འཛམ་གླིང་ན་ཆེས་སྔ་བའི་སློབ་ཆེན་དཔལ་ནཱ་ལེནྡྲ།

འཛམ་གླིང་ན་ཆེས་སྔ་བའི་སློབ་ཆེན་དཔལ་ནཱ་ལེནྡྲ།

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁྲོད་ཀྱི་སངས་རྒྱས་སྐུ་འདྲ། ༡༨༩༥ལོ་པར་བླང་།

那烂陀遗址内的佛陀像,摄于1895年

 

དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ནི་རྒྱ་གར་གྱི་པེ་ཧར་ཞིང་ཆེན་གྱི་པ་ཐེ་ནའི་ཉེ་འདབས་སུ་ཡོད། དེ་ཡང་བོད་ཀྱི་མཁས་དབང་ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན་པོས་སྤྱི་ལོ1608ལོར་མཛད་པའི་རྒྱ་གར་ཆོས་འབྱུང་དུ། དཔལ་ནཱ་ལན་དྲའི་གཙུག་ལག་ཁང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཀྱི་རྒྱལ་པོ་ང་ལ་ནུའི་རིང་ལ་གསར་དུ་བསྐྲུན་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་གཙུག་ལག་ཁང་འདིའི་སློབ་དཔོན་མཛད་མྱོང་ཞེས་གསུངས།སྤྱི་ལོའི་དུས་རབས་ལྔ་བའི་དཀྱིལ་ཙམ་ལ་གཙུག་ལག་ཁང་འདིའི་རྣམ་པ་རྒྱ་ཆེར་བསྐྱེད་དེ། ནང་བའི་ཆོས་ཀྱི་རིགས་པའི་གཞུང་ལུགས་ལ་སྦྱངས་པ་བྱེད་པའི་སློབ་གྲྭ་ཆེན་མོ་ཞིག་ཏུ་བསྒྱུར། དུས་རབས་བདུན་པའི་ནང་ལ་པེ་ཧར་གྱི་རྒྱལ་པོ་ཀ་ན་ཀན་ཟེར་བ་ཞིག་གི་རིང་ལ་གཙུག་ལག་ཁང་འདིའི་རྣམ་པ་ཆེར་བསྐྱེད་ནས།དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དེ་དུས་རབས་བཅུ་བའི་སྐབས་སུ་རྒྱ་གར་གྱི་ཆེས་ཆེ་ཞིང་གཟི་དཔལ་རྔམ་བརྗིད་ལྡན་པའི་དགོན་སྡེའམ་གཙུག་ལག་ཁང་ཞིག་ཏུ་གྱུར་ཏོ།།

 

 

དཔལ་ནཱ་ལེན་དྲ་ནི་རྒྱ་གར་གྱི་གནའི་ནང་བ་སངས་རྒྱས་པའི་ཆོས་ལུགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ལྟེ་བ་ཞིག་ཡིན་ལ། ནང་བ་སངས་རྒྱས་པའི་ཆོས་པ་སྐྱེད་སྲིང་བྱེད་ས་ཞིག་ཀྱང་ཡིན།འདི་རུ་ནང་བའི་རིགས་པའི་གཞུང་ལུགས་ཀྱི་འཆད་ཉན་ཡོད་པ་ཙམ་དུ་མ་ཟད།ཚད་མ་རིག་པ།སྒྲ་རིག་པ།གསོ་བ་རིག་པ། སྐར་རྩིས་རིག་པ། བཟོ་རིག་པ་སོགས་ཀྱི་འཆད་ཉན་ཀྱང་ཁྱད་དུ་འཕགས་པ་ཞིག་ཡོད། གཞན་ཡང་སོ་ནམ་རིག་པ་དང་སྨན་བཅོས་ཁང་། དཔེ་མཛོད་ཁང་ཆེ་འབྲིང་ཆུང་གསུམ་ཡོད་པར་མ་ཟད། དགེ་འདུན་ལ་འོ་མ་མཁོ་སྤྲོད་བྱེད་པའི་ཕྱུགས་ར་ཞིག་ཀྱང་ཡོད། དཔལ་ན་ལེན་དྲའི་གཙུག་ལག་ཁང་འདི་ཧ་ཅང་དར་ཡོད་པའི་སྐབས་སུ་ཐེག་པ་ཆེན་པོས་ཐོག་དྲངས་པའི་ཐེག་པ་མཐའ་དག་གི་ནང་བའི་ཆོས་ལ་སློབ་སྦྱོང་བྱེད། སློབ་གྲྭ་བ་མང་དུས་མི་ཁྲི་གཅིག་གི་ཡན་ཆད་དང་།དགེ་རྒན་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད། སློབ་མའི་ནང་ན་ལོ་རེ་ལ་དམ་ཆོས་སྡེ་སྣོད་གསུམ་ལ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་སྟོང་ཕྲག་ལྷག་རེ་ཡོད་ཅེས་ཡིག་རྙིང་དག་ལས་གསུངས། དགེ་འདུན་པ་རྣམས་ཀྱི་འཚོ་བ་ནི་ཡུལ་གྱི་རྒྱལ་པོས་གནང་བའི་གྲོང་སྡེ་ཉིས་བརྒྱ་ཡོད་པ་དག་ནས་བསྡུས་པའི་འབྲུ་ཁྲལ་ལ་བརྟེན་དགོས།རྒྱ་གར་གྱི་གནའི་སྙན་གྲགས་ཅན་གྱི་པཎ་ཊི་ཏ་ཕལ་ཆེར་ཞིག་ཀྱང་འདི་ནས་མཐར་ཕྱིན་པ་ཡིན་ཏེ།དཔེར་ན། སློབ་དཔོན་ཟླ་བ་གྲགས་པ།ཆོས་ཀྱི་གྲགས་པ།ཕྱོགས་ཀྱི་གླང་བོ།ཐོགས་མེད་སོགས་དང་།གངས་ལྗོངས་བསྟན་པའི་སྲོལ་འབྱེད་སློབ་དཔོན་པད་མ་འབྱུང་གནས་སོགས་པཎྜི་ཏ་བགྲང་ལས་འདས་པ་བྱུང་། འདི་ན་རྒྱ་གར་གྱི་ས་གནས་སོ་སོ་ནས་འོངས་པའི་སློབ་གྲྭ་བ་ཡོད་པར་མ་ཟད།འབར་མ་དང་། ཉི་ཧོང་། རྒྱ་ནག ཁྲོ་ཞན་སོགས་ཡུལ་གཞན་པ་ནས་འོངས་པའི་སློབ་མ་ཡང་ཧ་ཅང་མང་།

 

ས་འོག་ནས་རྐོ་འདོན་བྱས་པའི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་ཏམ་ཀ

挖掘出土的那烂陀寺/大学的印章

    དུས་རབས་བཅུ་གསུམ་པའི་མགོ་ཙམ་ལ་ཁ་ཆེའི་ཆོས་ལུགས་པའི་རྒྱལ་པོ་མ་ཧ་མ་ཏི་ཇར་ཇུ་ཟེར་བ་ཞིག་གིས་རྒྱ་གར་དུ་དམག་དྲངས་ནས་ཡུལ་ཁམས་མང་པོ་དབང་དུ་བསྡུས།དཔལ་ནཱ་ལེན་དྲའི་གཙུག་ཁང་ཡང་སྐབས་དེར་དམག་གིས་མེར་བསྲེགས་པས་ནང་བའི་ཆོས་ལུགས་པ་རྣམས་བལ་ཡུལ་སོགས་ལ་བྲོས། དེ་ནས་བཟུང་སྟེ་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཟེར་བ་དེ་མིང་གི་ལྷག་མ་ཙམ་དུ་གྱུར།སྤྱི་ལོ༼1915—1937༽ལོར་རྒྱ་གར་སྲིད་གཞུང་གི་གནའ་རྫས་བརྟག་དཔྱད་པ་རྣམས་ཀྱིས་པེ་ཧར་ཞིང་ཆེན་གྱི་པ་ཀྲེ་ནའི་ཤར་ལྷོ་ཕྱོགས་ཀྱི་པ་ལ་ཀུང་གྲོང་སྡེ་རུ་ས་བརྐོས་ནས་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་ཤུལ་རྣམས་རྙེད།ས་བརྐོས་ནས་རྙེད་པ་ལྟར་ན་གནའི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་ས་རྒྱ་ཆེ་ཆུང་ལ་སྨིས་གྲུ་བཞི་མ་ཁྲི་བརྒྱ་ཡོད་པ་དང་དགེ་འདུན་པ་བཞུགས་སའི་ཁང་མིག་སུམ་བརྒྱ་ཙམ་ཡོད། རྒྱ་གར་རང་བཙན་ཐོབ་རྗེས།རྒྱ་གར་སྲིད་གཞུང་གིས་ནཱ་ལེན་དྲའི་གཙུག་ལག་ཁང་གི་ཤུལ་དུ་པ་ལིའི་ཡི་གེ་དང་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་བརྟག་དཔྱད་གླིང་ཞེས་པ་ཞིག་བཙུགས་ཤིང་། སཾ་སྐྲྀ་ཏའི་ཡི་གེ།ཉི་ཧོང་གི་ཡི་གེ རྒྱ་ནག་གི་ཡི་གེ པ་ལིའི་ཡི་གེ གངས་ཅན་བོད་ཀྱི་ཡི་གེ་སོགས་ཀྱི་སློབ་ཁྲིད་བཙུགས་ཏེ། རྒྱལ་ཁབ་སོ་སོ་ནས་འོངས་པའི་སློབ་མ་རྣམས་ཀྱང་འདིར་བསྡུས་ནས་ནང་བའི་ཆོས་ལུགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་སྐད། བརྟག་དཔྱད་གླིང་འདིས་ཉེ་བའི་ལོ་འགའི་རིང་ལ་པ་ལིའི་ཡི་གེ་ལས་བྲིས་པའི་ནང་བའི་ཆོས་ཀྱི་གསུང་རབ་ཡོངས་སུ་རྫོགས་པ་ལེགས་པར་བསྒྲིགས་ཤིང་ཞུས་དག་བྱས་ནས་དཔར་དུ་བསྐྲུན་ཡོད་དོ།།

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

 

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག ༡༨༧༢ལོ་པར་བླང་།

那烂陀部分遗址,摄于1872年

 

དཔལ་ནཱ་ལེན་དྲའི་གནས་རྫས་རྐོ་འདོན་བྱེད་བཞིན་པ། ༡༩༡༧ལོ།

1917年,那烂陀考古挖掘现场

 

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

 

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

 

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

 

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

དཔལ་ནཱ་ལེན་དྲའི་གནས་ཤུལ་ཁག་གཅིག

那烂陀部分遗址

 

ཐིག་དམར་ནང་དེ་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་གནང་ཤུལ་རེད།

红线内是那烂陀大学的遗址,UNESCO

ཡོང་ཁུངས། ཀུན་ཕན་ཆོས་རིག་ཤེས་བྱའི་གླིང་།

 

བརྒྱུད་སྐུལ།

མཆན་སྤེལ།