ཀརྨ་བཀའ་བརྒྱུད་པའི་སྐུ་ཕྲེང་རིམ་པར་བྱོན་པ་བཅུ་བཞི།   ༡ རྗེ་དུས་སུམ་མཁྱེན་པ། (རབ་བྱུང་གཉིས་པའི་ལྕགས་སྟག༡༡༡༠ལོ་ནས་རབ་བྱུང་གསུམ་པའི་ཆུ་གླང་༡༡༩༣བར)འཁྲུངས་ཡུལ་མདོ་ཁམས་ཀྲེ་ཤོད། དགུང་ལོ་བརྒྱད་ཅུ་གྱ་བཞིར་བཞུགས། ༢ཀརྨ་པཀྴི་ཆོས་ཀྱི་བླ་མ། (རབ་བྱུང་གསུམ་པའི་ཤིང་བྱི༡༢༠༤ལོ་ནས་རབ་བྱུང་ལྔ་པའི་ཆུ་ལུག༡༢༨༣ལོ་བར)དགུང་ལོ་དོན་དགུ་བཞུགས། ༣ཀརྨ་པ་རང་བྱུང་རྡོ་རྗེ། (རབ་བྱུང་ལྔ་པའི་ཤིང་སྤྲེལ༡༢༨༤ལོ་ནས་རབ་བྱུང་དྲུག་པའི་ས་ཡོས༡༣༣༩ལོ་བར)དགུང་ལོ་ང་དྲུག་བཞུགས། ༤ཀརྨ་པ་རོལ་པའི་རྡོ་རྗེ། (རབ་བྱུང་དྲུག་པའི་ལྕགསའབྲུག༡༣༤༠ལོ་ནས་རབ་བྱུང་དྲུག་པའི་ཆུ་ཕག༡༣༨༣ལོ་བར)དགུང་ལོ་ཞེ་བཞི་བཞུགས། ༥ཀརྨ་པ་དེ་བཞིན་གཤེགས་པ། (རབ་བྱུང་དྲུག་པའི་ཤིང་བྱི༡༣༨༤ལོ་ནས་རབ་བྱུང་བདུན་པའི་ཤིང་ལུག༡༤༡༥ལོ་བར)དགུངལོ་སོ་གཉིས་བཞུགས། ༦ཀརྨ་པ་མཐོང་བ་དོན་ལྡན། (རབ་བྱུང་བདུན་པའི་མེ་སྤྲེལ༡༤༡༦ལོ་ནས་རབ་བྱུང་བརྒྱད་པའི་ཆུ་བྱ༡༤༥༣ལོ་བར)དགུང་ལོ་སོ་བརྒྱད་བཞུགས། ༧ཀརྨ་པ་ཆོས་གྲགས་རྒྱ་མཚོ། (རབ་བྱུང་། བརྒྱད་པའི་ཤིང་ཁྱི༡༤༥༤ལོ་ནས་རབ་བྱུང་བརྒྱད་པའི་མེ༌སྟག༡༥༠༦ལོ་བར)དགུང་ལོ་ང་གསུམ་བཞུགས། ། ༨ཀརྨ་པ་མི་བསྐྱོད་རྡོ་རྗེ། (རབ་བྱུང་དགུ་པའི་མེ་ཡོས༡༥༠༧ལོ་ནས་རབ་བྱུང་དགུ་པའི་ཤིང་སྟག༡༥༥༤ལོ༌བར)དགུང་ལོ་ཞེ་བརྒྱད་བཞུགས། ༩་ཀརྨ་པ་དབང༌ཕྱུག་རྡོ་རྗེ། (རབ་བྱུང་དགུ་པའི་མེ་འབྲུག༡༥༥༦ལོ་ནས༌རབ་བྱུང་བཅུ་པའི་ཆུ་ཡོས༡༦༠༣ལོ་བར)དགུང་ལོ་ཞེ་བརྒྱད་བཞུགས། ༡༠ཀརྨ་པ་ཆོས་དབྱིངས་རྡོ་རྗེ། (རབ་བྱུང་བཅུ་པའི་ཤིང་འབྲུག༡༦༠༤ལོ་ནས་རབ་བྱུང་བཅུ་གཅིག་པའི་ཤིང་སྟག༡༦༧༤ལོ་བར)དགུང་ལོ་དོན་གཅིག་བཞུགས། ༡༡ཀརྨ་པ་ཡེ་ཤེས་རྡོ་རྗེ། (རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ༡༦༧༧ལོ་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ༡༧༠༡ལོ་བར)དགུང་ལོ་ཉེརལྔ་བཞུགས། ༡༢་ཀརྨ་པ་བྱང་ཆུབ་རྡོ་རྗེ། (རབ་བྱུངབཅུ་གཉིས་པའི་ཆུ་རྟ༡༧༠༢ལོ་ནས་རབ་བྱུང་བཅུ་གཉིས་པའི་ཆུ་བྱི༡༧༣༢ལོ་བར)དགུང་ལོ་སོ་གཅིག་བཞུགས། ༡༣ཀརྨ་པ་བདུད་འདུལ་རྡོ་རྗེ། (རབ་བྱུང་བཅུ་གཉིས་པའི་ཆུ་གླང༡༧༣༣ལོ་ནས་གཤེགས་ལོ་མི་གསལ)༡༤ཀརྨ་པ་ཐེག་མཆོག་རྡོ་རྗེ། (རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་སྤྱི་ལོ༡༧༩༧ལོ་ནས?)བཅས་ཀྱི་སྐུ་ཕྲེང་སོ་སོའི་མཛད་རྣམ་མདོར་བསྡུས་གཤམ་དུ་གཟིགས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས

མཁས་བཙུན་གྲུབ་པའི་ས་མཐོར་གཤེགས་ཤིང་། རིགས་བརྒྱའི་ཁྱབ་བདག་ཀུན་གྱི་གཙོ་བོར་གྱུར་བ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གངྒའི་ཀླུང་གི་བྱེ་མའི་རྡུལ་སྙེད་ཐང་མར་བརྡལ་འདྲའི། གཟུང་འཛིན་བློ་ཡི་བསམ་པའི་ཁྱོན་གྱིས་ཁྱབ་པར་དཀའ་བ་རྣམས་ནི། ཇི་ལྟ་བ་དང་ཇི་སྙེད་པའི་དངོས་པོའི་གནས་ལུགས་གསལ་རྗེན་དུ་གཟིགས་པར་ནུས་པའི། རྣལ་འབྱོར་རྣམ་མཁྱེན་ཡེ་ཤེས་ཐུགས་རྒྱུད་ལ་མངའ་བའི་སངས་རྒྱས་འཕགས་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་གཤིས། མཁན་ཆེན་དམ་པ་གང་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ཇི་བཞིན་བདག་འདྲའི་ཐ་མལ་བློ་ཡིས་བརྗོད་པར་དཀའ་ཡང་།
བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།  

རྩོམ་པ་པོ།  དུང་དཀར་བློ་བཟང་འཕྲིན།   དང་པོ།  སྤྱིར་ཡི་གེ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པའི་སྐོར།   གནའ་རབས་བོད་ཡིག་གི་དཔེ་དེབ་མང་ཆེ་བའི་ནང་བཤད་སྲོལ་ལ།  ༡ ཡི་གེ་ཟེར་བ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ངོས་འཛིན་པ་དང་།  སྐད་ཀྱི་སྒྲ་གདངས་མཚོན་བྱེད་ཀྱི་རི་མོ་དེ་ལ་ཡིག་གཟུགས་ཟེར་བ་མ་གཏོགས་ཡི་གེ་ངོ་མ་མིན་ཟེར།  དེང་སང་ང་རང་ཚོའི་གོམས་གཤིས་ཐོག་ཡི་གེ་ཟེར་བའི་མིང་དེ་རྣ་བར་ཐོས་མ་ཐག་ཤོག་བུའི་ཐོག་ཏུ་བྲིས་པའི་སྐད་ཀྱི་སྒྲ་གདངས་མཚོན་བྱེད་ཀྱི་རི་མོ་དེ་ལ་གོ་བ་ལེན་གྱི་ཡོད་པ་དང་ཡི་གེ་དང་ཡིག་གཟུགས་གཉིས་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས།  བོད་ཀྱི་གནའ་རབས་དཔེ་དེབ་མང་ཆེ་བའི་ནང་མིང་ཚིག་གཉིས་ཀྱི་རྩོམ་གཞི་ཡིན་པའི་སྐད་ཀྱི་སྒྲ་གདངས་དེ་ཡི་གེ་ཡིན་ཞེས་བཤད་པ་མཐོང་དུས་གད་མོ་ཤོར་མདོག་ཁ་པོ་རེད།
ཞོལ་རྡོ་རིང་ཕྱི་མའི་མ་ཡིག་ཆ་ཚང་བཞུགས་སོ།།

ཞོལ་རྡོ་རིང་གི་བྱང་ངོས་སུ་ཡིག་ཕྲེང་༦༨ཡོད། ཤར་ངོས་སུ་ཡིག་ཕྲེང་༡༦ཡོད། ལྷོ་ངོས་སུ་ཡིག་ཕྲེང་༧༥ཡོད། བསྡོམས་པས་ཡིག་ཕྲེང་༡༥༨ཡོད། (ནུབ་ཏུ་ཡི་གེ་མེད།) ཞོལ་རྡོ་རིང་གི་བྱང་ངོས་ཀྱི་ཡི་གེ མ་ཡིག ༡  ༄།  །བློན་སྟག་སྒྲ་ཀླུ་ཁོང། ༢  དཀུ་རྒྱལ་གཙིགས་གནང་ ༣  བའྀ་མདོ་རྡོ་རིངས་ལ་ཡྀག་གྲུ་ ༤  བྲིས་པའ།། ༥  ༄། །བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་ ༦  གྱི་ཞལ་སྔ་ནས་དབུ་སྙུང་གནང་ ༧  སྟེ། བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་ ༨  རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་

དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ།(༡༨༠༩-༡༨༨༧)   ཐུབ་དབང་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །གསར་རྙིང་བརྡ་ཡི་བྱེ་བྲག་ལས། །ཅུང་ཟད་ཚིག་ཏུ་བསྒྲིགས་པ་འདི། །ཤེས་ཀྱང་གསུང་རབ་དགོངས་པའི་དོན། །འབྱེད་ལ་བློ་གྲོས་ཡངས་པར་འགྱུར། །སྙམ་ནས་ཕན་པའི་བསམ་པ་ཡིས། །བཀོད་ཀྱི་གཟིགས་དང་འདི་ལྟ་སྟེ། །   བར་དུ་དགེ་བ་གཞུང་གི་དོན།   ཀྭ་ཡེ་ཀྱེ་ཧོ་བོད་པའི་བརྡ། །སྨྲོན་འདྲིན་གྲོགས་ལ་ཕུ་ནུ་སྤུན། །སྡུམ་པ་ཁྱིམ་ལ་བདོག་པ་ནོར། །ཚང་མང་ནག་ཚང་མེ་ཁང་སྟེ། །བྱ་ན་སྐྱུ་རུམ་ཚོད་མའི་མིང༌། །གཞོངས་ནི་ལྗོངས་ལ་ལྗོངས་ནི་ཡུལ། །འདོང་ནི་འགྲོ་ལ་དོང་ནི་སོང༌། །ནང་ནུབ་སྔ་དྲོ་ཕྱི་དྲོ་སྟེ། །ཕྱེམ་རེད་ཕྱི་དྲོའམ་དགོངས་མོའི་མིང༌། །དོག་མ་ས་ལ་གོར་མ་རྡོ། །བསེར་བུ་རླུང་ལ་ཆབ་ནི་ཆུ། །ཞུགས་ནི་མེ་ལ་གཞེས་ནི་བཞུགས། །སྐྱེན་ནི་མགྱོགས་དང་སླ་བའི་མིང༌། །ཉོད་པ་ཟས་ལ་རོད་པ་གོས། །བྱ་དགའ་རྔན་པ་ཕྱུག་རིས་གྲལ། །རིད་ནི་སྐེམ་དང་དངོས་ངན་ཏེ། །སྦྲེབ་ནི་གྲང་བའམ་སྐེམ་པའི་མིང༌། །ཡོལ་གོ་སྣོད་ལ་གཏུར་བུ་ཤུབས། །མ་མཆིས་མེད་ལ་མཆིས་ནི་ཡོད། །

ས་པཎ་ཀུན་དགའ་རྒྱལ་མཚན། (༡༡༨༢-༡༢༥༡) ༄༅། །ཨོཾ་སྭསྟི་སིདྡྷཾ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་བློ་ཡི་སྣང་བ་སྐྱེད། །བསམ་ལས་འདས་པའི་ཡོན་ཏན་ཅན། །གསེར་ཞུན་ཉི་མ་འཆར་ཀའི་སྐུ། །འཇམ་དཔལ་མགོན་ལ་ཕྱག་འཚལ་ལོ། །གང་ཞིག་གསུང་རབ་རྣམས་ཀྱི་དོན། །གཏན་ལ་འབེབས་པར་སྨོས་ཅི་འཚལ། །འཇིག་རྟེན་ཕལ་པའི་རྣམ་གཞག་དག །བྱེད་ཀྱང་ཚིག་གི་སྦྱོར་བ་གཅེས། །དེ་སླད་སྔོན་གྱི་མཁས་པ་ཡི། །ལེགས་བཤད་འཐོར་བ་རྣམས་བསྡུས་ཤིང༌། །སྦས་པ་རྣམས་ཀྱང་ཕྱིར་ཕྱུང་ནས། །ཀུན་གྱིས་གོ་བར་བྱ་ཕྱིར་བརྩམས། །འཕྲུལ་ཡིག་སུམ་ཅུ་ཐམ་པ་ལ། །བུ་དང་འདོགས་རྣམས་བཏགས་ནས་ཀྱང༌། །འཕུལ་ཡིག་མཐའ་རྟེན་སྦྱར་བ་ཡིས། །བརྗོད་པ་ཀུན་གྱི་རྟེན་དུ་འགྱུར། །