རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས།
དགོན་འདི་ནི་མཚོ་ངོས་ལས་རྨིད་ ༤༡༠༠ ཡོད་པ། རྟ་ནག་རིན་ཆེན་རྩེ་ཞེས་པའི་གྲོང་ཚོར་ཆགས་ཡོད། ཡུལ་འདི་ནི་སློབ་དཔོན་པདྨས་ལུང་གིས་བསྔགས་པ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨའི་གསུང་ལས། ལྗི་ཉུག་གཉིས་ཀྱི་བར་མཚམས་སུ། །མདོ་སྔགས་བསྟན་པ་སྤྲིན་ཙམ་དར། །




