ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།
ཉིང་ཁྲི། དམག་དཔོན། རྩེ་ལ། ཨ་ཤག སྨད་རྡོ། སྤྲིན་འཁོར། སྐར་མ་དང་། གྲོང་གསར། རྒྱ་ར་ཁ། ཕོག་རྩེ། སྨད་གླིང་། ཟ་ཡུལ། ཐང་ཁ། སྒང་མཁར། ཕྱིན་པ་མདོ། བྱེ་མ་གླིང་། རྡོ་གྲོང་། ཀྱེ་ང། བཅུ་རོང་ཕུ། བཅུ་རོང་ཞོལ། ལྡེ་བ་སྲང། འཐིམ་པ། ཕུ་པ། གཏམ་སྙག རྒྱལ་སྐོར་ཞོལ། ཉ་ལུང་གོང་། སྤང་སྣེ། ཆུ་འཁོར། ཁ་སིར་མོ། ཞོལ། གཡུང་དྲུང་འཛིན། སྟག་སྣེ། སྒང་ཕྱོགས། མར་ཁུ་རྡོ། སལ་སྒོར་ལ། སྨན་རི། ཤར་གྲོང་། ཀོ་འཕྲེང། གསང་པ། བདེ་ཡངས།
བདེ་ཡངས་གྲོང་གསར། སུ་གསུམ་དང། གཡུ་གསུམ། སྙག་སྡེང། ལིང་པ། བྲག་དམར། གསལ་ངོས། བར་གྲོང། སྟེང་རྩ། ཚེ། གནས་ཡུལ། ཕང་མཁར་དང་། ལྕང་ར། ཆབ་མདའ། རྡོ་ཁ། གསལ་ཟུར། དཀར་ལ། ཀོ་རས། ཉ་ངོ་གྲོང་གསུམ། སེབ་རྡེ། བུ་ཆུ། གྲ་མདའ། བདེ་བ། ཀླུ་ནང་། བོན་གྲོང་། བྲོ་སྒྲ། སྐྱིད་སྟེང་། སྟེང་ར། ཐེང་པ། མི་ཉག་སྨད། གྲོང་གསར། བྱ་རུང་། བཀའ་གསར། གླང་སྟེང་། ལྡུམས་པ་ཚལ། གནམ་གླིང་། ནང་སྨད། གྲོགས་པོ། བཀྲིས་སྒང་། ཀླུ་ནང་འོག རྟ་གླིང་དང་། སྐུ་མཁར། སྙེ་མ།[1]
ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།
ཁུལ་དེའི་རི་བོར་རྡོ་རྭ་ཁ། སིང་རི། དེ་མོ་ལུང་པ། ལྕུབ་པ་རྩེ། ཇོ་མོ་ལྷ་སྐྱིད། དཀའ་ལམ་ལུང་པ། དམག་དཔོན་ལུང་པ། བྱ་ཝང་ལུང་པ། གསེར་ལུང་པ། གསེར་ལུང་། སེའུ་སྟེང་ཁ། གསེར་སྐྱེམས་གྲོག སྐྱ་ཀ་ཕུ། ཁ་བདེན་ལུང་པ། ཕུ་ལུང་པ། ས་ཕུ། ས་དཀར་ལུང་པ། ཤར་ལུང་པོ། ཡུལ་མཇུག་ལུང་པ། དཔལ་ལྷ་རྒྱལ་མོ། རྩེ་སྤང་། བདེ་པོ་ལུང་པ། དགུན་ཚང་ལུང་པ། ལྷོ་མཐོང་སྤང་རྩེ། ནོར་བུ་ལུང་པ། ཆབ་དཀར་ལུང་པ། ཡ་སྐམ། དཔལ་ཀླུ་གངས་རི། འཚོ་ལུང་། སྟེང་མཆོག གཏིང་ཆུ་བྲག་གདོང་། རྡོ་ལྷ་བྲག དགོན་པ་རི། ཀརྨ་བྲག་ཕུག སྐྱིད་ལུང་ལྕོག་པོ་རི། མེ་འོད་རི། ཉེ་གསུམ་ཁ་ཐུག བུ་མོ་སྤུན་གཉིས། བོན་པོ་རྒོད་གངས་རི། ཟངས་རི། དར་ལྕོག་སྒང་། མ་ལམ། མཛའ་བརྩེ་ཡུལ་སྨད། གཡག་རི། སྦལ་པ་ལུང་པ། བདེ་སྐྱིད་ལུང་པ། དཀོན་པོ་ལུང་པ། ནུབ་ཕྱོགས་ལུང་པ། ཉང་ལུ་ལུང་པ། ཤར་ཕྱོགས་ལུང་པ། པདྨ་བྲག་ཆེན། གྲིབ་པ་གངས་རི། རྡོ་ལུང་རི། སྟག་མོ་སྒོ་རྭ། ལྕགས་ར་གཡག་མགོ སྨན་ལུང་། སྨོན་ལམ་བྱུར་པོ། འོན་ལྐུག་རི། བེ་སྡོང་སྟེང་མགོ་རི། ཆུ་པོ་ཆུང་རི། གཟར་མོ་རི། རྒྱ་ལ་པད་རི། ཤར་ཁྲི། ཤི་ལ་རྫ། པདྨ་ལུང་པ། ལ་མཚམས་ཕུ། ལ་ཡོད་ལུང་པ། ལེགས་པོ་ལུང་པ། ཕོ་རོག ཟམ་པ་ལུང་པ། ཤར་པ་ལུང་པ། མཛེས་པ་ལུང་། ལ་ཡོལ་ལུང་པ། བྲག་རྫོང་། དགོན་པ་འབྲོག རྐྱང་སྟོང་ལུང་པ། ལ་མཚམས་ལུང་པ། གནས་གཞི་ལུང་པ། ཕུ་མདའ། གཟར་མོ་རྡོ། ཤར་ལུང་། སྒྲོལ་མ་གྲོག་ཕུག ཨ་པོ་རི། དཔལ་ལྷ་རི། རྒྱ་ལ་རྩེ་རྡུམ། རྔོན་སྤངས་རི། རྡོ་མོ་ལུང་པ། གནས་ཐང་ལུང་པ། མཆོད་ཀོང་། གསེར་ལུང་པ། ལྕགས་ཡོད་ལུང་པ། ཕུ་ལུང་པ། མོན་སྤྱི་དཀར་རི་བོ་དང་། རི་བོ་གནམ་ལྕགས་འབར་བ། རྒྱ་ལ་དཔལ་རི། བོན་རི་སོགས་དང་། དེ་མོ་ལ། ཀོང་པོ་ལ། སྤང་ལ་སྒང་། བྲག་ནར་ལ། དཔལ་ལྷ་ལ་ཁ། མེ་ཏོག་ཁྲ་མོ་ལ། གསེར་སྐྱེམས་ལ། སོ་པ་ལ། སེང་གེ་ལ། དུང་དཀར་ལ། སྦ་ག་ལ། ཤོ་ག་ལ། བརླ་མདོ་ལ། ཀླུ་ཞར་ལ། ཀློ་ལ། གཏམ་སྙན་ལ། ཤཱི་རི་འབུམ་རྩེ་ལ། སྒྲོལ་མ་ལ། ཤོད་དགའ་ལ། གནས་ཡུལ་དོམ་ལ། ཇོ་མོ་ལ། བྷ་ག་ལ། ཀླུ་ཞར་ལ་། རྡོ་གཞོང་ལ། དོམ་ལ་སོགས་དང་། གཙང་ཆུར་འཕྲེད་ལུང་གཙང་པོ། ལྷོ་མོ་ཆུ། སྦོལ་རྨོ་ལུང་ཆུ། སྟོང་མཇུག་ཆུ། བྱེ་མ་ཆུ་ལུང་། རྒྱ་མོ་ཆུ་མཛེས། གནས་ཆུ། ན་ཡུལ་ཕུ་ཆུ། ཡུལ་གསུམ་ཕུ་ཆུ། སྦ་ག་ཕུ་ཆུ། གནས་ལུང་ཕུ་ཆུ། ཀླུ་ཞར་ཕུ་ཆུ། ཤོད་དགའ་ཕུ་ཆུ། གནས་ཡུལ་ཕུ་ཆུ། བཀྲིས་རབ་བརྟན་ཕུ་ཆུ་སོགས་དང་། མཚེའུ་ཐད་མདོ་འགག་མཚོ། མཚོ་སྒོར་མོ། མཚོ་མེ་ལུང་། སྟག་ཚལ་མཚོ། ཀརྨ་བླ་མཚོ། སྤྱན་རས་གཟིགས་མཚོ། མ་ཕམ་མཚོ་ལུང་མཚོ། ཉ་མཚོ། ཕོ་རོག་མཚོ། དུང་མཚོ་ལ་སྒང་མཚོ། རྟ་ཅོག་མཚོ། ཀྱུར་ར་མཚོ། རྐྱ་སྟོང་ཀརྨ་མཚོ། མེ་ཏོག་ཁྲ་མོ་མཚོ། རྨད་བྱུང་སླ་ང་མཚོ། བར་མ་མཚོ། ཆུ་མདོ་བླ་མཚོ། འབྲོག་གསར་མཚོ། བསྐུར་མ་མཚོ་དང་། སྨོན་ལམ་མཚོ་མོ། མོན་མཚོ་དཀར་སོགས་དང་། ཆུ་མིག་ལ་སྤྱན་ཆུ་མིག་སོགས་ཡོད།
དེ་དག་ལས་རི་བོ་གནམ་ལྕགས་འབར་བ་ནི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁུག་ཆེན་པོའི་ནང་གནས་ཤིང་། དེང་སྨན་གླིང་རྫོང་ཁོངས་ཡོད། རི་བོ་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིས་ ༧༧༨༢ ཡིན་པས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཨང་བཅོ་ལྔ་པ་དེ་ཡིན་པར་གྲགས།[2] རི་དེའི་རྩེ་མོར་ལོ་འཁོར་མོར་ཁ་བ་དང་སྨུག་པས་གཏུམས་ནས་རི་བོ་ངོ་མ་མཐོང་བར་དཀའ།[3] དེ་བཞིན་མཐོ་ཚད་ལ་སྨི་ ༧༢༣༤ ཡོད་པའི་རྒྱ་ལ་དཔང་རྫོང་རི་བོ་ཡང་ལོ་འཁོར་མོར་སྨུག་པས་གཏུམས་ཤིང་གནམ་ལྕགས་འབར་བའི་བྱང་ངོས་ཀྱི་ཆུ་བོའི་ཕར་ཁར་གནས།[4] གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་གཏོགས་པའི་རྫོང་དེའི་གསེར་སྐྱེམས་ལ་རི་བོ་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིས་ ༤༧༢༨ ཙམ་སར་ཆགས་ཡོད། ཀོང་པོ་བོན་རི་ནི་བོན་ཆོས་ཀྱི་གནས་མཆོག་ཏུ་བརྩི་ཞིང་བོད་ཀྱི་རི་རྒྱལ་དུ་གྲགས་པའི་རི་ཚོགས་ཀྱི་ཡ་གྱལ་ཞིག་ཡིན་ལ། ལོ་འཁོར་མོར་གནས་རི་མཇལ་སྐོར་བ་རྒྱུན་མི་ཆད་ཅིང་ལོ་རེའི་བོད་ཟླ་ ༨ ཚེས་ ༡༠ ཉིན་ཉང་པོ་ལ་གསོལ་ཞེས་པའི་རི་སྐོར་གྱི་ཟབ་རྒྱས་ཚོགས་སྲོལ་མཆིས།[5] གཞན་ཡང་། རྫོང་གི་ལྷོ་ཤར་དུ་ཤྲི་འབུམ་རྩེ་རི་དང་། ལྷོར་གནས་ཡུལ་དོམ་ལ། ལྷོ་ནུབ་ཏུ་ལྷོ་ལ། ལྷོ་ཤར་དུ་ཤོ་དགའ་ལ་དང་དུང་དཀར་ལ། བྱང་ཤར་དུ་གཏམ་སྙན་ལ་དང་ ཀླུ་ཞར་ལ། རི་ལ་དེ་དག་གི་རི་འདབས་ངོས་གཉིས་ལ་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ཧ་ཅང་བཟང་པོ་སྐྱེས་ཡོད། དེ་མཚུངས་གཙང་ཆུར་རྫོང་གི་ལྷོ་ཕྱོགས་སུ་རྒྱུག་པའི་ཕུ་ཆུ་དང་ལྷོ་ཤར་གྱི་ཤོ་དགའ་ཕུ་ཆུ་གཉིས་ནི། ཧི་མ་ལ་ཡ་རི་བོའི་བྱང་ངོས་ནས་འབྱུང་བ་དང་མཐར་ཡར་ཀླུང་གཙང་པོར་འདུ་ཞིང་། ཆུ་བོའི་ངོགས་གཉིས་ལ་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྫོང་དེའི་ལྷོ་ནུབ་ཏུ་རྒྱུག་པའི་ཡུལ་གསུམ་ཕུ་ཆུ་ཡང་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་ཆུ་ལག་གཅིག་ཡིན། གཙང་ཆུའི་རྒྱུག་ཁུལ་ཁྲོད་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་སྐྱེ་ཡོད། དེ་མིན་བཀྲ་ཤིས་རབ་བརྟན་ཕུ་ཆུ་ནི་རྫོང་གི་ནུབ་ཕྱོགས་སུ་རྒྱུག་ཅིང་ཡར་ཀླུང་གཙང་པོའི་ཆུ་ལག་ཡིན་ལ། དེའི་རྒྱུག་ཁུལ་དུའང་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཆིས།
ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།
རྩེ་ལྷ་རྫོང་ནི་ཞིང་འབྲོག་ནགས་གསུམ་ལས་ཞིང་ལས་འབྲུ་རིགས་ཐོན་སྐྱེད་གཙོ་བོའི་རྫོང་ཞིག་ཡིན། རྫོང་དེར་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༣.༨ པར་ལོ་ཏོག་གཙོ་བོ་དགུན་གྲོ་དང་། དཔྱིད་གྲོ། ནས། པད་ཁ་སོགས་འདེབས་ལས་ཐོན་སྐྱེད་བྱེད། དེ་བཞིན་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༥༦.༥ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༥༠༢ ཙམ་ཡོད་པར་གསལ། རྫོང་དེར་སྒོ་ཕྱུགས་གཙོ་བོ་ནོར་དང་། མཛོ། བ་ཕྱུགས། ལུག ར། རྟ། བོང་བུ། དྲེལ། ཕག་པ་སོགས་གསོ་ཚགས་དང་། ཤིང་རིགས་གཙོ་བོ་ཐང་ཤིང་ཡིན་ཞིང་ཤིང་ཆ་འདུ་ཚད་ཕལ་ཆེར་སྨི་ལྷམ་པ་ཁྲི་ ༦༠༠༠ དང་ལོའི་འབྲེག་གཅོད་ཤིང་ཆ་སྨི་ལྷམ་པ་ ༢༣༥༠༠ རེད། ཤིང་འབྲས་ལ་ཀུ་ཤུ་དང་། ལི། ཁམ་བུ། སྟར་ཀ་སོགས་སྐྱེ་ཞིང་། ཀུ་ཤུའི་ཐོན་ཚད་དང་སྤུས་ཀ་གཉིས་ཀ་བོད་ཡོངས་ཀྱི་ཨང་དང་པོ་ཡིན་པར་བཤད།་ལ་སྟར་ཀའི་སྤུས་ཀའང་ཤིན་ཏུ་ལེགས་པས་གཙོ་བོ་མཆོད་རྫས་སོགས་སུ་སྤྱོད་པ་ཡིན།[6] ཞིང་འབྲོག་གི་ཐོན་སྐྱེད་ལག་ཆ་ནི་ས་གནས་རང་ནས་བཟོ་སྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཤིང་ལྕགས་ལས་གྲུབ་པའི་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་ཙེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ལག་ཆ་སྣ་ཚོགས་ཤིག་ཡོད། གཞན་ཡང་རྫོང་ཁུལ་དེར་སྐྱེ་བའི་རང་བྱུང་བཟའ་བཅའི་རིགས་ལའང་། ཤ་མོའི་རིགས་མོག་རོ་དཀར་པོ། ཤིང་ཤ་མོ། ཤ་མོ་སྤྲེལ་མགོ་མ། ཀོ་ཤ སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་སྐྱེ་ཞིང་། རྫོང་དེའི་དམིགས་བསལ་ཁྱད་ལྡན་ཐོན་ལས་གཙོ་བོ་གླ་རྩི་དང་། དོམ་མཁྲིས། ཀོ་ཤ། རྩྭ་དགུན་འབུ། ཤ་མོ་སྤྲེལ་མགོ་མ། སྡོང་ཕུང་། ཡུ་གུ་ཤིང་། ཀུ་ཤུ། སྟར་ཀ སི་པན། སྦྲང་རྩི། ཤོག་བུ་སོགས་ཐོན་པ་ཡིན་ནོ།།
ས་བཅད་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
སྲོག་ཆགས་རིགས་གཟིག་དང་། འབྲོང་། ཆུ་སྲམ། གླ་བ། དོམ་ནག སྤྲེའུ། གཟིག དྲེད་མོང་། ཆུ་སྲམ། ཉ་རིགས་སྣ་ཚོགས་ཡོད་ཅིང་། ནགས་གསེབ་གནས་པའི་བྱ་དང་བྱེའུ་སོགས་འདབས་ཆགས་ཀྱི་རིགས་ཀྱང་སྣ་ཚོགས་ཤིག་མཆིས། སྐྱེ་དངོས་ཐད་ཀོ་ཤ་དང་། སྡོང་ཕུང་། ཡུ་གུ་ཤིང་། དབྱར་རྩྭ་དགུན་འབུ། སྙི་བ། སྡོང་ཕུང་། ཡུ་གུ་ཤིང་། གསོལ་ལོ་དམར་པོ། གངས་ལྷ་མེ་ཏོག ཤ་མོའི་རིགས་དང་། དེ་མིན་དམངས་ཁྲོད་ཀྱི་བཤད་རྒྱུན་ལ་ཁུལ་དེའི་སྤང་སྣེ་གྲོང་དུ་སྐྱེ་བའི་དར་ཤིང་རྒྱལ་པོ་ཞེས་པའི་ཤིང་དེ་ནི། བཙན་པོ་སྲོང་བཙན་གྱི་ཐང་རྒྱལ་པོའི་བུ་མོ་འུན་ཤིན་ཀོང་ཇོ་བཙུན་མོར་བཞེས་སྐབས་འདེབས་བཙུགས་བྱས་པར་གྲགས་པས། ཤིང་དེའི་རྒྱུན་ལ་མི་ལོ་ ༡༠༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་། མཐོ་ཚད་སྨི་ ༧.༠༤ དང་མཐའ་འཁོར་རིང་ཚད་སྨི་ ༣.༣ ལྡན་པས་འཛམ་གླིང་ཡོངས་སུའང་མཐོང་དཀའ། གཞན་ཡང་། ཉིང་ཁྲི་བར་ཚ་ཁུལ་དུ་གྲང་ཁུལ་དུ་སྐྱེ་བའི་རྩི་ཤིང་གི་རིགས་ཐམས་ཅད་སྐྱེ་བས། ཁུལ་དེར་སྔོ་ལྗང་ནོར་མཛོད་ཅེས་གནའ་སྔ་མོ་ནས་མིང་དུ་གྲགས་ཤིང་། ཤིང་རིགས་གཙོ་བོ་ཤུག་པ། དར་ཤིང་། ཐང་ཤིང་སོགས་སྐྱེ་བ་མ་ཟད། སྨན་རྫས་ཐོན་ཁུངས་སུའང་ཡུ་གུ་ཤིང་། སྲོ་ལོ་དམར་པོ། སྙི་བ། ཀླུ་བདུད་རྡོ་རྗེ་བཅས་གཙོ་བོར་བྱས་པའི་སྨན་རྩྭའི་རིགས་ཇི་སྙེད་ཅིག་སྐྱེ་བར་བཤད། གཏེར་ཁའི་རིགས་གཙོ་བོ་ཀོང་སྨད་ཆུ་ཚན་དང་། གསེར་ཕྱེ། ཅུ་གང་། རྡོ་ཐལ་རྡོ། ཀེ། ལྕགས་སོགས་ཡོད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༡།
[2] ལྷ་མོ་ཚེ་སྐྱིད། འཛམ་གླིང་རི་བོ་མཤོས་ཨང་བཅོ་ལྔ་བ་སྟེ་རི་བོ་གནམ་ལྕགས་འབར་བ། མཚོ་སྔོན་པོ་དྲ་བ།
[3] ཀྲང་རའོ་མིང་། ཉིང་ཁྲི། གླིང་ལྔ་ཁྱབ་སྤེལ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༦།
[4] ཀྲང་རའོ་མིང་། ཉིང་ཁྲི། གླིང་ལྔ་ཁྱབ་སྤེལ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༦།
[5] ཕུར་བུ་རྡོ་རྗེ། སྤང་རྒྱན་མེ་ཏོག ཕྱི་ལོ་ ༡༩༩༨།༤། ཤོག ༢༧།
[6] 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 154.
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།