༄༅། །ཨཱརྱ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།།
༄༅། །ཨཱརྱ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།། འཇིགས་མེད་གླིང་པ། ༄༅། །འདུལ་འཛིན་བསྟན་པའི་ཆུ་འགོ་ཞི་བ་འཚོ། །སངས་རྒྱས་གཉིས་པར་རྩོད་མེད་ཨོ་རྒྱན་རྗེ། །རྒྱལ་བསྟན་མགྲོན་པོར་འབོད་པ་ལྷའི་མེ་ཏོག །བསྟན་པ་རྒྱ་མཚོའི་རྩ་ལག་གསུམ་ལ་འདུད། །དེ་ལ་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱིས་ཡབ་མེས་ཀྱི་ཞལ་ཆེམས་གཟིགས་པས། གངས་རིའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བའི་བྱེད་པོ་རང་ཉིད་དུ་ལུང་བསྟན་པར་ཡིད་ཆེས་ཤིང་།




