དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་རྩེ་ལྷ་སྒང་རྫོང་གི་གཞི་རིམ་ལོ་རྒྱུས།
བདུན་པ། རྩེ་ལྷ་སྒང་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། རྫོང་དེར་རྩེ་ལྷ་སྒང་ཞེས་མིང་དུ་ཐོགས་ཚུལ་དངོས་ཇི་ཡིན་ཆ་མ་འཚལ་ཡང་《བཀའ་བརྒྱུད་གསེར་ཕྲེང་ཟླ་བ་ཆུ་ཤེལ།》ལས། ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་རྣམ་ཐར་གསུང་སྐབས། ཀོང་ཡུལ་བྲེ་སྣ་རུ། རྩེ་བླ་སྒང་ཞེས་དགོན་པ་བཏབ་པར་མཛད།[1] ཅེས་བྱུང་བས་ན། རྩེ་བླ་སྒང་ཞེས་པའི་ཡུལ་མིང་དེ་ཡང་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་སྐུ་དུས་ནས་བྱུང་བ་མིན་ནམ་སྙམ།




