བོད་ཀྱི་ཆོས་རྒྱལ་ན་རིམ་གྱི་ཆས་གོས་རིན་ཆེན་རྒྱན་ཆ།

བོད་ཀྱི་ཆོས་རྒྱལ་ན་རིམ་གྱི་ཆས་གོས་རིན་ཆེན་རྒྱན་ཆ།

སྔར་(སྤུར་རྒྱལ་)བོད་ཀྱི་ཆོས་རྒྱལ་གོང་རིམ་གྱི་ཆས་གོས་རིན་ཆེན་རྒྱན་ཆ་ཞེས་གསེར་ག( གསེར་གྱི་གའུ)བོད་གཡུ་ཞེ་གཅིག་གི་ཕྲ་ཚོམས་ཅན་ཆེ་ཆུང་བྲེ་ཚད་ཙམ་སྒོར་གཟུགས་མ་གཅིག་དང་། སོག་སྒོར་ཞེས་དེ་ལས་ཅུང་ཆུང་བ་ནོར་གཟུགས་མ། སོག་སྣ་བཅས་གཡུ་ཁྲ་གོང་མཚུངས། རྣ་བརྒྱངས་ཞེས་བོད་གཡུ་ཐེ་བོང་ཙམ་ཉི་ཤུ་སྐོར་དངུལ་གྱི་མཐའ་སྐོར་གྲལ་བསྟར་སྒྲིག་པ་རིང་ཐུང་སྐུམ་ཁྲུ་གང་ཙམ། ཤལ་དམར་ཞེས་བྱུ་རུ་དཀྲུགས་མ་ཆེ་ཆུང་ཁམ་ཚིག་ཆེ་བ་ཙམ་རྡོག་གྲངས་བརྒྱ་དང་སུམ་བཅུ་སྐོར་ཡོད་པའི་དོ་ཤལ་གཅིག

ཤལ་སེར་ཞེས་སྤོས་ཤེལ་རྙིང་མ་ཞེ་གཅིག་ངང་སྒོང་ཆེ་ཚད་ཙམ་རྡོག་གྲངས་ཉི་ཤུ་སྐོར་ཡོད་པའི་དོ་ཤལ་གཅིག(དོ་ཤལ་དམར་གསེར་ཟེར)ཀོ་ལྷམ་འགོ་སྣམ་མཚལ་ལྗང་གི་ཡུ་སྦྱར། གོས་ཐོན་མཐིང་སྔོ་ཁྲའམ། དཔྱད་ལྡན་གང་རུང་གི་རྩི་གོས་དང། རྩེ་བར་སྲམ་རྒྱན་མ། གཙུག་ཞྭ་སྒྲོ་གཟུགས་བཅས་ཡོད་ཅིང་ དེ་སྔ་ཕོ་བྲང་པོ་ཏ་ལར་རིན་ཆེན་རྒྱན་ཆ་ཆ་ཚང་སུམ་ཅུ་སོ་བཞི་དེ་དག་ཆ་ཚང་རེར་འཇུག་སྣོད་སྟག་སྒམ་རེ་བཅས་སྒམ་གྲངས་སུམ་བཅུ་སོ་བཞི་ཡོད་པ་རྣམས་དགུང་གསར་དང་ཆིབས་བསྒྱུར་སོགས་མཛད་སྒོ་ཁག་ལ་འདོན་པ་མ་གཏོགས་རྣམ་ཀུན་རྩེ་དུས་འཁོར་ལྷ་ཁང་འོག་ཛམ་ལྷ་ཁང་དུ་བསྡུ་འཇུག་ཞུ་དགོས་པ་ཡིན། ༼ དུང་དཀར་ཚིག་མཛོད་ཆེན་མོ། ༽ ལས་བཏུས།

 

 

 

བརྒྱུད་སྐུལ།

མཆན་སྤེལ།