སྙེ་མོའི་ཐོན་པ་གྲོང་བརྡལ་ནས་བྲག་བརྐོས་ལྷ་སྐུ་རྩ་ཆེན་ཞིག་རྙེད་པ།

སྙེ་མོའི་ཐོན་པ་གྲོང་བརྡལ་ནས་བྲག་བརྐོས་ལྷ་སྐུ་རྩ་ཆེན་ཞིག་རྙེད་པ།

༄༅། །སྙེ་མོའི་ཐོན་པ་གྲོང་བརྡལ་ནས་བྲག་བརྐོས་ལྷ་སྐུ་རྩ་ཆེན་ཞིག་རྙེད་པ།

སྙེ་མོའི་ཞིང་པ་ཞིག་ལ་ཉེ་ཆར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ཡར་ཀླུང་གཙང་འགྲམ་ནས་བྲག་བརྐོས་ལྷ་སྐུ་ཞིག་རྙེད་པ་རེད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ལྟེ་གནས་དང་། གྲོང་ཁྱེར་རིག་དངོས་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད།

དེ་ནི་སྤྱི་ལོ་ ༡༤༠༣ ནས་སྤྱི་ལོ་ ༡༤༢༤ བར་གྱི་བྲག་བརྐོས་ལྷ་སྐུ་ཞིག་ཡིན་པ་གཏན་འཁེལ་རགས་ཙམ་ཐུབ་ཡོད་པ་དང་། བྲག་བརྐོས་དེར་ལོ་རྒྱུས་ཞིབ་འཇུག་དང་། སྒྱུ་རྩལ་ཐད་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན་ཞིང་། རྫོང་དང་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཆ་རྐྱེན་འཛོམས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ད་ཆ་རིག་དངོས་དེ་ལ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ནས། དུས་ཚོད་དམ་འཛིན་གྱིས་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད། སྙེ་མོ་རྗོང་ཐོན་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཤུས་ཀང་གིས་ང་ཚོས་རིགས་གཅིག་མཁས་ཅན་གྱི་བཀའ་སློབ་བཞིན་རིག་དངོས་དེར་སྲུང་སྐྱོབ་གནད་སྨིན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

 

May be an image of temple

གཞན་ལས་དྲངས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།