྣང་ངོར(༡༥༨.བ)ཡང༌། རྗེ་མི་ལའི་ཐུགས་སྲས་ཀུན་གྱི་མཆོག་ཏུ་མར་པ་དང་མི་ལ་གཉིས་ཁས་ལུང་བསྟན་པ་ཡིན་ནོ། འཁྲུངས་ཡུལ་ནི། སྙལ་རུས་སྙི་པ། ཡབ་སྙི་བ་ལྷ་རྗེའྀ་སྲས་གསུམ་གྱི་བར་པ། མཚན་སྙིང་པོ་ཀུན་དགའ། ལྷ་རྗེ་མཛད་ཅིང༌། དགུང་བཅུ་གཉིས་པ་ལ། དགེ་བཤེས་ཕྱ་པ་གླིང་པ་ལ་རབ་ཏུ་བྱུང༌། བསོད་ནམས་རིན་ཆེན་དུ་མཚན་གསོལ། མཁན་པོ་དང༌། བྱ་འདུལ་བ་ལ། འདུལ་སྐོར་ཞུས། མར་ཡུལ་བསམ་གཏན་ལ་གསང་སྔགས་གསན། དབུ་རུ་བྱང་དུ། དགེ་བཤེས་སྙུག་རུམ་པ་ལྕགས་རི་གོང་ཁ་བ་བྱང་ཆུབ་དཔལ། དགེ་བཤེས་བྱ་ཡུལ་བ་རྣམས་ལ་བཀའ་གདམས་ཞུས། ཞག་བཅུ་གསུམ་ཙམ་རེ་མི་འཆོར་བའི་གནས་པ་བཟང་པོ་བྱུང༌། རྟོགས་པ་ནོན། ས་བཅུ་ནོན་པའི་རྨི་ལྟས་བྱུང༌། ཡབ་མེས་ཀྱིས་བརྩིགས་པའི་གསེར་ཆུང་ལྷ་ཁང་དུ་བཞུགས་དུས། སྤྲང་པོ་གསུམ་ལ། མི་ལའི་སྙན་པ་ཐོས་མ་ཐག་མོས་པ་སྐྱེས། (༡༥༩.ན)བྱིན་རླབས་ཞུགས་ནས། ཡིད་འཕྲོག་ལས་སྟོན་ལ་བྱོན། སྤྲང་པོ་གཅིག་ལ་ལམ་སྣ་བཅོལ་བའི། ཚོང་འདུས་ནས་འགྲོར་མ་ཉན། ཁོང་རང་གིས་བྱོན། མཇལ་མ་ཐག་བླ་མ་ལ་མཉེས་ནས། སྣ་ལེན་གྱི་མགུར་གསུངས། སྔར་གྱི་ཉམས་ཞུས་པས། གཞད་ནས་བྱེ་མ་རྩིར(བཙིར)བས་མར་ག་ལ་ཡོང༌། ཉུང་དཀར་རྩིར་(བཙིར)ན་ཡོངས་བ་ཡིན། ཐབས་ལམ་བསྒོམས་གསུངས་ནས། གདམས་པ་རྣམས་རིམ་གྱིས་གནང༌། བསྒོམས་པས་ཞག་བདུན་ནས། བདེ་དྲོད་རང་འབར་ལ་སོང༌། རྟགས་སྣང་ཉམས་མྱོང་ཁྱད་པར་ཅན་སྐྱེས་རིང་ཐོགས་པར། སྤྲུལ་སྐུ། ལོངས་སྐུ་དང་མཇལ། ཆོས་སྐུ་མྱུར་དུ་མཐོང་བར་ལུང་བསྟན། བྱིན་གྱིས་བརླབས་ཤིང༌། རྒྱལ་ཚབ་ཏུ་དབང་བསྐུར་ནས། ལྕགས་རི་གོང་ཁར་བྱོན། སེ་བ་ལུང་དུ། བཀའ་གདམས་པའི་གསེབ་ཏུ་བཞུགས་པས། ཐུགས་དང་ཅུང་ཞིག་འགྲིབས། ཡར་བྱོན་མི་ལ་བསྟེན་པས། སོར་ཚུད་ཟེར་བའང་འདུག འོམ་ཁ་ནས། སྒམ་པོ(༡༥༩.བ)ཟངས་ལུང་དུ་བྱོན། བསྒོམས་པས་སོར་ཚུད། སྒམ་པོ་མཐོང་བའི་ལ་ཁར། བླ་མའི་ལུང་བསྟན་བཞིན། ཆོས་ཉིད་བདེན་པ་དངོས་སུ་རྟོགས་ནས་བླ་མ་ལ། སངས་རྒྱས་ཀྱི་མོས་གུས་སྐྱེས། འོད་ཟེར་གུང་རྒྱལ་གྱི་བུ། དྭགས་ལ་སྒམ་པོས་སྦྱིན་བདག་བྱས་ནས། སྒམ་པོའི་རི་ཁྲོད་བཏབ། ཏིང་ངེ་འཛིན་སྣ་ཚོགས་དང་མངོན་ཤེས་རྫུ་འཕྲུལ་དུ་མ་ཐོབ། སྣང་སེམས་འདྲེས་ཤིང་དབང་དུ་འདུས། ཉམས་རྟོགས་མཐར་ཕྱིན། དགུང་ལོ་བདུན་ཅུ་རྩ་བདུན་པ་ལ་བྱ་ངན་ལས་འདས་སོ། །བླ་མ་དེས། དོན་གཉིས་ཀྱི་གཏེར་ཁ་ཕྱེ་བས་འགྲོ་དོན་དཔག་མེད་མཛད་ཅིང། བུ་ཆེན་གདུགས་ཐོགས་ལྔ་བརྒྱ་བྱུང་བའི་སྔ་ཚར་ལ། དྭགས་པོ་བསྻོམ་པ་དང་རྒྱལ་བྱ་ཁྱུང་ཚང་བ་ལ་སོགས། བར་ཚར་ལ། གྲུབ་ཐོབ་དབུ་སེ་དང་ཁམས་བ་རྡོར་རྒྱལ། ཞང་གསུམ་ཐོག་པ་ལ་སོགས། ཕྱི་ཚར་ལ༌། བྱང་གི་འབབབ་རོམ་པ་ཆེན་པོ། ཤངས་རྨོག་ཅོག་པ་ལ་སོགས། གནམ་གྱི་སྐ་མ་(༡༦༠.ན)ཙམམ་བྱོན། བསྟན་པ་དར་ཞིང་རྒྱས་པར་མཛད་དོ། དྭགས་པོ་རིན་པོ་ཆེའི་གཅུང་པོ། ལྷ་རྗེ་རྡོ་རྗེ་འབར་གྱི་སྲས། དྭགས་པོ་བསྒོམ་པ་ནི། ཐོག་མའི་མཚན། ཟླ་རྒྱལ་གླིང༌། དགུང་ལོ་བཅུ་གཅིག་པ་ལ། སླ་མའི་དྲུང་དུ་ཡོང། ཆོས་མ་ལུས་པར་ཐོབ། བཅུ་གསུམ་པ་ལ། སྤྲོས་བྲལ་གྱི་རྟོགས་པ་ཤར། བཅུ་དྲུག་པ་ལ། མཁན་པོ་མངའ་རིས་པ་ཤེར་སྙིང་ལ་དགེ་ཚུལ་ཞུས།་མཚན་ཚུལ་ཁྲིམས་སྙིང་པོར་བཏགས། བཅོ་བརྒྱད་པ་ལ། སྒོམ་རོ་གཅིག་རྟོགས། ཉི་ཤུ་རྩ་ལྔ་ལ། སྔར་གྱི་མཁན་པོ་དང། སློབ་དཔོན་ཤབ་རྩེ་ཡོན་ཏན་བློ་གྲོས་ལ་སོགས་ལ། བསྙེན་རྫོགས་མཛད། སུམ་ཅུ་ལྔ་ནས་གདན་ས་བསྐྱངས་པས། ལོ་གཉིས་ནས་བླ་མ་གཤེགས། བཀྲ་ཤིས་སྒོ་མང་བཞེངས། དེ་ནས་དབུས་སུ་བྱོན། ལྷ་ལུང་བྲག་རམ་ལ་སོགས་སུ་བཞུགས། ཇོ་བོ་རིན་པོ་ཆེའི་ཐུགས་རྗེ་དང༌། བསྲུངས་མས་བསྐུལ་ནས། ལྷ་སའི་གསོ་ན་མཛད། རྒྱ་འབྲིའི་སྡེ་འཁྲུགས་བསྡུམས། ཞང་རིན་པོ་(༡༦༠.བ)ཆེ་ལ། གནས་ཁ་གཏད་ནས། སྒམ་པོར་བྱོན། མཁྱེན་རྟོགས་དང་ཐུགས་རྗེ་ངོ་མཚར་བའི་རྣམ་ཐར་དཔག་མེད་མངའ་བ་དེ། དགུང་ལོ་ལྔ་བཅུ་རྩ་བཞི་པ། གླང་ལོ་དབྱུག་གུ་ཟླ་བའི་ཚེས་ཉི་ཤུ་ལ་གཤེགས་སོ། དེའི་སློབ་མ་གྲུབ་ཐོབ་དབུ་སེ། ཞང་རིན་པོ་ཆེ་མཁན་ཆེན་བྱེ་དཀར་བ། ཇོ་བཙུན་རོག་པོ། ཞང་སྟོན་ཀ་ལོ་ཀ་དུང་སྟོན་ལ་སོགས་པ་བྱོན་ནོ། བདེ་གཤེགས་ཁམས་པ་རྡོར་རྒྱལ་གྱི་གདུང་རུས་ནི། རྨེ་འདོར་བའི་ནང་ཚན། དཝས། དེའི་ནང་མཚན་དཝེའ་ན། ཡབ་དཝེའ་ན་ཨ་དར་གྱི་སྲས་སུ། མེ་ཕོ་སྟག་ལོ་ལ། མདོ་ཁམས་རྡོ་རྗེ་ཁྲོམ་དུ་སྐུ་འཁྲུངས་ལྡོང་ྱན་ཐུབ་ཀྱི་བུ། ཚུལ་ཁྲིམས་ལ་རབ་ཏུ་བྱུང༌། ཨུ་རིངས་རྒྱ་འབར་ལ་ཆོས་གསན། ཉི་ཤུ་རྩ་ལྔ་ལ་དབུས་སུ་ཕེབས། ཟུལ་ཕུལ་བྱ་འདུལ་བ་འཛིན་པ་ཆེན་པོའི་དྲུང་དུ། བསྙེན་རྫོགས་མཛད། སློབ་དཔོན་ཕྱ་པ་ཆོས་ཀྱི་སེང་གེ་དང༌། དགེ་བཤེས་གཡོར་གཉན། དམར་ཁང་བུ་ཁ་པ། (༡༦༡.ན)བྱང་ཆུབ་སེམས་དཔའ་ལའང༌། དམ་པ་གཉལ་ཆུང་པ། བུར་བསྒོམ་ནག་པོ། བླ་མ་འཇིམ་མཁོན་ས་སྐྱ་པ་ཆེན་པོ། ཉང་སྒོམ་རྒན་པོ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལམཚན། བླ་མ་བྲག་དཀར་བ་ལ་སོགས་ལ། སྔགས་མཚན་ཉིད་ཀྱི་བཀའ་ལུང་གདམས་པ་མང་དུ་ཞུས། དགུང་ལོ་བཞི་བཅུ་རྩ་གཉིས་པ་ལ། དགེ་བཤེས་ཞང་གསུམ་ཐོགས་པ་དང་འགྲོགས་ནས། སྒམ་པོར་བྱོན་ཏེ། མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། རྟོགས་པ་འཁྲུངས། ལོ་གསུམ་བསྟེན། ཡར་བྱོན་ཚ་རོང་རྩད་པོས་སྦྱིན་བདག་བྱས་ནས། ལྕགས་ཕོ་ཁྱི་ལོ་ལ་ཕག་མོ་གྲུར་འཇག་སྤྱིལ་དགོན་པ་བཏབ། ཆོས་ཁྲིམས་བཅད། དགུང་ལོ་བཞི་བཅུ་རྩ་ལྔ་ནས་འགྲོ་དོན་བསྐྱངས། དྲུག་ཅུ་རེ་གཅིག་པ། མེ་ཕོ་སྟག་གི་ལོ་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ། ཕག་མོ་གྲུའི་མཐར་ཕྱིན་འབྲི་ཁུང་པ། མོས་ས་གུ་མཐར་ཕྱིན་སྟག་ལུང་པ། (༡༦༡.བ)ཤེས་རབ་མཐར་ཕྱིན་པར་བྱ་བ། རྟོགས་པ་མཐར་ཕྱིན་སྣ་བུ་བ་རྣམས་སོ། ཉེ་བའི་སྲས་བཞི་ནི། སྐལ་ལྡན་ཡེ་ཤེས་སེང་གེ ཀུན་ལྡན་གཙང་པ་རས་ཆུང་པ། རྟོགས་ལྡན་མི་ཉག་བསྒོམ་རིན། གྲུབ་ཐོབ་ཉག་རེ་སྤེ་བའོ། གཞན་ཡང་མཁན་པོ་ཞང་གསུམ་ཐོག་པ་དང༌། ཁྲོ་ཕུ་བའི་རྒྱལ་ཚ་རིན་ཆེན། ཆོས་རྗེ་ལྟུམས། གླང་སེང་གེ་རྒྱལ་མཚན། སྨོན་སྟོན་ཆོས་བློ་སེང་གེ་སྡིངས་པ། སེང་སྟོན་སྡིངས་པ། ཉང་ཤན་གྲོང་པ། ཞང་སྟོན་རྩིབ་རི་པ། ཀྲའོ་དགེ་བ་དཔལ། དགེ་བཤེས་སྟོན་འཇམ། རྒྱལ་ཚ། མེ་བསྒོམས་ལ་སོགས་ཏེ། སྐུ་འདའ་བའི་ལོ་གྲྭ་པ་མཁས་གྲགས་ཐོན་པ་བརྒྱད་བརྒྱཙམ་བྱུང་ཞིང༌། སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའོ། བསྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མཁས་གྲུབ་རྣམས། བྱོན་ཚུལ་རྣམ་ཐར་བ་དན་ཆེར་གཡོས་པས། ཟབ་དོན་ནོར་བུའི་ཏོག་འཛིན་མཁས་རྣམས་ཀྱིས། བསྒྲུབས་པའི་རྒྱལ་མཚན(༡༦༢.ན)རྒྱུན་རིངས་འཛུགས་པར་ཤོག དགེའོ། །
ཞི་བྱེད་ཀྱི་བརྒྱུད་པ་བྱུང་ཚུལ།
ཞི་བྱེད་བརྒྱུད་པའི་སྤྱི་མེས། ཕ་དམ་པ་རིན་པོ་ཆེའི་འཁྲུངས་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་བྷང་གའི་གླིང༌། གྲོང་ཁྱེར་རྩ་ར་སིང་ཧར། ཡབ་དེད་དཔོན་བརྩོན་འགྲུས་གོ་ཆ་དང༌། ཡུམ་བྲམ་ཟེ་མོ་གཙང་སྒྲ་ལྡན་པ་ཧངས་ནི་བྱ་བའི་སྲས་སུ་འཁྲུངས་ཏེ། དགུང་ལོ་བཅུ་ན་རབ་ཏུ་བྱུང༌། མདོ་སྔགས་ཀུན་ལ་མཁས་པར་སྦྱངས། བོད་དུ་ཐེངས་གསུམ་བྱོན་པའི་དང་པོ་རབ་བྱུང་གི་ཆ་བྱད་ནས་མོན་མཐའ་ཁོབ་ནས་ཚུར་བྱས། ཁ་རག་སྙིང་ཁུང་པར་བྱོན། རྒྱ་གར་ལ་ཕྱིར་ལོག བར་པ་སྤྱོད་པའི་ཆ་ལུགས་མཛད་ནས། ཡར་ལུངས་ཕུ་ལ་བྱོན། དེ་ནས་བལ་ཡུལ་ལ་བྱོན། དེ་རྟིང་བོད་དུ་ཕེབས། ལས་སྟོད་དིང་རི་གླང་བསྐོར་དུ་བཞུགས། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོལ་ནས། ས་ཕོ་བྱི་བའི་ལོ་དགུན་ཟླ་འབྲིང་པོའི་ཚེས་བཞི་ལ། མཁའ་སྤྱོད་དུ་གཤེགས་སོ། སློབ་མའི་ནང་ནས་ཐུགས་ཀྱི་སྲས་བཞི་ནི། བླ་མ་དྷརྨ་ཙཀྲ་དང༌། བླ་མ་གྷུ་ན་ཤྲཱི། དམ་པ་ཆར་(༡༦༢.བ)ཆུད་པ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་རྣམས། དམ་པ་རིན་པོ་ཆེ་སྙུང་བའི་ཚུལ་བསྟན་པའི་དུས་སུ་བླ་མ་དྷརྨ་ཙཀྲ་ངང༌། དམ་པ་ཀུན་དགའ་དང༌། བླ་མ་གྷུ་ན་ཤྲི་རྣམས་ཀྱིས་གསོལ་བ་བཏབ་པའི་ཚེ། དམ་པའི་ཞལ་ནས། ངས་མི་ཡུལ་དུ་ལོ་ལྔ་བརྒྱ་དང་བཅུ་བདུན་བསྡད་འདུག ད་མཁའ་སྤྱོད་དུ་འགྲོ་གསུངས་ནས། ས་མོ་ལུག་གི་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུ་གཅིག་གི་ཉི་མ་དགོང་ཁའི་དུས་ཞི་བར་གཤེགས་སོ། །
ཕག་གྲུ་བཀའ་བརྒྱུད་བྱུང་ཚུལ།
དཔལ་ཕག་མོ་གྲུའི་ཡང་དགོན་བཏབ་ལུགས་དང༌། དེའི་གདན་སེ་གླངས་ལྷ་གཟིགས་ཀྱི་བླ་རབས་བྱོན་ཚུལ་ལོ། ཡེ་ཤེས་མཁའ་འགྲོའི་ལྷུམས་བཞུགས་བྱང་སེམས་སྤྲུལ་པའི་སྲས། ལྷུན་པོའི་ངོས་ལ་འཇའ་འོད་གུར་བཅས་བཞུགས་པ་དེ། མེས་པོས་གླངས་དུས་བར་སྣང་ལྷས་གཟིགས་དེའི་ཕྱིར། གདུང་རུས་ལྷས་གཟིགས་ཞེས་གྲགས་པ་དེའི་བརྒྱུད་འཛིན་གྱིས། ཕག་གྲུ་ཡང་དགོན་གདན་སར་དྭགས་པོའི་ཆོས་ལུགས་རྣམས། ལེགས་པར་བསྐྱངས་པའི(༡༦༣.ན)གྲུབ་ཐོབ་བྱོན་ཚུལ་རྣམས། ཆོས་བདག་བླ་མ་གོང་མས་དགོན་པ་བཏབ་ལུགས་སོགས། རྣམ་ཐར་ངོ་མཚར་ཕྲེང་བ་འདི་བདག་གིས་སྤེལ། དེའང་འདི་ལྟར་ཐོས་ཏེ། ཐོག་མར་བླ་མ་གོང་མ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གྲུབ་ཐོབ་ཁམས་པ་རྡོར་རྒྱལ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། གདུང་རུས་ནི་སྨེ་འདོར་བའི་ནང་ཚན་དཝས། དེའི་ནང་ཚན་དཝས་ན་ཡབ་དཝེ་ན་ཨ་དར་གྱི་སྲས་སུ། མེ་ཕོ་སྟག་ལོ་ལ། མདོ་ཁམས་རྡོ་ཁྲིམས་སུ་སྐུ་འཁྲུངས། ལྡོང་ཡན་ཐུབ་ཀྱི་བུ་ཚུལ་ཁྲིམས་ལ་རབ་ཏུ་བྱུང༌། དབུ་རིངས་རྒྱ་འབར་ལ་ཆོས་གསན། དགུང་ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་ཕེབས། ཟུལ་ཕུར་བྱ་འདུལ་བ་འཛིན་པ་ཆེན་པོའི་དྲུང་དུ་བསྙེན་རྫོགས་མཛད། ཕྱ་པ་ཆོས་སེང་གེ་བ་དང༌། མཁོན་ས་སྐྱ་པ་ཆེན་པོ་དང༌། མཉམ་མེད་དྭགས་པོ་ལྷ་རྗེ་བ་ལ་སོགས་དབུས་གཙང་གི་མཁས་གྲུབ་བཟང་ལ་མང་བ་བསྟེན། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བཞི་བཅུ་ཞེ་ལྔ་བཞེས་པ་ལྕགས་ཕོ་ཁྱི་ལོ་ལ། ཚ་རོང་རྩད་པོས་སྦྱིན་བདག་བྱས་ནས། ཕག་(༡༦༣.བ)མོ་གྲུར་འཇག་ལྕིལ་དགོན་པ་བཏབ། དེ་ལོ་ནས་འགྲོ་དོན་བསྐྱངས། བསྒོམ་བསྒྲུབ་ཀྱི་བསྟན་པ་ཉྀན་མོ་ལྟར་གསལ་བར་མཛད་ཅིང༌། གྲྭ་པ་ཉིས་སྟོང་བརྒྱད་བརྒྱར་གྲགས་པ་དང༌། དགེ་བཤེས་གདུགས་ཐོགས་པ་ལྔ་བརྒྱ་ཙམ་བྱུང་ནས། དགུང་ལོ་དྲུག་ཅུ་རེ་གཅིག་པ། མེ་ཕོ་སྟག་ལོ་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ། ཕག་མོ་གྲུའི་མཐའ་ཙར་མྱ་ངན་ལས་འདས་སོ། བླ་མ་དེའི་ཐུགས་སྲས་མཐར་ཕྱིན་བཞི་ནི། བསོད་ནམས་མཐར་ཕྱིན། འབྲི་ཁུངས་པ་སྐུ་ར་རིན་ཆེན་དཔལ། མོས་གུས་མཐར་ཕྱིན་སྟག་ལུང་པ། ག་ཟི་བཀྲིས་དཔལ། ཤེས་རབ་མཐར་ཕྱིན་པར་བུ་བ་བློ་གྲོས་དཔལ། རྟོགས་པ་མཐར་ཕྱིན། སྣ་ཕུ་བ་གླིང་ཆེན་རས་པའོ། ཉེ་བའི་སྲས་བཞི་ནི། སྐལ་ལྡན་ཡེ་ཤེས་སེང་གེ ཀུན་ལྡན་གཙང་པ་རས་ཆུང་པ། རྟོགས་ལྡན་མི་ཉག་བསྒོམ་རིན། གྲུབ་ཐུབ་ཉག་ར་སྤོ་བ་རྣམས་དང༌། གཞན་ཡང་དགེ་བཤེས་ཞང་གསུམ་ཐོགས་པ་ལ་སོགས་མཁས་གྲུབ་གྲངས་ལས་འདས་པ་མང་པོ་སྨིན(༡༦༤.ན)ཅིང་གྲོལ་བར་མཛད་དེ། བདེ་གཤེགས་ཕག་མོ་གྲུབ་ཆེན་པོ་མྱ་ངན་ལས་འདས་པའི་རྗེས་སུ། དགེ་བཤེས་ཞང་གསུམ་ཐོག་པའི་ཕག་གྲུའི་གནས་སར་བྱོན་ནས་མཁན་པོ་ལོ་ལྔ་མཛད། ཁོང་གཤེགས་ནས་ཐུགས་སྲས་ཐམས་ཅད་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་སྐུ་ར་རིན་ཆེན་དཔལ་བས། འབྲི་ཁུང་ནས་ཕག་གྲུ་གདན་ས་ཡང་དགོན་གྱི་མཁན་པོ་ཡང་ལོ་གསུམ་མཛད། འབྲི་གདན་གཉིས་ཁར་ངུ་ཕེབས་ནས། གྲྭ་སློབ་ཡར་འཕེལ་དུ་བསྐྱངས། མདོ་སྟོད་སྨད་ཀྱི་གྲྭ་པ་རྣམས་ཀྱི་ནང་ནས། རུས་པ་གླངས་ལྷ་གཟིགས་ཡིན་པའི་དགེ་བཤེས་བླ་མ་ལ་ལྷག་པར་དད་པ་ཅིག་ཡོད་པ་དེ། སྐུ་དྲུང་དུ་ཉེ་བར་བསྟེན། གསོལ་གཟིམ་བཅོལ། བླ་མ་ཡང་གདུལ་བྱས་གཡེངས་ནས་ཤས་ཆེ་བ་འབྲི་ཁུང་རང་དུ་བཞུགས་པའི་སྐབས་སུ། ཕག་གྲུ་མཐར་རྒྱའི་གྲྭ་ཚོགས་བྱིན་འབྱུང་ཞེས་སོགས་ལུང་བསྟན། བྲམ་ཟེ་རཏྣ་ཕ་ལས། ལྡེ་ཚོ་ལྟེ་བསྒྱུར་གྱི་གདམས་པ་གནང་ནས་སྲུ་མོ་ལ་སྐྱེལ་བ་བྱོན། ཡང་གསེར་སྲས་ལྔ་བརྒྱ་ཕྲག་དྲུག་ཙམ་ཕྱག་ཏུ(༡༦༤.བ)བྱུང་བ་ལ་སོགས་ཁ༑ེར་ནས། རྒྱ་གར་དང༌། བལ་པོ། ལི་ཡུལ་ལ། ལན་ཐེངས་བདུན་བྱོན། ཕམ་ཐིང་པ་དང་བརྡའ་ཆེན་པོ་དང༌། སུ་མ་ཏི་གིརྟི་ཆེན་མོ་དང༌། དྷརྨ་ཕ་ལ་དང༌། ན་ཏེ་གྷནྔྷ་པ་དང༌། རིན་ཆེན་ལྷ་མོ། གྲུབ་ཐོབ་སྙིང་པོ། སྦས་པའི་རྣལ་འབྱོར། རོལ་བའི་རྡོ་རྗེ། ཨརྱ་དྷེ་བ། མཁའ་འགྲོ་མ་གྷ་དྷ་ར། ཀུན་ཏུ་བཟང་མོ། བདེ་བའི་རྡོ་རྗེ་རྣམས་མཇལ། གདམས་པ་མང་དུ་ཞུས། རྒྱལ་སྲས་མེ་ཏྲི་པ་ཆེན་པོ་དང༌། དཔལ་ཤ་བ་རི་དབང་ཕྱུག་གིས། མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ཚང་མ་གནང༌། ན་རོ་པཎ་ཆེན་གྱི་ལྕམ་མོ་སངས་རྒྱས་དངོས་ལ་ཆོས་ཞུས་པའི། ཡེ་ཤེས་ཀྱི་མཁའ་མཁའ་འགྲོ་མ་ནཻ་གུ་མས། སྒྱུ་ལུས་རྨི་ལམ་གྱི་དབང་བསྐར། གཉྀད་ཐུན་གཅིག་ལ་ཆོས་དྲུག་གི་ཁྲིད་ཚད་གཅིག་རྫོགས་པར་གནང་ནས། མི་རབས་བདུན་ཐུག ཆིག་བརྒྱུད་ལམ་མ་སྤེལ་ཅིག་གསུངས། བཀའ་རྒྱས་གདམས། དྲཱཀི་མ་སུ(༡༦༥.ན)ཀ་མ་སིངྔྷིས། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་ངག་ཐམས་ཅད་རྫོགས་པར་གནང༌། གསང་ཡུམ་མཛད། འདི་ནས་བདེ་བ་ཅན་དུ་འབྱོན་པར་ལུང་བསྟན། ཐོག་མཐའ་བར་གསུམ་དུ་དྲིན་ཆེ་བའི་མོས་པ་ཐོབ། བླ་མ་ཨ་ཏི་ཡ་བཛྲེ། གདམས་པ་ཟབ་མོ་དང༌། ནམ་མཁའ་བཞུགས་པའི་རྡོར་དྲོལ། བུམ་པ། ཐོད་པ་མཚན་ལྡན་རྣམས་གནང༌། ལོ་ཙཱ་བ་རླན་དར་མ་ཤེས་རབ་དང༌། ཇོ་བོ་གླཧ་ཡ་དྷ་ར་དང་སྡེབས་ནས་ཚུར་བྱོན་དུས། མ་གཅིག་རིས་མཐོ་ལ་སྡིང་གི་ལྷ་ཁང་དུ། པཎྜིཏ་ངྷི་པམ་ཀ་ར་ཤྲི་ཛྙ་ན་དང་མཇལ། གདམས་པ་ཞུས། ཆོས་མང་པོ་བསྒྱུར། ཡུལ་དུ་ཕེབས། ལྷ་སར་བྱོན་པའི་རྨི་ལམ་དུ། ཇོ་བོས་ཆོས་གསུངས། གླང་རི་ཐང་པ་ཆེན་པོའི་དྲུང་དུ་བསྙེན་རྫོགས་ཞུས། འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་མཛད་པས། གྲྭ་སློབ་མང་ནས་མ་ཤོར་པར། མདའ་རུ་ཆ་དཀར་དགོན་པ་བཏབ། དེ་སྐབས་སུ། བསྙུང་པ་ལ། རྒྱ་གར་ནས། གྲུབ་ཐོབ་ཨ་མོ་གྷའི་སྤྲུལ་པ། (༡༦༥.བ)ཨ་ཙརྱ་གཅིག་བྱུང་ནས། བསྙུང་ཕན་པར་མཛད། ཚེ་ཉི་ཟླ་དང་མཉམ་པའི་གདམས་པ་སྟེར། རྒྱ་གར་ལ་འགྲོ་གསུངས་པ་ལ། མ་བྱོན། བལ་ཡུལ་ཐུག་བསྐྱལ། སྙེ་མོ་ར་མངས་སུ་སྤྲུལ་པས། དམག་གི་ཡུལ་ངོ་བཟློག ཆོས་འཁོར་བཙུགས། སེང་གེའི་གདོང་ཅན་ལ་སོགས་དྲཱཀི་མ་མང་དུ་ཡང་ཡང་བྱོན། ཤངས་ན་དགོན་པ་ཡོད་པ་གཤེགས་ཟེར་བས། དཔོན་སློབ་སུམ་སྟོང་གིས་བྱོན། ཞང་དགོན་པས་མགོ་བྱས། གནས་དགོན་བརྒྱ་རྩ་བརྒྱད་ལོ་གསུམ་ལ་བཏབ། གྲྭ་པ་ཁྲི་ཚོ་ལྔ་ཙམ་འདུས་པ་ལ། བཤད་གྲྭ་ཆེན་མོ་བས། ཕྲག་དོགས་བྱས་ནས། སེར་དམག་ཁྱེར་བྱུང་པ་ལ། བླ་མས་སྤྲུལ་པའི་དམག་དཔུང་བཀྱེ་ནས་ཕམ་པར་བྱས་ཏེ། མཐར་གུས་བཏུད་ཞུས། ཁམས་གཙང་གི་གྲྭ་པ་ཚོགས་ཆེ་དུས། འབུལ་བ་སྔ་རྟིང་གྲོས་སུ་བསྡུར་བླ་མ་རིན་པོ་ཆེ། སྐུ་ནས་ཀྱང་ཡར་བྱོན། གདན་ས་ཁག་གཉིས་སྐྱོང་དགོས་པ། ས་ཐག་རིངས་པས་འབྱོན(༡༦༦.ན)བཞུད་ཀྱང་དཀའ་བ་ཡིན་འདུག་ཙ་ན། ད་རང་རེ་རྣམས་ཀྱི་མགོ་བཏུད་གདན་ས་པ་གཅིག་བསྐོས་ལ་ཞུས་པ་དྲག་ཟེར་བ་ལ་ཁ་འཆམས། རི་པ་ཆེ་བགྲེས་འགའ་ཡང༌། འབྲི་ཁུང་དུ་བཏང༌། རྗེ་དང་མཇལ། རྒྱུ་མཚན་ཞུས་པས། དེ་བཞིན་ཅིས་ཀྱང་ལེགས་སོ། དེའི་འོས་སུ་འདུག ཁྱེད་རང་རྣམས་ཀྱིས་ལྟོས་ཤིག་གསུངས་པ་ལ། ཁོང་རྣམས་ཀྱིས་རྗེ་རིན་པོ་ཆེ་སྤྱན་སྔ་བ་བཞུགས་པའི་གསོལ་ཇ་བ་འདི་འདྲ་གཅིག་བསྐོར་པར་ཞུ་ཞུས་པས། འོ་དེ་ཤིན་ཏུ་ལེགས་པས། ངས་ཀྱང་བྱིན་གྱིས་བརླབས། ཁྱེད་རང་རྣམས་ཀྱིས་གདན་དྲོངས་ལས་སོང་ཅིག་གསུངས་པའི་བཀའ་གནང༌། གདན་སར་བསྐོས། རྗེ་སྤྱན་སྔ་ནས་བྱོན་པས། དེ་ཕྱིན་སྤྱན་སྔ་ཆོས་རྗེར་གྲགས་པ་འདི་བྱུང་བ་ཡིན་ཅིང༌། ཁོང་རང་གི་མཚན་ནི། གྲགས་པ་འབྱུང་གནས་ཟེར་ལ། ལྷ་གཟིགས་ཀྱི་ཞལ་ངོས། ཕག་མོ་གྲུའི་གདན་ས་མཛད་པའི་ཐོག་མ་འདི་ཡི་ནོ། དེས་ཕག་མོ་གྲུའི་ལྷ་ཁང་རྙིང་མ་བཞེངས། བསྟན་པ་དང་གདན(༡༦༦.བ)སའི་བྱ་བ་ཆེར་མཛད། ཕྱིས་ཀུ་ར་རིན་པོ་ཆེ་གྲོངས་ནས། ཁོང་པས་ཀྱང་འབྲི་གདན་གཉིས་ཀ་བསྐྱངས་ཤིང༌། ཕག་གྲུའི་གདན་ས་ལོ་ཉི་ཤུ་རྩ་གཉིས་མཛད་ནས། ཁོང་རང་འབྲི་ཁུང་དུ་བཞུགས། དབོན་པོ་ལྷ་རྒྱལ་བ་དང༌། རིན་པོ་ཆེ་གྲགས་པ་བརྩོན་འགྲུས་པ། ཕག་གྲུའི་གདན་སར་བསྐོར་ནས་བཏང་བ་ཡལ་འགྲོ་ལ་ཐོག་ཏུ་ཕེབས་པ་དང༌། མལ་འགྲོ་གཟི་ཆེན་ལ་སོགས། ཕར་ཚུར་གྱི་གཞི་བདག་གདུག་པ་ཅན་འགའ་རེས། བླ་མའི་ཉམས་སད་པའི་ཆེད་དུ། གློ་བུར་བར་སྤྲིན་བསྡུས། འབྲུག་སྒྲགས། ཐོག་སེར་ཕབ་པ་དང་བླ་མས་ཆོས་གོས་ཐུ་བ་བར་སྣང་ལ་བཟེད་པས། ཐོག་ཡས་ལྔ། ཐུ་བ་ན་སྲན་མ་བླུག་པ་བཞིན། ཕར་རིལ་ཚུར་རིལ་དུ་འདུག་སྟེ། བླ་མ་དཔོན་སློབ་མི་ནོར་གང་ལའང༌། ཐོག་གིས་གནོད་པ་མ་ནུས་པས། རྒྱལ་བ་ཐོག་གདུགས་པར་གྲགས་ཤིང༌། དེས་གདན་ས་ལོ་སུམ་ཅུ་སོ་གཅིག་མཛད་པའི་བར་ལ། གདུལ་བྱ་དང་སྙན་གྲགས་ཤིན་ཏུ་ཆེ། ཁྱད(༡༦༧.ན)པར་སྐུ་ཚེའི་སྨད་ལ་སྟོད་ཧོར་རྒྱལ་པོ་ཧུ་ལ་ཧུ་དང་ཡོན་མཆོད་དུ་འབྲེལ་ནས། དེས་བརྒྱ་འབུམ་ཉི་ཤུ་རྩ་གཅིག་གིས་སྣ་གྲངས་པའི་འབུལ་མོ་ཆེ་བྱུང་པ་སླངས། དེ་ནས་ཞག་བཅུ་བདུན་སོང་བ་དང༌། རྒྱལ་བ་རིན་པོ་ཆེ་དྲོངས། དེའི་གཅུང་པོ་བཅུ་གཉིས་རིན་པོ་ཆེན་རྡོ་རྗེས་གདན་ས་ལོ་བཅུ་བཞི་མཛད། རྒྱལ་བ་རིན་པོ་ཆེའི་ནང་རྟེན་ལ། གསེར་གྱི་སྒོ་མང་བཞེངས། གདན་ས་མཐིལ་གྱི་སྒོ་མང་སྔན་མ་ཡིན་ནོ། དེའི་སློབ་མ་ལ་སྤུ་རྟོགས་ཟེར། ཁོང་གྲོངས་ནས་སྤུ་རྟོགས་ཚོས་བླ་མའི་ནང་རྟེམ་ལ་སྒོ་མང་གཅིག་བཞེངས། གདན་སར་བླ་མ་སྐུ་མཆེད་ཀྱི་དབོན་པོ་ཆེ་བ། གཅེན་གྲགས་པ་ཡེ་ཤེས་པ་བསྐོས། དེའི་སློབ་མ་ལ། ལྡོལ་བུ་ཟེར། སྤུ་ལྡོལ་གྱི་ཆགས་དེ་ནས་བྱུང༌། བླ་མ་དེས། གདན་ས་ལོ་དགུ་མཛད་བའི་རིང་ལ། ས་སྐྱ་པའི་བླ་མ་འཕགས་པ་ལ། རྒྱུད་གསུམ་མན་ངག་དང་བཅས་པ་ཞུས། བླ་མ་ཤར་པ་ཡེ་ཤེས་རིན་ཆེན་པ་ལ། ཁོང་རང་གི་རྣག་ཚ། དབོན་པོ་བྲག་སླེབ་ལ་ཕུ། དེ་ས་སྐྱ་པས་ཕག་(༡༦༧.བ)གྲུའི་གདན་སར་བསྐོས་རྩིས་བྱས་པས། གཅུང་རྒྱ་བོས་སྐྱོངས་དེ་འཚམས། རིན་པོ་ཆེ་གྲགས་ཡེ་བ་དྲོངས་ནས། གཅུང་རྒྱ་བོ་གྲགས་རིན་པས་གདན་ས་མཛད། ས་སྐྱ་པས། བྲག་སླེ་དབོན་པོའི་ཁམས་མཆུ་རྩོད་རྩིས་བྱས་པས། གཅུང་རྒྱ་བོའི་རྟིང༌། འབྲི་ཁུངས་པས་མནན་པས། ས་འབྲི་འཁྲུག་པའི་མགོ་ཚུགས། ཕག་གྲུ་པ་རང་ལའང་སྐྱོན་ཆེར་མ་བྱུང་ནའང༌། ས་འབྲི་ཡུན་རིངས་འཁྲུགས། ཕྱིས་གཅུང་རྒྱ་བོས་ཕག་གྲུའི་བླ་དཔོན་སྤྲེལ་ནས་མཛད། དེ་དྲོངས་ནས་སྐུ་མཆེད་གཉིས་དབོན་པོ། རིན་པོ་ཆེ་གྲགས་པ་རྒྱལ་མཚན་པ། ས་ཕོ་བྱི་བ་ལོ་ལ་བསྐོས་ནས། གདན་ས་ལོ་ལྔ་བཅུ་ང་གཅིག་མཛད། དེ་རྟིང་གཅུང་པོ་གྲགས་པ་ཤེས་རབ་པས་གདན་ས་ལོ་བཅུ་གསུམ་མཛད། དེ་རྟིང་གཅུང་པོ་གྲགས་པ་ཤེས་རབ་པས་གདན་ས་ལོ་བཅུ་གསུམ་མཛད། ཁོང་དྲོངས་ནས་དེའི་དབོན་པོ་རིང་བརྒྱུད། སྤྱན་སྔ་གྲགས་བྱང་པ། གདན་སར་བསྐོས། ལོ་འགའ་སྣེ་གདོང་ཁྲི་ཐོག་དང༌། བླ་དཔོན་སྤྲགས་པའང་མཛད། (༡༦༨.ན)དེ་གཤེགས་རྟིང་གཅུང་པོ་གྲགས་པ་རིན་ཆེན་པ་ཕག་གྲུའི་གདན་སར་གློ་བུར་དུ་བསྐོས། དེའི་རྟིང༌། དེའི་གཅུང་བསོད་ནམས་གྲགས་པས་ཀྱང་གདན་ས་ལོ་འགའ་མཛད་ནས། ཁྲི་དཔོན་ཤཱཀྱ་རིན་ཆེན་པའི་སྲས་པོ། སྤྱན་སྔ་བསོད་ནམས་དཔལ་བ་དང༌། བསོད་ས་རིམ་པས་མཛད། ཆུ་མོ་གླང་ལོའི་གཤམས་ལ། སྤྱན་སྔ་ཆོས་རྗེ་བསོད་ནམས་རྒྱལ་བ་སྐུ་གཤེགས། དེའི་གཤེགས་རྫོངས་ཀྱི་སྐབས། ཤིང་ཕོ་སྟག་ལོ་སྲོག་རྨེ་བརྒྱད་དཀར་དབུས་ན་ཡོད་པའི་སྟོན་ནས། ཕག་གྲུ་ནང་ཁམས་ལ་རྐྱེན་པའི་དབུས་གཙང་སྲིད་སྡེབས་ཀྱི་བདེ་དོགས་ཆེན་མོ་ལངས་པ་ཡིན་ནོ། དཔལ་ཕག་མོ་གྲུའི་བསྒྲུབ་ཁང་འཇག་བཅིལ་དང༌། གདན་ས་ཡང་དགོན། ལྕགས་ཕོ་ཁྱི་ལོ་ལ་བཏབ་ནས། ད་ལན་ཤིང་ཕོ་སྟག་ལོ་འདི་ཡན་ལ། ལོ་གྲངས་ཉིས་བརྒྱ་དང་བཞི་བཅུ་ཞེ་ལྔ་སོང་འདུག་ཅིང༌། གདན་སར་བཞུགས་པ་(༡༦༨.བ)ནི་ཐོག་མར། གྲུབ་ཆེན་ཁམས་པ་རྡོར་རྒྱལ་བ་རང་དང༌། མཁན་པོ་ཞང་གསུམ་ཐོག་པ། ཀྱུ་ར་རིན་ཆེན་དཔལ་བ་གསུམ་མི་ཐེ་བའི། སླངས་ལྷ་གཟིགས་ཀྱི་གདུང་བརྒྱུད་པས། གདན་ས་རིམ་པར་མཛད་པ་ལ། སྔ་སོར་སྤྱན་སྔ་རིན་པོ་ཆེ་གྲགས་བྱུང་པ་ནས། སྤྱན་སྔ་བསོད་རྒྱལ་བ་ཡན་ལ། མཐར་རྒྱའི་གྲྭ་སློབ་ཡར་འཕེལ་དུ་འབྱུང་ཞིང༌། བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་བརྩོན་ཤ་སྟག་བྱོན་གདའོ། བདེ་གཤེགས་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིན། དབུས་གཙང་བོད་ཞིང་ཐུབ་བསྟན་གསལ་བ་དང་བསྟན་འཛིན་སྐྱེས་བུའི་གདན་ས་མ་སྟོང་པར། བ། བསོད་ནམས་རྒྱལ་མཚན་པ་སྐུ་མཆེད་དེ་རྣམས་ཀྱིས། གདན་བ་རྒྱུད་ཉི་མའི་འོད་ལྟར་གསལ་བར་ཤོག། དགེའོ།
ཕག་གྲུ་ཁྲི་སྐོར་གྱི་དཔོན་རབས་བྱུང་ཚུལ།
དཔལ་ཕག་མོ་གྲུ་ཁྲི་བསྐོར་གྱི་ཁྲི་ཐོག་ཏུ་གླངས་ལྷ་གཟིགས་ཀྱི་དཔོན་རབས་བྱོན་ཚུལ་བདག་གོ། དཔལ་ཕག་མོའི་ཁྲི་སྐོར་ལ། གླངས་ལྷ་གཟིགས་ཞལ་ངོ་ན་རིམ་གྱིས། དབང་ཁ་ལོས་བསྒྱུར་ཅིང་ཡར(༡༦༩.ན)འཕེལ་དུ། དུས་སྔ་ཕ༑ིར་བྱུང་ཚུལ་འདི་ལྟར་སྣང༌། དེའང་ཐོག་མར་ཧོར་ས་སྐྱ་པ་ཡོན་མཆོད་དུ་འབྲེལ་ནས། དབུས་གཙང་གི་མི་རྩིས། དུད་གྲངས་ཧོར་འཆའ་བའི་དུས་ན། དབུས་ཕྱོགས་སུ། གསེར་ཡིག་པ། སི་ཏུ་ཨ་སྐྱིད་བྱ་བས་རྩིས་པ་ལ། ཕག་གྲུའི་ཁྲི་སྐོར་རང་ལ་ཧོར་འདུས་ཚད་མ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་རྩ་བརྒྱད་ཀྱི་ཐོག་ཏུ། ལྷ་པའི་དུད་དྲུག་བརྒྱ་དང༌། སྟག་ལུང་པའི་སྟེང་ནས། དུད་ལྔ་བརྒྱ་མནན་པ་དེས། ཁྲི་སྐོར་གཅིག་གི་བྱ་བ་བསྒྲུབ་ཅིང༌། ཧོར་འཇམ་བྱང་ཁ་ལ་འགྲོ་དུས། རྩི་དབར་འཇའ་མོའི་བརྗིད་ཁག་ཕག་གྲུ་ཁྲི་སྐོར་གྱིས་འཁུར་དགོས་ལ། གོང་མ་ཡོན་མཆོད་བཀའ་གྲོས་བསྐོར་བས། ཁྲི་དཔོན་བཟང་པོ་རེ་བསྐོས་པར་འདུག་པར། སྔ་སོར། འབྲི་གདན་གཉིས་སྡེ་དགོན་ཁཔག་གཅིག་པར་བྱས་ནས་འབྲི་ཁུང་པ་སྒོམ་པ་ཤག་རིན་གྱིས། སྤྱིའི་ཁ་ཏ་བྱེད་དེའི་ཉེ་གནས་ལྡན་མ་བསྒོམ་བརྩོན་ཟེར་བ་གཅིག་གིས། ཚོང་འདུས་བྲག་ཁར་ཞཁྲི་ཁང་བརྩིགས་ནས། རྐང་ཡེངས་དང་སྨད་ཧོར་ལ་ངོ་ལྟས། ཁྲི(༡༦༩.བ)དཔོན་གྱི་མིང་ལོ་སྦྲེལ་བྱས། དེ་རྟིང་སྤྱན་སྔ་རིན་པོ་ཆེའི་གྲགས་བྱུང་པའི་གསོལ་ཇ་བ་ལྷོ་བྲག་ཤོང་སྡེའི་མཁན་པོ་བྱས་པས་མཁན་པོ་རིན་རྒྱལ་ཟེར་བ་གཅིག་གིས་ཁྲི་དཔོན་ལོ་སྦྲེལ་བྱས། དེ་འཚམས་མདོ་ཁམས་ནས། དཔོན་རྡོ་རྗེ་དཔལ་ཟེར་བའི་ཁམས་གཞོན་གཟུགས་དང་སྤྱོད་ལམ་མཛེས་པ་གཅིག སྤྱན་སྔའི་དྲུང་དུ་བྱུང་ནས། བདག་ལྷ་གཟིགས་ཀྱི་རུས་ཆེན་གཅིག་ཡིན་པས། རྗེས་སུ་བཟུང་དུ་གསོལ་ཞུས་པས། འོ་སྐོལ་རུས་ཉེ་བར་འདུག་གསུངས་ནས། རེ་ཞིག་གསོལ་ཇ་བ་བཅོལ་བྱ་བ་ཆེ་ཆུང་གང་ལའང་རྨ་དབྱེ་ཕྱེ་བ་ཅིག་འདུག་པས། རྒྱ་ཡུལ་ལ་རྫངས་པས། གོང་མ་ཡོན་མཆོད་ཀྱི་ཐུགས་ལ་བཏགས་ནས། ཕག་གྲུ་ཁྲི་སྐོར་མི་རབས་ཀྱི་བར་ལ་འཇགས་པའི་བཀའ་ལུང་བཟང་པོ་དམ་རྟགས་དང་བཅས་པ་གནང༌། ཡར་སློབས་ནས། དེ་འཕྲལ། ཤིང་ཕོ་སྟག་ལོ་ལ། ཁྲི་ཁང་ཡར་ལུངས་རྣམ་རྒྱལ་དང་སྣེ(གདོང)བརྩིགས། ཁྲི་དཔོན་ལོ(༡༧༠.ན)བཅུ་གསུམ་བྱས་པའི་བར་ལ། གོང་འོག་ཕྱི་ནང་ཀུན་དང་མཐུན་ཅིང༌། བྱས་པ་ལག་རྗེ་ཆེ་བ་ལ། གོང་འོག་ཕྱི་ནང་ཀུན་དང་མཐུན་ཅིང༌། བྱས་པ་ལག་རྗེས་ཆེ་བ་ལ། སྣེ་གདོང་གི་མགོ་བྱས། ཧ་ལ་སྒང༌། སྣ་ཆོ། ལྕགས་རྩེ་གྲུ་གྲུ། ཐང་པོ་ཆེའི་གླིང་སྨད། འཆོས་གཞིས་ཁ། མོན་མཁར་བཀྲ་ཤིས་གདོང༌། རྒྱ་ཐང༌། ཚོང་འདུས་བྲག་ཁ། ཟངས་རི་ཕོ་བྲང་སྒང༌། མཁར་ཐོག་འཆད་དཀར་དོ་ལ་སོགས། མདོར་ན། ཚ་དུང་གཏོང་པའི་གཞིས་ཁ་བཅུ་གཉིས་ཞབས་སུ་ཆུག་པར་བཞེངས་པས། ཁྲི་དཔོན་ཕེར་པོ་བྱུང་བར་གྲགས་སོ། དེ་འདས་ནས། དེའི་ནུ་བོ་གཞོན་ནུ་རྒྱལ་མཚན་གྱིས། ཁྲི་དཔོན་ལོ་གསུམ་བཞི་བྱས། དེ་འདས་རྟིང༌། ཁོང་རང་གི་དཔོན་སྐྱ་ཡ་འབྲོག་ཆུ་བརྒྱུད་པའི་རིགས་ཉ་པ་ཡིན་ལ། བྱང་གཞོན་ཟེར་བ་གཅིག་གིས། ཁྲི་དཔོན་བྱས། སྐབས་དེར། ས་འབྲི་འཁྲུགས་པ་ལ། བྱང་གཞོན་གྱིས། ས་སྐྱ་པ་གང་གསུངས་བྱས། དཔོན་ཆེན་ལང་(འང)ལེན་གྱིས། ཕག་གྲུ་སྤྲེག(༡༧༠.བ)པར་བྱུང་པ་ལ། བྱང་གཞོན་གྱིས་ཞུས་པས་ཚངས། བྱང་གཞོན་ཤི་ནས། གཞོན་ནུ་རྒྱལ་མཚན་གྱི་ཚ་བོ། གཞོན་ནུ་ཡོན་ཏན་གྱིས་ཁྲི་དཔོན་བྱས་ཏེ། ཧོར་རྒྱལ་པོ་ཐེ་མུར་སྦོ་ཁ་ཡུམ་སྲས། བོད་དུ་བཞུགས་པའི་ཞབས་ཏོག་དང༌། དམག་གི་ཕྱག་ཕྱི་ཅུང་མ་འགྲུབ། ཕྱི་གོ་མ་ཆོད་ཀྱང༌། ནང་དུ་ཞིང་པ་ཡ་གསུམ་ལ་སོགས་ལ་གཟན་པོ་བྱས་པས་རིན་པོ་ཆེ་གཅུང་རྒྱ་བོ་བ་མ་མཉེས་པར། རྒྱལ་བུ་ཡུམ་སྲས་ལ་ཞུས་ནས། གཞོན་ནུ་ཡོན་ཏན་བབས་དུ་ད་ཞུ་བ་བཏང༌། དེ་མ་འཁོར་བར་ལ། རྒྱལ་བུའི་མ་མ་གོ་ཆ། ས་སྐྱ་པའི་ཁྲིམས་པ་རིན་ཆེན་བཀྲ་ཤིས། སྤྱན་སྔའི་ཉེ་གནས་བརྩོན་འགྲུས་དཔལ། གཞོན་ནུ་ཡོན་ཏན་གྱི་དཔོན་འོག་མ། གྲགས་པ་འོད་ཟེར། སྔར་ཧུ་ཧུས་བསྐོས་པའི་ཡུལ་བསྲུངས་པ་གོ་གོ་ཆུའི་བུ། རྡོ་རྗེ་ཡར་ལུངས་པ་ཇོ་བོ་གྲགས་རིན་རྣམས་འཛོམས་ཀྱིན་ཁྲིས(ཁྲི)སྐོར་གྱི་བྱ་བ་བསྒྲུབས། དེ་མཚམས་(༡༧༡.ན)གོང་དུ་ཤྲི་གྲགས་འོད་པས་འགག་མཛད་ནས། རིན་པོ་ཆེ་གཅུང་རྒྱའོ་ལ་ཁྲི་དཔོན་གྱི་འཇའ་ས་གྲུབ་ནས་བླ་དཔོན་སྦྲགས། གཞོན་ནུ་ཡོན་ཏན་ལ་བརྟེན་པོར་འཆོས་མོན་མཁར་གྱིན(བྱིན)། གཅུང་རྒྱའོ་གྲོངས་རྟིང༌། རིན་པོ་ཆེ་གྲགས་རྒྱལ་བའི་གཅེན་པོ་རྒྱལ་མཚན་དཔལ་གྱིས། གོང་དུ་བྱོན་ལྷ་རྗེ་ཕག་མོ་གྲུབ་པས་ཞུས། ལུང་གིས་ཁོང་ཁྲི་དཔོན་ལ་བསྐོས་ནས་ལོ་སྦྲེལ་བྱས་དེའི་ལག་ནས། ཁོང་རང་གི་ནུ་བོ། གྲགས་བཟང་ས་སྐྱ་པ་ལ་ཞུས་ནས་བསྐོས། དེའི་ལག་ནས་གཞོན་ནུ་རྒྱལ་མཚན་གྱི་བུ་རྒྱལ་མཚན་སྐྱབས་ཀྱིས་འཇའ་པས་གླངས་རིན་པོ་ཆེ་གྲགས་རྒྱལ་བའི་གཅུང་པོ་བྱང་ཆུབ་རྒྱལ་མཚན་པ་ཤིང་ཕོ་སྟག་ལོ་པ་ཡིན། ས་སྐྱར་བླ་མ་བདག་ཉིད་ཆེན་པོའི་དྲུང་དུ་ལོ་བཅུ་བཞི་ལོན་པ། ཡོས་ལོ་ལ་ཕ༑ིན་ནས། ཕྱག་ཕྱིར་བསྡད་དམ་གཉེར་བ་བྱས། བླ་མའི་གསུང་གིས་ཁྱོད་རིན་པོ་ཆེ་བྱེད་དམ་ཁྲི་དཔོན་བྱེད་གསུངས། རིན་པོ་ཆེ་བྱེད་ལ་ཞུས་པས། དེ་མི་འོང་བར་འདུག་ཁྲི་དཔོན་བྱེད(༡༧༡.བ)དགོས་པས། གཡུལ་རྒྱལ་དང་ལེགས་བཤད་སོགས་ལ་ལྟོས་གསུངས་པ། ཐུགས་མཁྱེན་ཡོད་པར་འདུག དེ་ནས་བདག་ཆེན་པས་སྤྲད་ནས། བླ་མ་མཉམ་མེད་ཆེན་པོ་ལ་སློབ་གཉེར་ཞུས། བརྟག་གཉིས་བསླབས། སྟག་ལོའི་སྟོན་ཞུགས་ལ། ཁོང་གིས་བཤད་གསར་དང༌། གཅེན་པོ་སློབ་དཔོན་གྲགས་བཟང༌། པ་ཁྲི་དཔོན་ལ་ས་སྐྱ་ནས་ཁྱོད་བསྐོས་བྱས་པའི་ཚོགས་ཇ་མཉམ་དུ་བསྐོལ། ཏི་ཤྲི་ཀུན་བསློ་བ་གོང་ལ་བྱོན་དུས། རྒྱལ་མཚན་སྐྱབས་ཕབ་ནས་ཁྲི་དཔོན་ལ་བསྐོས་རྟིང་ལ། རི་རྩི་དབང་རྒྱལ་པོའི་འཇའ་པས། ཏའི་སི་ཏུའི་མིང་ཐོབ། རྒྱལ་མཚན་སྐྱབས་ཀྱི་ཚ་བོ་བསོད་ནམས་རྒྱལ་མཚན་གྱིས་ལུང་གིས་རྩད་ཅིང་ཁྱོན་གྱི་བཀོད་བཞག་ལ་སོགས་མཐོ་དམན་མང་དུ་བྱུང་ཡང་སུས་ཀྱང་མ་ཐུབ་པར་རྒྱལ་ཁམས་དབང་དུ་བསྡུད་མི་དེ་འདི་ཡིན་ནོ། སི་ཏུ་བྱང་ཆུབ་རྒྱལ་མཚན་པ་དེ་སྐུ་ནས་གཞོན་དུས་ཕྱི་ནང་གི་སྡེ་གཟར་དཀའ་དགུ་སྦྱོང་སྤྱོད་ཆེ་ནའང༌། (༡༧༢.ན)དགུང་ལོ་ང་ལྔ་བའི་ཐོག ཆུ་ཕོ་སྤྲེའུ་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ། དཔོན་ཐོབ་ནས། ཟླ་བ་ལྔ་པའི་ཚེས་ལྔའི་ཉིན། ས་སྐྱར་བཅའུ་བཏང་པས་དཔོན་ཆེན་ཐོབ། དེ་འཕྲལ་དམག་འགྱེས་དུས། དཔོན་ཆེན་པས་དབོན་པོ་སི་ཏུ་བློ་གྲོས་རྒྱལ་མཚན་པ་དང༌། ཐམ་ཁ་གླིང་དྲུག་མ། རྒྱལ་མཐོང་རང་བཅས་པ། སི་ཏུ་བྱང་རྒྱལ་བ་ལ་ཕུལ་ནས་གཙང་པས་དར་ལྕོག་དཀར་པོ་འཛུགས་པའི་སྔོན་མ་བྱས་ཏེ། དེ་དུས་ནས་བསྟན་པ་འགོ་ཚུགས་ནས། མཚན་བྱུས་ཡར་འཕེལ་དུ་བྱུང་ཞིང༌། ཁྲི་དཔོན་བྱིངས་དང་གྲོས་མཐུན་ནས་ཡར་འཕེལ་དུ་བྱུང་ཞིང༌། ཁྲི་དཔོན་བྱིངས་དང་གྲོས་མཐུན་ནས་ས་སྐྱ་ལ་བཅའུ་བཏང་པ་བྱ་བཟང་སྒངས་ཡིན་པས། བྱ་བ་བཟང་པོ་གྲུབ་པའི་རྫོང་འདི་ལ་བྱ་བཟང་རྫོང་ཟེར་པའི་མིང་ཐོག་གསུངས་པ་ཡིན་ཟེར་རོ། ཁོང་གི་རིང་ལ། རང་རེ་ལྷ་གཟིགས་ཀྱི་བརྒྱུད་པ་འདིས་མིས་མི་གོ་ཆོད་བཞིན་དུ། (༡༧༢.བ)ཆོས་ཀྱིས་ཆོས་གོ་ཆོད་པ་གཅིག་དགོས་པ་འདུག་གསུངས། རྩེ་ཐང་གི་དགོན་པ་གསར་དུ་བཏབ། བཤད་གྲྭ་བཙུགས། སྣེ་གདོང་དང་སྲོག་པར་བྱས། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་གདན་དྲངས། ཆོས་སྡེའི་རབ་གནས་དང༌། ཁོང་རང་གི་དབོན་པོ་སློབ་དཔོན་ཤཱཀྱ་རྒྱལ་མཚན་པ་མཆོད་དཔོན་ལ་བསྐོས་པའི་མཁན་པོ་དང༌། གྲལ་དཔོན་ཞུས། ཆོས་འཇིག་རྟིན་གྱི་བྱ་བ་གང་ལའང༌། མཁྱེན་རབ་དང༌། འབད་རྩོལ་ཤིན་ཏུ་ཆེ་བར་གྲགས་ཤིང༌། ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་བྱ་བ་ལ་བྱས་པ་ལག་རྗེས་དཔོན་རབས་སྔ་རྟིང་སུ་ལས་ཀྱང༌། འདི་ཉིད་མཆོག་ཏུ་ཆེ་བར་བྱེད་དོ། དགུང་ལོ་རེ་གསུམ་པ། མེ་ཕོ་འབྲུག་ལོ་ལ། སྣེ་གདོང་དགའ་ལྡན་རྩེར་བདེ་བར་གཤེགས་སོ། དེ་ནས་དབོན་པོ་ཤཱཀྱ་རྒྱལ་མཚན་པས། སྣེ་གདོང་ཁྲི་ཐོག་ཏུའང་བཞུགས། བླ་དཔོན་སྦྲགས་ནས་མཛད་རིང་ལ་རྒྱལ་ཁྲིམས་འཇགས་ཤིང༌། ཆོས་ཁྲིམས་དར་བ། (༡༧༣.ན)དབུས་གཙང་བདེ་བ་དང༌། མངའ་ཞབས་སྐྱིད་པར་བྱུང་ན་དགོངས་པའི་ཐུགས་དགེ་བ་ཁོ་ན་བཟུང་པས། ཀུན་གྱིས་འཇམ་དབྱངས་ཤཱཀྱ་རྒྱལ་བ་ཞེས་བསྟོད་ཅིང་བསྔགས་པའི་སྙན་གྲགས་ཆེ་བར་བྱུང་ཞིང༌། ཚུལ་དེ་དང་མཐུན་པར་གྱུར་ཏོ། ཧོར་ཐེ་གན་ཐེ་མུར་རྒྱལ་པོས་ཀྱང༌། ཆང་གུའི་གུང་གི་མིང་དང་ལས་ཁ་གནང༌། ཁོངས་གཤེགས་རྟིང༌། གཅུང་པོ་ཁྲི་དཔོན་ཤཱཀྱ་རིན་ཆེན་པ། སྣེ་གདོང་ཁྲི་ཐོག་ཏུ་སྟོན་ནས། དབུས་གཙང་གི་གཞི་བསྐོར་ལ་འབྱོར་པར་ཆས། གཞུང་སྐྱིད་མོ་བཤོངས་སུ་ཕེབས་ནུབ། ཁང་བསྐོར་བྱིངས་ལ། མེ་སྟོབས་ཆེན་ཤོར། དཔོན་གཡོགས་རྣམས་ཉོན་ཅན་ལ་གཏད་པས། རྟོག་བཅས་ཀྱིས་ཕྱིར་ལོག་ནས་མཁར་ཐོག་དགོན་གསར་དུ་བཞུགས་སུ་བཅུག ཐུགས་མ་བདེ་ནས། མུ་མེད་མང་རབ་མཛད་པས། ཁྲི་གདུགས་སྨྱོན་པར་གྲགས་པ་བྱུང་ལ། སྤྱན་སྔ་གྲགས་བྱང་པས། ལོ་ཤས་བླ་དཔོན་སྦྲགས་ནས་བཟུང༌། དེ་རྟིང་གཅུང་པོ་གྲགས་རིན་པ། སྣེ་གདོང་དུ་ལོ་འགའ(༡༧༣.བ)བསྐོས། དེ་མཚམས་རྫོང་ཇི་རྒྱལ་མཚན་བཟང་པོ་ཁུ་དབོན་གྱིས་དོ་དམ་བྱས་ནས། བདག་པོ་གྲགས་རིན་པ་བློ་བུར་དུ་གོང་དཀར་ནས། གཞུ་ཀོ་ལ་གདན་དྲངས། སྤྱན་སྔ་གྲགས་བྱང་པའི་གདན་སར་བསྐྱལ། སྣེ་གདོང་ཁྲི་ཐོག་ཏུ། ཁྲི་དཔོན་ཤས་རིན་པའི་སྲས་ཆེ་བ་གྲགས་རྒྱལ་མཚན་པ་དགུང་ལོ་བཅུ་གཅིག་ལོན་པའི་ཤིང་ཕོ་བྱི་བ་ལོ་ལ། དཔོན་སར་བཏོན། སྐུ་ཚེའི་སྟོད་ལ། དབོན་ཞང་གི་མཁོན་རྩོད་དང༌། ཨེ་དམྱལ་གྱི་སྡེ་གཟར་ལ་སོགས་དཀའ་དགུ་མང་པོ་རང་བྱུང་ནའང༌། རྟིང་ལ་སྡེ་པ་ནང་འཇགས། དབུས་གཙང་གི་ཁྲི་སྟེང་ཕལ་ཆེ་བ་དབང་དུ་བསྡུས། རྒྱ་རྟའི་མིང་རྒྱལ་པོས། ཀོ་ནྟིང་གུ་ཤྲི་དང༌། ཚན་ཧའི་དབང་གི་མཚན་དང༌། གསེར་ཐམ་ལུང་ལག་རྟགས་བཟང་པོ་རིམ་པར་གནང༌། སྟོབས་དང་དཔལ་འབྱོར་མངའ་ཐང་ཕན་སུམ་ཚོགས་པ་བྱུང་ཞིང༌། དགུང་ལོ་བཅུ་གཅིག་པ་ནས་ལྔ་བཅུ་ང་དགུའི་བར་ལ་གོགས་མཐོན་པོར་བཞུགས་ནས། སྡེ(༡༧༤.ན)སྲིད་ཡར་འཕེལ་དུ་བྱུང་པས། ཕག་མོ་གྲུ་པའི་དཔོན་བརྒྱུད་ཞི་ཐོག་ཏུ་བཞུགས་པ་ལ། འདི་བས་ཡུན་རིང་ཞིང་སྐུ་བསོད་ཆེ་བར་གྲགས་སོ། ལྔ་བཅུ་ང་དགུ་བཞེས་པ་ཆུ་ཕོ་བྱི་བའི་ལོ་ལ། སྣེ་གདོང་རྩེར་སྐུ་གཤེགས་སོ། མདོར་བསྡུས་པ་ནི། ཧོར་ས་སྐྱ་པའི་བཀའ་ལུང་གིས་དབུས་གཙང་གི་ཧོར་དུད་བགྲངས་པའི་ཁྲི་བསྐོར་སོ་སོར་བཅས་པ་ནས། ཕག་མོ་གྲུ་པའི་ཁྲི་དཔོན་སྔོན་མ། ལྡན་མ་བསྒོམ་བརྩོན་དང༌། བཤོང་སྡེ་མཁན་པོ་རིན་རྒྱལ་གཉིས་ཀྱིས་ཁྲི་དཔོན་མིང་ཐོགས་རེ་བྱས་པ་མི་བའི་གླངས་ལྷ་གཟིགས་ཀྱི་དཔོན་བརྒྱུད་ཀྱི་ཁྲི་དཔོན་མཛད་པའི་ཐོག་མ། དཔོན་རྡོ་རྗེ་དཔལ་ནས་བཟུང་སྟེ། བདག་པོ་དབང་གྲགས་པ་རྒྱལ་མཚན་པ་ཡན་ལ། ཞལ་ངོ་ཁྲི་ཐོག་བཞུགས་པ་ངེས་ཅན་བཅུ་གཉིས་དང༌། ཁྲི་ཐོག་བཏོན་ཙམ་ཤག་རིན་པའོ། སྡེ་པའི་ནང་ནས། བླ་དཔོན་སྦྲགས་པ་གསུམ་བྱུང་བར་བྱེད་ཅིང༌། བར་སྐབས་སུ། ལྷ་གཟིགས་མ་ཡིན་པའི་ཁྲི་དཔོན་བྱས་པ། ཡ་འབྲོག་པ་བྱང་གཞོན(༡༧༤.བ)དང༌། ཐུས་མི་མི་དྲུག་འཛོམས་ནས་བྱས་པ་དང༌། ཁྲི་དཔོན་ཐེངས་གཉིས་བྱུང་ངོ༌། ཁྲི་དཔོན་རྡོ་རྗེ་དཔལ་གྱིས། ཤིང་ཕོ་སྟག་ལོ་ལ། ཁྲི་ཁང་ཡར་ལུངས་རྣམ་རྒྱལ་དང༌། སྣེ་གདོང་བརྩིགས་ནས། ད་ལོ་ཤིང་ཕོ་སྟག་ལོ་སྲོག་རྨེ་བརྒྱད་དཀར་དབུས་ན་ཡོད་པའི་དབུས་གཙང་སྲིད་སྡེབས་ཀྱི་བདེ་དོགས་ཆེན་མོ་ལངས་པ་འདི་ཡན་ལ། ལོ་གྲངས་ཉིས་བརྒྱ་དང་བཞི་བཅུ་སོང་བར་རྩིའོ། ལྷ་གཟིགས་བྱོན་ཚུལ་འདི་བྲིས་ལྷ་བསྲུངས་ཀྱིས། འགྲོ་ལ་ཕན་བདེ་སྕོལ་བའི་འཕྲིན་ལས་མཛོད།
ལྷ་སའི་ཆོས་བརྒྱུད་བྱུང་ཚུལ།
ལྷ་སའི་ཆོས་ལུགས་དང་བརྒྱུད་རབས་བྱོན་ཚུལ་བདོག་གོ །སྭསྟི། ལྷ་སའི་ཐོག་མ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པས་རྒྱ་གར་དུ་བྱོན་ནས། སློབ་དཔོན་ཆེན་པོ་བྷ་ལིང་ཏ་ཨ་ཙརྱ་ལ། ཆོས་སྟོན་ཐོག་འགྲིལ་ལ། ཁ་འཛིན་ཆེ་བ་ཅིག་ཞུ་བྱས་པས། གསང་འདུས་ཡེ་ཤེས་ཞབས་ཀྱི་སྐོར་གནང༌། ལས་ཁ་ཚར་ཚང་མ་ཅིག་ཞུ་བྱས་པས། གཤིན་རྗེ་དགྲ་ནག་གནང༌། ལ་ཆུང་གཅིག་གི་རྩ་(༡༧༥.ན)ན་ཡོད་པས་བཀའ་བསྼུངས་གཅིག་ཡང་ཞུ་བྱས་པས། འཇིགས་བྱེད་ལ། ཊཀ་ཤད་སྤྲེལ་ནས་གནང༌། ཕ་བརྒྱུད་སྐོར་གསུམ་དུ་གྲགས་ཏེ། དར་ཞིང་རྒྱས་པར་མཛད། དེའི་སྲས་སློབ་དཔོན་རྡོ་རྗེ་བླ་མ། ཕ་རྒྱུད་སྐོར་གསུམ་ལ་མཁས་ཤིང༌། བོད་ཀྱི་མི་ཆེན་བཞིར་གྲགས་པའི་ཡ་གཅིག་ཡིན། དེའི་སྲས། དཔལ་སེང་གེའི་སྲས། གཉོས་ནག་གྲགས་པ་དཔལ། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་སྐྱེ་ཡིན་པར། ཞང་རིན་པོ་ཆེས་ལུང་བསྟན། ཁོང་གི་སྲས། ར་ཆེན་སྙེས་ལྷ་ནང་པ་དེ། རྒྱ་གར་གྱི་ནག་པོ་སྤྱོད་པ་ཆུང་པ་ཡིན་པར། ཞང་རིན་པོ་ཆེས་ལུང་བསྟན་འདུག་ཅིང༌། རྩ་རིར་བྱོན་དུས། མཁའ་འགྲོ་མས་ཀྱང་ལུང་བསྟན་ནོ། ཞང་གི་དྲུང་དུ་བསྙེན་རྫོགས་མཛད། འབྲི་ཁུང་ཆོས་རྗེའི་དྲུང་དུ་ནཱ་རོའི་ཆོས་དྲུག་གསན། རྩ་རི་ཏི་སི་ལ་སོགས་ལ་བྱོན། བསྒྲུབ་པ་ནན་ཏན་ཆེར་མཛད། མོན་གྱི་སྤ་འགྲོ་བཅལ་ཁ་ལ་སོགས་པར་ཚོགས་པ་ཡང་ཐོགས་རེ་བསྐྱངས། བྱང་དུ་ལྷ་ནང་བཏབ། ལྷ་(༡༧༥.བ)ས་ཉིས་སྟོང་བརྒྱད་བརྒྱད་གྲགས་པ་དེ་ནས་བྱུང༌། ཁོང་གི་དབོན་པོ་ལྷ་རིན་ཆེན་རྒྱལ་པོ་དེ་ཉིད། ལྷ་སྲས་མུ་ནེ་བཙན་པོའི་སྐྱེ་བ་ཡིན་སྐད། སྐྱོར་མོ་ལུང་དུ་རབ་བྱུང་མཛད། ཕ་རྒྱུད་སྐོར་གསུམ་ལ་མཁས། བཅལ་ཁས་གཡོས་ཀྱིས་འགྱེལ་བའི་ཚབ་ལ། ཕག་རི་རིན་ཆེན་སྒང་བརྩིགས། ལྷ་ནང་དུ་གདན་སར་བཞུགས་པས། རྒྱལ་ཁྲིམས་འཆའ་བའི་དམག་སྣའི་གནོད་པ་བྱུང་པས། སྐྱིད་སྨད་དུ་བྱོན་པས། རབ་གྲོང་བརྩིགས། ལྷ་ནང་དུ་ཁུ་བོའི་སློབ་མ། གྲུབ་ཐོབ་འདམ་སེང༌། གདན་ས་ལ་རྫངས། འདམ་པ་རི་པས་ཉེ་གནས་མཛད་ནས། གྱེར་རེ་དགོན་པ་བཏབ་ཅིང༌། གྱེར་རེ་ལྷ་ཁང་གི་གཙུག་ལག་བཞེངས། དེའི་དབོན་བརྒྱུད། བླ་མ་དར་མ་རྒྱལ་པོ་དང༌། དེའི་དབོན་པོ་ལྷ་གཟི་བརྗིད་རྒྱལ་པོའོ། ཆོས་ཀྱི་བརྒྱུད་པ་ནི། ལྷ་རིན་ཆེན་རྒྱལ་པོ་ཁུ་དབོན་གཉིས་ལ། མཁས་པ་དགེ་བྲག་པ། ཚུལ་ཁྲིམས་གཞོན་ནུས་ཐུགས། དེའི་ཐུགས་(༡༧༦.ན)མཁས་པ་བྱང་དར། དེའི་སློབ་མ། འཇམ་དབྱངས་གཟི་བརྗིད་རྒྱལ་པོ་བ་ལགས་སོ། ལྷ་རབས་བྲིས་པས་ལྷ་མི་ཀུན། ཀུན་མཁྱེན་རྒྱལ་པོ་མྱུར་ཐོབ་ཤོག དགེ།
ཤངས་པ་བཀའ་བརྒྱུད་བྱུང་ཚུལ།
ཤངས་པ་བཀའ་བརྒྱུད་ཀྱི་བྱོན་ཚུལ་བཞུགས་སོ། ན་མོ་རཏྣ་གུ་རུ། ཟབ་དོན་ཐར་ལམ་ཉེ་བ་མཁའ་འགྲོའི་ཆོས། སྒྱུ་ལུས་རྨི་ལམ་སྤྲུལ་བསྒྱུར་དབང་འབྱོར་ཞིང༌། ཆོས་སྐྱོང་མགོན་པོས་འཕྲིན་ལས་ལེགས་བསྒྲུབས་པ། ཤངས་པ་བཀའ་བརྒྱུད་བྱོན་ཚུལ་ཟུར་ཙམ་བསྟན། དེའང་ཤངས་པའི་ཆོས་ལུགས་ཞེས་བྱ་བ། རྡོ་རྗེ་འཆང་དང་བླ་མ་ཁྱུང་པོ་རྣལ་འབྱོར་གྱི་བར་ལ། ཡེ་ཤེས་ཀྱི་ཌཱ་ཀི་མ་མཆེད་གཉིས་ལས་མེད་པས། བརྒྱུད་ཐག་ཉེ་ཞིང༌། བརྒྱུད་པ་བཀའ་བབས་དང་ལྡན་པ། མཁའ་འགྲོའི་བྱིན་རླབས་དང་ལྡན་པ། གདམས་པའི་མགོ་ཞབས་བར་གསུམ་གང་མཐོང་ཡང་རིན་པོ་ཆེའི་རས་མ་ལྟ་བུ། ཡོན་ཏན་དངོས་སུ་བྱུང་བ། ཉམས་སུ་བླངས་པས། དབང་པོ་རབ་རྣམས་སྨིན། འབྲིང་ཆག་ཆག ཐ་མ་ཡང(༡༧༦.བ)བར་དོར་སངས་མི་རྒྱ་མི་སྲིད་པ་འདིའི་ཆོས་ཀྱི་བྱུང་ཚུལ། བླ་མ་བརྒྱུད་པའི་རྣམ་ཐར་ཟུར་མ་ཙམ་བསྟན་པ་ནི། ཐོག་མར་མཁས་གྲབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་པར་ཐར་པ་རྒྱས་པར་བརྗོད་ན། བསམ་གྱིས་མི་ཁྱབ་ནའང་འདིར་དད་པ་གསོ་ཕྱིར། ཆུ་ཐིགས་ཙམ་ཞིག་བཀོད་པ་ལས། བླ་མ་དེའི་འཁྲུངས་ཡུལ་སྙེ་མོ་ར་མངས། རུས་ཁྱུང་པོ། ཡབ་ཁྱུབ་པོ་སྟག་སྐྱེས། ཡུམ་བཀྲ་ཤིས་སྐྱིད་ཀྱི་ལྷུམས་ནས། བཙས་མ་ཐག་ཏུ་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷས་ལུང་བསྟན། ལོ་ལྔ་ལོན་ནས། ཕ་མེས་ལུང་བསྟན་བཤད། ལོ་བཅུ་ལོན་ནས། ཀློག་ཡིག་རྒྱ་རྩིས་ལ་སོགས་ཡོན་ཏན་ཐམས་ཅད་ཤེས། ཕ་མེས་བོན་པོ་ཡིན་པས་བོན་བསླབས། དེ་རྟིང་བླ་མ་འབྱུང་གནས་སེང་གེ་ལས། ཕྱག་རྒྱ་ཆེན་པོ་ཞུས་ནའང༌། དེ་གཉིས་ཀ་ལ་ཐེ་ཚོམ་རེ་བྱུང་ནས་བཞག
ལྟ་སྒོམ་སྤྱོད་གསུམ་འཛོམ་པའི་ཆོས་གཅིག་རང་འཚོལ་དགོས་སྙམས།་ནས། ལྷ་ས་སྟོད་ལུངས་དང།་ཤོ(༡༧༧.ན)ན་རར་ཀོར་རྣམ་རུ་བའི་སྤྱན་སྔར་ཕྱིན། ཕྱག་ཆེན་ཞུསོ་ས། ང་ལ་སློབ་མ་ཉུངས་ཀར་ཞོ་གཅིག་གི་གྲྲངས་དང་མཉམ་པ་ཡོད་ཀྱང། ངའི་ཆོས་རྣམས་མ་ལུས་པར་ཤེས་པ་ཁྱུང་པོ་རྣལ་འབྱོར་ལས་མེད་དོ་གསུངས་ནས། ཤིན་ཏུ་མཉེས་ཤིང། མོས་པ་ཐོབ་ནའང། ད་ཅིས་ཀྱང་རྒྱ་གར་ལ་ཆོས་འཚོལ་དུ་འགྲོ་དགོངས་པ་འཁྲུངས་ཏེ། སྲུ་མོའི་གཡུ་ལ་སོགས་ཆ་རྐྱེན་མང་པོ་ཁྱེར་བྱོན་ནས། བལ་པོར་པཎྜིཏ་བྷ་སུ་ན་མ་ཏི་དང༌། རྒྱ་གར་ཤར་ཕྱོགས་སུ། པཎྜིཏ་མ་ཐུ་བཛ།་དང་མཇལ། ཆོས་ཞུས་བླ་མ་རྡོ་རྗེ་གདན་པའི་དྲུང་དུ་སོང་ཞིག་ཅེས་ལུང་བསྟན་ངཐོབ་ནས་བྱོན་ཏེ། མ་གྷ་ད་རྡོ་རྗེ་གདན་དུ་བྱོན་ནས། དགེ་ཚུལ་གྱི་མཁན་པོ་ཞུས་མཚན་ཚུལ་ཁྲིམས་མགོན་པོར་བཏགས་ནས། བླ་མ་ཤངས་ཁྲག་བརྡལ་ནས། མཚན་ཁྱུང་པོ་རྣལ་འབྱོར་ལས་སྤོད་མ་ཐུབ། དེ་ནས་རྗེ་བཙུན་ཤྲི་ཛྙན་དང༌། བཱཻ་རོ་ཙཱ་ན་རཀྵིཏ་དང༌། ཁ་ཆེ་དགོན་པ་བ་དང༌། ཞིང་གི་རྡོ་རྗེ་དང༌། མཉམཇ་རྡོ་རྗེ་དང༌། རིན་ཆེན་རྡོ་རྗེ་དང༌། མཁའ་(༡༧༧.བ)འགྲོ་མ་ཀ་ན་ཤྲི་དང་མཇལ།་གདམས་པ་མང་དུ་གནང། ཁྱད་པར་རྡོ་རྗེ་གདན་པ་ཆེན་པོས། བདེ་མཆོག་དཀྱིལ་འཁོར་རང་བྱོན་གྱི་ས་རུ། གདུལ་བྱ་ཁྲི་ཕྲག་ལ་མ་འཆམས་དུས། ཆོས་ཁྲི་བརྒྱ་རྩའི་སྟེང་དུ་བླ་མ་རེ་རེ་བཞུགས་པར་སྤྲུལ་ནས། འབུལ་བ་ཐམས་ཅད་ཉིན་གཅིག་ལ་བླངས།་གྲྭ་ཚོགས་ཆེས།་ཁོང་རྣམས་ལོངས་སྤྱོད་ལ་ཡེངས། དགེ་སྦྱོར་གཡེལ་བར་འདུག་པ་ལ། ལྷ་པོ་དང༌། གཤིན་རྗེའི་སྤྲུལ་བསྒྱུར་མཛད་པས། བློ་སྐྱེད་ཆེ་བར་བྱུང། ཀྲེ་བོ་བྱང་ཆུབ་རྒྱལ་གྱི་འབུལ་མོ་ཆེ་དང༌། རོང་པོ་དཀོན་རྒྱལ་གྱིས་རྟ་བརྒྱ་དངུལ་བྲེ་བཅུ་གཅིག དར་ཟབ་མང་པོ་ཕུལ་དུས། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་སྤྲུལ་སྣ་ཚོགས་མཛད། ཡི་དམ་མཁའ་འགྲོའི་ཞལ་སྔ་རྟིང་དུ་གཟིགས་པ་ལ། ཀྱཻ་སྤྲུལ་པའི་ལྷ་དགུ མཚོན་ཆ་ཅན་ལྷ་བཅུ་གསུམ།་འཇམ་དཔལ་སྒྲོལ་མ་ལྷ་བཅུ་གསུམ། རྣམ་འཇོམས་སྲས་རྣམ་སྲས་རྟ་བདག་བརྒྱད་མགོན་པོ་དཀར་ནག བྱིན་གྱིས(༡༧༨.ན)བསླབས་པའི་ལྷ་བཞི། སངས་རྒྱས་འོད་དཔག་མེད། འཇིགས་བྱེད་ལྷ་བཅུ་གསུམ་པ་དང༌། ཡེ་ཤེས་ཀྱི་ཌཱཀི་མམ་མཆེད་གཉིས་ཀྱིས་ཐོག་དྲངས་པའི་མང་དུ་མཇལ་ཞིང༌། ཆོས་གསན། དག་པའི་ཞིང་ཁམས་མང་པོ་གཟིགས། རྻལ་ཅེན་སྡེ་བཞི། ཀླུ་རྒྱལ་མ་དྲོས་པ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། ཡར་ལྷ་ཤམ་པོ། གཉན་ཐང་ལྷ་ལ་སོགས་པས་སྦྱིན་བདག་བྱས། བན་ཆེན་ལ་སོགས་པའི་གནོད་བྱེད་མང་པོ། སྤྲུལ་བསྒྱུར་མཛད་ནས་བཏུལ།་མུ་གེ་ཆེན་པོ་གཅིག་བྱུང་དུས།་སྔོ་དྲོ་ཐང་ཆེན་པོ་ལ་ས་བོན་བཏབ་ནས། དགོང་ཁར་འབྲས་བུ་བསྡུས་ཆོག་པ་སྤྲུལ་ནས། འགྲོ་བ་མང་པོ་བཀྲེས་པའ་སྡུག་བསྔལ་སལ་ཐར་བར་མཛད། དེ་ནས་རྒྱ་གར་གྱི་བླ་མ་རྣམས་དང༌། མགོན་པོ་ཚེ་དཔག་མེད་བྱོན་ནས། བདེ་བ་ཅན་འདེངས་གསུངས་པ་ལ། བདག་ཆོས་འཕྲོ་རྣམས་བཤད་ལ་ཡོང་ཞུས་པས།་ད་ལན་ཕྱིན་ན། ལུས་མ་སྤངས་པར༌ཕྱིན་ཆོག་པ་ཡིན་ཏེ། ད་རྣམ་སྨིན་གྱི་ལུས་འདི་བོར་ནས། བདེ(༡༧༨.བ)བ་ཅན་དུ་སངས་རྒྱ་བར་འགྱུར་རོ། །གདན་འདི་ནི་རྡོ་རྗེ་གདན་ང་མཚུངས་སོ་གསུངས། དེར་རྟིང་ལོ་གསུམ་དུ་ཅོས་འཁོར་བསྐོར་གྲྭ་སློབ་མང་དུ་འདུས། ཁྲི་ཕག་བརྒྱད་རེ་འདུ་བ་བྱུང་པ། ཐམས་ཅད་ཆོས་ཀྱིས་ཚིམ་པར་མཛད་དོ། དེ་སྐབས། ཡེ་ཤེས་ཀྱི་ཌཱཀི་མ་ཀུན་ཏུ་བཟང་མོ་བྱོན་ནས༌། ཚོགས་པའི་མཏར་ཐུག་ཁྲི་ཚོགས་བརྒྱད། སློབ་མའི་མཐར་ཐུག་ལྔ་དང་གཅིག ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། ཞིང་ཁམས་མཐར་ཐུག་བདེ་བ་ཅན། །ཞས་གསུངས་པ། དེ་རྣམས་ཡོང་པ་དང༌། དུས་ལ་བབ་པར་མཁྱེན་ནས༌། ཚེས་བཅུའི་སྔ་དྲོ་གྲྭ་སློབ་ཐམས་ཅད་བསགས། མང་སྐོལ་མཛད་པའི་ཚོགས་སུ་བྱོན་ནས་དེ་རིང་ངའི་ཆོས་ཀྱི་ཕྱི་མ་དང་གཏམ་གྱི་་ཐམ་མ་ཡིན་པའི་ཐམས་ཅད་ཉོན་ཅིག ང་ཁྱུང་པོ་རྣལ་འབྱོར་གྱིས། རྒྱ་གར་དང༌། བལ་བོར་ལན་བདུན་ཕྱིན། བླ་མ་བརྒྱ་དང་ལྔ་བཅུ་བསྟེན། མོས་གུས་དང༌། འབུལ་བས་མཉེས་པར་བྱས། རྒྱུད་ལུང་བསྒྲུབ་ཐབས་གདམས་ངག་ཞལ་གདམས་(༡༧༩.ན)དང་བཅས་པ་མང་དུ་ཞུས། བྱིན་གྱིས་བརླབས།་ཁྱད་པར་ཅན་གྱི་བླ་མ་ལྔ་བཅུ་དང༌། རྩ་བའི་བླ་་མ་རྣམ་བཞི། འགྲན་གྱི་ཟླ་མེད་ཡེ་ཤེས་ཀྱི་ཌཱ་ཀི་མ་ཞལ་གཉིས་ལ།་ཟབ་ཆོས་གདམས་ངག་ཆིག་བརྒྱུད་བཀའ་བརྒྱད་དང་བཅས་པ་ཞུས་ནས། ཆོསཎ་ཅི་དགོས་ཐམས་ཅད་ལ། ལྷག་མ་མ་ལུས་པར་བྱིན་ནས། ཚིམ་པར་བྱས་པ་ཡིན་པས་ཉམས་སུ་ལོངས་ཤིག འདི་ལྟ་བུའི་གདམས་པ་རྒྱ་བོད་གང་ན་ཡང་མེད་པ་ཡིན་ནོ། །སློབ་མའི་ཐུ་བོ། རྨེའི་སྟོན་པ་དང༌། གཡོར་པོ་རྒྱ་མོ་ཆེ། དངུལ་རིན་དབང༌། ཞང་བསྒོམ་ཆོས་སེང། ལས་སྟོད་པ་དཀོན་མཆོག་མཁར་རྣམས་སྔ་བུ་ལྔ་དང༌། སྐྱུ་ལས་རྨི་ལམ་གྱིས་འབྲས་བུ་སྨིན། ཆིག་བརྒྱུད་ཀྱི་བཀའ་བབས་པའི་རྨོག་བཅོག་པ་རིན་ཆེན་བརྩོན་འགྲུས་དང་དྲུག་པོ་འདི། བླ་མ་ཡི་དམ་གྱི་ལུང་བསྟན་ཐོབ་ཅིང། ཡི་དམ་མང་པོ་ལ་ཆོས་ཞུས། དེ་ཇི་ལྟ་བ་བསྐྱེས་བུ་ཡི་པས་མཆེད་གྲོགས་རྒྱན་གཞོན་ཏམས་ཅད་ཀྱིས་ཕྲག་དོག་མ་བྱེད་སྤྱིར་ང་དང་(༡༧༩.བ)དབྱེར་མེད་དུ་ཌྷྲ་བར་བྱའོ།༌།གསུངས་པ་དང༌། ཚོགས་པ་རྣམས་དང༌། གཞི་བདག་ལ་སོགས་མི་མ་ཡིན་མང་པོ་ཡང། མྱ་ངན་དང་ཆོ་ངེས་འདེབས་ཀྱི་འདུག་པ་ལ། ནམ་མཁའ་ལ་བླ་མའི་སྐུ་ལུས་ཀྱི་བཀོད་པ་སྣ་ཚོགས་སྟོན་ཅིང། ཀྱེ་མ་འདུས་བྱས་མི་རྟག་སྟེ། ནམ་མཁའི་སྤྲིན་བཞིན་འདུས་ཀྱིན་འགྱེས། །བདེན་མེད་སྒྱུ་མའི་ཆོས་རྣམས་ལ། །བདེན་པར་བཟུང་པས་སླུས་པ་ཡིན། །ང་ཡི་ལུས་འདི་རྒྱལ་བའི་སྐུ། །སྐྱེ་འཚི་ཅན་དུ་མ་སྟ་ཅིག །་ང་ཡི་ངག་འདི་རྒྱལ་བའི་གསུངས། །བརྗོད་བྲལ་སྐྱེ་མེད་རང་སྒྲ་སྒྲོགས། །ང་ཡི་སེམས་འདི་རྒྱལ་བའི་ཐགས། །རྟོགས་བྲལ་མཁྱེན་པའི་ཡེ་ཤེས་ལྡན། །ཅེས་གསུངས་པ་ད༌། འཇའ་འོད་དང༌། མེ་ཏོག་གི་ཆར་ཆེན་པོ་བབས་སོ། །དེ་ནས་གཟིམས་ཁང་དུ་བྱོན་ཏེ་ཕྱི་ནང་གི་ངན་སྔགས། གནོད་བྱེད་དཔེ་སྐོར་ཐམས་ཅད་གཏེར་དུ་སྦས། དབུ་ཆེ་རྣམས་བོས་ནས། བྱིན་རླབས་ཅན་གྱི་རྟེན་ཐམས་ཅད་ནམ་མཁའ་ལ་བཞུགས་འདུག་པ་ལ་མེ(༡༨༠.ན)ཏོག་ཕུལ། བླ་མས་ཕྱག་མཛད། བྱིན་བརླབས་པའ་ལྷ་བཞི་དབུའི་སྟེང་དུ་བཀོད་ནས། འདི་བཞིན་ཉམས་སུ་ལོང་ཅིག ང་ལ་རྒྱ་གར་གྱི་བླ་མ་རྣམས་ཀྱིས། དབང་བཞི་རྫོགས་པར་བསྐུར་བའི་དུས་སུ་ཡེ་ཤེས་སེམས་དཔའ་དངོས་སུ་སྟིམ་པ་ཡིན་པས། ཡེ་ཤེས་པ་མ་གསེགས་པར་སྤུར་འཞུ་ཡུ་མི་བཏུབ། ད་སྟ་བོད་ན་ང་ལས་ལྷག་པ་ནམ་ཡང་མེད་དེ། ང་དང་མཉམ་པའང་མེད་པས། སྤུར་མ་སྦྱངས་པར་རིན་པོ་ཆེའི་གའུར་བཞུགས་སུ་ཆུག་ལ། མཆོད་མ་ཕུལ། དེ་ལྟར་བྱས་ན། ཞིང་འདི་རྡཽ་རྗེ་གདན་དང་མཉམ་པར་འགྱུར་ཞིང། ཁྱེད་རྣམས་ཀྱིས་གྲོས་ཉེས་པ་གཅིག་མི་བྱེད་དམ་གསུངས། དེ་ནས་འཕོ་བ་ཡེ་ཤེ་སྐར་ཁུང་མ་བསྒོམས་ནས་འདི་བཞིན་ཉམས་སུ་ལོངས་ཞིག་གསུངས་ཙ་ན།་དབུ་ཐོད་ལག་མཐིལ་ཙམ་ཅིག་ནམ་མཁའ་ལ་འཕར་ཏེ། སྒྲ་འོད་འཇའ་ཚོན་དུ་གྱུར་ནས་བདེ་བ་ཅན་དུ་གཤེགས་སོ། །དེ་ནས་སྤུར་རིན་པོ་ཆེའི་གའུར་གཞུགས(༡༨༠.བ)རྩིས་ལ། ཁམས་པའི་གྲྭ་པ་དབང་ཆེ་ལ་ནང་པས། བླ་མའི་སྤུར་མི་སྦྱོང་ན། ངེད་ཀྱི་སྐལ་བ་ལ་དབུ་ཁྱེར་ནས་མདོ་ཁམས་སུ་དངུལ་གྱི་གདུང་ཁང་བཞེངས་པ་ཡིན་ཟེར་བ་བྱུང་ནས། སྤུར་སྦྱངས་པས། རྒྱུད་སྡེ་ལྔའི་ལྷ་ཚོགས་དང༌། ལྷ་བཞི་ལ་སོགས་པའི་སྐུ་དང༌། གདུང་རིང་བསྲེལ། ་དུང་གཡས་འཁྱིལ་ལ་སོགས་པའི་རྟེན་མང་དུ་བྱོན་ནོ། །སྒྲ་དང༌། འཇའ་འོད་དང་མེ་ཏོག་གི་ཆར་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱུང་ངོ། །་དེ་རྗེས་སྐུ་འབུམ་བཞེངས་རིང་མེ་ཏོག་གི་ཆར་རྒྱུན་དུ་བབས་པ་དང༌། དཔའ་བོ་མཀའ་འགྲོ། ལྷ་ཀླུས་མཆོད་པ་ཕུལ་ནས། བུམ་འི་ཕྱོགས་བཞི་ནས་མེ་ཏོག་གི་འོད་ཕྲེང་བ་ལྟ་བུ་ཡུན་རིང་བུང་ཞིང༌། ད་ལྟ་ཕན་དུ་ལྷ་མི་ཐམས་ཅད་ཀྱི་མཆོད་པའི་རྟེན་ཇོ་མཚར་ཅན་དུ་གྱུར་ཏོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོུར་གྱི་རྣམ་ཐར་མདོར་བསྡུས་འདི་ནི། རྟོགས་ལྡན་ཞང་བསྒོམ་ཆོས་སེང་དང་རྨེའུ་སྟོན་པ། བླ་མ་རྨག་བཅོགས་པ། ཉེ་གནས་རིན་ཆེན་རྡོ་རྗེ་དང་བཞི་ལ། བླ་(༡༨༡.ན)ནས་གསུངས་རྣམས། ཕྱོགས་གཅིག་ཏུ་སྡེབས་འདུག་པའི་ནང་ནས། རང་གཞན་དད་པ་གསོ་པའི་ཕྱིར། ཟུ་ཙམ་ཡི་གེར་བཀོད་པའོ། །བླ་མ་རྨོག་ཅོག་པ། མཉམ་མེད་ཡིན་ཆེན་བརྩོན་འགྲུས་ནི། འཁྲུངས་ཡུལ་ལྷ་ཕུ་སྤང་རྩ། རུས་ཤེ། ཡབ་ཤོར་རྒན་སྨན་ཆུང། ཡུམ་འབེ་མོ་པད་མ་སྒྲོན། དགུང་ལོ་བཅུ་བདུན་པ་ལ། ཞོང་སྟོང་དུ་མཁས་གྲུབ་ཁྱུང་པོའི་དྲུང་དུ། ཆོས་སྒོར་ཞུགས། ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འདུག་པས། ཐོས་ཕ་གཅིག་གྱིས་གསུངས། དེ་བཞིན་བྱེད་རྩིས་ལ། འབྲོམ་སྟོན་ཟེར་བའི་དགེ་གཅིག་དང༌། དབུས་ཕྱོགས་སུ། པོ་ཏི་ཐེག་ཚད་ཁུར་བའི་སྟོན་པ་གཅིག་ཐོས་པ་ལ་བློ་སུན་འདུག་པས། རྐྱེན་བྱས་ནས་ཐོས་པ་མི་བྱེད་གདམས་པ་ཞུ་ཞུས་པས། བཙུན་ཆུང་བསྒོམ་སྔ་ན་འདྲེས་འཁྱེར་བ་ཡིན་གསུངས་ནས། མ་གནང༌། བླ་མའི་དངོས་སློབ་སློབ་དཔོན་ལ་ཆིངས་པའི། མཚོ་སྐྱེས་བསྐྱེད་རྫོགས་གནང༌། བསྒོམས་པས(༡༨༡.བ)ཉམས་མྱོང་ཨེན་ཙམ་བྱུང༌། དེ་རྟིང་བླ་མས་མགོན་པོ་དང༌། ཉི་ཁྲི་ལ་སོགས་འགའ་གནང་ནས། སྔར་བཞིན་གསུངས་ནའང༌། སྣམ་རྫིང་ཁར། གྲུབ་ཐོབ་ཁམས་པ་ཨ་སེང་ལ། གདམས་པ་ཞུས་པས། ཁྱེད་བླ་མ་ཤངས་པ་གདུབ་བུ་བའི་སློབ་མར་འདུག་པས། ད་ལྟ་བོད་ན་ཁོང་ལས་མཁས་པ་མེད་པས། རྟ་ལས་བབས་ནས། བོང་བུ་ལ་འཛེགས་གསུངས་པ་ལ། ནན་སྐྱེད་ཞུས་པས་བླ་མ་ཤངས་པའི་ལྟ་བ་དོན་དམ་ཕན་མེད་གནོད་མེད་དེ་སྐྱོར་གསུངས། བསྐྱོར་བས་མཉེས་ནས། རྡུལ་ཚོན་དང༌། ཏིང་ངེ་འཛིན་གྱི་དཀྱིལ་མཁོར་དུ། དབང་བཞི་རྫོགས་པར་བསྐུར། གདམས་པ་ཟབ་ལ་མང་པོ་གནང༌། བུར་སྒོམ་ནག་པོ་ལ་གདམས་པ་ཞུས། བླ་མའི་དོན་དུ། སྡིག་བྱས་པ་ལ། རྣམ་སྨིན་མི་ཡོང་གི་སྟེང་དུ་ས་ལམ་བསྒྲོལ་ཉེ་བ་ཡིན། ཁྱོད་ཀྱིས། མགོན་དང་(༡༨༢.ན)ཉི་ཁྲོས་ཀྱི་གདམས་ངག་དེ། ང་ལའང་བྱིན་ཅིག་གསུངས་ནས། ཕུལ་ལོ། དགེ་བཤེས་དཀོན་མཁར་བ་དང༌། དགེ་བཤེས་རྫ་ར་བ། ཉང་སྒོམ་རྒད་པོ། རྒྱ་གྲགས་བསོད། དགེ་བཤེས་ཞུ། སློབ་དཔོན་ཞང༌། དགེ་བཤེས་འབལ་སྒོམ་རྣམས་ལ་ཆོས་སྟོད་དུ་བླ་མའི་དྲུང་དུ་ཕྱིན་ནས། སྒོམ་ཉམས་རེ་ཙམ་ཕུལ་བས། སྔན་མ་གཉེས་ནའང༌། ཊྲ་ཀིའི་ལུང་བསྟན་ཡིན་གསུངས་ནས། ནཻགུ་མའི་ཐུགས་དམ་ཐང་སྐུ། དགྱེར་རྡོར་རྡོ་སྐུ་དང་ཀ་པ་ལི་དང་ཐོད་པ་མཚད་ལྡན། བུམ་པ་འདི་རྣམས། ཁྱེར་ཁྱེར། ཆིག་བརྒྱུད་ཀྱི་གདམས་པ་རྣམས་ཁྱོད་ལ་འབོགས་གསུངས་ནས། རྩ་བའི་བླ་མ་རྣམ་བཞི་དང༌། མཁའ་འགྲོ་མཆེད་གཉིས་ཀྱིས་གསུངས་པའི་གདམས་པ་ཐམས་ཅད་རིམ་པས་གནང༌། བསྒྲུབ་པ་ལ་མི་གནོད་པ་གཅིག་ཡིད་པ་དེ། རྩེ་གཅིག་ཏུ་བསྒོམ་པ་ཡིན་པས་བསྒོམས་ཤིག་གསུངས། བླ་མ་རྒྱུད་སྡེ་ལྔའི་ལྷ་དང༌། ལྷ་ང་སྒྲོལ་མ་དཀར་སེང(༡༨༢.བ)དུ་བཞུགས་པ་མཐོང༌། སངས་རྒྱས་དངོས་ཀྱི་དད་མོས་སྐྱེས། བླ་མ་ཁྱུང་པོ། སྔ་རྟིང་དྲིལ་བས་ལོ་དྲུག་ཟླ་བ་བདུན་བསྟེན་ནས་བདེ་བར་གཤེགས་སོ། དངོས་པོ་ཐམས་ཅད་གཤེགས་རྫོགས་ལ་བཏང༌། དེ་རྟིང་མར་བསྒོམས་པས། སྒྱུ་ལུས་རྨི་ལམ་འབྱོངས་ནས། ཨུ་རྒྱན་ལ་སོགས་གནས་དང་ལྷ་ཚོགས་མང་པོ་མཐོང༌། སྒམ་པོ་ལ་བྱོན་པའི་ལམ་དུ་བླ་མ་འཇིམ་དང་མཇལ། ཁོང་རང་ལ་མཛེ་ནད་བྱུང་པ་གསོས། གྲོགས་ལ་རྨི་ལམ་བཟུང་པ་འདྲ་བཛད་པས། བཙུན་ཆུང་རྨི་ལམ་རྣོན་པོར་གྲགས། རྗེ་སྒམ་པོ་པ་དང་མཇལ། གདམས་པ་ཞལ་གདམས་དང་བཅས་པ་གནང༌། སློབ་དཔོན་གཡོར་པོ་བའི་གསུང་བྱིན། གནོད་བྱེད་མང་པོ་བཏུལ། རྨོག་ཅོག་གི་བྲག་ལ་རྩེ་གཅིག་བསྒྲུབ་པ་ལོ་བཅུ་གཉིས་མཛད་དུས། སུ་ཀ་མ་སིངྔྷིས་ཆོས་གསུངས་པས། ལྟོ་གོས་ཀྱི་འཁྲི་བ་ཆོད། ལྷ་ཚོགས་མང་པོའི་ཞལ་དང༌། ལྷ་བུའི་ཕྱི་ནང་ཐམས་(༡༨༣.ན)ཅད་གསལ་པོར་མཐོང༌། ཟད་སར་གྱི་སྤྲུལ་བསྒྱུར་མཛད་པ། ལུག་རྫི་མོས་མཐོང་པ་དང༌། བྲག་ལོགས་ཐད་ཀྱི་ནམ་མཁའ་ལ་དཀྱིལ་དཀྲུངས་སུ་བཞུགས་པ། མིས་མཐོང་བ་བྱུང་ནས། རྒད་པོ་ཤུགས་པ་པད་མ་མཁན་ལ་སོགས་པས། གདན་འདྲེན་དང༌། གདུལ་བྱ་ཆེ་བར་བྱུང་ནའང། འཛིན་ཆགས་མཛད། བཙུན་པ་བྱེད་པ་དང་ཆོས་ཞུ་མང་བར་བྱུང༌། བླ་མ་བུར་སྒོམ་ད་ང། རྗེ་སྒམ་པོ་བ་སྐུ་གཤེགས་དུས། རྨི་ལམ་དུ་བྱོན་བྱུང། སློབ་མ་ལ་མཁས་པ་དྲན་དོན། དབུས་པ་ཡེས་རྡོར། སྒམ་པོ་ནས་ཀྱི་དབུ་ཆེ་བཅུ་གསུམ། ལས་སྟོད་པ།་ལྷ་གཅུག་འོད་འབུམ་དཔལ་ཚུལ་བལོ་འོ་བ་དགེ་བཤེས་རྒྱལ་བ། རྟ་ནག་པ་དཀོན་རྒྱལ་ལ་སོགས་མང་དུ་བྱུང་ཞིང། བརྒྱུད་ཀྱི་གདམས་པ་ནི། སྐྱེར་སྒང་པ་དབོན་སྟོན་ལ་ཕེབས་ཏེ། གྲྭ་སློབ་ཚོགས་པ་ཆེས། རྨོག་བཅོག་ཏུ་མ་བཤོང་པ། སྐུངས་ལུངས་དགོན་པ་བཏབ། འགྲོ་དོན་ཆེ་བར་མཛད་དོ། །དེ་རྟིང་བདེ་བ་ཅན་ནས་སངས་རྒྱས་འོད(༡༨༣.བ)དཔག་མེད་ཀྱི་རིམ་གྲོ་པསྲ རྟ་ཁྱེར་ནས་བསུ་རུ་བྱུང་པ་ལ། ཆོས་འཕྲོ་བཤད་དགོས་ཡོད་པས་མི་འགྲོ་གསུངས་པས། རྣམ་སྨིན་གྱི་ལུས་འདི་ཞོག་ལས། བདེ་བ་ཅན་དུ་བྱོན་ཅིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ལོ་གསུམ་གྱི་བར་ལ། ཆོས་གསུངས། འགྲོ་དོན་མཛད། ལན་ཅིག་གློ་བུར་དུ། སློབ་དཔོན་ཇོ་བཙུན་དགེ་འདུན་སོགས། ནང་སྐོལ་གྱི་གསུངས། ཚོགས་སུ་བྱོན་ནས། ཆོས་ཀྱི་ཕྱི་མ་གསུངས།་ང་འདས་ནས་མངོན་དགར་གསོལ་བ་ཐོབ། ཆོས་བརྒྱུད་འདི་དབོན་སྟོན་སྐྱེར་སྒང་པ། དེའི་སློབ་མ་ཡང་སློབ་དང་བཅས་པས་འཛིན། དར་ཞིང་རྒྱས་པར་འགྱུར་རོ་གསུངས་ནས་ཚེས་བཅོ་བརྒྱད་ཀྱྀ་ཐོ་རངས་བདེ་བར་གཤེགས་སོ། །དེའི་སྲོད་ལ་འབྲོང་བའི་བཙན་འཁོར་བཅས་ཀྱིས་སྙུང་འབྲི་བ་དང༌། ལན་གནང་བ་ལ་སོགས་སྒོམ་པ་བྱང་ཤེས་མཐོང༌། རྗེ་འདས་ནས་ཞག་འགའ་ལོན་ཙ་ན། རྗུ་འཕྲུལ་འོད་ཀྱིས་ལམ་ལ་བྱོན། སློབ་(༡༨༤.ན)དཔོན་ཇོ་བཙུན་འགྲོ་མགོན་ལ། བརྒྱུད་པ་མི་ཉམས་དབང་ཞུས་དཀོན། དབོན་པོ་ཤེས་ཡབ་རས་པ་ལ། རིགས་བརྒྱུད་མི་གཅོད་ཆོས་གོས་གཏང། རྗེ་ཡི་ཡོན་ཏན་བསམ་མི་ཁྱབ། ཕྱིན་ཆད་ཐུགས་རྗེས་འཛིན་པར་ཞུ། ཅེས་སོ། །སྐྱེར་སྒང་པ་དབོན་སྟོན་ཐུགས་རྗེ་ཆེན་པོའི་འཁྲངུས་ཡུལ་ནང་གོང་གནམ་ལ། རུས་པ་འབལ་ཡིན། དགུང་ལོ་བཅུ་བདུན་པ་ལ། ཁུ་བོ་འབལ་ཐམས་ཅད་མཁྱེན་པ་ལ་རབ་ཏུ་བྱུང༌། དེའི་གདན་ས་བྱེད་དགོས་པས། ཐོས་ཕྱིན་ས་ཟེར་ནའང། ལྷ་སའི་དགྲ་ལྷ་སའི་དགྲ་ལྷ་ཀླུ་ཕུག་ཏུ། ལྕེ་སྒོམ་རྫོང་པ་ད་མཇལ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུས། རྩེ་གཅིག་ཏུ་སྒྲུབ་པས་ཟླ་བ་ཕྱེད་བཞི་ལ་གཙོ་འཁོར་གསུམ་པའི་ཞལ་མཐོང། དེ་ནས་བླ་མ་རྩྭ་རི་རས་པ་དང། སྤེན་ཕུག་པ་ཆེན་པོ། རྨོག་བཅོག་པ། རྟོགས་ལྡན་ཞང་བསྒོམ། ལྕོག་སྟོན་ལ་སོགས་བསྟེན། རྨི་ལམ་བཟུང་ནས་ཆོས་ཞུས་པས། སློབ་དཔོན་པདྨ། ལོ་ཧི་པ། ཕྱོགས་ཀྱི་གོ་ཆ། ཕ་དམ་པ(༡༨༤.བ)བླ་མ་ལྷ་པ།་རི་བོ་སྒང་པ་རྣམས། ཡི་དམ་ལྷ་དང༌། མཁའ་འགྲོ་ཆོས་སྐྱོང་གི་ཞལ་དངོས་སུ་གཟིགས་པ། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཕྱག་བཞི་པ། བཅུ་གཅིག་ཞལ། རྩ་ཕྱག་བདུན་བཅུ་པ། ཕྱག་སྟོང་སྤྱན་སྟོང༌། བདག་མེདལྷ་མོ་བཅོ་ལྔ༌། བདེ་མཆོག ཀྱཻ་རྡོར། འཇིགས་བྱེད། དགྲ་ནག གཤེད་དམར། སྒྲོལ་མ་དཀར་མོ། མགོན་པོ་དཀར་ནག་ལ་སོགས་མང་པོ་དང་རྨི་ལམ་གཟུངས་ནས། ཨུ་རྒྱན། པོ་ཏ་ལ། འབྲས་ཕུང། མཆོད་རྟེན་དཔལ་ཡོན་ལ་སོགས་དང༌། སངས་རྒྱས་ཀྱི་ཞིང་ཁམས་མང་པོར་བྱོན། ཡི་དམ་མཁའ་འགྲོ་མང་པོ་ལ་ཆོས་གསན། འཇིགས་བྱེད། དགྲ་ནག རྟ་མགྲིན་གསུམ་ཀྱི་སྒོ་ནས། སྨྱོན་པ་བརྒྱད་བཅུ་བཏུལ། གཟའ་མཆོག་ར་ཧུ་སལ་སྲོག་སྙིང་ཕུལ། ཆུ་བདག་བྷ་རུ་ནས་སྦྱིན་བདག་བྱས། ཀླུའི་ནོར་བུ་ཕུལ། མཆོག་ཏུ་སྐུ་དྲིན་ཆེ་བའི་བླ་མ་རྨོག་བཅོག་པས། མཁའ་འགྲོའི་ཟབ་ཆོས། (༡༨༥.ན)ཆིག་བརྒྱད་ཀྱིས་ཐག་དྲངས་པའི། གདམས་པ་ཐམས་ཅད་མ་ལུས་པར། དབུ་སྙུང་བཞེས་ནས། གནང་ཆོས་སྐྱང་བྲན་བཞིན་ཉན་པའི་བཀའ་བསྒོ་མཛད། བྱིན་གྱིས་བརླབས་པས། སྐུ་དྲིན་དྲན་པས་འབུལ་མོ་ཆེ་ཐེངས་གཉིས། སྐུངས་ལུངས་ལུ་ཕུལ་བ། ཆོས་སྐྱོང་གིས་ཁམས་པར་སྤྲུལ་ནས། བསུ་སྐྱེས་བྱས། དབྱར་ངོ་གཅིག་བླ་མ་འཁྲིད་སྐྱོང་པའི་ཆོས་བསྒོ་བ་མཛད། རང་བསྒོམ་འཁྲིད་ཁོ་ན་ལ་སྤྲོ་ནའང། ཁུ་བོ་འབལ་ཚད་མ་བའི་གདན་ས་བྱེད་དགོས་ཟེར་ནས།་བསུ་མི་རྟ་པ་སུམ་བརྒྱ་བྱུང་དུས་བླ་མ་དམ་ལ་སྒར་ནས། སྐྱེར་སྒང་དུ་གདན་ས་བྱས།་སྐུ་འབུམ་བཞེངས། འབུལ་མོ་ཆེ་རྟིང་མ། བླ་མ་གདན་དྲངས་ནས། སྐྱེར་སྒང་དུ་ཕུལ་དུས། ཉམས་བསྡུར་མཛད་པས། བླ་མའི་ཞལ་ནས། རྒྱ་གར་གྱི་བླ་མ་གྲུབ་ཐོབ་ཕལ་ཆེ་བ་ལ། མཁས་གྲུབ་ཁྱུང་པ་ཐུགས་དམ་བཟང་བ་ཡིན་འདུག དེ་ལས་ང་དགེ་སྦྱོར་བཟང་པ་འདུག་གསུང་གི་ཡོད། ང་ལས་ཁྱེད་ཉམས་རྟོགས་བཟང་བར་འདུག་པས། ཁང་སྟེངས་ནས་ཕྱམ་ཚེ་ཕྱོར་ལས༌། (༡༨༥.བ)བ་ལ་མཛོ་སྐྱེས་སོ་ཟེར་བའི་སྐད་ཐེངས་མ་གསུམ་ཐོང་གསུངས། མོས་གུས་དང༌། འབུལ་བས་བླ་མ་མཉེས་པར་བྱུང་ཞིང། ཆིག་བརྒྱུད་ཀྱི་བཀའ་བབས་པའོ། །གྲྭ་སློབ་ཡོན་བདག་ནི། གྷ་དང་རྒྱའི་རྒྱལ་པོ། བླ་བ་སོགས་པ། དམས་བཤོད་པའི་དགེ་བཤེས་ཕར་ཕྱིན་པ་ད་ང། དགེ་བཤེས་ཆོས་རྒྱལ། སྐར་ཆུང་རྩད་པོ། ཞང་བཙུན་རྒྱལ་ཚ། གནམ་བར་བ་ཞང་སྒོམ་མིང་སྲིང་ལ་སོགས་པ། སྐྱ་བཙུན་མང་པོ། ཆོས་ཀྱིས་སྨིན་ཅིང། ནད་གདོན་ལས་གྲོལ་ནས་ཐགས་རྗེ་ཆེན་པོའི་ཞལ་མཐོང་པ་ཤ་སྟག་བྱུང་དགུང་ལོ་བདུན་ཅུ་དོན་གསུམ་བཞེས་པའི་སྟོན་ཟླ་ར་བའི་ཚེས་བཅུ་གསུམ་ལ། སྐྱེར་སྒང་དུ་ཞི་བར་གཤེགས་ཏེ། འདི་ནས་མངོན་དགར་འགྲོ། ཆོས་བརྒྱུད་འདི། གཡོར་པོ་སྟོད་པ་གཅིག་གིས་འཛིན་པར་ཡོད་ཅིང༌། རྡོ་རྗེ་འཆང་གི་ལུང་བསྟན་བཞིན། མི་རབས(༡༨༦.ན)བདུན་བརྒྱུད་ཐིམ་ནས། ཆིག་བརྒྱུད་ཀྱི་ཟབ་ཆོས། མཁའ་འགྲོ་ཞལ་གདམས་འདིས་ཕྱོགས་ཏུ་ཁྱབ་ནས། གདུལ་བྱ་སྣོད་ལྡན་ཡང་མང་དུ་བྱུང་པར་འགྱུར་རོ། །གསུངས་པ་ལ་སོགས་ལུང་བསྟན་མང་པོ་ཡང་གནང་ངོ། །ཡོལ་ཕུ་ཡི་གོང་པ། གཉན་སྟོན་སྦས་པའི་རྣལ་འབྱོར་པའི་འཁྲུངས་ཡུལ་ནི། ཡོལ་གྱི་མདའ། རུས་ནི་གཉན་ཡིན་ནོ། །དེ་ཡང་སྐུ་གཞོན་ནུ་ཉིད་ནས་ཆོས་ཁོ་ནའི་གཏམ་དང༌། སྤྱོད་ལམ་ལ་བརྩོན་པར་གྱུར་ཞིང། དགུང་ལོ་བཅུ་གཅིག་པ་ལ་གུང་པོ་མཁར་དུ། སློབ་དཔོན་སྟོན་ཡེས་ལ། ཆོས་སྒོར་ཞུགས། བཅུ་བདུན་པ་ལ། མཁན་པོ་བྱང་ཆུབ་སེམས་དཔའ་ལ། དགེ་ཚུལ་བྱས་ཉི་ཤུ་ལ། མཁན་པོ་བཟོད་པ་བ་ལ་བསྙེན་རྫོགས་ཞུས་ནས། མཁན་སློབ་དེ་པ་དང༌། སློབ་དཔོན་ལེ་པ་ད་ང། བླ་མ་གྲགས་རྻལ་བ་ལ་སོགས་ལ། འདུལ་བ་སོགས་སླབས་སོ། སློབ་གཉེར་ཅུང་ཞིག་ཞུ་དགོངས་པ་ལ། ལས་སྟོད་འཁྱམས་པོ་བྱ་བའི་མཆེད་(༡༨༦.བ)གྲོགས་ཀྱིས། བསྒོམ་བསྒྲུབ་ལ་བློ་་བསྐུས་ནས། སྐྱེར་སྒང་དུ་བྱོན་པས༌། དབོན་སྟོན་པའི་ཤངས་པའི་ཆོས་སྐོར་དང༌། མཁའ་འགྲོའི་ཟབ་ཆོས། ཆིག་བརྒྱུད་ཀྱི་གདམས་པ་ཐམས་ཅད་བུམ་པ་གང་བྱོ་གནང། ཆོས་སྐྱོང་འཁོར་བཅས་བྲན་བཞིན་ཉན་པའི་བཀའ་བསྒོ་དང༌། རི་གོ་དགོན་པ་འདེབས་པ། སྐབས་འདི་ཙམ་ནས་སྤྱོད་པ་བའི་ཚུལ་བཟུང༌། སློབ་མ་སྣོད་ལྡན་བཅུ་ཕྲག་གཅིག་འོང་པ་དེ། སྐྱེ་བོ་འབུམ་ཕྲག་གཅིག་ལས་ལྷག་གོ་གསུངས་པ་ལ་སོགས་ཀྱི་ལུང་བསྟན་མང་པོ་མདད་ནས་སློབ་མའི་ཏུ་བོར་བཟུང། དེ་དུས་ཏུགས་རྗེ་ཆེན་པོ་དང༌། སྒྲོལ་མ་དཀར་མོ་ཞལ་མཐོང༌། ཡང་འབྲི་ཁུང་དང༌། བླ་མ་གཙང་པ་ལའང་གདམས་པ་ཞུས། བླ་མ་ལས་སྟོད་མཁོན་པོ་བ་ལ་རྒྱ་གར་ནས། བླ་མ་དུར་ཁྲོད་ནག་པོའི་ལུང་བསྟན་ཡིན་ཟེར་ནས། ཆོས་སྒོ་སྐྱེལ་ལ་བྱུང། བསྙུང་ལས་གྲོལ་རབ་བྱས་པས། སྐུ་དྲིན་ཆེ་གསུངས། བླ་མ་སྐྱེར་སྒང་པ་དང(༡༨༧.ན)ནམ་མཇལ་དུས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་རྒྱུན་པར་ཞལ་མཐོང། རྨི་ལམ་བཟུང་ནས། ཡི་དམ་ད་ངཞིང་ཁམས། གནས་ཆེན་མང་དུ་མཐོང། ཁྱད་པར་གྲུབ་ཆེན་བརྒྱད་ཅུ་དང༌། རྡོ་རྗེ་ཕག་མོ། ཊཱཀི་མ་ནི་གུ་མ། སུ་ཀ་མ་སིདྡྷི་ཞལ་གཅིག་མ། ཐོད་པ་རྒྱན་ཆེན་ལ་སོགས་འཛོམས་ནས། ཆོས་ཅི་བཟང་མདུན་མཛད་པར་བྱོན། དེ་ཐམས་ཅད་ཀྱི་གདམས་པ་དང། ཡེ་ཤེས་ཀྱི་བདུད་རྩི་གསོལ་བའི་སྐལ་བ་གནང། ངའི་སློབ་མ་ལྔས་ཀྱང་དེ་དུས་བདུད་རྩི་མྱོང་ཡོད་པ་ངོ་མཚར་ཆེ། མིང་བཤད་པར་མི་བྱ་གསུངས། མགོན་པོ་ལྕམ་དྲལ་འཁོར་བཅས་ལ་མི་ལབ་པ་བཞིན་བྱས་ཆོག་པར་བྱུང་ཞིང། ཆུ་བདག་བྷ་རུ་ནས་སྦྱིན་བདག་བྱས། གཞན་ཡང་རྨི་ལམ་བཟུང་ནས། དུར་རའི་བཙན་དང། ལྡེའི་ཡང་དཀར་དང༌། ཆུ་བོ་རིའི་སྒོ་བ་བཞིདང༌། གཉན་མཁར་ནག་ལ་སོགས་གདུག་པ་ཅན་མང་པོ་བཏུལ། སྲོག་སྙིང་ཕུལ་ལོ། །བླ་མ་འདིས། དུས་གསུམ་གྱི། སྐྱེ་འགག་གནས(༡༨༧.བ)གསུམ་ཐམས་ཅད་མཁྱེན་ནའང། བློ་དམན་གྱི་བློར་མི་བཤོང་པས། ལོག་རྟོག་གི་རྒྱུར་སོང་དོགས། ཕལ་ཆེར་བཀའ་རྒྱས་གདམས་པས་ན། སྦས་པའི་རྣལ་འབྱོར་ཆེན་པོར་གྲགས་སོ། །གྲྭ་སློབ་རྣམས་ལ་ཞལ་གདམས་མདོར་བསྡུས་གསུངས་པ་ནི། ང་ཡི་ལུས་དང་རྒྱལ་བའི་སྐུ། །ཐ་དད་མ་ཡིན་རྣལ་འབྱོར་པ། །བདག་གི་ངག་དང་རྒྱལ་བའི་གསུང། །དབེ་བ་མེད་དོ་རྣལ་འབྱོར་པ། ཁོ་བོའི་སེམས་དང་རྒྱལ་བའི་ཐུགས། །གཉིས་མེད་གཅིག་ཏུ་རྟོགས་པར་གྱིས། །འབྲས་བུ་རང་ཤར་ལྷ་སྐུ་དང༌། །སྐུ་གསུམ་དབྱེར་མེད་བདེ་ཆེན་ཡིན། །ཅེས་པ་ལ་སོགས་གསུངས་སོ། །ང་ནི་འདི་ནས་ཤར་ཕྱོགས་མེ་ཏོག་བཀྲམ་པའི་ཞིང་དུ། སངས་རྒྱས་པད་མོའི་དཔལ་བྱ་བར་འགྱུར་བས། གསོལ་བ་དེར་ཐོབ་ཅིག་གསུངས་སོ། །ཁ་རག་རྩའི་སིལ་མ་བ། ཆོས་རྗེ་སངས་རྒྱས་སྟོན་པ་བའི་འཁྲུངས་ཡུལ། ཁ་རག་རྩའི་སིལ་མ། རུས་ཡ་ངལ་དཀར་པོ། རིགས་(༡༨༨.ན)བོན་པོའི་བརྒྱུད་ཡིན་ནའང། བོན་ལ་ཐུགས་མ་སོང། གཞོན་ནུས་དུས་ནས་མི་རྟག་ལ་ཁོ་ན་རྒྱུད་ལ་སྐྱེ་བར་བྱུང་ཞིང། དགུང་ལོ་བཅུ་པ་ལ། གངས་བཟངས་ནས་མ་གཅིག་སྤྲུལ་སྐུ་བྱོན་ནོ། །དབང་བསྐུར། ཆོས་གསུངས། ལུང་བསྟན། བཅུ་གསུམ་པ་ལ། བླ་མ་ཙཱ་རི་རས་པ་ལ་རབ་ཏུ་བྱུང། མཚན་བརྩོན་འགྲུས་སེང་གེར་བཏགས། དེ་དང་སློབ་དཔོན་སྲེགས་དང༌། སུམ་པ་རས་པ། བླ་མ་སྦུ་མ་བ། བླ་སྤང་པོ་བ། སློབ་དཔོན་ཚོགས་སྟོན་པ། བླ་མ་ཁྲོ་ཕུ་བ། བླ་མ་ས་སྐྱ་པ། སློབ་དཔོན་གཙང་པ། སློབ་དཔོན་ཇོ་གདན། སློབ་དཔོན་གྲུབ་ཐོབ། བླ་མ་མཁར་རྒྱབ་པ། སློབ་དཔོན་ཇོ་རྒྱལ།་སློབ་དཔོན་ཁམས་སྟོན་རྣམས་ལ། གདམས་པ་མང་དུ་ཞུས། བཅུ་དགུ་པ་ལ། སློབ་དཔོན་ཆོས་རྒྱལ་བ་ལ། བསྙེན་རྫོགས་ཞུས། དེ་རྟིང་སློབ་དཔོན་རྔོག་སྟོན་བྱ་བ། ས་ཁྲོ་རྣམ་གཉིས་ལའང་ཕྱག་མི་འཚལ། ཁོང་ལས་ང་མཁས(༡༨༨.བ)ཟེར་བ་དེ་དང་མཇལ། ཆོས་ཞུ་དུས། ཁོང་པའང། བསྒོམ་བསྒྲུབ་ལ་ཐུགས་སོང་འདུག་པ་དང། རང་ཡང་བླ་མ་གྲུབ་ཐོབ་ཅིག་བསྟེན་ནས། ཆུ་འཐུང་གིན་བསྒྲུབ་པ་རྩེ་གཅིག་ཏུ་བྱེད་འདོད་པས། དེ་འདྲ་བའི་བླ་མ་གར་ཡོད་དྲིས་པས། སློབ་དཔོན་ན་རེ། པོ་ཡུལ་ཕུ་རི་གོང་དགོན་པ་ན། སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར། ཡི་དམ་མང་པོའི་ཞལ་གཟིགས། ཆོས་སྐྱོང་བྲན་དུ་འཁོལ་བའི་གཉན་སྟོན་སྦས་པའི་རྣལ་འབྱོར་པ་གཅིག་ཡོད་པར་འདུག་གསུངས་ནས་ལུང་བསྟན། དེར་བྱོན་པས། བླ་མ་མཉེས་ཏེ། མཇལ་འགྲོགས་ལ། སྐུ་གསུམ་བྱ་བའི་ཆོས་འབྲེལ་གནང། དེ་རྟིང༌། དབང་བསྐུར། ཤངས་པའི་ཆོས་སྐོར་དང༌། ཁྱད་པར་ཆིག་བརྒྱུད་ཀྱི་ཟབ་དོན་ཞལ་གདམས་ཐམས་ཅད་བུམ་པ་གང་བྱོ་དབུ་སྙུང་བཞེས་ནས་གནང༌། ཆོས་སྐྱོང་ལྕམ་དྲལ་འཁོར་བཅས་ལ། མི་ལབ་པ་བཞིན་དུ་ངོ་སྤྲད། བྲན་(༡༨༩.ན)ཞིང་ཉན་པའི་བཀའ་བསྒོ་མཛད། དེ་ནས་འཁྲིད་བསྐྱངས་པས། ཞག་ཉི་ཤུ་རྩ་ལྔ་ལ། སྤྲུལ་བསྒྱུར། སྦྱོ་སྤེལ་ཐུབ་པ་བྱུང་བས། བླ་མའི་ཞལ་ནས། སྔོན་རྒྱ་གར་ཀྱི་བླ་མ་གྲུབ་ཐོབ་རྣམས་ལས། མཁས་གྲུབ་ཁྱུང་པོ་ཉམས་རྟོགས་བཟང། དེ་ལས་མཉམ་མེད་ཆེན་པོ་བཟང༌། དེ་ནས་སྐྱེར་སྒང་པ། རིམ་པ་བཞིན་བཟང་དུ་སོང་ཟེར། ང་ལས་ནི་ཁྱེད་སྦྱོར་བཟང་བར་འདུག་པ། འདི་འདྲའི་དགེ་སྦྱོར་སྐྱེ་ལུགས། ད་ལྟ་རྒྱ་བོད་གང་ནའང་མེད།་ཁྱོད་ཀྱི་འཁྲིད་བཏབ་ཚད་ཐེབས་པར་འདུག་ཞིང། འགྲོ་དོན་རྒྱ་ཆེན་པོ་གྲུབ་པར་འདུག་གསུང་སཤིང༌། ལུང་བསྟན་ཞལ་གདམས་མང་དུ་གནང་ངོ། །དགེ་སྦྱོར་ལ་བརྩོན་པར་མཛད་པས།་རྗེ་བཙུན་མ་དང༌། བླ་མ་ཊཱ་ཀི་མང་པོས་བསྐོར་བ་དང༌། སངས་རྒྱས་སྟོང་རྩ་བདེ་མཆོག་ལྷ་ལྔ། ཀྱཻ་རྡོར་ལྷ་དགུ མ་ཧཱ་མ་ཡ་ལྷ་ལྔ། འཇལ་དཔལ་ཐུགས་རྗེ་ཆེན་པོ་མཁའ་ལྡིང་རྒྱལ་པོ། རྟ་མགྲིན། ཁྲོ་གཉེར་ཅན། (༡༨༩.བ)མཁའ་སྤྱོད་མ་དཀར་མོ་ལ་སོགས་ཞལ་མཐོང། བྱིན་རླབདས་ཞལ་གནང། བྲག་དགོན་དུ་ལོ་གཅིག་དབུ་སྔས་ལ་མི་འཇོག་པའི་བསྒོམ་རྩེ་གཅིག་བྱས་པས་ཇད་པར་གྱི་རྟིང་ངེ་འཛིན་རྣམས་རྒྱ་ཆེན་པོ་དང༌། སངས་རྒྱས་ཀྱི་ཞིང་ཁམས་གང་མོས་སུ། རྨི་ལམ་བཟུང་ནས་ཕྱིན་ཆོག་པ་བྱུང། རྒྱལཔོ་དང་ཀླུ། བདུད་བཙན་་ལ་སོགས་པའི་གནོད་བྱེད་མང་པོ། རྨི་ལམ་བཟུང་ནས་བཏུལ། ཆོས་སྐྱོང་འཁོར་བཅས་ལ། སྡིག་མ་གསོགས་བྱས་ནའང། ཚིག་འཇམ་རྩུབ་སྟོང་མི་ཚུན་ཆད་ལ། གནོད་ལན་བཅལ་ཡོང་གིན་འདུག་པ་རྣམས་བཀག ཁ་མནན་གང་ཐུབ་བྱས། སྨན་ལུང་ཕུ་རུ་ཟླ་གཅིག་བསྙུང་གྲོངས་ལ་ཁད་པའི་དུས་སོ། ཚ་བྲགས་བྲག་རིངས་ཀྱི་མཚན་གྱིས། བལ་ཡུལ་ནས་སླངས་ནས་ཕུལ་བ་དང༌། ཐུགས་དམ་རྩེ་གཅིག་མཛད་པས། བསྙུང་གྲོལ་ཏེ། བསྒྲབ་བརྒྱུད་ཀྱི་བསྟན་པ་དར་བར་མཛད་དོ། །བླ་མ(༡༩༠.ན)འདིའི་རྗེས་ནས།་ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་ཏེ། ཁོང་གི་སློབ་མ། ཆོས་རྗེ་ཤངས་སྟོན་དང༌། མཁས་གྲུབ་བཙུན་པ་གཞོན་ནུ་གྲུབ་ལ་སོགས་མང་དུ་བྱོན་ཞིང། སློབ་མའི་མཆོག་གྲུབ་ཐོབ་བརྒྱ་རྩ་བརྒྱད་དུ་གྲགས་པས་ཆོས་བརྒྱུད་ཉིན་མོ་ལྟར། ཕྱོགས་ཀུན་ཏུ་གསལ། དར་ཞིང་རྒྱས་པར་མཛད་པ་ལགས་སོ། །བརྒྱུད་པ་རིན་ཆེན་མདུན་མའི་བྲིས་པའི། དགེ་ཚོགས་རིན་ཆེན་ཕྱོགས་བཅུ་ཀུན་ཁྱབ་སྟེ། །དལ་འབྱོར་རིན་ཆེན་ཐོབ་པའི་མི་རྣམས་དང། འགྲོ་ཀུན་རིན་ཆེན་བརྩོན་འགྲུས་ཉིད་གྱུར་ཅིག།། །།
ལས་འབྲས་ཀྱི་རྣམ་གཞག་མདོར་བསྡུས། འཇིག་རྟེན་གཏན་བཞག་གི་མདོ་ནས་ཉེ་བར་གརུས་པ་འགའ་བཞུགས་སོ། །རྒྱ་གར་སྐད་དུ། ཀོ་ཤ་ལོ་ཀ་པྲཛྙཱ་ཡ་ཏི། བོད་སྐད་དུ། མཛོད་དང་འཇིག་རྟེན་བཞག་པའི་མདོ། བམ་པོ་གཅིག་གོ །དཀོན་མཆོག་གསུམ་ལ་ཕོྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་དུས(༡༩༠.བ)བདུད་ནག་པོ། ལྷའི་བུའི་བདུད་ཐཤམས་ཅད་དང༌། མི་ཕམ་སྐྲའི་ལ་བ་ཅན་ལ་སོགས།་མུ་སྟེགས་ཐམས་ངཅ་ཀྱིས། བཅོམ་ལྡན་ལ་རྒོལ་བ། གོའུ་ཏ་མ་ཁྱོད་ཀྱིས། ཞསཏམས་ཅད་མཁྱེན་ན།་འཇིགརྟེན་གྱི་གཞི་འདི་ཇི་ལྟར་གནས་སེམས་ཅན་ནི་ལྟར་སྐྱེ་ཞིང་འཁོར།་ལུས་དང༌། ཚེའི་ཚད་ཇི་ཙམ་ཡོད།་བསྐལ་བའི་གྲངས་དང༌།་ངེས་ཚིག་གང་ཡིན། འཁོར་བའི་རྒྱུ་གང་ཡིན། ལས་གང་བྱས་པས་འཁོར། མྱ་ངན་ལས་འདས་པ་བྱ་བ་ཇི་ལྟར་འགྱུར། ཐར་པའི་ལམ་ཇི་ལྟ་བུ་ཞིག་བསྒོ་བ། ཞེས་སྨྲས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཐམས་ཅད་ནི། སེམས་ཅན་གྱི་ལས་ལས་བྱུང་སྟེ། ཞེས་ཕྱི་སྣོད་ཀྱི་འཆགས་འཇིག་ནང་བཅུད་སེམས་ཅན་གྱིསྐྱེ་འཆི། ཁམས་གསུམ་གྱི་དབྱེ་བ། བསྐལ་པའི་གྲངས(༡༩༡.ན)ལ་སོགས་པ་རྣམས།་རྒྱས་པར་བསྟན་ཅིང། འཁོར་བའི་རྒྱུ་ནི། བདག་ཏུ་འཛིན་པ། མ་རིག་པའི་དབང་གིས།་མཚན་མར་འཛིན། རྟག་པར་འཛིན། ཆད་པར་འཛིན་པས། ཁམས་གསུམ་དང༌། ས་དགུར་འཁོར་ཏེ་ཁམས་གསུམ་ནི། འདོད་ཁམས་ལ། ལྷ་རིགས་དྲུག གཟུགས་ཁམས་ལ། ལྷ་རིགས་བཅུ་བདུན། གཟུགས་མེད་ཁམས་ལ། ལྷ་རིགས་བཟིའོ། །ས་དགུ་ནི། བསྙུང་པ་ཟད་པ། དམྱལ་བའི་ས། ཡི་དྭགས་བྱོལ་སོང་བྱིངས་ཀྱི་ས། བསོད་ནམས་གྲུབ་པ་མིའི་ས། ཀུན་ཏུ་གཡོ་བ་རླུང་གི་ས། མཐོ་རིས་གོ་འཕགས་ལྷ་ཡི་ས།་གཞལ་ཡས་རིན་ཆེན་བཀོད་པའི་ས།་མཚན་ལ་རྟེན་པ་སྤྲིན་གྱི་ས། དྲི་མེད་སྤོས་ཀྱི་ངད་ལྡན་པ། མིང་གི་མཚན་མ་སྐྱེ་མཆེད་པའོ། །ཀུན་ནས་ཉོན་མོངས་པའི་འཁོར་བའི་ཆོས་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་འཁོར་བའི་རྒྱུ་འོ། །དེ་ཡང། ལས་གང་བྱས་པས་འཁོར་ཞེ་ན། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ(༡༩༡.བ)དང།་དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བ་དྲུག་གི་ལས་རྣམས་བྱས་པས། སྡུག་བསྔལ་གསུམ་དང།་བརྒྱད་དང༌། མི་ཁོམ་པ་བརྒྱད། རྒྱུ་དྲག རྐྱེན་བཞི། འབྲས་བུ་ལྔ། སྒྲིབ་པ་ལྔ།་སྙིགས་མ་ལྔ་རྣམས་ཀྱིས་འཁོར་རོ། དེའང་མི་དགེ་བ་བཅུ་ནི། ལུས་ཀྱི་སྲོག་གཅོད་རྐུ་འཕྲོག་མི་ཚངས་སྤྱོད། ངག་གིས་བརྫུན་གཡོན་ཕྲ་མ་ངག་འཁྱལ་ལོ། །ཡིད་ཀྱིས་རྣབ་སེམས་གནོད་སེམས་ལོག་ལྟའོ། རྒྱས་བཤད་རེ་རེ་ལའང་གསུམ་མོད། སྲོག་གཅོད་གསུམ་ལ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་སྒོ་ནས་གཅོད་པ་དག་དང་གསུམ། །མ་བྱིན་ལེན་གསུམ་མཐུས་རྒྱུས་འཇབ་བུས་དང༌། །འདོད་ལོག་གསུམ་པོ་ཆོས་ཁྲིམས་བདག་པོས་བསྲུངས།༌།བརྫུན་གསུམ་དབྱེ་བ་མི་ཆོས་བླ་མའི་རྫུན། །ཕན་པའི་རྫུན་དང་ཕན་གནོད་མེད་པའི་རྫུན། ཕྲ་མཙན་ཕྲ་སྐོག་ཕྲ་གཞོགས་ཕྲ་གསམ། །ཚིག་རྩུབ་གསུམ་ནི་རྒྱདུ་རྩུབ་ལན་རྩུབ། །(༡༩༢.ན)ཡོན་ཏན་དག་ཏུ་ལྟས་ཏེ་རྩུབ་པའོ། འངག་འཁྱལ་ཤུགས་བྱུང་གནོད་པར་ཡེམས་པ་དང༌། །ཡང་དག་ཉིད་དུ་ལྟ་བ་ངག་འཁྱལ་ལོ། །རྣབ་སེམས་བདག་དང་གཞན་དང་གཉིས་ཀ་གསུམ། གནོད་སེམས་བདག་གཞན་གཉིས་ཀ་གནོད་པའི། །ལོག་ལྟ་གསུམ་པོ་རྟག་ལྟ་དང༌། བདེན་པར་སྼ་ལ་སྐུར་འདེབས་པའོ། །སྤྱིར་དུ་མི་དགེ་བཅུ་པོ་རྣམ་སྨིན་ཆེ། །དེའི་ནང་ནས་ཆེ་བ་རེ་རེ་ཡོད། །སྲོག་གཅོད་ནང་ནས་ཕ་མ་བྱང་སེམས་བསད། །དཀོན་མཆོག་གསུམ་གྱི་དཀོར་ལ་མ་བྱི་བླངས། །འདོད་ལོག་དགྲ་བཅོམ་དག་སུམ་ཕྱུང་དང། མི་ཆོས་བླ་མ་ཕྲ་མ་དགེ་འདུན་དབེན། །ཚིག་རྩུབ་རྟེན་གསུམ་བརྙས་དང་ངག་འཁྱལ་གྱིས། །དགེ་སློང་ཐུགས་དཀྲུགས་རྣབ་སེམས་དཀོན་མཆོག་ནོར། གནོད་སེམས་བདེ་གཤེགས་སྐུ་ལ་ངན་སེམས་ཀྱིས། །ཁྲག་ཕྱུང་ལོག་ལྟ་དམ་ཆོས་བདེན་པ་ལ། །སྐུར་པ་བཏབ་པ་མཆོག་ཏུ་རྣམ་སྨིན་ཆེ། །མཚམས་མེད་ལྔ་ནི། ཕ་བསད་མ་བསད་དགྲ་(༡༩༢.བ)བཅོམ་བསད་པ་དང། །དགེ་འདུན་གཡེན་བྱས་བདེ་གཤེགས་སྐུ་བཅོམ་མོ། །དེ་དང་ཉི་པ་ལྔ་ནི། དགྲ་བཅོམ་སུན་ཕྱུང་སློབ་མ་བསད་པ་དང༌། །བྱང་སེམས་བསད་དང་དགེ་འདུན་འདུ་བ་ཡི། །སྒོ་འཕྲོགས་བདེ་གཤེགས་མཆོད་རྟེན་བཤིག་པའོ། །ལྕི་བ་བཞི་ནི། ཉམས་པའི་ལྕི་བ་ལོག་པའི་ལྕི་བ་དང༌། དམད་པའི་ལྕི་བ་བསྐུར་བའི་ལྕི་བའོ། རྒྱས་བཤད་རེ་རེ་བཞི་འགྱུར་དང་པོ་ལ། མི་ཆོས་མནའ་ལྕི་ཉན་ཐོས་འདུལ་ཁྲིམས་ལྕི། །བྱང་སེམས་སྡོམ་དང་གསང་སྔགས་དམ་ཚིག་ལྕི། །གཉིས་པ་ལོག་པའི་ལྕི་བརནམ་བཞི་ནི། སྒོམ་ཆན་ཕྱག་ལྕི་བསྒྲབ་པའི་བཟའ་བཏུང་ལྕི། །སྔགས་པའི་ནོར་ལྕི་མཁས་བཙུན་གོང་ལྕིའོ། །གསུམ་པ་སྨད་པའི་ལྕི་བ་ལ་ཡང་བཞི། །གཏི་མུག་དབང་གིས་འཕགས་པའི་སྐུ་ལ་སྨད། །ང་རྒྱཀ་དབང་གིས་བདེན་པའི་ཆོས་ལ་སྨད། །ཕྲག་དོག་དབང་གིས་གྲོགས་ཀྱི་ཡོན་ཏན་སྨད། །ཕྱོགས་རིས་དབང་གིས(༡༩༣.ན)འཕགས་པའི་སྐུ་གསུང་ཐུགས། བླང་དོར་བྱས་རྣམས་སྨད་པའི་ལྩི་བའོ། སྐུ་བའི་ལྕི་བ་རྣམ་བཞི་འདི་ལྟ་སྟེ། མཉམ་ཉིད་ཆོས་ལ་ཁྱད་དུ་གསད་པ་ལྕི། རང་བཞིན་མེད་ལ་གལ་དུ་འཛུགས་པ་ལྕི། མཚམས་མེད་ལྔ་ལས་ངན་སེམས་ཁྲག་བྱིན་ལྕི། མི་དགེ་བཅུ་ལ་ལོག་པར་ལྟ་བ་ལྕི། ལོག་པ་བརྒྱད་ལ་ཕྱི་ནང་བཞི་སྟེ། ཕྱིའི་བཞི་དཀར་ཕྱོགས་སྨོད་ནག་ཕྱོགས་བསྟོད། དད་ཅན་ཚོགས་བཅད་དགེ་ཅན་ཐུགས་དཀྲུགས་སོ། ནང་བཞི་སྤང་བར་མི་རུང་དམ་ཆོས་སྤངས། སློབ་དཔོན་སྐུ་སྨད་དམ་ཚིག་གཉན་པོ་བྲལ། སྐྱུང་པར་མི་རུང་མཆེད་ལྕམ་གདུང་སེམས་སྐྱུངས། དེ་ལྷར་ལོག་ལྟ་བརྒྱད་ལ་སྤྱན་ན་ངན་སོང་སྐྱེ། ཐེག་ལོག་དམྱལ་བ་ལྟ་ལོག་ཡི་དྭགས་དང༌། གཤིན་རྗེར་སྐྱེ་ཞིང་ཆོས་ལོག་མུ་སྟེགས་དང༌། དམ་རྫས་ལོག་པ་དུག་འགྱུར་སྔགས་ལོག་རྐྱེན། བདེན་པའི་དོན་ལ་ལོག་ན་རུ་ཏྲར་སྐྱེ། ཁ་ན་མ་ཐོ་སྨྲས་པས་ངན་འགྲོར་ལྟུང༌། ནང་གི་གསུམ་པོ་གསང་སྔགས་ཟབ་མོའི་ཆོས། བློ་དམན་མ་གཏད་དེ་ཡིས་རིམ་པར་སྨད། དཔོན་སློབ་དམ་ཚིག་ཁྱད་གསོད་དམྱལ་བའི་རྒྱུ། སྡུག་བསྔལ་གསུམ་ནི། སྡུག་བསྔལ་ནང་གི་སྡུག་བསྔལ་ངན་སོང་ཆེ། འཕོ་ཞིང་འགྱུར་པའི་སྡུག་བསྔལ་མི་ལ་ཆེ། འདུ་བྱེད་སྡུག་བསྔལ་ལྷ་ལ་ཆེ་བའོ། སྡུག་བསྔལ་བརྒྱད་ལ་ཕྱི་བཞི་ནང་བཞི་སྟེ། ཕྱི་བཞི་དགྲ་ཕྲག་གཉེན་བྲལ་ཡོད་པ་འཕྲོགས། མེ་པ་རྩལ་གྱིས་མ་རྙེད་དོགས་པའོ། ནང་བཞི་རང་ལ་རང་དབང་མེད་པའོ། སྐྱེ་དང་རྒས་པ་ན་དང་འཆི་བའོ། མི་ཁོམ་བརྒྱད་ལའང་ཕྱི་ནང་གནས་བཞི་སྟེ། ངན་སོང་གསུམ་དང་འདུ་ཤེས་མེད་པ་ཡི། ལྷ་རུ་སྐྱེས་རྣམས་ཕྱིའི་གནས་བཞིའོ། ནང་བཞི་ཐང་འཐོབ་སྐྱེས་དང་དབང་པོ་ཆད། ལྟ་བ་ལོག་དང་སངས་རྒྱས(༡༩༤.ན)མེད་པར་སྐྱེས། རྒྱུ་དྲུག་ནི་སྐལ་བ་མཉམ་པའི་རྒྱུ་དང་ལྷན་ཅིག་ཏུ་འབྱུང་བའི་དང༌། མཚུངས་པར་ལྡན་པའི། ཀུན་ཏུ་འཕྲོ་བའི་རྒྱུད། རྣམ་པར་སྨིན་པའི་རྒྱུ་དང་བྱེད་པའི་རྒྱུ། རྐྱེན་བཞི་ནི། རྒྱུའི་རྐྱེན་དང་བདག་པོའི་རྐྱེན། དམིགས་པའི་རྐྱེན་དང་དེ་མ་ཐག་པའི་རྐྱེན། འབྲུ་ལྔ་ནི། རྣམ་པར་སྨིན་པའི་འབྲས་བུ་རྒྱུ་མཐུན་དང༌། དབང་གི་འབྲས་བུ་སྐྱེས་བུའི་བྱེད་པའི་དང༌། འབྲས་བུའི་འབྲས་བུ་དག་དང་རྣམ་ལྔའོ། སྒྲིབ་པ་ལྔ་ནི། སྟོད་ལ་འདུན་པའི་སྒྲིབ་དང་གནོད་སེམས་དང༌། གཉིད་དང་རྨུགས་རྒོད་འགྱོད་པ་ཐེ་ཚོམ་སྒྲིབ། སྙིགས་མ་ལྔ་ནི། སེམས་ཅན་སྙིགས་མ་དུས་དང་ཉོན་མོངས་དང༌། ལས་དང་ཚེ་ཡི་སྙིགས་མ་དག་དང་ལྔ། དེ་རྣམས་ལ་བརྟེན་ནས་འཁོར་བར་འཁོར་བ་ཡིན་ནོ། མྱ་ངན་ལས་འདས་པའི་ས་བོན་པ་སྟེ། ཇི་ལྟ་བུར་འགྱུར་ཞེ་ན། དེས་དང་པོར། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། སྒྲིབ་པ་སྦྱངས། དལ་བ་བརྒྱད། འབྱོར་པ་བཅུ་དང་ལྡན(༡༩༤.བ)པའི་མི་ལུས་རིན་པོ་ཆེ་བླངས། འཕགས་པའི་ནོར་བདུན་གྱིས་ཕྱུག་ཅིང༌། མཐོ་རིས་ཀྱིས་ཡོན་ཏན་བདུན་དང་ལྡན་པར་བྱས། ལས་དགེ་བ་བཅུ་ལ་སྤྱོད། ཆོས་སྤྱོད་བཅུའི་རིམ་པ་ལ་རྒྱུན་དུ་གོམས་པར་གྱུར་ནས། ལམ་ལྔ་ས་བཅུ་ཐོབ་པར་གྱུར་པ་དེ་ཉིད་ཀྱིས། ཐར་པའི་ལམ་བསྒོམ་པའོ། དེ་ཡང༌། བསྐལ་པ་གྲངས་མེད་གསུམ་ནི། ཐེག་པའི་ལུགས་ལ། ས་གསུམ་པ་ནོན་ནས། གྲངས་མེད་དང་པོའོ། ས་བདུན་པ། གྲངས་མེད་གཉིས་པ། ས་བཅུ་པ་ཐོབ་པ་དང༌། གྲངས་མེད་གསུམ་པ་རྫོགས་པར་རྩི་བའོ། དལ་བ་བརྒྱད་ནི་མི་ཁོམ་བརྒྱད་སྤངས་སོ། འབྱོར་པ་བཅུ་སྟེ་རང་འབྱོར་གཞན་ལྔ། གཞན་འབྱོར་སངས་རྒྱས་བྱོན་དང་དེ་ཡིས་དམ་ཆོས་གསུངས། བསྟན་པ་ཡུན་གནས་བསྒྲུབ་པའི་གྲོགས་དང་འཕྲད། བརྩེ་ལྡན་བླ་མས་རྗེས་སུ་འཛིན་དང་ལྔ། རང་འབྱོར་བསྟན་པ་དང་འཕྲད་མི་ལུས་ཐོབ། དབང་པོ་ཀུན་ཚང་ཡུལ་དབུས་ཆོས་དང་མཇལ། (༡༩༥.ན)དཀོན་མཆོག་ལ་དད་ཁྱིམ་ཐབས་སྡིག་ལས་སྤངས། འཕགས་པའི་ནོར་བདུན་ནི། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། ཁྲེལ་ཡོད་ངོ་ཚ་ཤེས་དང་ཤེས་རབ་བོ། མཐོ་རིས་ཀྱི་ཡོན་ཏན་ནི། རིགས་ལྡན་གཟུགས་བཟང་དབང་ཕྱུག་ཆེ། ཤེས་རབ་ཕུན་ཚོགས་དབང་ཕྱུག་ཆེ། ནད་མེད་ཤིན་ཏུ་ཚེ་རིང་པའོ། དགེ་བ་བཅུ་ནི། མི་དགེ་བཅུ་སྤངས་པའོ། ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་མཆོད་སྦིན་པ་དང༌། ཀློག་དང་ཁ་དོན་བྱེད་པ་དང༌། དེ་སེམས་པ་དང་བསྒོམ་པའོ། །འཕགས་ལམ་རྒྱུད་ལྔ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། ཡང་དག་ལམ་ལྔ་དང༌། དེའི་བདག་པོགྷོ དེའུ་ཚང་ཀུན་དང༌། བཅོམ་ལྡན་ཤཱཀ་ཐུབ་གཤིན་རྗེ་ཆོས་རྒྱལ་གསུམ། ཏིར་མེད་ན་རག་སྒོ་འབྱེད་གཞན་མེད་དོ། ས་བཅུ་ནི། རབ་དགའ་དྲི་མེད་འོད་བྱེད་དང༌། འོད་འཕྲོ་ཤིན་ཏུ་སྦྱངས་དཀའ་དང༌། མངོན་གྱུར་རིང་སོང་མི་གཡོ་བ། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། ས་བཅུ་ཐོབ་ནས་ཕྱིར་མི(༡༩༥.བ)ལྡོག སངས་རྒྱས་པའི་རིམ་པའོ། ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་པ་མན་གྱི་བཤད་པ་ནི། ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། བཅུ་གཅིག་པ་ཀུན་ཏུ་འོད་དང༌། བཅུ་གཉིས་པ་མ་ཆགས་ཅན། བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ཞེས་པ་ནི། ཐེག་ཆེན་བླ་ན་མེད་པ་རྣམས་ཀྱི་དགོངས་པ་སྟེ། ཆོས་ཀྱི་སྐུའི་ས་ཐོབ་པ་ཞེས་བྱའོ། འདི་བྲིས་དགེ་བས་འགྲོ་ཀུན་གྱིས། ལས་འབྲས་བསླུ་མེད་དོན་རྟོགས་ནས། ས་ལམ་རིམ་པ་མྱུར་བགྲོད་དེ། ཚེ་འདིར་སངས་རྒྱས་ཐོབ་པར་ཤོག ཁྲོ་དང་བརྡེག་དང་གཤེ་དང་འཚང་འབྲུ་ལ། ལན་འདོན་མི་བྱེད་དགེ་སྦྱོང་ཆོས་བཞི་ཡིན། ཚེ་འདིའི་ཆེ་ཐབས་རྙེད་དང་མ་རྙེད་དང༌། གྲགས་དང་མ་གྲགས་བདེ་དང་སྡུག་བསྔལ་དང༌། བསྟོད་དང་སྨད་རྣམས་འཇིག་རྟེན་ཆོས་བརྒྱད་འདི། མགོ་སྙོམས་གྱུར་ན་བྱང་སེམས་རྩ་བ་ཡིན། ཕམ་པ་རྣམ་བཞི་ལྷག་མ་བཅུ་གསུམ་དང༌། སྤང་བ་སུམ་ཅུ་ལྟུང་བྱེད་དགུ་ཕྲག་བཅུ། སོར་བཤགས་བཞི(༡༩༦.ན)དང་ཆོ་ག་ཕུན་ཚོགས་པ། བསླབ་བྱ་བརྒྱད་དང་བཅུ་གཉིས་འདུལ་ཁྲིམས་ཀྱི། རྣམ་གྲངས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ། སྤྱི་དང་བྱེ་བྲག་ཉམས་པ་མཐོལ་ལོ་བཤགས། ལོག་པ་འཚོ་བ་རྣམ་ལྔའི་རྣམ་གྲངས་ནི། བཞོགས་སློངས་ཀྱིས་རྙེད་པ་འཚོལ་བ་དང༌། རྙེད་པས་རྙེད་པ་འཚོལ་བ་དང༌། ཚུལ་འཆོས་ཀྱིས་རྙེད་པ་ཚོལ་བ་དང༌། ཁ་བསགས་ཀྱི་རྙེད་པ་ཚོལ་བ་དང༌། ཐོབ་ཀྱིས་གཞལ་བས་རྙེད་པ་ཚོལ་བ་དང་ལྔའོ། དེ་ལྟར་ལོག་འཚོའི་རྙེད་ཆེལ་ལྔ་སྤངས་ནས། འཁོར་གསུམ་རྣམ་དག་རྙེད་པའི་རྫད་ཀྱིས། དཀོན་མཆོག་མཆོད་དང་དབུལ་ཕོངས་སྦྱིན་གྱུར་ན། རྙེད་འཚོལ་མཆོག་གྱུར་རང་གཞན་ཕན་བདེ་འབྱུང༌།
འཇིག་རྟེན་ཆགས་ཚུལ་མདོར་བསྡུས།
ཆོས་རྒྱལ་འཕགས་པ་ཤེས་བྱ་རབ་གསལ་ནས། སྣོད་བཅུད་ཀྱི་འཆགས་ཚུལ་མདོར་བསྡུས་བཞུགས། སྭསྟི། བསམ་འཕེལ་བླ་མ་ཀུན་མཁྱེན་ཟས་གཙང་སྲས། སྨ་བའི་སེང་གེ་འཇམ་དབྱངས་ཞབས་བཏུད་ནས། དེ་ཡི་རྣམ་འཕྲུལ་ཆོས་རྒྱལ་འཕགས་པ་ཡིས། མདོ་རྒྱུད་དོན་གསལ་ཤེས་བྱའི་གནས(༡༩༦.བ)རྣམས་ཀུན། རབ་ཏུ་གསལ་བྱེད་བསྟན་བཅོས་བརྩམས་པ་ལས། མདོ་ཙམ་བསྡུས་པ་འདི་དག་བདག་གིས་བྲིས། དང་པོར་རྡུལ་གྲངས་ཁྱད་པར་བརྩི་བ་ནི། བཅང་བཟུང་བཟུང་བཞིག་ཏུ་མེད་པ་ཕྲ་རག་རྡུལ། བདུན་འགྱུར་རྡུལ་ཕྲན་ལྕགས་ཆུ་རི་བོ་རྡུལ། ལུག་གླང་ཉི་རྡུལ་སྲོ་མ་ཤིག་ནས་རྣམས། དེ་བཞིན་རེ་རེ་བཞིན་དུ་བདུན་འགྱུར་ཏེ། ནས་འདུན་སོར་གཅིག་བཅུ་གཉིས་མཐོ་གང་ལ། མཐོ་དོ་ཁྲུ་གང་ཁྲུ་བཞི་འདོམ་པ་གང༌། དེ་དག་ལྔ་རྒྱང་གྲགས་དེ་བརྒྱད་ལ། དཔག་ཚད་གཅིག་ཏུ་རྩི་བར་རབ་གསལ་ལུགས། སྣོད་ཀྱི་ཆགས་ཚུལ་དང་པོ་སྟོང་པ་ལ། ཕྱོགས་བཅུའི་རླུང་གཡོས་དཀྱིལ་ཁོར་རྒྱ་གྲམ་གྱི། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང༌། རྒྱ་ཁྱོན་གྲངས་མེད་དེ་ཡིས་བརྟེན་པའི་སྟེང༌། ཆུའི་དཀྱིལ་འཁོར་ཟླུམ་པོ་འཐུབ་རྔམས་ལ། ཆིག་འབུམ་ར་ཅན་ཐད་ཀར་ས་ཡ་གཅིག ཉིས་འབུམ་སུམ་སྟོང་བརྒྱ་ཕྲག་ཕྱེད་དང་ལྔ། དེ་དག་འོག་གི་རྒྱ་མཚོ་བརྒྱད་ལྡན་ཆུ། (༡༩༧.ན)དེ་རླབས་སྤྲིས་མ་གསེར་གྱི་ས་གཞི་ནི། རྔམས་སུ་དཔག་ཚད་སུམ་འབུམ་ཉིས་ཁྲི་དང༌། ཐད་ཀྱི་ཚད་ནི་འོག་གམ་མཚོ་དང་མཉམ། གཉིས་ལྔའི་མཐས་བསྐོར་འཇིག་རྟེན་ཁམས། །ས་ཆུའི་དཀྱིལ་འཁོར་གླིང་བཞི་ཡི་ཡབ་གདན། །གསེར་གྱི་ས་སྟེངས་ཆར་བབས་རྒྱ་མཚོར་འགྱུར༌། །རླུང་གི་བསྲུབས་པའི་ཁམས་རབ་བསྡུས་པ་ལ། །རི་རབ་འབྲིང་བསྡུས་གསེར་གྱི་རི་བདུན་དངང༌། །ཐ་མས་ལྕགས་རི་སྣ་ཚོས་བསྡུས་པའི་གླིང༌། །རིམ་པར་ཆགས་ཤིང་ལྷུ་པོའི་ཤར་ཕྱོགས་དངུལ། །ལྷོ་ཕྱོགས་བཻཌཱུར་ནུབ་ཕྱོགས་ཤེལ་དམར་པ། །བྱང་ཕྱོགས་གསེར་དང་རི་བདུན་གསེར་འབའ་ཞིག །གླིང་བརྒྱད་ཤས་ཆེར་ས་ད་ངའཁོར་ཡུག་ལྕགས། །རི་རབ་དཔང་ལ་དཔག་ཚད་ཆིག་འབུམ་དང༌། །དྲུག་ཁྲི་ཡོད་པ་མཚོ་མཚམས་ཡར་མར་ཕྱེད། །རི་བདུན་མཐོ་ཤོས་གཉའ་ཤིང་འཛིན་གྱི་དབང། །དཔག་ཚད་བཞི་ཁྲི་དེ་ནས་བཤོས་མདའ་འཛིན། །སེང་ལྡག་ཅན་དང་ལྟ་ན་སྡུག་རི་དང༌། །སྟ་རྣ་རྣམས་(༡༩༧.བ)འདུད་མུ་ཁྱུད་འཛིན་རྣམས་ལ། །རིམ་བཞིན་ཁྱེད་མར་ཕྱི་མ་སྕགས་རིའི་དཔང། །དཔག་ཚད་སུམ་བརྒྱ་ཕྱེད་ད་ངབཅུ་བཞི་ཡོད། །ཐད་ཀའི་ཚད་རྣམས་དཔང་དང་མཉམ་པོ། །རི་རབ་བར་གྱི་མཚོ་བདུན་ཁ་ཞེང་ལ། །མང་ལ་དཔག་ཚད་བརྒྱད་ཁྲི་དེ་ནས་ཕྱིར། །རིམ་བཞིན་ཕྱེད་ཁྲི་མུ་ཁྱུད་འཛིན་མཚོ་ལ། །དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུའོ། །ཀླུ་རྒྱལ་བརྩེ་ཞིང་རོལ་པའི་གནས་ཡིན་པས། །རོལ་པའི་མཚོ་བདུན་ཡན་ལག་བརྒྱད་ལྷ་ཆུ། །རི་རབ་རི་བདུན་མཚོ་བདུན་གྲུ་བཞི་ལས། །བ་ཚའི་མཚོ་དང་ལྕགས་རི་སྒོ་མོར་གནས། །མུ་ཁྱུད་འཛིན་པ་ལྕགས་རིའི་བར་གྱི་ཚད། དཔག་ཚད་སུམ་འབུམ་ཉིས་ཁྲི་ཉིས་སྟོང་ཡོད། །བ་ཚའི་རྒྱ་མཚོའི་མཐས་བསྐོར་དཔག་ཚད་གྲངས། །ས་ཡ་ཕྲག་གསུམ་དྲུག་འབུམ་བདུན་བརྒྱ་དང༌། །ལྔ་བཅུ་ཡོད་ཅིང་ཕྱོགས་ཀུན་འདྲེས་པ་ཡིས། །མཚོ་གཅིག་རྒྱ་མཚོ་ཆེན་པོ་བཞིར་གྲགས་པ། །ལྷུན་པོའི་ཕྱོགས་བཞིའི་ངོས་ཀྱི་ཁ་དོག་བཞིན། །མཚོ་དེ་གླིང(༡༩༨.ན)རྣམས་དེ་དང་མཐུན་པའི་ཕྱིར། །འཁོར་ཡུག་ལྕགས་རིའི་མཐའ་བསྐོར་ས་ཡ་འབུམ། །དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉེར་ལྔ་ཡོད། །རི་རབ་ལྷོ་ཕྱོགས་འཛམ་གླིང་ཤིང་རྟའི་དབྱིབས། །སོག་ཁའི་ཡུ་བ་ཆུ་ངོས་བསྟན་པ་ལ། །དཔག་ཚད་ཕྱེད་བཞི་གཞན་ཕྱོགས་གསུམ་པོ་ལ། །སྟོང་ཕྲག་གཉིས་གཉིས་ཤར་ན་རྔ་ཡབ་དང༌། ནུབ་ན་རྔ་ཡབ་གཞན་ཡོད་འཛམ་གླིང་དབུས། མ་ག་ཏ་ནས་བྱང་དུ་རི་ནག་པོ། དགུ་རྒྱུད་གངས་རི་སྤོས་ལྡན་ཕྱི། སྤོས་རི་ངད་ལྡན་དེ་གཉིས་བར་ན་མཚོ། མ་དྲོས་གྲུ་བཞི་ཟབ་དང་ངོས་རིའི་ཚད། དཔག་ཚད་ལྔ་བཅུ་རེ་རེ་དེའི་ཆུ། ཆགཙང་དང་དྭངས་དང་རྙོག་པ་མེད། མངར་དང་དྲི་ཞིམ་འཇམ་པ་དང༌། མགྲིན་པ་ལྟོ་བ་མི་གནོད་པ། ཡན་ལག་བརྒྱད་དང་ལྡན་པ་ཡིན། དེ་ལས་ཆུ་བོ་ཞི་འབབ་ན་རན་དང་གངྒཱ་སི་ནྟུདཔག་ཤུ་ཞེས་པའོ། སྤོས་རི་ངད་ལྡན་བྱང་ཕྱོགས་དཔག་ཚད་གྲངས། ཉི་ཤུ་ས་ན་བྲག་གི་རང་བཞིན་ལས། གསེར་གྱི་བྱ་སྐྱིབས་ལྷ་མིན་ངོས་ཞེས་པ། ཕ༑ོགས(༡༩༨.བ)རེར་དཔག་ཚད་ལྔ་བཅུ་རྔམས་ཀྱི་ཚད། ཕྱེད་བཞི་གྱེན་འཕགས་བྲག་གཡོག་བརྒྱ་སྟོང་ཡོད། བྲག་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ས་ལའི་ལྗོན་ཤིན་རབབརྟན་འདོམ་བཞི་བཅུ། ཐུར་ཟུག་བརྒྱད་ཅུ་གྱེན་འཕགས་ཡོད། དེ་ཡི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། རྫིང་བུ་དལ་འབབ་དབྱིབས་ཟླུམ་མཐས་བསྐོར་ལ། དཔག་ཚད་བརྒྱ་དང་ལྔ་བཅུས་བསྐོར་བ་ཡོད། བརྒྱ་བྱིན་གཡུལ་ངོར་སྤྱོད་པའི་གཞོན་པའི་མཆོག གླང་ཆེན་རབ་བརྟན་གླང་གཡོག་བརྒྱད་སྟོང་བཅས། གསེར་གྱི་བྱ་སྐྱིབས་ལྗོན་ཤིང་དལ་འབབ་དུ། དགུན་དཔྱིད་སྟོན་དུས་ཟླ་བ་བཟི་བཟི་གནས། གཞན་ཡང་འཛམ་གླིང་ནུབ་ན་ཨུ་རྒྱན་ཞེས། རྡོ་རྗེ་ཆེན་པོའི་ཕོ་བྲང་རིག་འཛིན་གནས། ལྷོ་ཕྱོགས་རྒྱ་མཚོར་གྲུ་འཛིན་རི་རྩེ་ན། སྤྱན་རས་གཟིགས་དབང་རྩ་བར་སྒྲོལ་མ་དང༌། ཤར་ཕྱོགས་རི་བོ་རྩེ་ལྔར་འཇམ་དཔལ་བཞུགས། ཡུལ་ཆེན་བཅུ་དྲུག་ཡུལ་ཕྲན་སྟོང་གནས་པའི།(༡༩༩.ན)མི་རིགས་མི་འདྲ་སུམ་བརྒྱ་དྲུག་ཅུ་དང༌། སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུ་ཡོད། མ་གྲོས་མཚོ་འགྲམ་འཛམ་བུ་ཀྲི་ཤའི་ཤིང༌། འབྲས་བུ་ཆེར་སྨིན་མཚོ་ནང་ལྷུང་པའི་སྒྲ། འཛམ་བུ་ཞེས་བྱས་མཚོན་པས་འཛམ་གླིང་གྲགས། །ཤར་གྱི་ལུས་འཕགས་གླིང་ནི་ཟླ་གམ་ལ། ། རི་བར་ངོས་བསྟན་བཅད་ཁམས་དཔག་ཚད་གྲངས། །སུམ་བརྒྱ་ལྔ་བཅུ་གཞན་གསུམ་དྲུག་སྟོང་སྟེ། །བྱང་ན་ལུས་དང་ལྷོ་ན་ལུས་འཕགས་ཡོད། །་དེ་གསུམ་གླིང་གཞན་རྣམས་ལས་ལྟ་ན་སྡུག །གྱེན་དུ་འཕགས་དང་མི་རྣམས་གཟུགས་བཟང་པས། །ལུས་འཕགས་པོ་ཞེས་གྲགས་པ་དེ་ལྟར་ཡིན། །བྱང་ན་སྒྲ་མི་སྙན་ནི་གྲུ་བཞི་ལ། །ངོས་རེར་དཔག་ཚད་ཉིས་སྟོང་ནུབ་ཕྱོགས་ན། །སྒྲ་མི་སྙན་དང་ཤར་ན་དེ་ཡི་ཟླ། །ཤིང་དང་ཤ་ཟའི་སྐད་ཀྱིས་ཞག་བདུན་ནས། །འཆི་བའི་སྒྲ་བྱུང་དེ་ཕྱྱིར་མི་སྙན། །ནུབ་ཀྱི་བ་གླང་སྤྱོད་ནི་ཟླུམ་པོ་ཡི། །མཐའ་བསྐོར་དག་ལ་དཔག་ཚད་བདུན་སྟོང་དང༌། །ལྔ་བརྒྱ་ཡོད་ཅིང་ལྷོ་ན་གཡོ་ལྡན་དང༌། །(༡༩༩.བ)བྱང་ན་ལམ་མཆོག་འགྲོ་ཡོད་དེ་ཡི་མི། །ཕལ་ཆེར་བ་གླང་རིན་ཆེན་ལོངས་སྤྱོད་པས། །བ་གླང་སྤྱོད་ཞེས་གྲགས་པ་དེའི་ཕྱིར། །གླིང་ཕྲན་བརྒྱད་པའི་རྒྱ་ཁྱོན་ཕྱེད་མ་ལ། །དབྱིབས་དང་འཆགས་ཚུལ་མ་དང་མཚུངས་པའོ། །རི་བདུན་གླིང་རྣམས་རི་བོ་ཐམས་ཅད་ཀྱང། །རི་རབ་དང་མཚུངས་ཐུར་དུ་བརྒྱད་ཁྲི་ཟུག །འཛམ་གླིང་ཁོངས་ན་སིང་གྷའི་གླིང་དང་ནི། །གསེར་གྱི་ཟངས་གླིང་ཟླ་བའི་གླིང་ལ་སོགས༌། །གླིང་ཕྲན་དུ་མ་ཡོད་ཅིང་གཞན་གསུམ་ལའང། །དེ་བཞིན་གླིང་ཕྲན་ཡོད་རྣམས་དེ་ཁོག་ཚངས། །སྟེང་ཕྱོགས་དཔག་ཚད་བཞི་ཡོད་པ། །ཤིང་རྟ་སྣ་ཚོགས་ལྷོ་ན་གཡུས་འཇུག་གནས། །གཙུབ་འགྱུར་ཚལ་དང་མུབ་ན་སྤྱོད་ལམ་གནས། །འདྲེས་པའི་ཚལ་ཞེས་བཞི་པོ་དེ། །གྲུ་བཞི་དཔག་ཚད་སྟོང་རེས་འཁོར་བ་ཡོད། །ཚལ་བཞིའི་ཕྱི་རོལ་དཔག་ཚད་ཉི་ཤུ་ན། །བདེ་ཞིང་འཇམ་པའི་ས་གཞི་བཟང་པོ་ནི། །(༢༠༠.ན)ཤིང་རྟ་ཅན་དང་རྩུབ་འགྱུར་འདྲེས་པ་ཅན། །དགའ་བ་ཅན་རྣམས་རྒྱ་ཁྱོན་ཚལ་དང་མཉམ། །གྲོང་ཁྱེར་ལྟ་ན་སྡུག་གི་བྱང་ཤར་ན། །དཔག་བསམ་ལྗོན་ཤིང་ཡོངས་སུ་ས་རྡོལ་ཞེས། །ཐུར་དུ་དཔག་ཚད་ལྔ་ཟུག་སྟེང་དུ་བརྒྱ་འཕགས་ཤིང། །ལྔ་བཅུར་ལོ་འདབ་འདོད་དགུ་སྟེར་བ་ཡོད། །དེའི་འོག་ན་ལ་ལྟར་དཀར་བའི། །ཨར་མོ་ལི་ཀའི་རྡོ་ལེབ་མཆུ་ཞེང་ལ། །དཔག་ཚད་ལྔ་བཅུ་མཐའ་མ་ཉིས་བརྒྱ་ཡིས། །འཁོར་བའི་གྲུ་བཞི་མཐོང་དགའ་ཡིད་འོང་ཡོད། གྲོང་ཁྱེར་ལྷོ་ནུབ་ཆོས་བཟང་མདུན་ས་ཞེས། དཔག་ཚད་དགུ་བརྒྱས་འཁོར་བའི་ཟླུམ་པོ་ཡོད། དེ་དབུས་བརྒྱ་བྱིན་ཆོས་སྟོན་གསེར་ཁྲི་དང༌། མཐའ་ལ་ཉེ་དབང་སོ་གཉིས་གདན་བཤམས་ཡོད། སུམ་ཅུ་རྩ་གསུམ་གནས་ནས་སྟེང་ཕྱོགས་ལ། དཔག་ཚད་བརྒྱད་ཁྲི་འཕགས་ནས་མཐའ་བྲལ་དང༌། དེ་བཞིན་རིམ་པར་དགའ་ལྡན་འཕྲུལ་དགའ་དང༌། གཞན་འཕྲུལ་དབང་མན་ཆད་འདོད་ཁམས་ཏེ། དེ་རྣམས་བར་(༢༠༠.བ)ཁྱད་རྒྱ་ཁྱོན་དཔག་ཚད་གྲངས། རི་རབ་སྟེང་ནས་ཡར་མར་གཉིས་འགྱུར་ཆེ། ཐམས་ཅད་མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན། རིན་ཆེན་བཞི་ལ་གནས་བཅས་དེ་སྟེངས་ནས། བསམ་གཏན་དང་པོའི་གནས་ཡོད་དེ་མན་ལ། གླིང་བཞིའི་འཇིག་ཁམས་ཟེར་དེ་སྟོང་ལ་སྟོང་གཉིས་བར་མའི་ཁམས། དེ་ཡང་ལྕགས་རི་གཅིག་བསྐོར་དེ་དག་སྟོང༌། སྟོང་ཆེན་འཇིག་རྟེན་ལྕགས་རི་ཆེན་པོས་བསྐོར། སྟོང་ཆེན་འཇིག་རྟེན་ལྕགས་རི་ཆེན་པོས་བསྐོར། གླིང་བཞི་བྱེ་བ་ཕྲག་བརྒྱ་བཀྲི་བའོ། གླིང་བར་ཐམས་ཅད་མུན་པའི་རྒྱལ་ཁམས་ཡིན། བསམ་གཏན་བཞི་པོ་འཇིག་རྟེན་ཁམས་བཞི་དང༌། རྒྱ་མཉམ་བར་ཁྱད་འོག་ལས་རིམ་པ་བཞིན། གཉིས་འགྱུར་ཡར་མཐོ་གཟུགས་ཁམས་པ་ཞེས་ཀྱང༌། གཟུགས་མེད་ཁམས་བཞི་ཏིང་འཛིན་ལྡན་པའི་ཕྱིར། གཟུགས་དང་གནས་དང་ལོངས་སྤྱོད་གཞན་མ་མཆིས། སྣོད་ཀྱི་འཇིག་རྟེན(༢༠༡.ན)བཤད་པ་དེ་ལྟར་ཡིན། བཅུད་ཀྱི་སེམས་ཅན་དག་ལ་རིགས་དྲུག་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་མི་མི་ཞེས་པ། མ་ནུ་ཤ་ཡི་དོན་ཡིན་ལུས་ལོངས་སྤྱོད། ཕལ་ཆེར་ལྷ་འདྲ་ཚངས་མེད་ལྷ་མིན་ཏེ། ཚངས་ལུས་བདེ་རོལ་མཆོད་འོས་ལྷ་ཞེས་བརྗོད། ཨ་སུ་རའི་དང་དེ་ཝ་དོན་ཏོ། དམྱལ་བ་ཞེས་བྱ་འཛམ་གླིང་འདིའི་འོག་ཏུ། དཔག་ཚད་སྟོང་ཕྲག་ཉི་ཤུ་བཞིར་གནས། ལྕགས་ལས་གྲུབ་པ་མེ་འབར་ཚ་དམལ་བརྒྱད། ཡང་གསོས་ཚེ་ཚད་རྒྱལ་ཆེན་རིགས་བཞིའི་ལྷའི། ཚེ་གཅིག་ཞག་རེར་རྩིས་པའི་ལོ་ལྔ་བརྒྱ། དེ་བཞིན་རིམ་པས་གཉིས་འགྱུར་མནར་མེད་པས། བསྐལ་པ་གཅིག་གི་ཚེ་ཐུབ་སྡུག་བསྔལ་ཡང༌། (༢༠༡.བ)འོག་མར་གཉིས་འགྱུར་རིམ་བཞིན་ཆེ་བར་བཤད། ཚ་དམྱལ་བརྒྱད་པོའི་རེ་རེར་དམྱལ་བ་གཞན། ལྷག་མ་བཞི་གནས་བཅུ་དྲུག་སྟེ། མེ་མ་མུར་དང་རོ་མྱགས་འདམ་མཚོན་ཆ། རལ་གྲིའི་ནགས་ཚུལ་ལྕགས་ཀྱི་ཤེལ་མ་རི། ཁྭ་ཏ་འདབ་འཇིགས་རྩ་བར་ཁྱི་ནག་ཟས། དེ་རྣམས་ཐར་ཀྱང་ཐལ་ཚན་ཅུ་བོར་འཚུད། དེ་ནི་ཉེ་འཁོར་ཞེས་བྱ་བའི་དམྱལ་བ་ཡིན། ཚ་དམྱལ་བརྒྱད་པོའི་བྱང་ཐད་རིམ་པ་བཞིན། གྲང་དམྱལ་བརྒྱད་གནས་ཆུ་བུར་ཅན་དང་ནི། ཆུ་བུར་རྡོལ་བ་སོ་ཐམ་ཨ་ཆུ་ཆུ། ཀྱེ་ཧུད་ཟེར་དང་ཨུཏྤལ་ལྟ་བར་གས། པདྨ་ལྟར་གས་སད་ཆེན་ལྟར་གས་པོ། ཆུ་བུར་ཅན་གྱི་ཚེ་ཚད་མ་ག་ཏའི། བྲེ་ཆེན་ཁལ་གྲངས་བརྒྱད་ཅུའི་ཏིལ་འབྲུའི་གྲངས། དེ་དང་མཉམ་ཞིང་འོག་རྣམ་རིམ་པ་བཞིན། ཉི་ཤུ་ཉི་ཤུ་འགྱུར་གྱིས་རིང་པའོ། ཉེ་ཚེ་བའི་དམྱལ་བ་མི་ཡུལ་གྱི། ཐང་སྟོང་ཉིན་ཞག་རེ་ལ་མཐོ་རིས་དང༌། དམྱལ་(༢༠༢.ན)བའི་བདེ་སྡུག་འདྲེས་མར་སྤྱོད་པ་ཡོད། དེ་ལྟར་ཚ་གྲང་བཅུ་དྲུག་ཉི་ཚ་དང༌། ཉེ་འཁོར་རྣམས་ལ་དམྱལ་ཁམས་བཅོ་བརྒྱད་ཟེར། ཡི་དྭགས་ཞེས་བྱ་རྒྱལ་པོའི་ཁབ་ཀྱི་འོག དཔག་ཚད་ལྔ་བརྒྱད་གྲོང་ཁྱཻར་སེར་སྐྱ་ན། ཡི་དྭགས་གཙོ་བོ་གཤིན་རྗེ་ཆོས་རྒྱལ་འཁོར། སུམ་ཅུ་རྩ་དྲུག་ཕྱི་ནང་སྒྲིབ་པ་ཅན། ཟས་སྐོམ་སྒྲིབ་པ་མེ་ལྕེའི་འཁོར་ལོ་ཅན། དེ་བཞིན་ཚེ་ཚད་མི་ལོ་ཁྲི་ལྔ་སྟོང༌། རང་ལོ་ལྔ་བརྒྱ་ཐུབ་ཅིང་ཁ་འཐོར་བའི། ཡི་དྭགས་མི་ཡུལ་དུར་ཁྲིད་ཤ་ཟར་བགྲང༌། དུད་འགྲོ་ཕལ་ཆེར་ཕྱིའི་རྒྱ་མཚོར་གནས། ཁ་འཐོར་བ་རྣམས་ལྷ་མིའི་ཡུལ་ནའང་ཡོད། ཚེ་ཚད་ཀླུ་རྒྱལ་འགའ་རེ་བར་བསྐལ་ཐུབ། ཐུང་པ་སྦྲང་བུ་ལ་སོགས་ཡུད་ཙམ་འཆུ། ལུས་ཀྱི་ཚད་ནི་ངེས་པ་མེད་པར་བསྟན། མི་རྣམས་གླིང་བཞི་གླིང་གཡོག་བརྒྱད་པོ་དང༌། གླིང་ཕྲན་ལ་གནས་ཚེ་ཚད་འཛམ་གླིང་པ། རིང་ཐུང་ངེས་མེད་སྒྲ་མི་སྙན་པ་སྟོང༌། ལུས་འཕགས་ལྔ་བརྒྱ་དེ་ཕྱེད་བ(༢༠༢.བ)གླང་སྤྱོད། བྱང་པ་མ་གཏོགས་གློ་བུར་འཆི་བའང་ཡོད། ལུས་ཚད་འཛམ་གླིང་པ་རྣམས་རང་གྲུ་བཟི། ཤར་ནུབ་བྱང་པ་རིམ་བཞིན་གཉིས་འགྱུར་ལྡན། སྒྲ་མི་སྙན་པ་མ་རྨོས་ས་ལུ་ཟ། དཔག་བསམ་ཤིང་ལ་གོས་རྒྱན་ཅི་འདོད་འབྱུང༌། གླིང་གཞན་གསུམ་པོ་བཏབ་འབྲུ་ཤ་ཟ་ཞིང༌། རིན་ཆེན་བ་གླང་ནོར་ལ་ལོངས་སྤྱོད་བྱེད། མི་རྣམས་གདོང་པའང་རང་རང་གླིང་དབྱིབས་འདྲ། ཤར་ནུབ་ལྷོ་ན་ཚད་གཉེར་ས་ཁང་དང༌། རྗེ་འབངས་ཉེ་འབྲེལ་བག་མ་སྟོང་ལེན་དང༌། འཁྲིག་པ་སྤྱོད་ཅིང་ནོར་རྫས་མངོན་ཞེན་ཡོད། སྒྲ་མི་སྙན་ན་དེ་རྣམས་ཀུན་མེད་ཅིང༌། འཁྲིག་པའི་ཚུལ་ཙམ་གསང་གནས་རླུང་རྒྱུའོ། ལུས་ཚད་གོས་ལ་ཡང་ལྗིད་སྲང་གཅིག་ཡོད། དུས་བཞིའི་མིང་ཡོད་ཚ་གྲང་བྱེ་བྲག་མེད། གླིང་གཡོག་རྣམས་ཀྱང་དེའི་མཚོན་པར་བྱེད། ལྷ་མིན་གནས་ནི་རི་རབ་ཆུ་མཚམས་ནས། དཔག་ཚད་ཆིག་ཁྲི་ཆིག་སྟོང་ཐུར་གཞལ་བའི། ཁོང་སེང་(༢༠༣.ན)དག་ན་འོད་ལྡན་རྐང་ཕྲེང་ཅན། བརྟག་བའི་གྲོང་དང་ཟབ་པའི་གྲོང་ཁྱེར་ན། ལྷ་མིན་དབང་པོ་སྒྲ་གཅན་འཕྲེང་བ་ཅན། རབ་སྣོན་ཐག་ཟངས་རིགས་ཞེས་འཁོར་བཅས་རྣམས། བརྒྱ་བྱིན་ལ་འགྲན་གྲོང་ཁྱེར་གསེར་ལྡན་དང༌། ཕོ་བྲང་གཏམས་ཅན་ལྗོན་ཤིང་ཙི་ཏ་པ། བདུན་པ་ནོར་བཟང་རྡོ་ལེབ་བཟང་པོ་དང༌། སྐྱེལ་ཚལ་ཀུན་དགའ་རབ་དགའ་དགའ་བ་དང༌། ཀུན་རབ་དགའ་ཞེས་ས་གཞིའི་མིང༌། ཀུན་དགའ་མ་དང་རབ་དགའ་དགའ་མ་དང༌། ཀུན་ཏུ་དགའ་བ་མ་དང་བཞི་ཡོད་ཅིང༌། གཡུལ་ངོར་སྤྱོད་པའི་གླང་ཆེན་བཟོད་དཀའ་དང༌། སྐྱེད་ཚལ་སྤྱོད་པའི་ཏི་རྩེ་གངས་རྩེགས་དང༌། རྟ་མཆོག་རྒྱལ་པོ་གྲགས་འཛིངས་ཞེས་བྱ་ཡོད། མདོར་ན་ཆང་མེད་མ་གཏོགས་ལོངས་སྤྱོད་ལྷ་དང་མཉམ། གྲོང་ཁྱེར་བཞི་པོ་བར་ཁྱད་གོང་དང་མཚུངས། དབང་སྟོབས་མངའ་ཐང་འོག་ནས་ཆེ་བར་བཤད། ལྷ་འདྲ་དངོས་མ་ཡིན་པས་ལྷ་མིན་ཟེར། ལྷ་དྲུག་འོག་མ་རྒྱལ་ཆེན་རིགས་བཞིའི་འཁོར། རི(༢༠༣.བ)རབ་བང་རིམ་དང་པོར་གཞོང་ཐོགས་དང༌། གཉིས་པར་ཕྲེང་ཐོགས་གསུམ་པར་སྟག་མྱོས་གནས། བཞི་པའི་ལྷ་དང་མཉམ་ཞིང་འཛིན་རི་ཡི། ཤར་ཕྱོགས་ཡུལ་འཁོར་བསྲུས་ན་ཡུལ་འཁོར་བསྲུངས། །བྱང་ཕྱོགས་ལྕང་ལོ་ཅན་ན་རྣམ་ཐོས་སྲས། །ནུབ་ཕྱོགས་སྣ་ཚོགས་གཟུགས་ན་མིག་མིཇ་བཟང། །ལྷོ་ཕྱོགས་སྐྱེས་པོ་ན་འཕགས་སྐྱེས་རྒྱལ། །ཉི་ཟླ་སྐར་མ་ལྕགས་རི་འཛིན་གླིང་གི །རི་དང་ལྗོན་ཤིང་ལ་གནས་ལྷ་ཚོགས་རྣམས། །རྒྱལ་ཆེན་རིགས་བཞིའི་ཆར་གཏོགས་སྡེ་ཚན་གཅིག །དེ་སྟེང་རི་རབ་རྩ་ན་བརྒྱ་བྱིན་གནས། །རྣམ་རྒྱལ་ཁང་པར་བདེ་སོགས་མ་ལ་བརྩེགས། །ལྷ་དང་ལྷ་མིན་བུ་མོ་བརྩེ་དགའ་རོལ། །གླིང་ཆེན་རབ་བརྟན་གཡུལ་ངོར་སྤྱོད་པ་དང༌། །སྐྱེད་ཚལ་སྤྱོད་པ་ས་བསྲུངས་བུ་ཞེས་པ། །སྤྲིན་གྱི་ཤུགས་ཅན་རྟ་མཆོག་དེ་དང་མཚུངས། །ནོར་ལྷ་མཆེད་(༢༠༤.ན)བརྒྱད་དྲག་པོ་བཅུ་གཅིག་དང༌། །ཉི་མ་བཅུ་གཉིས་ཐ་སྐར་བུ་གཉིས་སྟེང། །དབང་པོ་ཉེ་དབང་སུམ་ཅུ་རྩ་གསུམ་དག །་ཡོད་ཕྱིར་ལྷ་གནས་སུམ་ཅུ་རྩ་གསུམ་ཟེར། །དེ་ནས་ལྷ་མིན་འཐབ་རྩཽད་བྲལ་བའི་ཕྱིར། །འཐབ་བྲལ་ཞེས་བྱའི་ལྷ་གནས་དེ་སྟེངས་ན། །བྱམས་མགོན་ཐེག་ཆེན་སྐྱོང་པས་དགའ་ལྡན་ཟེར། །རང་གིས་སྤྲུལ་ནས་སྤྱོད་པས་འཕྲུལ་དགའི་གནས། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་དཔག་མེད། །བདེ་བར་སྤྱོད་པས་གཞན་སྤྲུལ་དབང་བྱེད་ཟེར། །དེ་མན་འདོད་པའི་ལྷ་དྲུག་འདོད་ཁམས་ཡིན། །ལུས་ཚད་རྒྱལ་ཆེན་རིགས་བཞི་རྒྱང་གྲགས་ཀྱི། །བཞི་ཆ་ཡོད་ཅིང་ཡར་ཡར་བཞི་ཆ་འཕར། །ཚེ་ཚད་མི་ལོ་ལྔ་བཅུ་ཞག་གཅིག་ཏུ། །རྩིས་པའི་རང་ལོ་ལྔ་བརྒྱ་རིགས་བཞིས་ཐུབ། །དེ་ནས་གཞན་སྤྲུལ་མན་ལ་འདབ་(ལྡབ)འགྱུར་འཕར། །དེ་སྟེངས་གཟུགས་ཁམས་ལྷ་རིགས་བཅུ་བདུན་ནི། །བསམ་གཏན་བཞིས་བསྡུས་དང་པོ་ཚངས་རིས་དང། །མདུན་ན་འདོན་དང་ཚངས་པ་ཆེན་པོ(༡༠༤.བ)འོ། །གཉིས་པ་འོད་ཆུང་ཚད་འོད་གསལ་ལོ། གསུམ་པ་དགེ་ཆུང་ཚད་མེད་དགེ་རྒྱས་སོ། བཞི་པ་དག་ལལ་རྣམ་པ་བརྒྱད་དུ་འཇེད། སྤྲིན་མེད་བསོད་ནམས་སྐྱེས་དང་འབྲས་བུ་ཆེ། དེ་མན་སོ་སོ་སྐྱེ་བོའི་གནས་གཞན་ཡིན། མི་ཆེ་མི་གདུང་གྱ་ནོམ་སྣང་བ་དང༌། །ཤིན་ཏུ་མཐོང་བ་འོག་མིན་གསན་དང་ལྔ། ཚེ་ཚད་བསྐལ་ཆེན་གཅིག་གི་བཞི་ཆ་སྟེ། དེ་ནས་ཡར་ཡར་འདབ་(ལྡབ)འགྱུར་འཕར་བས་ན། འོག་མིན་པ་རྣམས་ལུས་ལ་དཔག་ཚད་དང༌། ཚེ་ལ་བསྐལ་ཆེན་གཉིས་ཁར་ཁྲི་དྲུག་སྟོང། རེ་རེ་ཐུབ་ཅིང་རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་པ་ལ་འཁྲིག་སྤྱོད་ཚང། དབང་པོ་གཉིས་སྦྱོར་ཡོད་དེ་གསང་གནས་རླུང་རྒྱུའོ། རྒྱལ་རིགས(༢༠༥.ན)གཞན་འཕྲུལ་བར་རྣམས་འཕྲག་གོང་དུ། ཁྱེའུ་བུ་མོ་ཆུང་ངུར་རྫུས་ཏེ་སྐྱེས། འཐབ་བྲལ་མཁྱུད་དང་དགའ་ལྡན་ལག་བཅངས་དང༌། འཕྲུལ་དགའ་གཞན་འཕྲུས་ལྟས་པ་ཙམ་ཞིག་གིས། འདོད་ཆགས་གདུང་པ་ཞིའཽ་ཚངས་རས་ནས། འོག་མིན་པ་རྣམས་འདོད་ཆགས་གཏན་མི་སྐྱེ། ཡན་ལག་ཉང་ལག་རྫོགས་པར་རྫུས་ཏེ་སྐྱེ། ནོར་རྫུས་ཉེ་དུའི་འདོད་ཚེན་གང་ཡང་མེད། །གཟུགས་ཁམས་སྟེང་ན་གཟུགས་མེད་ལྷ་གནས་བཞི། ལུས་མེད་ཏིང་འཛིན་བྱེ་བྲག་བཞིར་གྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་མཐའ་ཡས་དང༌། ཅི་ཡང་མེད་དང་འདུ་ཤེ་བེད་མིན་རྣམས། བསྐལ་ཆེན་སྟོང་ཕྲག་ཉི་ཤུ་ནས། རིམ་པས་འདབ་འགྱུར་གོང་མས་བརྒྱད་ཅུ་ནི། ཚེ་ཚད་ཡིན་གྱི་གཟུགས་མེད་འདོད་ཆགས་པས། གཟུགས་མེད་ཁམས་ཀྱི་ལྷ་གནས་བཞི་ཟེར་རོ། ཨེ་མ་སྲིད་པའི་རྩེར་ཕྱིན་མ་ཐོབ་ཀྱང། སེམས་ཀྱི་གནས་ལུགས་མ་རྟོགས་འཁྲུལ་པར་སྤྱོད། ཟོ་ཆུའི་ཁྱུད་མོ་ཇི་བཞིན(༢༠༥.བ)གོ་བ་རྣམས། དལ་འབྱོར་ཐོབ་དུས་བཙན་ས་འཛིན་པར་རིགས། བསྐལ་པ་དང༌། ལོ་ཟླ་ཞག་དུས་ཀྱི་ཐུང་མཐའ། སྐད་ཅིག་མ་ལ་ཐུག་སྟེ། དེ་འང་ཕྲ་བའི་སྐད་ཅིག་མའི་ཚད་ནི་གྱད་ནི་གྱད་ཀྱི་སེ་གོལ་ཏོག་པ་གཅིག་གི་ཡུན་ནམ། བུུད་མེད་འབྲིང་པོས་བལ་འདབ་ཐེན་པ། འཕང་ལ་དཀྲི་བ་ཚར་བའི་ཡུན་དེ། བརྒྱ་ཉི་ཤུར་བགོངས་པའམ།་ཆ་གཅིག་ཡིན་པར་འདོད་དོ། ཕྲ་བའི་སྐད་ཅིག་མ་དེ། བརྒྱ་ཉི་ཤུ་ལ། རགས་པའི་སྐད་ཅིག་མ་གཅིག་གོ རགས་པའི་སྐད་ཅིག་མ་བཅུ་དྲུག་ལ། ཐང་ཅིག དེ་སུམ་ཅུ་ལ་ཡུད་ཙམ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ མདོ་སིལ་བུ་ལས། གཅིག་ གཉིས། གསུམ། བཞི། ལྔ། དྲུག བདུན། བརྒྱད། ལེ། བཅུ། བརྒྱ། སྟོང། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་རྣམས། ཟླ་བོ་མེད་པའི། གྲངས་སོ། ཟླ་བོ་དང་བཅས་པ་ནི། དུང་ཕྱུར་བཅུ་ལ། (༡༠༦.ན)ཐེར་འབུམ་གཅིག་ནས། ཕྲག་ཁྲིག རབ་བཀྲི། གརམ་པ་ཀྲིགས་པ། མི་འཁྲུགས། ཁྱད་ཕྱིན། སྤངས་སྟེངས། དད་འདྲེན། མྲའ་སྣང། རྒྱུ་རིག་འོད་མཛེས། དབང་པོ། སེགས་བྱིན། རྟོ་འགྲོ འབྱིང་རྡུལ། རྒྱ་རྟགས། སྟོབས་འཁོར། བརྡའ་ཤེས། རྣམ་འབྱུང༌། སྟོབས་མིག་རྣམས་ལ། གྲངས་ཀྱི་གནས་གཞན་དྲུག་ཅུ་ཟེར་རོ། རྒྱ་ཆེ་རོལ་པར། གོང་ལྟར་བགྲངས་བའི། གྲངས་ཀྱི་མཐའ་ན་མར། རྡུལ་ཕྲ་རབ་ཀྱི་འཇའ་པ་རྗེས་སུ་སོང་བ་ཞེས་པའི་གྲངས་ཀྱི་མིང་དང༌། ཕལ་པོ་ཆེ་ནས༌། གྲངས་ཀྱི་མིང་མི་འདྲ་བ་སྣ་ཚོགས་པའི་མཐར། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ཡོད་དེ། དེས་ནི་གང་གཱའི་རླུང་ག་བྱེ་དམ་རྩིས་པའི་གཞི་བྱས་ཀྱང། ཆོད་པར་རུང་ངོ། བསྐལ་པའི་བར་ལལ་བརྗོད་ཅིང་བགྲངས་ཀྱང། མཐར་ཐུག་བརྗོད་དུ་མེད་པའོ། བསྐལ་པ་དྲུག་ནི། བར་གྱི་བསྐལ་པ་དང༌། ཆགས་པའི་བསྐལ་པ་དང༌། གནས་པའི་དང། (༢༠༦.བ)འཇིགས་པའི་དང༌། སྟོངས་པའི་དང༌། བསྐལ་པ་ཆེན་པོའོ། བར་བསྐལ་ཞེས་པ་ནི། མི་ལོ་ཐེར་འབུམ་བཅུ་ལ། ་ཐེར་འབུམ་ཆེན་པོ་གཅིག་ཡོད་པ་དེ་ནི་འཛམ་བུ་གླིང་པའི་མི་རྣམས། ཚེ་ལོ་བརྒྱད་ཁྲི་པ་ནས་བཟུང་སྟེ་ཚེ་ལོ་བཅུ་པར་གྱུར་པ།་དེ་ལ་བར་བསྐལ་དང་པོའམ། ཡ་ཐོག་རིང་མོ་ཟེར། བར་བསྐལ་གཅིག་གོ དེ་རྟིང༌། དེ་འདྲ་བ་ཐེངས་བཅོ་བརྒྱད་ལ། བར་གྱི་ཁུག་པ་བཅོ་བརྒྱད་ཟེར་ཅིང༌། ཡང་ཚེ་ལོ་བཅུ་པ་ནས། བརྒྱད་ཁྲི་བར་གྱུར་པ་ཐེངས་གཅིག་ལ། བར་བསྐལ་ཐ་མའམ། མ་ཐོག་རིང་མོའང་ཟེར་ཏེ། དེ་རྣམས་ལ། བསྐལ་ཉི་ཤུའི་ཡུན་དུ་སྟངས། ཉི་ཤུའི་ཡུན་དུ་འཆགས། ཉི་ཤུའི་ཡུན་དུ་གནས་པའི་ཕྱིར་རོ། །དེ་ལྟར་བར་བསྐལ་བརྒྱད་ཅུ་ལ། བསྐལ་པ་ཆེན་པོ་གཅིག་ཟེར། དང་པོར་འཆགས་པ་ལ། བར་བསྐལ་གཅིག་འགྲོ་བའི་ཚད་ནི། ཐོག་མར་རླུང་གི་དཀྱིལ(༢༠༧.ན)འཁོར་ཙམ་པ་ནས། བཐར་མནར་མེ་དཀྱི་དམྱལ་བར་སེམས་ཅན་གཅིག་སྐྱས་པའི་བར་ཡིན་ནོ། བཅུད་ཀྱི་སེམས་ཅན་ནི། སྟོང་གསུམ་འདི་མེས་ཞིག་པའི་རྗེས་མ་འོད་གསལ་གྱི་ལྷ་ལ་འབབ་སྟེ། འོད་གསལ་གྱི་ལྷ་ཚེ་ཆད་པ་རྣམས། ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེས་པས་ན། འཇིག་རྟེན་གྱི་སྤྱི་མེས་ཚངས་པ་ཞེས་ཟེར་རཔ། དེ་ནས་ལྷ་གནས་རིམ་པ་བཞིན་མར་བབས་ནས། རྒྱལ་ཆེན་རིགས་བཞི་དང༌། བྱང་སྒྲ་མི་སྙན༌། ནུབ་བ་གླང་སྤྱོད༌། ཤར་ལུས་འཕགས་པོ། མཐར་ལྷོ་འཛམ་བུ་གླིང་དུ་སྐྱེ་ཞིང། དེ་ཐམས་ཅད་ཀྱང་རྫུས་ཏེ་སྐྱེ་ཞིང༌། ཚེ་ལོ་དཔག་ཏུ་མེ་དཔ་ཐུབ། གཟུགས་ཁམས་ཀྱི་ལྷ་དང་འདྲ་བ་ཡོད་དོ། དེ་རྟིང། རིམ་གྱིས་དམན་ཏེ། འཛམ་གླིང་གི་རྒྱལ་པོ་ལ་སྔ་བ། མང་པོས་བཀུར་བའི་དུས་སུ་མ་བྱིན་པར་ལེན་པ་སོགས། མི་དགེ་བཅུ་ལ་སྤྱད་པའི་སྐྱོན་གྱིས། ཚེ་དང་བསོད་ནམས་མར་འགྲིབས་ཏེ། ཚེ་ལོ་བཅུ་པའི་དུས་སུ། མཚོན་གྱི་བསྐལ་པ་ཞག་བདུན་དང༌། (༡༠༧.བ)ནད་ཀྱི་བསྐལ་པ་ཞག་བདུན་ཟླ་བ་བདུན་དང༌། མུ་གེ་ཐུར་མ་བ་དང༌། གབ་ཚེ་བ་དང༌། རུས་གོང་དཀར་པོ་པ་ལ་སོགས་མུ་གེའི་བསྐལ་པ་ཞག་བདུན་ནོ། ཟླ་བ་བདུན། ལོ་བདུན་བྱུང་ནས་མི་ཕལ་ཆེར་ཟད། ལྷག་མ་འགའ་ཏེ་འདུས་པ། ཕན་ཚུན་མཐུན་པར་འགྱུར་ཞིང། ཉ་སྟོང༌། ཚེས་བརྒྱད་བསྲུངས་པ་དང༌། སྲོག་གཅོད་སྤོངས་པ་ལ་སོགས་དགེ་བཅུ་སྤྱོད་པ་ལ་གོམས་པས། ཚེ་དང་བསོད་ནམས་འཕེལ་ནས། ཚེ་ལོ་བརྒྱད་ཁྲི་པར་འགྱུར་ཏོ། དེ་ལྟར་ཡར་འཕེལ་བའི་དུས་སུ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྣམས་འབྱུང་སྟེ། ཆོས་ཁྲིམས་ཀྱིས་སེམས་ཅན་སྐྱོང་ངོ། མར་འགྲིམ་དུས་ནི། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ནས་འདྲེན་པ་མཛོད་རང་རྒྱས(རྒྱལ)རྣམས་ནི། འཕེལ་འགྲིབ་གཉིས་ཀའི་དུས་སུ་བྱོན་ནས། སེམས་ཅན་རྣམས། བསོད་ནམས་བསོག་པའི་ཞིང་མཛོད༌། བར་བསྐལ་ཉི་ཤུ་གནས་པའི་རྗེས་སུ། འཇིག་པའི་འགོ་རྩོམ(༡༠༨.ན)པ་ནི། མནར་མེད་ཀྱི་དམྱལ་བར་གསར་དུ་སྐྱེ་བའི་རྒྱུན་ཆད་ནས་སྟོངས་ཏེ། ཚུལ་འདི་ཉིད་ཀྱིས་དམྱལ་བ་གོང་མ་དང༌། ཡི་དྭགས་དུད་འགྲོ། མི་ཡུལ། ལྷ་མི། ལྷ་གནས་རྣམས༌། མས་ཡར་རིམ་པས་སྟོངས་ནས་པར་འགྱུར་ཏེ། ཚངས་པའི་འཇིག་རྟེན་བར་སྟོངས་པར་འགྱུར་ཏེ། དེའི་བར་ལ། བར་གྱི་བསྐལ་པ་བཅུ་དགུ་ཐོགས་སོ། དེ་ནས་གླིང་བཞིར། ཉི་མ་བདུན་ཤར་ནས༌། རིམ་པས་སྐམ་སྟེ། བདུན་པ་ལ། སྣོད་འདི་མེ་ལྕེ་གཅིག་ཏུ་འབར་ནས། མནར་མེད་ནས་ཚངས་པའི་གནས་མན། མེས་འཇིག་གོ དེ་ལ་བར་བསྐལ་ཅིག་ཐོགས་ཏེ། འཇིག་རྟེན་འཇིག་པ་ལ། བར་བསྐལ་ཉི་ཤུ་ཐོགས་སོ། དེ་ནས་སྟོངས་པ་ནི། བར་གྱི་བསྐལ་པ་ཉི་ཤུ་བར་ལ་སྟོངས་པ་ཡིན་ནོ། དེ་ལྟར་འཆགས་པ་ད་ང། གནས་པ་དང༌། འཇིག་པ་དང༌། སྟོངས་པའི་བསྐལ་བ་རྣམས་ལ། བར་གྱི་བསྐལ་པ་བརྒྱད་ཅ་ཡོད་དོ། དེ་དག་ཐམས་ཅད་ལ་ནི་བསྐལ་པ་ཆེན་པོ་ཞེས་བྱའོ། སྣོད་འཇིག་པ་དེ་དང༌། (༢༠༨.བ)མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་འཇིག་དང་གསུམ་སྟེ། ཐོག་མར་མེས་འཇིག་ཚུལ་གོང་དུ་བཤད་པ་ལྟར་འཇིག་ཅིང། ཡང་འཆགས་ཐེངས་རིམ་པ་བདུན་བྱུང་བའི་མཐར། བསམ་གཏན་གཉིས་པ་མན། ལམ་ཚ་ཆུ་ནང་དུ་ཞུ་བ་ལྟར་ཆུས་འཇིགས་པར་བྱེད་དེ། ཆུ་དེ་ཡང་རང་ཉིད་སྐམ་པར་འགྱུར་རོ། དེ་ལྟར་མེས་འཇིགས་པ་ལན་བདུན་རེའི་རྗེས་ལ་འཆགས་པའི་འཇིག་རྟེན་དེ་ནི། རླུང་གིས་འཇིག་སྟེ། དེ་དུ་བསམ་གཏན་གསུམ་པ་མན་ཆད་འཇིགས་པའི་ཚེ། རླུང་ཆེན་པོས་རི་རབ་ཀྱང་གཏོར་ཡད་ལ་སྟོང་ལ་གཞན་རྣམས་སྨོས་མི་དགོས་སོ། བསམ་གཏན་བཞི་པ་ནི། འབྱུང་བ་གང་གིས་ཀྱང་མི་འཇིག་རང་སྐྱེས་འཆིའི་དུས། གཞལ་ཡས་ཁང་དང་མཉམ་དུ་འབྱུང་(༢༠༩.ན)འཇིག་གོ བསམ་གཏན་གསུམ་པ་མན། རླུང་དེས་ཞིག་ཚར་བའི་མཐར། ཕྱོགས་བཅུའི་རླུང་འདུས་པ་བརྟེན་ནས། གོང་དུ་བཤད་བ་ལྟར། ཡང་བསྐལ་པའི་རིམ་པ་ཆགས་པ་ཡིན་ཏེ། ཆོས་རྒྱལ་འཕགས་པས་མདོ་རྒྱུད་མཐའ་དག་གི ཁྱད་པར་འཕགས་པའི་དོན་བསྡུས་བསྟན་བཅོས་མིང། ཤེས་བ་རབ་གསལ་གྲགས་པའི་ཉི་མ་ཡིས། བདག་བློའི་གཏི་མུག་གསལ་ཕྱིར་སྣོད་བཅུད་ཀྱི། འཆགས་འཇིག་ཁམས་གསུམ་དབྱེ་བ་མདོར་བསྡུས་འདིའི། དགེ་བས་འགྲོ་རྣམས་ཀུན་མཁྱེན་མྱུར་ཐོབ་ཤོག ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོའི་མཛད་བྱང་དང་སྨོན་ལམ་བཞུགས་སོ། སྭསྟི། རྒྱལ་བའི་བཀའ་དང་བསྟན་འཛིན་སྐྱེས་བུ་ཡི། དགོངས་བཞེད་དང་མཐུན་འཛམ་གླིང་བཤས་ཆེ་བའི། ལོ་པཎ་མཁས་གྲུབ་ཆོས་རྒྱལ་རིམ་པ་དང༌། སྟོབས་ལྡན་རྣམས་ཀྱིས་ཐུབ་བསྟན་རྒྱས་པའི་ཐབས། སྣ་ཚོགས་སྤེལ་མཛད་རྣམ་ཐར་བསྒྲིགས་པ་ཡི། ལེགས་བཤད(༢༠༩.བ)མཁས་པ་དགའ་བྱེད་ཡིག་ཚང་འདི། ཡིག་མཁན་ཤཱཀྱའི་དགེ་བསྙེན་ཤྲི་བྷུ་ཏི། བྷ་དྲའི་མིང་ཅན་གཡས་རུ་སྟག་ཚང་པས། ཤིང་ཕོ་སྟག་ལ་སྟག་སྣ་དོན་རྩེར་བཀོད།་འདི་ཡི་དགེ་བ་རབ་དཀར་དྲི་མེད་དེས། རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང༌། འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག སྔོན་ཆད་བོད་འདིར་མཁས་མང་གིས་སྡེབས་པའི། ཡིག་ཚང་ཡིག་ཚོགས་རྒྱས་པ་མང་མོད་ཀྱི། དེ་དག་ཀུན་ཀྱང་རིན་ཆེན་གསེར་དང་མཚུངས། ཚིག་གི་ནོར་བུ་རྟོག་བཏུས་ཡི་གེའི་འབྲུ། དག་བསམ་སྲད་བུར་རྒྱུས་པའི་ཡིག་ཚང་མཆོག མདོར་བསྡུས་དོན་བསྡུ་དོན་གསལ་འཛམ་བུ་ཆུ་བོའི་གསེར། ཇི་བཞིན་མཁས་པའི་ཁྱད་ནོར་འདི་འདྲ་དཀོན། སྐལ་ལྡན་དགའ་སྤྲོ་འཕལ་བའི་རྒྱུར་གྱུར་ཅིག འདི་དོན་མཐོང་ཐོས་དྲན་པའི་སྐྱེ་བོ་གང། ཆོས་རྒྱལ་ཡོན་མཆོད་རྣམས་ལ་སེམས་དད་ཅིང། སངས་རྒྱས་བསྟན་ལ་མཆོག་ཏུ(༢༡༠.ན)མོས་པ་དང༌། རང་གཞན་དགེ་ལ་བསྐུལ་བའི་རྒྱུར་ཅིག མཁས་མང་རྒྱུ་སྐར་དབུས་ན་ཉི་མ་བཞིན། གཞན་ཕན་བདེ་སྟོང་འགྱེད་པའི་ཡིག་ཚང་འདི། བློ་ངན་རབ་རིབ་མུན་ནག་ཕྱིར་གསལ་ནས། བློ་གྲོས་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག བློ་གསལ་རེ་དགས་གཙོ་བོར་གདོང་ལྔ་བཞིན། སྨྲ་བའི་ཕྱོགས་ལ་མི་འཇིགས་ཡིག་ཚང་འདིས། ལྟ་ངན་ཝ་སྐྱེས་ཚོགས་རྣམས་ཟིལ་མནན་ནས། ཕས་རྒོལ་སྤོབས་པ་འཇོམས་པའི་རྒྱུར་གྱུར་ཅིག ཟབ་ཡངས་རྒྱ་མཚོའི་ཀློང་ནས་བསམ་བཞིན། གང་ལ་ཅི་འདོད་རྟེར་བའི་ཡིག་ཚང་འདིས། བླུན་རྨོངས་དབུལ་བའི་སྡུག་བསྔལ་ཀུན་གསལ་ནས། འདོད་དགུའི་གཏེར་ཁ་འབྱེད་པའི་རྒྱུར་གྱུར་ཅིག ནོར་ཚོལ་སྐྱེ་པོའི་ཁྲོད་ན་དེད་དཔོན་བཞིན། ཐབས་མཁས་གྲུ་ཆེན་ལྡན་པའི་ཡིག་ཚང་འདིས། འགྲོ་མངས་ཕན་བདེའི་རླུང་གིས་ལེགས་སྐྱོད་ནས། ཐར་པའི་ལམ་མཆོག་སྟོན་པའི་རྒྱུར་གྱུར་ཅིག (༢༡༠.བ)འདོད་དགུའི་བང་མཛོད་ལེགས་བཤད་རྒྱན་གྱིས་སྤྲད། ངོ་མཚར་གཏམ་རྒྱུད་ཕྲེང་བའི་དྲ་བྱེད་འཔྱང། སངས་རྻས་བྱོན་ཚུལ་ཏོག་གི་ཞེར་མཛེས་པའི། ཁང་བཟངས་ཀུན་འཇོམ་འདི་ཡིཇ་ཕྱོགས་བཟི་ཏུ། ད་ལྟའི་སྐབས་ན་བསྟན་འི་སྲིག་འཛིན་ཅིང། སྙིགས་དུས་འགྲོ་མགོན་ཆོས་རྒྱལ་རབ་བརྟན་གྱིས། རྣམ་ཐར་ནོར་བུའི་རྒྱལ་མཚན་ཆེར་གཙུགས་ནས། སྙན་གྲགས་བ་དན་གཡོ་བའི་རྒྱར་གྱུར་ཅིག ཟབ་བཏུས་སེགས་པར་སྒྲིགས་པའི་ཡིན་ཚང་འདིས། མཁའ་ལྟར་ཁྱབ་ནས་བསྟན་པའི་བྱ་བ་ཀུན། བསྒྲུབ་པའི་དམིགས་རྐྱེན་བྱེད་པའི་རྒྱུར་གྱུར་ཅིག ཕྱོགས་གཅིག་བསྡུས་ན་འདོད་དགུའི་གཏེར་མཛོད་དང༌། སོ་སོར་འཐོར་ན་རིན་ཆེན་རས་བ་བཞིན། གང་ལྟར་གྱུར་ཀྱང་ཕན་བདེའི་ཡིག་ཚང་འདིས། འགྲོ་མང་དགེ་ལ་བསྐུལ་བའི་རྒྱུར་གྱུར་ཅིག མདོར་ན་བསྟན་དང་འགྲོ(༢༡༡.ན)ལ་ཕན་ཕྱིར་དུ། ལྷག་བསམ་རྣམ་པར་དག་པས་བཀོད་པ་དང༌། བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག སྨྲ་བའི་སེང་གེ་འཇམ་དབྱངས་མགོན་པོའི་སྐུ། མཚན་དཔེ་གཟི་འོད་འཁོར་ཚོགས་སྐུ་ཚེའི་ཚད། ཞིང་ཁམས་འཕྲིན་ལས་བཟང་པོ་ཅི་འདྲ་བ། དེ་འདྲ་ཁོ་ནར་བདག་སོགས་འཇུག་གྱུར་ཅིག ཕྱོགས་དུས་གནས་སྐམས་ཐམས་ཅད་དུ། བཀྲ་ཤིས་དང་བདེ་ལེས་ཆེན་པོའི་དཔལ་གྱིས་ཁྱབ་པར་གྱུར་ཅིག བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ཡོངས་སུ་འགྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཏདྱཐཱ། ཨོྂ་དྷ་ར་དྷ་ར། བྷནྡྷ་རེ་སྭཱཧཱ། ཞེས་ལན་གཅིག་བརྗོད་པ་ལ། རང་དང་གཞན་གྱི་དོན་དུ་སྨོན་ལམ་ཅི་བཏབ་པ་ཐམས་ཅད། གདོན་མི་ཟ་བར་འགྲུབ་པར་འགྱུར་རོ།་ཞེས་མདོ་སྡེ་ནས་གསལ་བར་གསུངས་སོ། །དགེ་བའི་ལས་གང་བྱས་པའི(༢༡༡.བ)རྗེས་སུ། ཨོྂ་སྨེ་ར་སྨ་རེ་བྷི་མ་ན་ཀ་ར་མཧཱ་ཛམྦྷ་ན་ཧཱུྂཕཊ། ཅེས་པ་ཚར་བདུན་བཟླས་ན། དགེ་བ་དེ་བྱེ་བ་འགྱུར་དུ་འཕེལ་བར་ངེས་པ་རྒྱུད་སྡེ་ནས་གསུངས་སོ། དགེའོ་མངྒ་ལྃ། བྷ་ཝནྟུ། སླར་སྨྲས་པ། གཡས་ཏུ་སྟག་ཚང་དཔལ་འབྱོར་བཟང་པོ་ཡིས། ཐུགས་བཅུད་ལས་འོང་འཛམ་གླིང་གསལ་བའི་རྒྱན། ཡིག་ཚང་མཁས་པ་དགའ་བྱེད་ཞེས་བྱ་བའི། རྒྱལ་རབས་སྣ་ཚོགས་བསྡུས་པའི་བསྟན་བཅོས་འདི། ཡི་གེའི་འདུ་བྱེད་ཀུན་བཟང་སྟོབས་རྒྱལ་གྱིས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། མི་ཟས་ཡུན་རིང་ཟོས་འི་རིན་འབབ་ཏུ། བཞེངས་པའི་དགེ་བས་རྒྱལ་བསྟན་རིན་པོ་ཆེ། དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དང༌། དཔལ་ལྡན་འབྲུག་པའི་ཆབ་སྲིད་བརྟན་པར་ཤོག དེའི་མཐུས་ལས་བདག་སོགས་འགྲོ་བ་ཀུན། བདེ་སྐྱིད་ལོངས་སྤྱོད་དཔལ་གྱི་རབ་འཚོ་ནས། ཡང་དག་ཆོས་དང་མཇལ་བའི་སྨོན་ལམ་ཞུ། ཅེས་པའང་ལས་རོགས་མཆེད་གྲོགས་ཨུ་རྒྱན་བསྟན་འཛིན་ནས་བསྐུལ་བ་བཞིན་ཡི་གེ་བྲིས་པ་པོས་སྨོན་འདུན་དུ་ཞུས་པའོ། དེ་འང་མ་དཔེ་དབུ་མེད་རྙིང་པ་ཡི་གེ་ཧ་ཅང་མ་དག་པ་ཞིག་འདུག་པ་ཅུང་རེ་བཟོ་བཅོས་བྱས་སྙམ་རེའང། ཤེས་ཡོན་གྱི་མ་ལྕོགས་པའི་ཁར་བཟོ་བཅོས་མ་རུང་པ་མཁས་པ་མང་པོས་ཞལ་རྒྱུན་བཞིན་མ་དཔེ་ཇི་བཞིན་དུ་ཆད་མེད་དཔེ་བཤུས་པ་ལས་བཟོ་བཅོས་སོགས་གང་ཡང་བྱས་མེད་ལ། དེས་ན་མཁས་པ་ཡོངས་ཀྱིས་གཟིགས་ལམ་དུ་ནོར་འཁྲུལ་མང་པོ་ཡོད་པར་སྲིད་པས། བཟོད་གསོལ་ལྷ་དང་བླ་མའི་ཚོགས་ལ་བཤགས་པར་བགྱིའོ། །དགེའོ།། །།

དཔེ་སྐྲུན་བྱས་པའི་གསལ་བཤད།
<<རྒྱ་བོད་ཡིག་ཚང་>> ཆེན་མོ་འདི་ནི་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་གནའ་རབས་དཔེ་ཆ་ལེགས་སྒྲིག་དང་དཔེ་སྐྲུན་གྱི་འཆར་འགོད་འགོ་ཁྲིད་ཚོགས་ཆུང་གིས་མཚམས་སྦྱོར་གནང་བ་ལྟར། བློ་མཐུན་ཝང་ཡལོ་ཡིས་གཅེས་ཚགས་མཛད་པའི་མ་ཕྱི་གཞི་བཞག་གིས། བློ་མཐུན་ཁྲེང་ཅན་གྱིས་ཞུ་དག་དང་ངོ་བཞུས་གནང་བའི་བཤུས་མ་ལ་གཞིགས་ནས་ཡིག་པར་བསྒྲིགས་ཤིང། འཚལ་བདེ་བར་ཡོང་ཕྱིར་མ་ཕྱིའི་ཤོག་གྲངས་མདུན་རྒྱབ་གཉིས་ཁག་སོ་སོར་ན་རྟགས་དང་བ་རྟགས་བཀོད་དེ་མཆན་རྟགས་ནང་སྒྲིག་པ་དང་ཆབས་ཅིག ཡི་གེ་ནོར་བ་རྣམས་ཀྱི་དག་ཡིག་མཆན་རྟགས་ནང་གསལ་བ་ལས་དེ་མིན་བཅོས་སྒྲིག་ཅི་ཡང་མ་བྱས་སོ། །མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དཔེ་ཆ་འདི་ཆ་ཚང་ཀློག་ཁར་བྱུང་ཡིག་གི་ལོ་དུས་ངོ་སྤྲོད་གནང་ཡིག་ཀྱང་བྲིས་ཡོད་ཅིང༌། དེ་བཞིན་མཁས་དབང་དམུ་དགེ་བསམ་གཏན་དང་བློ་བཟང་ཆོས་འབྱོར་རྣམ་གཉིས་ཀྱིས་དཔེ་ཆ་འདི་དཔེ་སྐྲུན་བྱེད་ལུགས་ཐད་ལ་ཐུགས་ཁུར་ཟབ་བཞེས་དང་རྩ་ཆེན་དགོངས་ཆ་དུ་མ་གསུངས་པར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་བཅས། རྩོམ་སྒྲིག་པ་ནས།
Post Views: 4,051