༄༅། །སྨོན་ལམ་འདོན་སྒྲིག་སྐོར་ལས་བརྩམས་ཏེ་དྲི་བ་མང་ཙམ་དྲིས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།
༄༅།། སྨོན་ལམ་འདོན་སྒྲིག་སྐོར་ལས་བརྩམས་ཏེ་དྲི་བ་མང་ཙམ་དྲིས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།། མཛད་པ་པོ། དབལ་མང་དཀོན་མཆོག་རྒྱལ་མཚན། ན་མོ་གུ་རུ། བདུད་དང་མུ་སྟེགས་ཐམས་ཅད་སྟོབས་བཅུའི་སྒོ་ནས་ཟིལ་གྱིས་གནོན་པའི་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་དང་ངོ་བོ་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། དེ་ལ་འདིར་དྲི་བ་རྣམས་ཀྱི་ལན་ཕྱོགས་གཅིག་ཏུ་འགོད་ན། ཆོ་འཕྲུལ་སྨོན་ལམ་འཚོགས་པའི་སྐབས་སུ་བླ་མ་ཕེབས་སྐབས་དམིགས་བརྩེ་མ་འཐེན་ཞིང་གསུངས་པ་ནི། བླ་མ་དང་རྗེ་རིན་པོ་ཆེ་དབྱེར་མེད་དུ་གོ་དགོས་པའི་བརྡ་ཡིན་པས་སྐབས་ཀུན་དུ་ཤེས་དགོས། ལེགས་བྲིས་མ་ནི་རྒྱལ་བ་དགེ་འདུན་གྲུབ་ཀྱིས་གསུངས་པ་ཡིན་པས།




