བཙན་པོའི་བང་སོའི་མདུན་གྱི་རྡོ་རིང་། (9)

བཙན་པོའི་བང་སོའི་མདུན་གྱི་རྡོ་རིང་། (9)

ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ན་ཁོང་གི་མཁས་ཤིང་མཛངས་པའི་མཛད་རྗེས་ལ་བསྔགས་པའི་རྡོ་རིང་ཞིག་བཞེངས་ཡོད་པ་དེའི་མདུན་ངོས་སུ་གནའ་བོའི་བོད་ཡིག་ཡིག་ཕྲེང་ ༣༤ བརྐོས་ཡོད། ཁྲི་ལྡེ་གཙུག་བཙན་གྱི་བང་སོའི་གཟུགས་བཀོད་སྟབས་བདེ་ལ་བབ་ཆགས་ཤིང༌། བཟོ་དབྱིབས་གསོན་ཉམས་ལྡན་པའི་ཐང་རྒྱལ་རབས་ཀྱི་ངོ་མཚར་དང་འདྲ་བའི་རྡོའི་སེངྒེ་ཆ་གཅིག་བརྐོས་ཡོད་ཀྱང་སེངྒེ་གཅིག་ལ་རིག་གསར་གྱི་རྡོ་ཆར་ཕོག་ཏེ་སེངྒེ་མགོ་བོ་ད་ལྟ་བསྡད་མེད།

བཙན་པོའི་བང་སོའི་ཁྲོད་ལས་སྔ་ཤོས་གྲི་གུམ་བཙན་པོའི་བང་སོ་ཡིན་ཞིང༌། ཁོང་གི་སྔོན་གྱི་བཙན་པོ་བདུན་པོ་རྣམས་མཁར་གཤེགས་ཟེར་བས་བང་སོ་མེད། རི་སྐེད་ཙམ་ན་བང་སོ་ཞིག་ཡོད་པ་དེ་བང་སོའི་ཚོགས་པའི་ཁྲོད་ལས་ཆེ་ཤོས་ཡིན་ཞིང༌། དེ་ནི་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་ཡིན། བང་སོ་དེའི་མཐའི་རིང་ཚད་ལ་སྨི་ ༡༨༠ དང༌། མཐོ་ཚད་ལ་སྨི་ ༡༤།༧ ཡོད་ལ་ཁ་སྤྲོད་ལ་ཉལ་མ་ལངས་སུ་གནས་པའི་རྡོའི་སེང་གེ་ཆ་གཅིག་ཡོད་པ་དེའི་མཐོ་ཚད་ལ་སྨི་ ༡།༦༥ ཡོད་པ་དེ་བང་སོར་ཁ་གཏད་ནས་གནས་ཡོད། རྡོའི་སེང་གེ་དེའི་བཟོ་རྩལ་ཧ་ཅང་ཞིབ་ཚགས་པ་དེ་ནི་བཙན་པོའི་རྒྱལ་རབས་ཀྱི་རྡོ་བརྐོས་བརྩམ་བྱའི་ཁྲོད་ཀྱི་ཚབ་མཚོན་བརྩམ་བྱ་ཞིག་ཡིན། བང་སོའི་མདུན་ལ་རྡོ་རིང་གཉིས་ཡོད་པ་སོ་སོར་རྡོ་ཞྭ་དང༌། རྡོ་རིང་གི་ངོས། རྡོ་རིང་འཛུགས་ས་བཅས་གསུམ་ལས་གྲུབ་ཡོད་པ་དང༌། རྡོ་རིང་གཅིག་ནི་ཁྲི་སྲོང་ལྡེ་བཙན་གྱི་བྱས་རྗེས་རྡོ་རིང་ཡིན་ཞིང༌། བང་སོའི་ཤར་བྱང་ངོས་སུ་གནས་ཡོད། དེའི་ཁྱད་ཆོས་ལ་ཐང་བོད་རྡོ་རིང་འདྲ་ཞིང༌། མཐོ་ཚད་ལ་སྨི་ ༥ ཡན་ཡོད་ལ། རྩེར་རྡོ་ཞྭ་ཡོད་པ་དང༌། རྡོ་རིང་ངོས་དང་རྡོ་ཞྭའི་མཚམས་སུ་མཁའ་འགྲོ་མ་དང༌། འབྲུག ཉི་ཟླ། པདྨ་སོགས་ཀྱི་རི་མོ་བྲིས་ཡོད་ལ་རྡོ་རིང་ངོས་སུ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་གཅིག་གི་བྱས་རྗེས་དག་བཀོད་ཡོད། རྡོ་རིང་གཞན་གཅིག་ནི་ཁྲི་སྲོང་ལྡེ་བཙན་གྱི་དུར་བྱང་རྡོ་རིང་ཡིན་པ་དང༌། དེ་ནི་བང་སོའི་བྱང་ངོས་ཀྱི་མཐར་གནས་ཡོད་ཅིང༌། དེའི་རིང་ཚད་ལ་སྨི་ ༧།༡༨ ཡོད་པ་དང༌། ཕྱོགས་བཞིའི་རྡོ་རིང་གི་རྩེར་པདྨ་དང༌། རིན་པོ་ཆེ་དང༌། རྡོ་ཞྭའི་འོག་གི་མཐའ་བཞིར་འབུར་བརྐོས་ཀྱི་རི་མོ་ཡོད་ལ། རྡོ་ཞྭའི་ཞབས་ཀྱི་མཐའ་བཞིར་མཁའ་འགྲོ་མ་བཞིའི་འབུར་བརྐོས་རི་མོ་དང༌། རྡོ་རིང་གི་མདུན་ངོས་སུ་བོད་ཡིག་ཐོག་ནས་ཁྲི་སྲོང་ལྡེ་བཙན་སྐུ་འཚོ་བཞུགས་སྐབས་ཀྱི་བྱས་རྗེས་བཀོད་ཡོད་པ་དང༌། རྡོ་རིང་དེ་རྡོའི་རུས་སྦལ་ཞིག་གི་སྒལ་སྟེང་དུ་བཞེངས་ཡོད།

བརྒྱུད་སྐུལ།

མཆན་སྤེལ།